CLOSE WINDOW

GT2741: sgyu 'phrul dra ba'i man ngag rim pa gsum pa
Wyliee-texts produced with BDRC’s OCR application

པ་རྡོ་རྗེས་མཛད་པ་རྫོགས་སྷོ།། །། དཔལ་རྡོ་རྗེ་སེམས་དཔལ་ཕྱག་འཚལ་ལོ།། གཞི་ལྡམ་འབྲས་བུར་བཅས་པའི་ཆོས།། དྲིས་ལྡམ་དམ་བཅའ་མཐར་དབྱུང་བ།། ལུང་དང་མན་ངག་རིགས་སྒོ་ནས།། རྟོགས་པར་བྱ་ཕྱིར་རྣམ ་བཤད་བྱ།། དང་པོ་རྣམ་པ་གཉིས་བསྟན་ཏེ།། ངོ་བོའི་གཞི་དང་བརྟགས་པའི་གཞི།། གཞི་ཡི་ངོ་བོ་མཚན་ཉིད་དང་།། ངེས་ཚིག་དཔེ་ཡི་རྣམ་པ་དང་།། སྣང་ཚུལ་གཉེར་གྱིས་རྟོགས་པར་བྱ།། ངོ་བོ་ཐམས་ཅད་སེམས་ཉིད་དེ།། ་གསེར་གྱི་དཔེ་བཞིན་གཉིས་སུ་མེད།། མཚན་ཉིད་མཐའ་རྣམས་ཀུན་བྲལ་བས།། ཅི་ཡང་བཟུང་དུ་མེད་པའོ།། ཐ་སྙང་གཉིས་ཀྱི་ཆོས་རྣམས་ཀུན།། མཱ་ལུས་འབྱུང་ཕྱིར་གཞི་ཞེས་བྱ།། ནམ་མཁའ་རྒྱ་མཚོ་རིན་ཆེན ་སོགས།། ཉེ་བའི་དཔེ་ཡིས་མཚོན་པའོ།། རྒྱུ་རྐྱེན་བྲལ་བའི་སྐད་ཅིག་མ།། རང་སྣང་ཉིད་དུ་བྱུང་བའོ།། ལུང་དང་མན་ངག་ཡང་བཟུང་དུ་མེད་པའོ།། བློ་གཏིང་ཡོད་ཆོས་གྱུར་པར་བྱ།། བརྟོགས་གཞི་གཉིས་སུ་བསྟན ་པའི་ཆོས།། འཁོར་དང་མྱ་ངན་འདས་པར་གསུངས།། འཁོར་བའི་རྒྱུ་རྐྱེན་ངོ་བོ་དང་།། དཔེ་དང་མཚན་ཉིད་བྱེད་པོ་དང་།། འཁོར་ཚུལ་ཉེས་པོའི་དུས་རྣམས་སུ།། ངེས་པར་བསྟན་ཕྱིར་མགོན་པོས་བཤད།། འཁོར་བའི་འབྱུང ་དྷུ་རྣམ་པ་བཞི།། རྒྱུད་མཚུངས་ལྷན་ཅིག་ཉེར་ལེན་པ།། བདེར་གཤེགས་སྙིང་པོ་མ་རིག་དང་།། རྣམ་སྨིན་བག་ཆགས་ཉོན་མོངས་པའོ།། རྐྱེན་གཉིས་བསྟན་པའི་ལས་གསུམ་དུ།། ཀུན་བརྟགས་མ་རིག ་ཉོན་མོངས་ལྔ།། ངོ་བོ་སྣོད་བཅུད་འཇིག་རྟེན་གྱི།། སྣང་དང་ཞེན་པའི་ཆོས་རྣམས་སོ།། ཟ་ཆུ་ཙཱ་སོགས་མེད་དཔེ་བཞིན།། ཀུན་ཏུ་འཁོར་ཞིང་མཆེད་པའོ།། འཇིག་དང་ཆགས་དང་སྟོངས་དང་གནས།། རྒྱུ་རྒ་ན་འཆི་བཞི་ལྡན་པས།། མཚན་ཉིད ་བར་ཟུག་མ་ཡིན་པའོ།། རྒྱུན་དང་བཅས་པའི་སྐད་ཅིག་མྱ།། ལས་ཀྱི་བྱེད་པར་བརྗོད་པའོ།། རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ།། ཕྱི་ནང་གཉིས་ཀར་འཁོར་བའོ།། འཕགས་ལམ་བྲལ་ནས་སྡུག་བསྔལ་མྱོང་།། ཉེས་པ་རྣམ་པ་གཉིས ་སུ་གསུངས།། ཐོག་མ་ཐ་མ་མེད་དུས་ནས།། ཡང་དག་དོན་མ་རྟོག་སོ་པས་ཉམས།། མྱ་ངན་འདས་པའི་མཚན་ཉིད་དང་།། ངེས་ཚིག་རྣམ་གྲངས་གང་ལ་སྣང་།། མཚོན་པ་མ་གྲུབ་ཚུལ་དོན་བསྟན།། ངོ་བོ་མེད་བཞིན་ཀུན་སྣང་བས།། ། ་ཅིག་དང་དུ་མ་ལས་གྲོལ་ཏེ།། མཚན་བརྗོད་མཐའ་རྣམས་ཀུན་བྲལ་བའོ།། སྐྱེ་འཇིག་ཆོས་རྣམས་བྲལ་པའོ།། སྒྱུ་འཇིག་ཆོས་རྣམས་བྲལ་འགྱུར་བས།། མྱ་ངན་འདས་པར་དེ་བརྗིད་དོ།། རྣམ་གྲངས་གཉིས་སུ་བརྗོད་པ་སྟེ།། ཐེག་པ ་མཐོང་དམན་བྱེ་བྲག་གིས།། ཕྱོགས་གཅིག་པ་དང་མི་གནས་པའོ།། མྱ་ངན་འདས་པར་དེ་བསྟན་པའོ།། མྱ་ངན་འདས་པའི་ངོ་བོ་ཉིད།། དེ་བཞིན་གཤེགས་པ་སྣང་བ་དང་།། དེ་ཡི་སྒྲུབ་པ་རྒྱ་ཆེན་ཉིད།། གདུལ་བྱ་འཁྲུལ་ལ་སྣང་བའོ།། ་ཆུ་བོ་རྒལ་བའི་གྲུ་བཞིན་དུ།། འཁོར་བའི་ཆུ་བོ་རྣམ་པར་རྒལ།། བཙོན་ར་ཐར་པ་ཇི་བཞིན་དུ།། འཆིང་བའི་མདུད་པ་ལས་གྲོལ་བའོ།། གཞི་པོ་སེམས་ཉིད་མ་གྲུབ་པས།། སྦྲུལ་སྣང་ཆོས་ཀུན་མ་ངེས་ཏེ།། ཅིར་ཡང་བརྗོད་དུ་མེད་པའོ།། ་དབུ་མ་རྣམ་པ་གཉིས་ཡིན་ཏེ།། གྲོལ་ལམ་ཐབས་སུ་རྣམ་པར་བསྟན།། དབུ་མའི་དང་པོ་ངོ་བོ་དང་།། རྐྱེན་དང་རྣམ་གྲངས་མཚན་དཔེ་དང་།། བསླབ་ཚུལ་རཱིམ་པ་བསྟན་པ་དང་།། གླེང་འོག་དགོས་པ་མཐར་ཕྱིན་སྤྱོད།། ངོ་བོ་ཤེས་རབ་རྣམ ་གསུམ་གྱིས།། སེམས་བཞོ་སྐྱེས་པར་བསྟན་པ་ཡིན།། ཚིག་དང་ཡི་གེ་རྐྱེན་ཉིད་ལས།། བརྟེན་དང་རྟོག་པར་བྱེད་པ་ཡིན།། མཚན་མར་བསྒོམ་པའི་རིམ་པ་ཡང་།། དེ་བཞིན་ཉིད་དུ་བསྒོམ་པ་ཡི།། བྱེ་བྲག་རྣམ་པ་གཉིས་སུ་གསུངས ་ཁྲོན་པ་སྒྲོན་མའི་དཔེ་བཞིན་དུ།། གྲོལ་ལམ་སྒོ་ནས་རྟོགས་སྒོམ་བྱ།། ཐུན་མོང་ལམ་ལྔར་བསླབ་པ་དང་།། ཁྱེད་ལ་སོ་སོའི་ལམ་བཞིན་བསླབ།། སྔོན་དུ་གོམས་པར་གང་བྱས་པ།། གོང་མ་གསོལ་བར་འགྱུར་ཕྱིར་རོ།། ཐུན་མོང ་ཁྱད་པར་གནས་སྐབས་ལ།། ཏིང་འཛིན་དྲོད་ཚད་ཉམས་ལྡན་ན།། ལ་མོ་མཐོར་ཕྱིན་པ་ཞེས་སུ་བཤད།། ཏིང་འཛིན་ཁྱད་པར་གྱུར་པའི་ཕྱིར།། རྗེས་མཐུན་སྤྱོད་པའི་གཞུང་བཞིན་སྤྱད་།། དབུ་མ་གཉིས་པ་བསྙེན་པོ་ནི།། རྣམ་གྲངས ་གོང་མ་ངག་ཐབས་ཉིད་དེ།། རྟོགས་ཚུལ་རྒྱུ་རྐྱེན་ལྡན་པ་ཡིས།། ཤུགས་ཀྱིས་སྣང་ཚུལ་གསེར་འགྱུར་བཞིན།། གདས་ངག་སྟེང་དང་འོག་གི་སྒོ།། ཐིག་ལེ་རྐྱང་པར་བཅས་པ་ཉིད།། ཐབས་རྣམས་སྔོན་དུ་གོམས་བྱས་པ།། ་དེ་བཞིན་ཉིད་དུ་འགྱུར་བྱེད་པ།། ཏིང་འཛིན་ཁྱད་པར་དབང་གི་རྒྱུ།། ཐབས་ཀྱི་རྒྱུ་རྐྱེན་ངོ་བོ་དང་།། ངེས་ཚིག་བསྐུར་བའི་རིམ་པ་དང་།། མཚོན་དཔེ་དགོས་པ་བསྟན་པའོ།། ཁྱད་པར་རྒྱུ་རྐྱེན་ལྔར་བཤད་དེ།། ་བླ་མའི་དགོངས་དང་རླུང་གིས་དུས།། སྦྱོར་བའི་ཐབོས་དང་བསོད་ནམས་ལས།། ཕྱག་རྒྱ་ཡོ་ན་ཏན་ལྡན་གྱུར་པས།། དངོས་པོ་ལྷན་ཅིག་སྐྱེས་པས་མྱོང་།། དེ་ཕྱིར་ཐབས་སུ་བསྟན་པ་ཡིན།། ངོ་བོ་ནུས་ཕན་གསང་པོའི་ཆོས།། ཤེས་རབ ་ཡེ་ཤེས་བདེ་ཆེན་པོ།། འཆིང་བའི་ལས་རྣམས་སྤྱད་པ་ཡིས།། འགྲོ་བར་འགྱུར་ཕྱིར་མིང་དུ་བརྗོད།། དད་དང་བརྩོན་འགྲུས་གསུམ་དང་ལྡན།། བརྟུལ་ཤུགས་གསུམ་ལ་སྤྱོད་པ་ལ།། གོ་རིམ་ཚུལ་དུ་འཚམ་པར་སྦྱིན།། རྒྱལ་པོའི ་ཕྲུ་གུ་དུག་འགྱུར་བཞིན།། དབང་ཐབས་རྣམ་གཉིས་ཉམས་ལེན་བྱ།། རིམ་པ་དབང་གིས་བསྐྱོད་ཕྱིར་དང་།། ཐུན་མོང་ལམ་གྱི་ཁྱད་པར་གྱིས།། སྒོ་འབྱེད་ཐོབ་ཕྱིར་བསྟན་པ་ཡིན།། ཐ་མའི་དོན་ལ་ངོ་བོ་དང་།། མཚན་ཉིད་ཡོན་ཏན་བསྟན ་པ་དང་།། མཛད་སྤྱོད་ཐུགས་རྗེའི་སྣང་ཚུལ་དང་།། གདུལ་བྱ་གཟིགས་ཚུལ་དོན་རྣམས་ཀྱིས།། འབྲས་བུ་དོན་བཞིན་རྟོགས་པར་བྱ།། དང་པོ་སྐུ་གསུང་ཐུགས་རྣམས་དང་།། ཡོན་ཏན་འཕྲིན་ལས་ལྔར་བསྡུས་པའོ།། མཚན་ཉིད་བཞི ་དང་ལྡན་པའི་ཕྱིར།། མོ་ལུས་ཅིག་མིན་ཐ་དད་མིན།། འབྲས་བུ་ཡོན་ཏན་ལྷུན་གྲུབ་པས།། ཡིད་བཞིན་ནོར་ལྟར་སྣང་བའོ།། འཕྲིན་ལས་རྣམས་བཞི་མཛོད་སྤྱོད་ཀྱིས།། བྱ་བ་མེད་པར་དོན་རྣམས་རྫོགས།། ཐུགས་རྗེའི་ཆེན་པོའི ་གདུལ་བྱ་ལྟ།། རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་།། ཡུལྔ་དང་ཕྲད་པས་འབྱུང་བར་སྣང་།། ཉིད་ལས་མཱི་ཞན་དོན་རྣམས་ཀྱིས།། མེ་ལོང་ཚུལ་དུ་གཟིགས་པར་འགྱུར།། གཞི་ལམ་འབྲས་ཤེས་བྱ་བ་རྣམས།། བླ་མ་མཁས་ཉམས ་ལྡན་པ་ལི།། དྲི་བ་དྲུག་གི་ཚུལ་ཉིད་ལས།། རྣམ་གསུམ་ཚུལ་གྱིས་ཞུ་བར་བྱ།། བླ་མ་མཁས་ལྡན་དེ་ཉིད་ཀྱིས།། བུ་རྣམས་མམི་ཤེས་མདུད་དགྲོལ་ཕྱིར།། རྣམ་གསུམ་ལན་གདབ་གཞུང་ཉིད་ལ།། འགྲོ་གཅིག་རྣམ་དབྱེའི་དྲི་ཚུལ ་གྱིས།། ལན་གདབ་ཡིད་ཆེས་གྱུར་པར་བྱ།། གལ་ཏེ་གཞུང་ལས་བརྩོད་འགྱུར་ན།། དམྦ་བཅས་སྒྲུབ་སྟེ་དོན་ཉིད་ནི།། དཔེ་དོན་གཏན་ཚིགྲོས་གསུམ་ལྡན་པས།། ཤེས་བྱ་དེ་ཉིད་མཐར་ཕྱིན་བྱ།། རྡོ་རྗེ་སེམས་དཔའི ་དགོངས་བརྒྱུད་པ།། སྒྱུ་འཕྲུལ་དྲ་བའི་དོན་ཉིད་ལས།། རིམ་གསུམ་དོན་ཉིད་བསྡུས་པ་ཡིས།། མཱ་ལུས་མངོན་པར་སངས་རྒྱུས་ཤོག། དེ་ལྟའི་དགེ་རྩ་ཙོ་མི་ཆེས་པ།། བདག་གི་རྒྱུད་ལ་ཡོངས་སྨིན་ཏེ།། བློ་མེད་བྱང་ཆུབ་ཐོབ ་འགྱུར་ནས།། མཐའ་ཡས?་སེམས་ཅན་འདྲེན་པར་ཤོག། བདག་བློ་མུན་པོར་འཕགས་པ་ཡི།། དགོད་པ་ཉི་མ་ཤར་བ་ཡི།། ཉམས་དང་ལུང་ལ་བརྟེན་པ་ཡི།། བརྩམས་ནོངས་འཕགས་ལ་བཟོད་པར་གསོལ།། ་སྒྱུ་འཕྲུལ་དྲ་བའི་མན་ངག་རིམ་པ་གསུམ་པ་རྫོགས་སོ།། །། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོ་ལ་ཕག་འཚལ་ལོ།། དད་པའི་ལྷ་ལ་ཕྱག་འཚལ་ནས།། ཐམས་ཅད་མཁྱེན ་