CLOSE WINDOW

GT273: rdo rje rnal 'byor ma'i dbang mdor bsdus pa zhes bya ba
Wyliee-texts produced with BDRC’s OCR application

རྒྱུག་སྨད་དུ། རྣམ་ནྡྷ་ས་བ་ནམ། སྤྱད་དུ། རྣ་ནས་འདུ་འི་ད་མ་ནཱགས་པ་ནས་ཧླཱ་། རྣརྣམ་གྱུ་ལ་པཱ9།། སྤྲོས་པ་ད ་ནས་གསུངས་པ་མང་ཡོད་ཀྱང་།། སྤོས་བྲལ་མོས་པ་བདག་འདུས་བྱིན་བརླངས་དོན།། ཕག་མོ་མངོན་འབྲུང་རྒྱུད་ལོ་བརྟེན་ནས་ནི།། བྱཾད་བ་རླབས་མདོར་བསྡུས་བདག་གིས་བཤང་པོར་བྱ།། དེ་ལ་སྙིང་པོའི་རྔོན་པ་སྤོང་བའི ་མན་ངག་ལ་ཐུན་མོང་གི་དབང་དང་། ཐུན་མྱོང་མ་ཡིན་པའི་དབྱུང་ངོ་།། དེ་ལ་ཐུན་མོང་གི་དབང་གི་བུམ་པའི་དབང་ལ་སོགས་པ་རིམ་པའི་དབང་ལྔའོ།། ཐུན་མོང་པ་མ་ཡིན་པའི་དབང་ནི་རྡོ་རྗེ་རྣལ་འབྱོར་མ་བྱིན་གྱིས་བརླབ ་ཀྱི་དབང་ངོ་།། དེ་ལ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་དབང་ནི་དང་པོ་དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་བཞི་བརྟགས་པ་ལ་སོགས་པ་བྱས་པའི་རྗེས་སུ་ལྷག་གནས་གསུམ་ནི་གཞན་ནས་ཤེས་པར་བྱའོ།། དི་ནར ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་དུས་སུ་དཀྱིལ་འཁོར་ཚུལ་བཞིན་དུ་བྲི་བར་བྱ་སྟེ། དབུས་གྲུ་གསུམ་བསྣོལ་མ་ལ་དགའ་བ་འཁྱིལ་པ་བྲི།། དེའི་མཐར་པདྨ་འདབ་མ་བཅུ་དྲུག་གམ་བརྒྱད་ལ་རྡོ་རྗེ་མེ་རིས་འཁོར་བ ་བྲིའོ།། དབང་བསྐུར་བའི་རྫས་ནི་དེའི་སྟེང་དུ་བུམ་པ་དམར་པོ་གསུམ་གྱི་ནང་དུ། འོན་ཆེན་ལྔ་དང་སྨན་ལྔ་དང་རྫས་གཞན་ཆུ་ལ་སོགས་པས་བཀང་ལ། ཁ་རྒྱན་དང་མགུལ་ཆིངས་དམར་པོས་བརྒྱན་ཏེ་བཞག། དབུ་རྒྱན ་དང་རྡོ་རྗེ་དྲིལ་བུ་རྩར་བཞག། དེའི་སྟེང་དུ་ཐོད་པ་མཚན་ཉིད་དང་ལྡན་པ་གསུམ་གྱི་ནང་དུ། མཚན་ཉིད་དང་ལྡན་པའི་བུ་མོ་གཞོན་ནུ་མ་ལོ་བཅུ་དྲུག་ལ་འམ་ཉི་ཤུ་རྩ་ལྔ་མའི་ལག་པས་ཆང་གིས་ཐོད་པ ་འགེངས་སུ་གཞུག་གོ།། དེ་ལ་མཚན་མ་བརྟག་པར་བྱའོ།། དེ་ནས་བུ་མོས་མཆོད་པ་བྱས་ཡོན་ཡང་དབུལ་ལོ།། དེའི་དགོངས་པ་ནི་རྟགས་རབ་འབྲིང་གསུམ་གང་རུང་ཅིག་བྱང་བ་དང་། དེའི་སྟེང་དུ་མེ་ལོང་གཡའ་དག་པ་ལ ་གུར་གུམ་གྱིས་ཆུས་བཀྲུས་ལ་སིན་དྷུ་ར་བཙགས་ལ་གཽ་སེར་སྨུག་གིས་གྲུ་གསུམ་བསྣོལ་མ་བྲི། ད་འང་གཉིས་སྦྲང་དུ་བྱའོ།། དེའི་དབུས་སུ་སྔགས་ཀྱི་རྒྱལ་པོ་བྲིས་ལ། དེ་ནས་སྔགས་གཞན་ཡང་གཡོན་སྐོར་དུ་བྲིའོ།། དེལ ་མུན་ངག་གིས་བྲིའོ།། དའང་རས་དམར་པོས་ཞལ་ཁེབས་བྱའོ།། དེའང་མཆོད་པ་སྣ་ཚོགས་པའི་རྫས་ལ། མཁའ་འགྲོ་མ་མཆོད་པའི་རྫས་ནི་ཞལ་གཅིག་པའི་དབང་དུ་བྱས་ནས་མཆོད་པ་བཞི་བཞིར་བཞེད་དོ།། ་མེ་ཏོག་དམར་པོ་སྣ་བཞི་ཆུ་ལས་སྐྱེས་དང་ཐང་ལས་སྐྱེས། སྤོས་སྣ་བཞི་ལ་གུ་གུལ་ནག་པོ་དང་ཨ་རུ་ར་ཤ་ཆེན་དང་བྱི་ལྷ་ནག་པོའི་རིལ་མ་འམ་རང་བྱུང་གི་མེ་ཏོག་དམར་པོ་དོང་བཞིའོ།། དྲི་སྣ་བཞི་ནི་ཙན་དན་དང་བླ ་རྩི་དང་ག་པུར་དང་གུར་གུམ་མོ།། སྒྲོན་མེ་སྣ་བཞི་ལ་འབྲུ་མར་དང་མར་དཀར་ལ་སོགས་པ་ལ་བྱའོ།། ལྷ་བཤོས་སྣོ་བཞི་ལ་འབྲས་ལ་སོགས་པ་ལ་བྱའོ།། དེ་དག་ནི་ཁྲོ་མོའི་ཞལ་དུ་མཆོད་པའོ།། དེ་ལ་གཏོར་མཱི ་ཀ་ནེ+ེ་ནི་ཆང་སྣ་བཞི་ལ་འབྲུ་ཆང་སྦྲང་ཆང་གནས། བུར་ཆང་འབྲས་ཆུང་གཉིས་ཏུ་བཞིའོ།། ཁུར་བ་སྣ་བནྡྷ་ལ་གྲུ་གསུམ་ཟླུ་གམ་གཉིས། ཟླུམ་པོ་གྲུ་བཞི་གཉིས་ཏེ་བཞིའོ།། ཤ་སཱ་བ་ནི་ལ་མ་ཤ་སྭ་ཤ་ཁྱི་ཤུ་བ་འང་དང ་བཞིའོ།། བདུད་རྩི་སྣ་བཞི་ལ་བྱང་སེམས་དཀར་དམར་གཉིས་དང་དྲི་ཆེན་དྲི་ཆུ་གཉིས་ཏེ་བཞིའོ།། ཕག་གདོང་གི་ཞལ་དུ་མཆོད་པའི་རྫས་སོ།། དེ་ལྟར་མཆོད་པ་ལ་སོགས་པའི་རྫས་བཤམས་པ་དང་། རྡོ་རྗེ་རྣལ་འབྱོར ་མའི་བསྐྱེད་རིམ་ལ་སོགས་པ་བསྒོམ་པར་བྱའོ།། དེ་ནས་སྐྱོན་བཟླས་པ་བྱའོ།། དེ་ནས་བསྟོད་པ་བྱ་སྟེ་མཆོད་པ་དང་ཚོགས་དབུལ་བ་ལ་སོགས་པ་བྱའོ།། དྲི་ནས་བྱིན་གྱིས་བརླབས་པར་བྱའོ།། དེ་ལ་བཞི་སྟེ། ་མཆོད་པ་དང་རྫ་སཱ་དང་སྔགས་དང་ཏིང་ངེ་འཛིན་ཏོ།། དེ་ནསོ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི་སློབ་མ་རྣམས་ལ་མིག་རུས་དམར་པོས་བཀྲབ་སྟེ། ལས་ཀྱི་སློབ་དཔོན་གྱིས་ནང་དུ་དྲངས་ཏེ།། བགེགས་བསྒྱུད ་ལ་དཀྱིལ་འཁོར་གྱི་ཤར་ནས་འཇུག་པར་བྱའོ།། འདི་སྐད་བརྗོད་དེ་རིང་ཁྱོད་མཁའ་འགྲོ་མུ་ཐམས་ཅད་ཀྱི་རིགས་སུ་གཞུག་གྲི། ཡེ་ཤེས་གང་གིས་མཁའ་འགྲོ་མ་ཀུན་གྱི་དངོས་གྲུབ་ཐོབ་པར་འགྱུར་ལ། དངོས་གྲུབ ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་ངས་ཁྱོད་ལ་བསྐྱེད་པར་བྱ་ཡིས།། ཁྱོད་ཀྱིས་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་དྲུང་དུ་སྨྲ་བར་མ་བྱེད་ཅིག། གལ་ཏེ་ཁྱོད་སྨྲས་ན་དམ ་ཚིག་ཉམས་པར་འགྱུར་ཏེ། དེ་ནས་ཡང་འདི་ནི་དམ་ཆོག་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་གང་སུ་ཡང་རུང་བའི་དྲུང་དུ་བཟླས་ནཱ། ཁྱོད་ཀྱི་མགོ་རྡོ་རྗེ་རྣལ་འབྱོར་མས་འགས་པར་བྱེད་དོ།། རྡོ་རྗེ་མཁའ ་འགྲོ་མ་ཁྱོད་དང་།། ཁྱོད་ཀྱི་སྙིང་ལ་གུང་དག་ཞུགས།། གྲལ་ཏེ་ཚུལ་འདི་སྨྲ་བ་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། འདི་ནི་ཁྱོད་ཀྱི་དྲིམྱལྭ་བའི་ཆུ།། དམ་ཚིག་ཉམས་ན་སྲེག་པར་བྱེད།། དམ་ཚིག་བསྲུང་ན་དངོས་གྲུབ་ནི།། ་རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ།། ཨོཾ་བཛྲ་ཌཱ་ཀོ་ནི་ཨ་མྲི་ཏྭོ་ད་ཀ། དེ་ནས་འདི་བརྗོད་དེ། དེ་རིང་ཕན་ཆད་ཁྱོད་ཀྱི་རྡོ་རྗེ་མཁའ་འགྲོ་མ་དེ་ཡིན་གྱི། ངས་གང་གིས་བརྗོད་པ་དེ་བུ་ཁྱོད་ཀྱིས་བྱ་དགོས་ལ། ངལ་བརྙས་པའི་ལས ་མ་བྱེད་ཅིག། གལ་ཏེ་བྱས་ན་ཡ་བ་མ་སྤངས་པ་ཚེ་འདིའི་འདུ་བྱེད་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྟུང་བར་གྱུར་ཏ་རེ། དེ་ནས་འདི་སྐད་བརྗོད་དེ། དེ་བཞིན་གཤེགས་པ་དང་མཁའ་འགྲོ་མ་ཐམས་ཅད ་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་རྣལ་འབྱོར་མ་བདག་ལ་དབབ་ཏུ་གསོལ། དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་འདིར།། བདག་གིས་སློབ་མ་གཞུག་པར་བྱ།། མཁའ་འགྲོའི་རིགས་ཀྱི་རིམ་པ ་བཞིན།། བསོད་ནམས་གང་ཡིན་དེ་བཞིན་ཤོག། འདིས་ནི་དངོས་གྲུབ་གང་ཐོབ་པ།། རིགས་ནི་གང་གི་སྣོད་དུ་འགྱུར།། འདི་ལ་བསོད་ནམས་ཅི་ཡོད་པ།། དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག། བཛྲ་ཌཱ་ཀི་ནི་བཛྲ་ཧོ ་ལྷ་གང་གིས་དངོས་གྲུབ་ཐོབ་པ་བརྟག་པར་བྱའོ།། དེ་ནས་མེ་ཏོག་བླངས་ལ་སློབ་མའི་མགོ་ལ་གདགས་པར་བྱའོ།། མིག་དབྱེ་བ་ནི་ཨོཾ། རྡོ་རྗེ་མཁའ་འགྲོ་ཁྱོད་ཉིད་ཀྱི་མིག་དབྱེ་བར་ནི་ནན་ཏན་མཛོད།། ཕྱེ་བས་ཐམས་ཅད ་མཐང་འགྱུར་ལ།། རྡོ་རྗེའི་མིག་ནི་བླ་ན་མོད་ཅེས་བརྗོད།། དེ་ནས་སློབ་མ་ལ་ལྷའི་དཀྱིལ་འཁོར་བསྟན་པར་བྱའོ།། དེ་ནས་དབང་བསྐུར་བར་བྱ་སྟེ། རྡོ་རྗེ་རྣལ་འབྱོར་མ་རྣམས་ལྀ། མཆོད་ཆེན་ཇི་ལྟར་མཛད་པ་ལྟར།། བདག ་ཀྱང་རབ་ཏུ་བསྒྲུབ་སླད་དུ།། དབང་བསྐུར་དམ་པ་བདག་ལ་གསོལ།། ཞེས་གསོལ་བ་གདབ་བོ།། དེ་ནས་བུམ་པོས་དབང་བསྐུར་བ།། སངས་རྒྱས་ཀུན་གྱི་བུམ་པའི་དབང་།། དེ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཀུན་ནི་རབ ་བསྒྲུབ་ཕྱིར།། བུམ་པའི་དཔུང་ནི་ཁྱོད་ལ་བསྐུར།། བུམ་པ་བྱང་ཆུབ་སེམས་ཀྱིས་བཀང་།། སྤྱི་བོ་ནས་ཚངས་པའི་བུ་ག་པ་ན་མར་སོང་བས་བདུད་རྩིའི་རྒྱུན་གྱི་ལྷག་མ་སྤྱི་བོར་མི་བསྐྱོད་པ་བཞུགས་པར་བསམ་མོ།། དེ་ནས ་དབུ་རྒྱན་གྱིས་དབང་བསྐུར་བ་ནི།། སངས་རྒྱས་ཀུན་གྱིས་དབུ་རྒྱན་དབང་།། དེ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར།། དབུ་རྒྱན་དབང་ནི་ཁྱོད་ལྔ་བསྐུར།། དེ་ནས་དྲིལ་བུའི་དབང་བསྐུར་བ་ནི།། སངས ་རྒྱས་ཀུན་གྱི་དྲིལ་བུའི་དབང་།། དེ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར།། དྲིལ་བུའི་དབང་ནི་ཁྱོད་ལ་བསྐུར།། དེ་ནས་མིང་གིས་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་མིང་གི་དབང་།། དེ་རིང་ཁྱོད་ལ ་བསྐུར་བར་བྱ།། སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར།། མིང་གི་དབང་ནི་ཁྱོད་ལ་བསྐུར།། ཞེས་མ་རིག་པ་ལས་གནས་ནས་རིག་པ་ཡེ་ཤེས་སུ་བསྒྲུབ་པར་རིག་པའི་དབང་བཞིའོ།། ད་ནི་གསང་བའི་དབང ་བསྐུར་བ་ནི།། སངས་རྒྱས་ཀུན་གྱི་ཐོད་བའི་དབང་།། དེ་རིང་ཁྱོད་ལ་བསྐོར་བར་བྱ།། སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར།། གསང་བའི་དབང་ནི་ཁྱོད་ཀྱིས་ལོང་།། ཞེས་ཐོད་པའི་ཆང་འཐུང་དུ་གཞུག་གོ།། དེ་ནས་ཤེས་རབ་ཡེ ་ཤེས་ཀྱི་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་མེ་ལོང་དབང་།། དེ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར།། ཤེས་རབོ་ཡེ་ཤེས་ཁྱོད་ཀྱིས་ལོང་།། སྐབས་འདིར་རྫོགས་པའི་རིམ་པ་བསྒོམ་སྟེ། རང ་གི་ལྟེ་བའི་ནང་དུ་མེ་ལོང་གི་དཀྱིལ་འཁོར་འབར་བར་བསམ་མོ།། ཕག་གདོང་གི་དཔྲལ་བར་གཡུང་དྲུང་རིས་དམར་པོ་འཁོར་བར་བསམ་ལ། སྲིན་པོའི་ཞལ་ཅུང་ཟད་བསྡམ་མོ།། གསུམ་པའི་དོན་དྲན་པས་བསྒོམ་མོ།། དེ་ལ ་དབང་བཞི་པའི་ཐུན་མོང་མ་ཡིན་པའི་ལྟ་བ་ཕྱག་རྒྱ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱས་ལ། གང་དུ་ཡང་གནས་པར་མི་བྱའོ།། དེ་ཡང་བརྡ་སྣ་ཚོགས་ཀྱི་སྒོ་ནས་བརྟེན་པར་བྱའོ།། དེ་ལྟ་བུའི་བྱིན་རླབས་ཐོབ་པའི་སློབ་མ ་བླ་མ་ལ་ཡོན་ཕུལ་ནས་མཉེས་པར་བྱ་སྟེ། མཁའ་འགྲོ་མ་ལ་གཏོར་མ་བཏང་།། ཚོགས་ཀྱི་འཁོར་ལོས་མཉེས་པར་བྱས་ནས། གཏོར་མ་བཏང་བར་བྱའོ།། བཀྲ་ཤིས་བརྗོད་སྦྱིན་སྲེག་ཀྱང་བྱའོ།། དེ་ནས་རྡུལ་མཚོན་གཤེ ་ལལཱ་ཡི་གེ་བརྒྱ་པས་ཁ་བསྐང་བར་བྱའོ།། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་ཆོ་ག་མདོར་བསྡུས་པ་ཞེས་བྱ་བ་གྲུབ་པ་ཐོབ་པ་ཤ་བ་རི་ཞབས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་ཡུལ་མ་ག་དྷའི་པཎྜི་ཏཱ་གཽ་ཏ་མ་བྷ ་དྲའི་ཞལ་སྔ་ནས་མཉན་ཏེ། ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གཙང་ཚོང་དུས་འགུར་མོའི་ས་ཆ། ཆོས་གནས་ཆེན་པོ་གཉལ་སླར་ལེགས་པར་བསྒྱུར་བའོ།། །། རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོ ་གབཞུག་སོ།། རྒྱ་གར་སྐད་དུ། བཛྲཱ་ཡོ་གི་ནི་ག་ན་ཙཀྲ་བི་དྷི་ན་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ།། ཚོགས་གཉིས་ཚོགས ་