| Wylie | e-texts produced with BDRC’s OCR application |
སློབ་དཔོན་པ་མ་ལས་མཛད་པ་རྫོགས་པ།། ། དེ་བཞིན་གཤེགས་པ་ཀུན་གྱི་བདག། ཡེ་ཤེས་རྒྱ་མཚོ་རབ་ཟབ་ཐུགས།། དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར།། ནོར་བུ་རིན་ཆེན་ཡོན་ཏན་མཛོད།། རྡོ་རྗེའི་ཡད། ་ལ་ཕྱག་འཚལ་ལོ།། ཨེ་མའོ་བདེ་གཤེགས་སྙིང་པོ་ལས།། རང་གི་རྣམ་རྟོགས་ལུས་ཀྱིས་སྤྲུལ།། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་།། གནས་དང་སྡུག་བསྔལ་ལ་སོགས་པ།། བདག་དང་བདག་གིས་སོ་སོར་འཛིན།། སུས་ཀྱང ་མ་བཅིངས་བཅིངས་མེད་དེ།། བཅིང་བར་བྱ་བ་ཡོད་མ་ཡིན།། རྣམ་རྟོག་བདག་ཏུ་འཛིན་པ་ཡིས།། ནན་གྱིས་མཁའ་ལ་མདུད་པ་འདོར།། ཉོན་མོངས་འཁོར་པོའི་རྒྱ་དྲིལ་ནས།། བྱང་ཆུབ་མཆོག་ལ་དགོད་པ་དང་།། མ་འོངས་སངས་རྒྱས ་བློ་ལྡན་དོན།། བླ་མེད་ཡེ་ཤེས་བསྐྱེད་པའི་ཕྱིར།། རྒྱུད་ཀྱི་དོན་བསྡུས་སྙིང་པོ་འདི།། མ་ནོར་བཏུས་ཏཱི་བསྟན་པར་བྱ།། རི་པོ་འདུས་པའི་རྩེ་རྣམས་དང་།། དབེན་པ་ཆེན་པོའི་ས་ཕྱོགས་དང་།། ཙན་དནྡ་ནག་ཚལ་མེ་ཏོག་ཚུལ།། ་ཡིད་འོང་བཀྲ་ཤིས་སེམས་དགའ་བའི།། བདག་དབང་བར་ཆད་མེད་པའི་གནས།། དེར་ནི་ཏིང་འཛིན་བསྒོམ་པར་བྱ།། བདག་དང་མཐའ་ཡས་སེམས་ཅན་རྣམས།། ཡེ་ནས་སངས་རྒྱས་ཡིན་མོད་ཀྱི།། རྟོག་པའི་དབང་གིས་འའོ། ་བ་ལས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་པ་ཉིད་ན་སྐྱེ་བ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི ་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་།། འགག་པ་མེད་ལས་ཐམས་ཅད་འགག། འགག་ཙམ་ཉིད་ན་འགག་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་།། ་གནས་པ་མེད་ལས་ཐམས་ཅད་གནས།། གནས་པ་ཉིད་ན་གནས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་།། དམིགས་པ་མེད་ལས་ཐམས་ཅད་དམིགས།། དམིགས་པ་ཉིད་ན་དམིགས ་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་།། འགྲོ་འོང་ཉིད་ན་འགྲོ་འོད་མེད།། བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས།། ཏིང་འཛིན་འདིའིས་བྱེད་པར་འགྱུར།། མུན་ལ་སྣང་འབྱུང་ཇི་བཞི། ་དུ། འགྱུར་བས་གསེར་འགྱུར་སྨན་གྱི་ཚུལ།། རྟོག་པའི་དབང་འགྱུར་ཏིང་འཛིན་ཡིན།། དེ་ལྟར་ཏིང་འཛིན་རིམ་བཞིན་སྒོམ།། དངོས་རྣམས་ཉིད་ན་དངོས་མེད་པས།། རྟོག་པའི་སྨྲ་བསོམ་ཡུལ་ལས་འདས།། དེ་བཞིན་ཉིད་དབྱིངས ་ཡེ་ཤེས་ཏེ།། དེ་ཕྱིར་དངོས་པོ་དངོས་མེད་དོ།། དེ་བཞིན་ཉིད་དེ་སྤྲོས་མེད་ཀྱང་།། རང་བཞིན་ཀུན་ཏུ་སྣང་བའི་དབྱིངས།། སེམས་ཅན་རྣམས་ལ་སྙིང་རྗེའི་ཕྱིར།། ནམ་མཁའ་ལ་ནི་ནམ་མཁའ་སྒོམ།། དངོས་པོ་མེད་ལས་དངོས ་པོ་སྤྲིན།། སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར།། བཞི་རྩ་མེད་པའི་སེམས་ཉིད་ནི།། ཆོས་རྣམས་ཀུན་གྱིས་རྩ་བ་ཡིན།། སེམས་ཉིད་ཡི་གེ་རང་བཞིན་དེ།། ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན།། ཡི་གེའི་མཆོག་ནི་སྒོམ་པར་བྱ།། ་ཨ་རབ་ཏུ་བརྟན་འགྱུར་ཨ་དཀར་ལས།། ཤིན་ཏུ་ཕྲ་བའི་ཨ་རྣམས་འཕྲོ།། ཕྱོགས་བཅུ་གང་པར་གསལ་འགྱུར་ནས།། བྱང་ཆུབ་སེམས་སུ་བྱིན་བརླབས་ཏེ།། བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན།། དེ་ལས་མིང་ཚོགས ་གསལ་འབར་ཀུན།། སྤྱི་ཞིང་བསྡུ་བའང་དེ་བཞིན་ནོ།། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི།། བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ།། དེ་ལས་རྒྱལ་བའི་བཞུགས་གནས་བསྟེན།། དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྒོམ།། ཨེ་ཡཾ་བཾ་སུ་ལཾ་རཾ་བྲུཾ ་བི་ཤུདྡྷེ།། ཡེ་ཤེས་ཕྱོགས་པ་ནི་དབུས་བཏགས་ཏེ།། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ།། ལྷག་པའི་ཡེ་ཤེས་གློ་འབུར་ཅན།། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས།། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད།། འཁོར ་ལོ་རྩིབས་བཞི་མུ་ཁྱུད་བཅས།། གྲུ་ཆད་བཞིས་བརྒྱན་པར་ཁྱམས་དང་།། ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན།། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན།། དཀྱིལ་འཁོར་བཞི་བཅུ་རྩཝ་གཉིས་བརྒྱན།། སེང་གེ་གླང་ཆེན་རྟ་དུང་ཁྱུང་།། ནམ ་ནམཁའ་ལྡིང་གི་ཁྲི་ཚོན་ལ།། ཉི་ཟླ་པདྨ་རིན་པོ་ཆེ།། ཨ་ཀ་ཁཱ་གཽ་གྷ་ང།། ཙ་ཚ་ཛ་དྷེ་ཉ། ཏ་ཐ་དཱ་དྷ་ན། ཊ་ཐ་ཌ་བྷཱ་ཎཱ། པ་ཕ་བ་བྷ་མ། ཡ་ཝ་ར་ལ་ཤ་ཥ། ས་ཧ་ཀྵ། ཨི་ཨཱི་ཨུ་ཨཱུ་ཨེ་ཨེ། ཨོ་ཨཽ།། ཨཱ་ཉིད་སྣ་ཚོགས་པར ་སྣང་བའི།། ཀ་ལ་སོགས་པ་བཞི་བཅུ་གཉིས།། སྒྲའི་མིང་གིས་ཐམས་ཅད་བསྡུས།། མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས།། དེ་ལས་སྤྲོ་དང་བསྡུས་པ་ཡིས།། སོ་སོའི་ཕྱག་མཚན་གསལ་བར་འགྱུར།། དེ་ལས་ཕྱོགས་བཅུར ་རབ་སྤྲོས་པས།། རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ།། དེ་དགྲ་སླར་ནི་འདུས་པ་དང་།། ཧཱུཾ་བཛྲི་དྲིག། ཨཱ~ཾ་ཛ་ནཱི་ཛིག། སཱ་རཏྣ་དྲིགྲ། ཨོཾ་ཨ་རོ་ལིག། ཧ་པྲཛྙཱ་དྲིགྲ། མུཾ་དྷཱ་དུཥྚ་རི།། ལམ་དྷྱེ་ཤ་ར་ཏི། མཱ་མོ་ཧཱ ་ཏི། པཾ་ར་ག་ར་ཏི། ཏཾ་བཛྲ་ར་ཏི། ཀྵི་ཧི་ར་ཙ་ཡ། ཏྲཾ་ཨ་གར་བ་ཡ། ཧྲི་ཧ་པདྨ་བཾ་དྷ་མ། ཛ་ཀུ་རུ་པ་ན་ཧཱི། ཧཱུ~ཾ་ལ་སེ་སཾ་མ་ཡ་སྟྭཾརྞཏྲཾ་མ་ལེ་ས་མ་ཡཱ་ཧོ། ནཱི་གི་ར་ཏི་ར་ཧོ་ཡ་ཧཾ། ཨ་ནར་ཏི་ར་ག་ཡ་མི། མེ་དྷ་ར་ནཻ་སྭཱ་ཧཱ། བྷྲཱུཾ་ནི་སྭ་རཾ་པ ་ཡ་སྭཱ་ཧཱ། ཧཱུཾ་སྭ་ར་ཙ་ཡ་སྭཱ་ཧཱ། མུཾ་ཤྲི་ཨཾ་ར་ག་ཡ་སྭཱ་ཧཱ། ཛ་དུ་པ་པྲ་བེ་ཤ། ཧཱུཾ་པུས་པ་ཨ་བ་ཤ། པཾ་དི་པ་སུ་ཀི་ནི་ཧོ་གན་དེ་ཙ་ཏ་ཧོ། ཧཱུཾ་ཡ་མཱནྟ་ཀྲིད་ཕཊ། ཧཱུཾ་པྲད་ཛྙཱ་ཏ་ཀྲིད་ཕཊ། ཧཱུཾ་པདྨནྟ་ཀྲིད་ཕཊ། ཧཱུཾ་བི་གྷ་ནེན་ཏ་ཀྲྀད་ཕཊ། ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏ་ཤྭ་རི་ཛྭ་ལ་ནཱི་ཧཱུཾ་ཕུཊ། ཨོཾ་མ་ཧ་རཏྣ་ད་རཱ་མ་ཧཱ་ཀེ་ཏཾ་ཤྭ་རི་ཛྭ་ལ་ནི་ཧཾ་ཕཊ། ཨོཾ་མ་ཧ་པདྨོ་ད་ར་མ་ཧ་ཀྲོ་ཏི་ཤཱ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ར་མ་ད་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙི་ཏ ་ཨོཾ། ཨ་ཨ་ཨ་བཛྲ་པ་ཏྲ་སྱ་མ་ཡ་ཨོཾ། ཨོཾ་མུ་ནེ་གྲིང་སྭཱ་ཧཱི། ཨོཾ་མུ་ནཱི་ཧྱཾ་ཏྲཱཾ་སྭཱཧཱ། ཨོཾ་མུ་ནེ་སྱཻ་སྭཱ་ཧཱ། ཨོཾ་མུ་ནཻ་བྲྀ་སྭཱ་ཧཱ། ཨོཾ་མུ་ནི་ཀྵ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ།། གདན་ལ་རྫོགས་དང་སེམས་པའི་ཚུལ།། འཁོར་ལོ་རྒྱལ་པོ ་རྒྱལ་མོ་དང་།། གཡས་ན་མཐོང་ཐོས་སྣོམ་པ་དང་། མྱོང་དང་བཙུན་མོའི་ཚོགས་སུ་བཅས། གྲུ་ཆད་ལ་ནི་མཐོང་བྱེང་དང་།། ཐོས་བྱེད་མྱོང་བྱེད་སྡོམ་བྱེད་རྣམས།། བཙུན་མོའི་ཚོགས་དང་བཅས་པར་གནས།། བར་ཁྱམས་ལ ་ནི་ཐུབ་པ་དྲུག། མདུན་དང་རྒྱབ་ཏུ་བྱེད་པ་དང་།། བྱ་བ་དག་ནི་གནས་པར་བསྟན།། སྒོ་ཁྱུད་བཞི་ལ་འཇོམས་པ་ནི།། བཙུན་མོའི་ཚུགས་དང་ལྡན་པར་གནས།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པདྨ་རལ་གྲི་དྲིལ་བུ་འབར།། ཨུད་པལ་ཀླུ་ཤིང་ལ ་སོགས་མཚན།། རིན་ཆེན་མྱུ་གུ་རོལ་གྱི་འབར།། པདྨ་དཀར་པོ་རྡོ་རྗེ་འབར།། ཆོས་ཀྱི་འཁོར་ལོ་རིན་ཆེན་སྟེ།། གཟུགས་མཛེས་རིན་ཆེན་འཕྲེང་པ་དང་།། པི་བང་གར་མཁན་མཆོག་ཉིད་དེ།། མེ་ཏོག་འཕྲེང་བ་སྤོས་མཆོག་དང་།། མ ་མེ་བྱུག་པ་ལ་སོགས་པའི།། ལས་ལ་འཁྲིལ་ཞིང་ཆོས་ལ་བསྟན།། དབུ་རྣམས་འབྱོ་ཞིང་འདུད་པའི་དུས།། གོང་གི་ཕྱག་རྒྱ་ཆེན་པོ་བཞིན།། གཉིས་མེད་དབྱིངས་ཀྱི་ནང་དུ་འཁྲིལ།། སྒོ་བཞི་ཁྲོ་བོ་ཕྱག་རྒྱ་ནི།། མི་མ་གོ་གདེངས ་དང་རྡོ་རྗེ་གནོན།། ཐོང་སྦྲུལ་ཆེན་པོས་གནོན་པ་དང་།། རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན།། ལྕགས་སྒྱུ་ཞགས་པ་པོ་ཏ་ཧོ།། སྒོ་བཞིར་གནས་པ་དེ་དག་ཀྱོང་།། འདུད་ཚུལ་འཁྲིལ་པ་གོང་མ་བཞིནི།། ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས ་ཏེ། མདོར་བསྡུས་ཕྱག་རྒྱ་དྲུག་ཏུ་བསྟན།། སྲེག་པར་དང་ནི་པཾ་བྱང་དང་།། གོ་ཆ་པོ་ཏི་རིན་ཆེན་སྒྲོམ།། མེ་དྲང་ཆུ་རུ་རབ་ཏུ་བསྟན།། ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས།། ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ།། ཡུམ ་འགྱུར་མཉམ་རྫོགས་པདྨའི་དཀྱིལ།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ།། ཡང་ན་དེ་བཞིན་གཤེགས་ཉིད་དོམ།། ཡང་ནི་རྡོ་རྗེ་ཐལ་མོ་ཉིད།། མཐིང་གི་དཀར་པོ་སེར་ལེབ་བརྒན།། ལྗང་གུ་ལ་སོགས་སྣ་ཚོགས་པའོ།། ་མཉེན་སྡུག་འཁྲིལ་ལྡེམ་གཞོན་ཚུལ་ཅན།། གསལ་འཚེར་ལྷུན་སྟུག་གཟི་བྱིན་ཆེ།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། འབར་བའི་འཕྲེང་བས་འཁྱིལ་བ་སྟེ།། མཐའ་དབུས་མེད་པར་ཁྱབ་པ ་སྙེད། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ།། ཕྱག་རྒྱའི་དཀྱིལ་འཁོར་གསལ་པ་དང་།། དབང་སྐུར་བྱིན་བརླབས་ཚུལ་བཞིན་བྱ།། ཨཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨང་མ་ཀཾ་ཧཾ།། ཨོཾ་མ་ཧཱ་ཨ་ཏ་རི་ཤ་ཛྙཱ་ན་བཛྲ་སཾ་བྷཱ་བ ་ཨད་མ་ཀོ་ཧཱུཾ། ཨོཾ་མྱ་ཧཱ་ས་མཱནྟ་ཛྙཱ་ནི་བཛྲ་སྭ་བྷཱ་བ་ཨད་མ་ཀོ་ཧཾ། ཨོཾ་མུ་ཧཱ་པྲདྱ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྱ་བྷཱ་པ་ཨད་མ་ཀོ་ཧཾ། ཨོཾ་མ་ཧཱ་ཀྵི་ཏ་ཨ་ནུ་རྟན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨད་མ་ཀོ་ཧཾ།། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཀཾ་ཡ་བཛྲ་སྭ་བྷཱ ་བ་ཨད་མ་ཀོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་མ་བཱག་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙི་ཏི་བཛྲ་སྭ་བྷཱ་བ་ཨད་མ་ཀྵོ་ཧ~ཾ། ཨོཾ་སརྦ་ཏ་ཐཱ་གུ་ཏ་མ་ཧཱ་ཨ་ནུ་ར་གེ་བཛྲ་སྭ་བྷཱ་བ་ཨད་མ་ཀཾ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱི ་མ་ཧཱ་པུ་ཙ་བཛྲ་སྭ་བྷཱ་བ་ཨང་མཾ་ཀོ་ཧཾ།། སངས་རྒྱས་ལྔ་ཡི་ཅོད་པན་ཅན།། རིན་ཆེན་དབུ་རྒྱན་འཕྲེང་བ་དང་།། དཔུང་རྒྱུན་ས་མོ་དེ་ལ་སོགས།། མཛེས་པའི་རྒྱུན་ནི་སྣ་ཚོགས་ཀྱིས།། དབང་མཆོག་དེས་ནི་དབང་བསྐུར་རོ།། ་དེ་ལྟར་རྟོག་པའི་རྣལ་འབྱོར་པས།། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་།། རྫོགས་པའི་སངས་རྒྱས་རྙེད་མི་འགྱུར།། སེམས་ཉིད་རྟོགས་པས་སངས་རྒྱས་ཏེ།། སངས་རྒྱས་གཞན་དུ་མ་འཆོལ་ཅིག། དཀྱིལ་འཁོར་ཀུན་ཏུ་རབ ་སྦྱོར་བས།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། འདི་ནི་གསང་ཆེན་ངེས་པ་ཡི།། འབྲས་བུ་ལུམ་དུ་གྱུར་པ་ཡི།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ།། འདི་ལས་གསང་བའི་ངེས་དོན་མེད།། བཙལ་ཀྱང་རྒྱལ་བས་མི ་རྙེད་དོ།། ཀུན་ནི་ཕྱག་རྒྱ་ཆེན་པོའི་མཆོག། མ་འགགས་རྣམས་པ་ཅིར་ཡང་སྨོན།། འདུལ་བ་མདོ་སྡེ་ཆོས་མངོན་དང་།། དམ་ཚིག་བསྒྲུབ་དང་བསྒྲུབ་པ་དང་།། སྒྱུ་དང་གསུང་དང་ཐུགས་ཀྱི་རྒྱུད།། ཕྱོགས་བཅུ་ཀུན་ཏུ ་རབ་གྲགས་པ།། གསང་བའི་སྙིང་པོ་ལས་འཕྲོས་ཏེ།། རང་བཞིན་གསང་བའི་སྙིང་པོ་འདི།། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི།། འབྱུང་གནས་བསྟན་ལ་ངེས་པར་འབེབས།། ཕྱོགས་བཅུའི་དཀྱིལ་འཁོར་སྤྱན་དྲང་ཕྱིར།། ་གསལ་ལྡན་མ་འམ་བྱིན་རླབས་ལ།། སྟོང་གསུམ་ཡུངས་འབྲུར་བཞུག་ཚུལ་དུ།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲང་མཆོད།། ཨེ་ཧྱ་ཧི་བྷ་གྲ་བཱན་མཧཱ་ཀུ་ཎི་ཀ་དྲི་ཤ། ས་མ་ཡ་སྟྭཾ། ཛ་ཧཱུཾ་བཾ་ཧོ་ཞེས་བརྗོད་པས།། ་ཐམས་ཅད་མ་ལུས་འདུས་པ་དང་།། སྐུ་གསུང་མཉེས་པར་བྱ་བའི་ཕྱིར།། བསྟོད་དང་མཆོད་པ་ཚུལ་བཞིན་བློ།། ཨོཾ་ཕྱོགས་བཅུ་དུས་བཞི་རྫོགས་པའོ།། ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ།། བསོད་ནམས ་དཀྱིལ་འཁོར་སྐུའི་ཚོགས།། སྣང་སྟོང་ཐོག་ལོ་ཀུན་ཏུ་རྫོགས་ཧོ།། ཨོཾ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ།། རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན།། རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ།། རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ།། རྨ ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ།། ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོ་གུས།། ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་།། འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ།། ཨོཾ་མི་དམྱིགས་སྒྱུ་འཕྲུལ ་མཉམ་པའི་དབྱིངས།། མཐའ་ཡས་ཀུན་ནས་སྣང་ཚོགས་སྤྲོ།། མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ།། སྣ་ཚོགས་སྐུ་གསུང་ཐུགས་ཆེན་ཧོ།། ཨོཾ་ཕྱོགས་བཅུ་འཇིག་རྟེན་རྡུལ་སྐད་དུ།། རྒྱལ་བའི་དོན་རྣམས་རྡུལ་ཕྲན ་སྐྱེང་།། སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས།། སྐད་ཅིག་ཉིད་ལ་ལྷུན་གྱིས་གྲུབ་ཧོ།། ཨོཾ་ཐམས་ཅད་མྱ་ལུས་སྐུ་གསུང་ཐུགས།། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ།། སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ།། སྐུ་གསུང་ཐུགས ་ཀྱི་ཐིག་ལེ་ཆེ་ཧོ།། མཆོད་པའི་ཕྱག་རྒྱ་ཆེན་པོ་འདི།། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས།། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་།། མཉེན་འཇམ་རེག་ན་བདེ་བ་དང་།། སྣ་ཚོགས་རིན་པོ་ཆེའི་གཞི།། མཛེས་པར་བྲིས ་ཤིང་སྤྲས་པ་དང་།། ཀུན་འབྱུང་རིན་ཆེན་ཕུང་པོར་འབར།། དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ།། རིན་ཆེན་ཁང་བུ་སྣ་ཚོགས་དང་།། རྒྱན་དང་དཔག་བསམ་ལྡན་པའི་ཚལ།། གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ།། ་བླ་རེ་རྒྱལ་མཚན་ན་བཟའ་གདུགས།། དོ་ཤལ་དཔུང་རྒྱན་སེ་མོ་དོ།། བཟའ་དང་བཏུང་བའི་མཆོག་རྣམས་དང་།། རང་ལ་མཛེས་པར་བརྒྱན་པ་ཡི།། ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི།། བློ་གར་ལ་སོ་གཽས་བསམ་ཡས་ཀྱིས།། ཕྱོགས ་བསྲུན་མཁའི་ཁམས་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ།། སྐལ་ལྡན་གསལ་བའི་ཁྱད་པར་གྱིས།། རིམས་ཀྱིས་ཡང་ནཱ་གཅིག་ཅུར་དུ།། ཆོས་ཀྱི་དབྱིངས་དང་མཉམ་སྦྱར་ཞིང་།། མཆོད་པའི་ཕྱག་རྒྱ་ཆེན་པོར ་སྒོམ། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི།། དབང་པོ་ཡུལ་དུ་གླང་འགྱུར་བ།། ཐབས་དང་ཤེས་རབ་ལྡན་འགྱུར་ཞིང་།། མཉམ་པའི་ངང་ཉིད་རྟོགས་གསལ་ན།། ཐམས་ཅད་བྱང་ཆུབ་མཆོག་གི་རྒྱུ། བསྐྱེད་ཆེན་འཁོར་ལོའི་གཞལ ་ཡས་སུ།། ཐབས་དང་ཤེས་རབ་ཐམས་ཅད་ཀུན།། གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ན།། བསྐུལ་སྐྱོད་ཐམས་ཅད་ཕྱག་རྒྱ་ཡིན།། འདི་ནི་སྤྱི་རྒྱ་ཆེན་པོ་སྟེ།། བླ་མེད་ཆེན་པོས་འདི་སྐད་གསུངས།། གསང་བ་དེ་ཉིད་ངེས་པ ་ཡི། སྙིང་པོ་ཕྱག་རྒྱ་འདའ་ཀ་བའི།། མི་སྐྱོང་ཉི་མའི་དཀྱིལ་ཡི་གེ། རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། ལྔ་གཉིས་ཟུང་དུ་སྦྱོར་བ་ལས།། སྦྱོར་བའི་ཕྱག་རྒྱུ་འབྱུང་བའི་རྒྱུ།། ཨོཾ་དང་མུཾ་གཉིས་རྩེ་སྦྱར་ཏེ།། འབྲུ་བརྒྱད་བསྣོལ་ཏེ་རྩེ ་སྤྱད་པ།། རྒྱལ་བའི་ཀུན་དང་མཉྫུས་སྦྱོར་བའི།། བདེ་བ་ཆེན་པོ་སྦྱིནྡ་པའི་རྒྱུ།། འབྲུ་བཞི་སྒྲས་ནཱས་ཐུགས་ཀར་བཀོན།། ཟླ་བ་ཏུ་ལི་འབྷཱུ་སྠཱས་དྲིལ་གི་སིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟུན།། འབྲུ་བཞི་སྦས ་ནས་ཐུགས་ཁར་བཀན།། མུཾ་གྱི་རྩེ་མོར་དྲིལ་གསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངོས་ཀྱིས་ལྷ།། འབྲུ་བཞི་སྦས་ནས་ཐུགས་ཀན་བ་ཀན།། ཨོཾ་བསྒྲེང་རྩེ་མོར་འཁོར་ལོ་འབར། ་ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན།། འབྲུ་བཞི་སྦས་པས་ཐུགས་ཀར་བཀན།། ལཱམ་གྱི་རྗེ་མོར་དྲིལ་བསིལ་ཞིང་།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། ་བཏུད་དེ་འཛུམ་པའི་མདངས་ཀྱི་ལྷ།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། སྭ་རྩེ་འབར་བ་རིན་པོ་ཆེ།། ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་། ་གྱི་རྩེ་མོར་དྲིལ་བསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྷ།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། ཨ་ནཱི་རྩེ་མོར་པདྨ་འབར།། ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་།། འཁྲིལ་པའི ་ཚུལ་གྱིས་ཆོས་ལ་བསྟན།། འབྲུ་བཞི་སྦས་ནས་ཐུགས་ཀརཱ་བཀན།། པཾ་བསྒྲེང་རྩེ་མོར་དྲིལ་བསིལ་ཞིང་།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུ་དེ་འཛུམ་པའི་མདངས་ཀྱིས་ལྷ།། འབྲུ་བཞི་སྦས་ནས་ཐུགས་ཀར་བ་ཀནྡ། ཧཾ་བསྒྲེང ་རྩེ་མོར་རལ་གྲི་འབར།། ཟླ་བ་ཏུལ་འབྲུ་སྦས་དྲིལ་གསིལ་ཞིང་།། འཁྲིལ་པའི་ཚུལ་གྱིས་ཆོས་ལ་བསྟན།། འབྲུ་བཞི་སྦས་ནས་ཐུགས་ཀ་རཾ་བཀན།། ཏཾ་བསྒྲེང་རྩེ་མོར་དྲིལ་བསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད ་འཛུམ་པའི་མདངས་ཀྱིས་ལྟ།། དེ་ནི་རྒྱལ་བ་ཐམས་ཅད་ཀུན།། དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར།། ཕྱག་རྒྱའི་མཆོད་པ་ཆེན་པོ་ཡིས།། དེ་ལ་ཆོས་སྦྱིན་དམ་པ་ནི།། ཐོག་མར་བདག་ཉིད་རྟོགས་བསྒོམས་སྦལ།། དེ་ནས ་གཉིས་མེད་བློ་ཡིས་ནི།། བློ་ངན་སེམས་ཅན་སྙིང་རེ་རྗེ།། གཉིས་སུ་མེད་པར་བསྒྲལ་བར་བྱ།། ཞིང་འགྱུར་མཆོག་དང་མཆོག་ཕན་རྣམས།། ཉི་ཟླའི་དཀྱིལ་དུ་མཁས་པ་སྡུ་བཞིག། ང་རྒྱལ་ལག་གི་འདུ་བྱེད་བསྒོམ།། ་ཧཱུཾ་དུ་གྱུར་པར་རྣམ་པར་དག། དབྱིངས་སུ་ཐིམ་ནས་ཕྱག་རྒྱར་གསལ།། སྐུར་གྱུར་འོད་ཟེར་འཕྲོ་བར་བརྗོད།། གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ།། ངོ་མཚར་ངན་འགྲོར་ཐར་པའི་ལམ།། ཤེས་རབ་མཆོག་དེ་བྱིན་རླབས་ནས།། ་ཐབས་དང་ཤེས་རབ་གཉིས་མེད་པོ།། པདྨོ་ལ་ནི་རྡོ་རྗེ་ཞུགས།། འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བ།། བདག་ཉིད་མཉེས་པ་ཀུན་ལ་མཆོད།། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད།། སྒྱུ་མར་སྣང་བའི་མིག་ཡོར་ཚུལ།། སྦྱོར ་སྒྲོལ་བྱ་བ་ཀུན་བྱས་ཀྱང་།། རྡུལ་བྱ་ཙམ་ཡང་བྱས་པ་མེད།། མཉམ་པའི་སྒྲུབ་རྫས་ཆེན་པོ་བདག། བདག་དང་མཉམ་པའི་ཚོགས་ལ་འབུལ།། བཟའ་དང་བཅའ་དང་བཏུང་དང་བསྒོ།། ལོངས་སྤྱོད་ལྔ་ལྡན་ཐམས་ཅད ་ནི། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ།། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི།། དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན།། བྲོ་གར་ཕྱག་རྒྱའི་འཕྲོ་འདུ་ཡིས།། འཛུལ་ལཱམ་ན་མཁར་འགྲོ་བར་འགྱུར།། གླུ་ཚིག་སྒྲའི ་ཕྱག་རྒྱ་ཡིས།། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར།། རྒྱན་དང་མགོ་བའི་ཕྱག་རྒྱ་ཡིས།། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ།། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས།། ཡིད་སྦྱིན་སྐུ་དང་བདུད་རྩིར་འགྱུར།། ཨཱ ་ལི་ཀཱ་ལཱིའི་ཕྱག་རྒྱ་ཡིས།། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར།། ཤེས་འཇུག་མཚན་ཉིད་འབྱོར་པ་ཡིས།། འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན།། ནུས་མཐུན་ཅན་དུ་གང་གྱུར་པ།། རིགས་འཛིན་རྒྱལ ་བའི་ཞིང་དུ་གྲགས།། ཕྱོགས་བཅུ་དེ་བཞིན་གཤེགས་པ་ཡི།། བདེ་བཤེགས་ཡོན་ཏན་རྨད་པོ་ཆེ།། གཞན་ན་ཡོད་པ་མ་ཡིན་ན།། ལྷ་སྲིན་ལ་སོགས་སྨོས་ཅི་དགོས།། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས།། ཕྱག་རྒྱ་ཆེན་པོ་རྫོགས་འགྱུར། ་ཞིང་།། གསལ་བའི་ཡིད་གཉིས་མེད་པས་ན།། དཀྱིལ་འཁོར་ཆེན་པོ་རབ་འབར་འགྱུར།། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ།། འཇུག་པའི་མཚན་ཉིད་མཉམ་སྦྱོར་བ།། ཕྱོགས་དུས་ཀུན་ནས་གཤེགས་པ་ཡི།། བསྙེན་པའི་དཀྱིལ ་འཁོར་རབ་ཏུ་རྫོགས།། ཉེ་བར་འགྱུར་བའི་དམ་ཚིག་མཆོག། ཆོ་ག་ལྔ་ནི་རྫོགས་བྱས་ནས།། ཡོ་བྱད་ལྔ་ནི་རྫོགས་པར་ལྡན།། སྔགས་ཀྱི་ཡན་ལག་ལྔ་རྫོགས་པས།། མོ་ཉམས་འཇུག་ལ་རབ་བརྩོན་ན།། ཞག་ནི་སུམ་ཅུ་ཕྲག་དྲུག་གནས། ་བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས།། དབང་སྒྱུར་རིགས་ཀྱི་དམ་པར་འགྲུབ།། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱི།། སྐུ་ལྔ་ལྷུན་གྱིས་རྫོགས་པ་སྟེ།། ཡེ་ཤེས་ཐིག་ལེ་དེ་ཉིད་ལས་ཡེ་ཤེས་ཐིག་ལེ་ཉིད་སྣང་བ།། བསམ་གྱིས་མི་ཁྱབ་མཐའ ་ཡས་མཆོག། ཕྱོགས་བཅུ་དུས་བཞི་རྫོགས་པའི་ཞིང་།། ཞིང་ཁམས་རྣམ་དག་བསོམ་ཡས་དང་།། རྒྱ་དང་བྲལ་བའི་གཞལ་ཡས་ཁང་།། འཁོར་ལོའི་བརྒྱན་དུ་རོལ་མོའི་ཚོགས།། དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན།། མཐོང ་ནས་ཉེ་བར་མཉེས་པ་དང་།། རྒྱལ་ཆེན་གསུང་ལས་དོན་འབྱུང་བ།། མཐུན་པའི་ཡེ་ཤེས་རབ་སྣང་བའོ།། གཅིག་དང་དུ་མར་བྲལ་བ་ཡི།། མཐའ་དང་དབུས་མེད་དེ་བཞིན་ཉིད།། སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ།། རང་བྱུང་ཡེ་ཤེས ་སྣང་མེད་སྣང་།། དབང་མཆོག་དམ་པ་མ་ཐོབ་པར།། བསྒྲུབ་ཀྱང་ཅུང་ཟད་འགྲུབ་མི་འགྱུར།། ཨོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། དཀྱིལ་འཁོར་ཀུན་གྱི་སྤྱད་པ ་སྤྱོད།། སློབ་དཔོན་མཉེས་པར་མ་བྱས་ཤིང་།། དབང་རྣམས་ཐོབ་པར་མ་བྱས་པར།། ཉེན་པ་ལས་བསྡོགས་རྩོམ་པ་རྣམས།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། དབུ་རྒྱན་ཅོད་པན་འགྲོང་བ་དང་།། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང ་གདུགས་དང་། བུཾ་བ་བཟའ་བཏུང་དོང་།། སྙིང་པོ་ལྔ་ཡིས་དབང་བསྐུར་ན།། དུས་འདི་ཕྱིན་ཅད་རྒྱལ་བའི་སྲས།། ངན་སོང་ཐམས་ཅད་མེད་པ་དང་།། ཚེ་རིང་བདེ་བ་ཕུན་སུམ་ཚོགས།། མཐོ་རིས་ཐར་པའི་བདག་པོར་འགྱུར།། སངས ་རྒྱུས་ཀུན་གྱིས་འགྲུབ་པའི་གཞི།། རྡོ་རྗེ་དམ་ཚིག་ཆེན་པོ་སྟེ།། བླ་མེད་མི་སྤང་བླ་མ་བཀུར།། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད།། ཡང་དག་ལམ་དུ་ཞུགས་ལ་བྱམས།། གསང་བའི་དོན་ཕྱིར་སྨྲ་མི་བྱ།། དེ་ནི་རྩཝ་བ་ལྔ་རྣམ ་ཏོ།། བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག། གཏི་མུག་ཆགས་དང་ཞེ་སྡང་ཆེ། ང་རྒྱལ་ཕྲག་དོག་མི་སྤོང་ངོ་།། དཀར་རྩི་དམར་རྩི་དྲི་ཤ་ཆེན།། དག་པའི་སྣོད་ཆུ་མི་འདོར་རོ།། ཡན་ལག་བཅུའི་དམ་ཚིག་སྟེ།། ཡེ་ནས ་དག་མཉམ་རྟོགས་པས་སྤྱད།། གསྦྱང་ཞིང་བསྒྲུབ་པའི་དམ་ཚིག་ལྔ།། རྩ་བ་ཡིན་ཏེ་རིགས་མེད་འགྱུར།། མི་སྤང་མི་འདོར་ལྔ་ཉིད་ནི།། ཡན་ལག་དམ་ཚིག་འདའ་ཀ་བའོ།། མཉམ་ལ་མཉམ་པར་སྦྱར་བ ་ཡི།། མཉམ་པའི་དམ་ཚིག་ལ་གནས་ན།། མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས།། འདས་ན་སངས་རྒྱས་མ་ཡིན་ནོ།། རྩ་བ་ཉམས་པ་ཕྱལ་བ་དག། གསོ་ལ་ཉེ་བར་མི་བརྩོན་ན།། སྐད་ཅིག་ཡུལ་ཙམ་སྨྲ་མ་བྱེད།། ཉམས་འགྱུར་ཉེས ་པ་བརྗོད་མི་ལྡང་།། རྩ་བའི་དམ་ཚིག་ཉམས་པས་ན།། བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར།། ཡིད་དུ་མི་འོང་སྣ་ཚོགས་པའི།། འབྲས་བུ་མི་འདྲོད་བཞིན་དུ་འདུ།། ཡན་ལག་དམ་ཚིག་ཉམས་གྱུར་ན།། འབྲས་བུ་མེད་ཅིང་ངན་སོང ་ལྷུང་།། དམ་ཚིགས་འདི་ནི་རྡོ་རྗེ་ཆེ།། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན།། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས།། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ།། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ།། ཐུགས་ཀྱི་དཀྱིལ་འཁོར། ་དཀྱིལ་འཁོར་མཆོག། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས།། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ།། ཆེན་པོ་རིགས་ཀྱི་དེ་བཞིན་ཏེ།། བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས།། དབང་པོ་ཡུལ་དུས་རིགས་པའི་རྣམས།། ཀུན་ཏུ་བཟང་། ་པོའི་དཀྱིལ་འཁོར་ལ།། བདག་ཉིད་ཆེན་པོ་ལྷག་པ་ཡིས།། ཐུགས་ཀྱི་ཡེ་ཤེས་ལྔ་ལྟ་ཞིང་།། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས།། བདེ་བའི་ཡེ་ཤེས་རོལ་མོ་ཡིས།། ཡེ་ཤེས་དགྱེས་པ་མཆོད་པར་འབུལ།། ཟག་པ་མེད་པའི་བསོད ་ནམས་ཀྱིས།། ཡེ་ཤེས་སྒྱུ་མར་རང་སྣང་བ།། རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག། གསང་བའི་དཀྱིལ་འཁོར་ཉིད་ཀྱི་དབྱིངས།། དེ་ནི་སངས་རྒྱས་ཀུན་གྱི་དངོས།། ཡང་དག་དོན་གྱི་སྙིང་པོ་འདི།། བསྐལ་པ་ཞིང་གི་རྡུལ་སྙེད་དུ།། ་ཤིན་ཏུ་སྦྱངས་ལ་རབ་གེ་ནས་ཤིང་།། དཀྱིལ་འཁོར་མ་ལུས་བརྙེས་པའི་ས།། འབྲས་བུ་གསང་ཆེན་འདི་ཡིན་ཏེ།། ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུང་།། སྣོད་ལྡན་དང་ཚུལ་བཟང་ལ་བསྟན།། ལུས་དང་ལོངས་སྤྱོད་སྟོང་ལ་སྦྱིན།། ་གཞན་དུ་ནམས་ཀྱང་སྦྱིན་མི་བྱ།། རྨོངས་ལ་བྱར་བར་གལ་ཏེ་བྱིན།། དུས་མེད་པར་ནི་སྲོག་ཟད་ནས།། བསྲེགས་དང་སླེབས་ལ་ཡུན་རིང་གནས།། རང་སྣང་དབྱེར་མེད་དཀྱིལ་འཁོར་དུ།། ཐུགས་ཀྱི་དཀྱིལ་འཁོར་ཉིད་ལ་བསྡུ།། ཧཱུཾ ་ཧཱུཾ་ཞེས་ནི་རབ་བརྗོད་པས།། ཆོས་ཀྱི་དབྱིངས་སུ་ཐིམ་པར་འགྱུར།། དེ་ནས་སྙིང་པོ་དྲན་ཙམ་གྱིས།། ཕྱག་རྒྱ་ཆེན་པོར་གསལ་འགྱུར་ནས།། གོ་སྒོ་མཚམས་བཅད་ལུས་བསྲུངས་ཏེ།། དེ་ནས་རྣལ་འབྱོར་ཆེན་པོ་སྟེ།། འགྲོ་སྡོ་དེ་འདུག ་ཉལ་བཞི་པོར་ནི།། སྲོག་གི་ཕྱིར་ཡང་མྱི་གཏང་ཞིང་།། སྤྱོད་ལམ་ཀུན་ཏུ་མ་ཉམས་པར།། བདག་ཉིད་ཆེན་པོར་རྟག་པར་བསྒོམ།། རྒྱུད་ཀྱི་དོན་ལས་བཏུས་པ་ཡི།། རིན་ཆེན་དྲ་བ་མངོན་རྫོགས་པའི།། མ་འོངས་རྣལ་འབྱོར་ཐམ ་ཅད་དང་།། མཐའ་ཡས་སེམས་ཅན་དོན་གྱི་ཕྱིར།། བསྟན་པས་བསྒྲུབ་པ་ཀུན་བྱང་ནས།། བླ་མེད་བྱང་ཆུབ་ཐོབ་པར་ཤོག། ན་མོ། རིན་ཆེན་དྲ་བ་མངོན་རྫོགས་ཞེས་བྱ་བ་མཐར་ཕྱིན་པའོ།། རྫོགས་སོ།། །། དེ་བཞིན ་