CLOSE WINDOW

GT2728: g-yu'i thang ma kras dgu
Wyliee-texts produced with BDRC’s OCR application

རྗེ། ལེ་ལོ་ཅན་ལ་ཐར་ལམ་མེད།། ལྟ་བའི་རིམ་པ་ཡི་མན་ངག། དཀའ་བ་དཔལ་བརྩེགས་ཀྱིས་མཛད་པ།། སྣང་བ་བཅུ་བདུན་རྫོགས་སོ།། ། དཔལ་ཀུན་ཏུ་བཟང་པོའི་སེམས་ཀྱི་རང་བཞིན ་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ།། རྒྱུ་འབྲས་ལུས་ཀྱི་རྗེས་འབྲང་རིག་པ་ཡིས།། གང་ཟག་བློ་དམན་རྣམས་ཀྱི་དོན་ཕྱིར་དུ།། རིན་ཆེན་གཡུ་ལྟར་དགོངས་མཛེས་ཀུན་ཁྱབ་དོན།། ཐེག་དགུའི་ལྷ་རིམ་ཁས་ཀྱི་གདང་ལྟ་བུ།། ་ཀུན་བཟང་དགེངས་དོན་རྡོ་རྗེ་སེམས་ལ་སྟན།། ན་གརྫུ་ནི་བདག་བློ་མུན་པར་ཤར།། འཇམ་དཔལ་བཤེས་གཉེན་ཀུན་དགའ་ལ་སོགས་པ།། ཕྱི་རབས་རྡོ་རྗེ་འཆང་གྲལ་འབྱུང་བའི་མི།། སཾ་གསེར་ལྟ་བུར་མི་འགྱུར་བརྟན ་པའི་བློ།། དད་ལྡན་རྒྱལ་བའི་ཐུགས་དང་འདྲ་རྣམས་ཁྱེ་།། སྐལ་ལྡན་དབང་ཕྱུག་རྒྱལ་བའི་གདུང་འཚོབ་པ།། དད་ཅན་རྣམས་ཀྱི་བཙས་སུ་བཞག་པ་ཡིན།། ཤིན་ཏུ་རྣལ་འབྱོར་མཆོམ་གྲི་མཆོག། འཕགས་པ་ལས ་ཀྱང་འཕགས་པའི་དོན།། གསེར་གླིང་རིན་ཆེན་ལྟ་བུའི་མཆོག། འདི་ལ་སྒྲིབ་བྱེད་ཆུ་འབྱུང་དང་།། ཆུ་སྲིན?་ཉ་མིང་ལྟ་བུའི་དགྲ། འཇིག་རྟེན་འདས་པའི་རྒྱུར་ཞུགས་པའི།། ཐེག་པ་ཆེ་ཆུང་རིམ་དང་།། ཡོ་ག་བཞི་སོགས ་གོལ་སྒྲིབ་རྣམས།། སོ་སོའི་ཁྱད་པར་རྟོགས་ཆུད་ནས།། མི་གནས་མི་སྦྱོང་ཐེག་པའི་མཆོག། ལྷུན་པོ་ང་ཞེན་འཕགས་རྩཝ་རྒྱ་ལ་ཉིད།། ཆེ་བ་རྟག་ཕྱིར་ཁྱད་པར་དབྱི།། སྤྲུལ་པའི་གསུངས་རབ་རྒྱུ་ཡིད་དོན།། འདུལ་དབང་བློ ་བཞིན་གྲགས་པ་དག། བསྡུ་བོ་ཆེ་ཆུང་གཉིས་བཅོས་སོ།། ཆུང་བསྡུས་ཉན་ཐོས་ང་རྒྱལ་ཏེ། ཉནི་ཐོས་འདོད་པས་གཉིས་སུ་འགྱུར།། མདོ་སྡེ་པོ་དང་བྱེ་དྲག་པོའོ།། རང་གི་ཤེས་རབ་ལྟ་བའི་དངོས།། སྦྱོར་ན་ཡང ་དག་ལྟ་བ་ཉིད།། མི་རྟོག་སྡུག་བསྔལ་སྟོང་བདག་མེད།། མི་རྟག་ལ་སོགས་དངོས་སུ་འཛིན།། ཀུན་རྫོབ་བྱེ་བྲག་འདོད་གཞུང་ཉིད།། སྣོད་ཀྱིས་རྫས་རྣམས་དངོས་པོ་འདི།། རྡུལ་ཕྲན་སིལ་བུ་ཕན་ཚུན ་པས།། མ་འདྲེས་ནེ་སིང་ལྟ་བུ་སྟེ།། མཐུ་ཡི་སྟོབས་ཀྱིས་འདུས་པར་འདོད།། དོན་དམ་ཤེས་པ་སྐད་ཅིག་མ།། རེ་རེར་ཡོད་པར་འདོད་པའོ།། མདོ་སྡེ་ཀུན་རྫོགས་ཕྲ་ར་བ་རྣམས།། འདུས་པའི་རྣམ་པ་གཅིག་ཏུ་འདོང་།། དྲོན ་དམ་ཤེས་པ་གཅིག་པར་འདོད།། སྤྱོད་པ་རང་དོན་འབའ་ཞིག་པའི།། དེ་ལ་དབུ་མས་བསྐྱོན་བརྗོད་པ།། ཡུལ་སེམས་དངོས་སུ་འཛིན་བཅས་པས།། དངོས་ལྟར་འཇོག་པའི་ཉན་ཐོས་ཁྱོད།། འཁོར་བ་འདི་ལས་མི་འདས ་པས།། འབྲས་བུའི་སྐྱོན་དུ་འགྱུར་བ་ཉིད།། བཀའི་བདེན་པ་རྣམ་བཞི་ལས།། དངོས་པོར་འཛིན་པས་བཀའ་དོན་འགལ།། འཇིག་རྟེན་དངོས་འཛིན་རྒྱུ་འདི་ལས།། མྱ་ངན་ལས་འདས་པ་ཐོབ་འདོད་པ།། ལས་དང་འབྲས་བུ་འགལ ་བའི་ཕྱིར།། ཁྱོད་ཀྱི་འདོད་པ་བདེན་པ་མིན།། རང་རྒྱལ་ཉན་ཐོས་དོན་དམ་འདྲ།། ཀུན་རྫོབ་སྣང་བའི་ཁྱད་པར་ནི།། གཟུགས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན།། རྟེན་འབྲེལ་རྒྱུ་རྐྱེན་དབང་སྒྱུར་ན། རྨི་ལམ་ཚུལ་དེ ་ལོགས་ན་མེད།། དེ་ནི་ཀུན་རྫོབ་ཁྱད་པར་འཕགས།། སྤྱོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས།། གཞན་དོན་ཤེས་འགའ་ལའང་སྤྱོད་པའོ།། དབུ་མའི་ཐེག་པ་བསྟན་པ་ནི།། ཡུལ་རྣམས་རྨི་ལམ་མ་གྲུབ་ན།། དེ་དང་འདྲ་བའི་ཤེས ་པའང་རྫུན་གྱི་ཡུལ་ཉིད་ལ།། དོན་དམ་བདེན་པའི་ཤེས་པ་ཉིད།། སྐྱེ་ཞིང་དམིགས་པར་རིགས་པ་མིན།། དེས་ན་རྒྱུ་འབྲས་འཁྲུལ་འཁོར་ཏེ།། རྒྱུ་འབྲས་མི་མཐུན་འགལ་བ་ཡོད།། རྫུན་རྒྱུས་ཡང་དག་འབྲས་མི་ཐོག། དེ་ཕྱིར ་ཕན་ཚུན་སྤངས་ཏེ་འགལ།། བསྡུ་བ་ཐེག་པ་ཆེན་པོ་ལ།། ཐེག་པ་ཕྱི་ནོང་རྣམ་པ་གཉིས།། ཕྱི་པ་རྣམ་པར་རིག་པ་པ།། ཀུན་ཀྱང་རང་རིག་ཡུལ་མེད་འདོད།། དེ་ཡང་རྣམ་བཅས་རྣམ་མེད་གཉིས།། རྣམ་བཅས་དབྱིག་གཉེན་ཐོག་མེད། ་གཞུང་།། ཡུལ་ལྟར་སྣང་བ་འདི་དག་ཀུན།། རབ་རིབ་སྐུ་མཐོང་རྨི་གཟུགས་འདྲ།། ཤེས་པ་འཁྲུལ་པའི་གཟུགས་བརྙན་ཕྱིར།། དེ་ཡང་དེའི་ངོ་བོར་འདོད་།། རྣམ་མེད་ཤན་ཏ་རཀྵི་ཏ།། རྗེས་འབྲང་ཞེས་པའི་འདོད་པ་སྟེ།། ་རང་རིག་གཉིས་མེད་ཤེལ་ལྟར་དག། དེ་ཉིད་དམ་པར་ཡོད་པར་སྨྲ།། ཆོས་སྐྱེང་འཁོར་བཅས་འདོད་པ་ནི།། གཟུགས་བརྙན་གཟུགས་ལ་སོགས་པའི་ཡུལ།། གང་ལྟར་སྣང་ཡིང་སྒོ་ལྔ་ཡི།། མི་རྟོག་ཤེས་པ་རྣམ་པ་ལྔ།། ། ་རྗེས་འཇུག་ངོ་བོ་འབྲེལ་པར་འདོད།། བརྟགས་པའི་འཁོར་བའི་ཆོས་རྣམས་ནི།། ཡོད་དེ་ཤེས་པ་ངན་རྒྱུ་བསོག། ད་ལྷུར་བསྒྲུབ་པ་བྱེད་པ་པོ།། དེ་ལ་ནང་བས་སྐྱོན་བརྗོད་པ།། རང་སེམས་གཉིས་མེད་ཤེལ་ལྟ་བུ།། དག ་པར་ལྟ་བས་དངོས་བཅས་སྐྱོན།། ཡུལ་རྣམས་འཁྲུལ་སྣང་རྫུན་རྒྱུ་དང་།། ཤེས་པ་རང་རིགས་དོན་དམ་ཉིད།། ངོ་བོ་གཅིག་པར་འདོད་པ་ནི།། ཕན་ཚུན་སྤངས་ཏེ་འོགལ་བར་འགྱུར།། དེ་མིན་ཡུལ་བརྫུན་ཤེས་པའང་རྫུར།། ་མདོ་དེ་དབུ་མར་བརྗོད་པ་ནི།། ཡུལ་རྫུན་ཕྱིར་ན་ཤེས་པ་རྫུན།། ངོ་བོ་གཅིག་ཕྱིར་དེ་ལྟར་འགྱུར།། རང་རིག་གཉིས་མེད་དོན་དམ་མིན།། སྐད་ཅིག་རྒྱུན་ཏུ་ཡོད་ཕྱིར་རོ།། གལ་ཏེ་ཀུན་རྫོབ ་ཙམ་དུ་འང་།། ཡུལ་སེམས་གཉིས་སུ་མེང་འགྱུར་ན།། ཐ་སྙད་ཆད་པར་འགྱུར་བ་སྟེ། གཟུགས་སྒྱུ་ཡིན་མི་ནོ་ལ།། སོགས་པ།། ནམ་དུ་ཤེས་པར་མཱི་འགྱུར་རོ།། ནང་པ་རྣལ་འབྱོར་དབུ་མ་ནི།། ཀུན་རྫོབ་རྫུན་པ་ཙམ་དུ ་ཡང་།། ཡུལ་སེམས་གཉིས་མེད་ཡུལ་སྣང་སེམས།། ཀུན་རྫོབ་རྣམ་རཱིག་ཇི་ལྟ་བུའོ།། དོན་ངམ་མ་སྐྱེས་སྟོང་པར་ལྷ།། དེ་ལ་མདོ་སྡེས་རྒལ་བའི་ཚིག། ཀུན་རྫོབ་རྫུན་པས་མི་འགལ་ལ།། དོན་དམ་ཤེས་པ་ཡོད ་འདོད་ན།། ཡུལ་རྣམས་རྫུན་བཞིན་ཤེས་པའང་རྫུན།། རང་སེམས་གཉིས་མེད་དོན་དམ་ན།། འབྲས་བུ་ལའང་དགོས་མེད་འགྱུར།། ཡུལ་ལ་སྣང་དུ་རུང་མི་འགྱུར།། ལམ་གྱི་སྟེགས་སུ་འང་མི་འགྱུར་དང་ཀ་འབྲས ་བུ་གྲུབ་པར་མི་འགྱུར་རོ།། བརྟགས་བྱ་རང་རིག་དོན་དམ་དེ།། གལ་ཏེ་རྒྱུ་ལས་མ་བྱུང་བའོ།། རང་རིག་གཉིས་མེད་དག་པ་འམ།། རྒྱུ་ལ་རྟེན་ནམ་རང་བྱུང་བའོ།། གློ་བུར་བ་རཱ་རཾ་མྱ་རང་བྱུང་བའི།། དེ་དག་དེ་བཞིན་རིག ་པ་མེད་།། མདོ་སྡེ་དབུ་མས་ཀུན་རྫོབ་ཏུ།། ཡུལ་སེམས་རྫུན་པ་སྒྱུ་མ་ཙམ།། སྣང་བའི་ཡུལ་སེམས་སོ་སོར་འདོད།། དམ་པའི་དོན་དུ་གཉིས་སུ་མེད།། དབུ་མ་ཕྱི་མོ་པ་རྣམས་ནི།། དོན་དམ་གཙོ་བོ་མི་དམིགས་ལྟ།། ་ཀུན་རྫོབ་མདྨོ་སྟེ་རྣལ་འབྱོར་གཉིས།། གླང་ཝཱ་རུང་སྐྱེ་སྤྱོང་སྤྱི་ཕྱེད་།། དེ་གུན་བྱུང་ཆུབ་སྤྱོད་པའི་མཆོག། རྒྱུ་ཆེར་གཞན་དོན་རྫོགས་པར་བྱེད།། གཞན་ལ་དམིགས་པའི་མཚན་མོའི་ཚུལ།། སྦྱར་བ་སྡུ་བུའི་བདག་དོན་འབྱུང ་དེ་ལ་སྔགས་ཀྱི་ཀྲོ་ཡ་བས།། བརྩད་པ་ཁྱེད་ཀྱི་བདེན་པ་གཉིས།། སོ་སོ་རཱི་ལྕི་པོ་བདེན་མོད་དེ།། རྒྱལ་བའི་ཡེ་ཤེས་གཉིས་མང་ལ།། རི་མོས་སྣང་བའི་རྒྱུས་མི་འགྲུབ།། དེ་ཕྱིར་རྒྱུ་འབྲས་འཁྲུལ་ཏེ་འགལ།། གལ་ཏེ་ཀུན་རྫོབ་སྐྱེ ་མ་ཉིད།། དོན་དམ་བདེན་དང་ཐ་དད་ན།། དོན་དམ་བདེན་པར་ཅིག་མི་རུང་།། ཅིག་ལ་སྔ་ཕྱི་སྣང་མི་རིགས།། ཤེས་པ་གཉིས་ཀྱིས་ཡུལ་འགྱུར་བས།། སྔ་ཕྱི་རེ་མོས་འགྱུར་སྣང་ཕྱིར།། ལྷན་ཅིག་མི་སྣང་སྐྱོན་དུ་འགྱུར།། གལ་ཏེ ་ངོ་བོ་ཅིག་མིན་ན།། ཕན་ཚུན་སྤངས་ཏེ་འགལ་འགྱུར་ཞིང་།། བསོད་ནམས་དང་ནི་འབྲེལ་མེད་དེ།། དེས་ན་སངས་རྒྱས་སྐུ་མི་འགྲུབ།། ཐམས་ཅད་དོན་དམ་འབའ་ཞིག་ནི།། ཐ་སྙད་ཆད་པར་འགྱུར་བ་སྟེ།། སྒྱུ་མ་ཙམ ་དུའང་སྣང་མི་རིགས།། འབྲས་བུ་ཉིད་ལའང་ཚོགས་མི་འབྱུང་།། ལམ་གྱི་ཆོས་སུའང་མི་རུང་སྟེ།། བདག་གཞན་དོན་ཀྱང་འགག་པར་འགྱུར།། གལ་ཏེ་བདེན་གཉིས་དབྱེར་མེད་ན།། རང་གི་ཚིག་རྩ་ལ་མི་འགལ་སྣང་།། ཀུན ་རྫོབ་བདེན་པར་ཅིག་ཅ་ན།། དོན་དམ་མཚན་མར་སྣང་མི་རུང་།། དེ་མིན་དོན་དམ་དང་བསྒོམས་ནས།། རྗེས་ལ་སྒྱུ་མ་སྣང་ཞེ་ན།། དོན་ངམ་མཚན་མའི་ས་བོན་ཙམ།། རིགས་པ་མ་ཡིན་གཞན་ཡིན་ན།། ཀུན་རྫོབ་རང ་བཞིན་ཅན་འདོད་ན།། སྒྱུ་མ་ཙམ་དུའང་མི་རུང་འགྱུར།། དེ་བས་དམིགས་པའི་ཤེས་པའང་།། ཅིག་ལ་ཕྱེད་ཕྱེད་བདེན་རྫུན་འགྱུར།། ཁྱེད་ཀྱང་བྱ་བྱེད་མེད་འདོད་ཅེས།། བསོད་ནམས་ཅི་ནུས་སྤྱོད་བྱེད་འཁྲུལ།། ་དེས་ན་ང་དུང་ཤེད་མ་བྱེ།། བྱིས་པ་གཙོ་མཆོག་ཁྱེད་རྣམས་ཀྱིས།། གསང་བ་ང་ལ་རེག་མི་ནུས།། དེ་ཕྱིར་ཁྲོ་བོ་ཡེ་ཤེས་སྐུ།། དོན་དམ་དང་ཉིད་སྣང་བར་འདོད།། སྣང་བའི་དོན་དམ་དབྱེར་མེད་པ།། མཐའ་ཡས་མ་བསྒོམས་ཆེས ་ཉིད་དྲག། གྲུབ་པ་བྱ་ཕྱིར་རྗེས་འཐུན་སྤྱོང་།། དེ་ལ་རྒྱུ་འབྲས་འཁྲུལ་མི་འབྱུང་།། ལོངས་སྤྱོད་རྫོགས་པའི་བཀའ་ལུང་རྒྱུད།། ཡོ་ག་ཕྱི་པ་རིམ་པ་གསུམ།། བྱ་བྱེད་རྒྱུད་དང་རྣམ་པ་གསུམ།། གདུལ་བྱའི་ཤེས་རབ་དབང ་པོས་ཕྱེ།། དེ་དག་ལྷ་སྤྱོད་ཁྱད་པར་འགྱུར།། བྱ་བྱེད་ཀྲྀ་ཡཾའི་དོན་དམ་དུ།། ཀུན་ཀྱང་དག་པའི་ཆོས་ཉིད་ལ།། མཐའི་དྲི་མ་ཡཻ་ནས་མེད།། ཀུན་རྫོབ་རང་བཞིན་རིགས་གསུམ་སྐུ།། ཀུན་ཀྱང་དག་ཕྱིར་དུག་གསུམ་གསུམ།། ལྷའི ་དཀྱིལ་འཁོར་ཡིན་པར་འདོད།། མ་གྲུབ་ཚུལ་ནས་འཇིག་རྟེན་ཆོས།། མཐུན་པར་བྱ་ཕྱིར་རྗེ་ཁོལ་ལྟ།། དམ་ཚིག་ཆོ་གས་རྫོགས་བྱས་ནས།། བཤགས་དང་མཆོད་སྟོང་དྲུག་ལྡན་པའི།། བཟླས་པས་སྡིག་སྒྲིབས་དག ་པའི་སེམས།། ཆུ་དང་ལྟ་བུར་གྲུབ་ཤར་བ།། ལྷ་མཆོག་རྒྱུ་ཕྱིར་ལྷས་རྩ་ལ་སྨྲ།། ཁྲུས་དང་སྤྱོད་པའི་གཙང་སྦྲ་སྤང་།། འདི་ལ་ཡོ་གས་རྩད་པའི་དོན།། ཀུན་རྫོབ་ལྷ་དང་རྗེ་ཁོལ་ནི།། ཆོས་ཉིད་དང་ལ་བཟང་ངན་འགྱུར།། ་ཀུན་རྫོབ་དོན་དམ་པ་དང་ན།། ལྷ་ཡང་ཡེ་ཤེས་སྐུ་མིན་ཏེ།། བསྒོམས་པས་འབྲས་བུ་སྣང་མཱི་རིགས།། དོནྡ་དམ་ངག་རྟོགས་ཀུན་རྫོབ་ཏུ།། ཁྲུས་དང་གཙང་སྦྲ་ཅི་ཞིག་སྦྱང་།། གལ་ཏེ་བདེན་པ་རེ་མོས་ན།། གསུང་བའི་དོན་དུའང་མི་རུང་ལ ་རྒྱུ་འབྲས་མི་མཐུན་འགལ་བ་འབྱུང་།། མ་གྲུབ་ཆ་ཡིས་ཁྲུས་བྱེད་ཅེས།། ལྷ་སྤྱོད་ཡ་ཆ་བདུད་ཀྱི་ལས།། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི།། སྤྱོད་པ་བྱ་བའི་རྗེས་འཐུན་པར།། ལྟ་བས་རྣལ་འབྱོར་རྗེས་འཇུག་ཕྱིར།། རིགས་དང་ལྟ་བས ་ཁྱད་པར་འགྱུར།། འདི་ལ་ཡང་ཡོ་གས་བཅས་པའི་ཚིགཽ། སྤྱོད་པ་གོལ་བས་ལྟ་བ་གོལ།། ལྷ་སྤྱོད་ཡ་ཆ་བདུད་དུ་འགྱུར།། དེ་མིན་རིགས་ལ་ངེས་མེད་པས།། གྲུབ་པའི་འབྲས་བུ་ཐོབ་མི་འགྱུར།། རྣལ་འབྱོར་ཕྱི་མའི་འདོད ་བ་ནི།། རང་རིགས་དངོས་སྟོང་མཚན་མ་གཉིས།། དབྱེར་མེད་དབྱིངས་དང་ཡེ་ཤེས་ས།། བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་སི།། ཤར་ལྷ་གྲོགས་པོའི་ཚུལ་དུ་མཚང།། མ་གྲུབ་ཚུལ་གནས་འཇིག་རྟེན་དག། གྲོགས་ལ་བརྟེན ་ནས་ནོར་འཚོལ་མཚུངས།། སྤྱོད་པ་ཏིང་འཛིན་གཙོ་བྱེད་པའོ།། འདི་ལ་ནང་པས་སྐྱོན་བརྗོད་པ།། གཉིས་མདོ་རྣམ་དག་ཡེ་ཤེས་ལ།། རྒྱུད་ནས་བསྐུར་སྣང་བདེན་ཞེ་ན།། རྒྱུའི་ཡེ་ཤེས་སྐད་ཅིག་འགྱུར།། དེ་མིན་འབྱུང ་འཇུག་ཆ་ཡིས་ན།། བདེན་པ་རེས་འཇོག་སྐྱོན་འགྱུར་བས།། ཡེ་ཤེས་སྐུ་རུ་མི་རུང་སྟེ།། ལྷན་ཅིག་མི་གནས་འགལ་བར་འགྱུར།། གྲོགས་པོའི་ཚུལ་དུ་ལྷ་བྱེད་པས།། ཐ་དད་བདག་ཏུ་ཐ་དད་དེ།། འབྲེལ་བ་མེད་པས་མི ་འགྲུབ་དང་།། དེས་ན་དོན་ཉིད་ལ་ཡང་སྐྱོན།། གཉིས་པ་ཡོད་འགྱུར་ཅིག་ཅེ་ན།། རང་ལ་གྲོགས་སུ་ལྟར་མི་རིགས།། དེས་ན་བདག་ཉིད་ཆེན་པོའི་དོན།། རང་གི་ཤེས་པ་མཐོང་བ་མིན།། ཏིང་ངེ་འཛིན ་རྩོར་སྤྱོད་དངོས་པོ་མཐའ།། ཇི་སྙེད་བྲལ་བའི་ཐེག་ཆེན་མེད།། དེ་མིན་རྒྱལ་བ་ཉིད་དུ་འགྱུར།། དམ་རྫས་འདོད་ཡོན་སྨན་པ་རྣམས།། ཆུ་ཡི་མཚོན་བཞིན་སྤྱོད་མི་ནུས།། དེ་ཕྱིར་གཉིས་མེད་དོན་ལ་སྐྱོན།། ཡང་ན་ཤེས་པ ་གཉིས་འགྱུར་བས།། ཅིག་ལ་རྒྱུད་གཉིས་ལྡང་མི་སྲིད།། དེས་ན་ཁྱོད་ཀྱི་ལྷ་སྤྱོད་རྫུན།། ལྷུན་གྲུབ་བཀའ་ལུང་སྐྱེད་རྫོགས་གསུམ།། ཐོག་མེར་བསྟན་པའང་རྣལ་འབྱོར་ཆེ།། ལུས་ཀྱི་དངོས་པོ་གཉིས་སྡུས་རྣམས།། རང ་རིག་ཉིད་ཕྱིར་སྣང་བ་ཀུན།། ཡི་ནས་ཡེ་ཤེས་སྐུ་གསལ་བ།། དཀྱིལ་འཁོར་གཉིས་དྲུག་ལ་སོགས་ཤིང་།། སྣང་བ་ཉིད་ནས་རང་བཞིན་མེད།། དེས་ན་མཐའི་སྐྱོན་དང་བྲལ། སྣང་སྟོང་བྲལ་བའི་དེ་བཞིན་ཉིད།། དང ་ལས་རིག་པའི་ལྷར་བསྐྱེད་པས།། ཐ་མལ་རྟོག་ཚོགས་མ་སྦྱངས་དག། གསེར་འགྱུར་མུན་སྣང་ཇི་བཞིན་བྱའོ།། ཅིར་སྣང་རང་གི་རིག་པའི་ཕྱིར།། ལྷ་དང་ལྟོ་བ་ཡོངས་ཀྱིས་མིད།། ཏིང་འཛིན་ཡེ་ཤེས་བསྒྱུར་ཤར ་བས། སུས་ཀྱང་མ་བྱས་བྱེད་མེད་དེ།། ངོ་བོ་གཞན་ནས་འོངས་པའང་མེད།། དེས་ན་བདགི་ཉིད་ཆེན་པོར་ལྟ།། སྤྱོད་པ་བཟང་ངན་གཙང་སྨེ་སོགས།། གང་ལ་ཆགས་སྡང་བླང་དོར་མེད།། བདེ་མྱོང་མི་འགོག། ་མི་འཛིན་ཕྱིར།། ཚོ་གས་གཉིས་རྒྱུན་ཏུ་ཚོགས་པར་བྱེད།། དེ་ལའང་རྗེས་སུ་རྣལ་འབྱོར་པ།། སྐྱོན་བརྗོད་ཁྱོད་ཀྱི་ལྟ་བའི་དོན།། མཉམ་ཉིད་སྣང་སྟོང་དབྱེར་མེད་དག། ཡིན་ན་རིག་པས་བསྐྱེས་མི་དགོས།། ཡེ་ཤེས་སྐུ་ཡ ་འདུས་བྱས་འགྱུར།། གལ་ཏེ་བདག་གིས་བསྐྱེད་པོས་ནཱ།། སྔ་བར་བདག་ཉིད་མ་གྲུབ་པ་མ།། དེ་མིན་ཐུག་པ་མེད་པར་འགྱུར།། ཡང་ན་བདག་ཉིད་དཀྱིལ་འཁོར་ཉིད།། ཐ་དང་ཡ་ནས་འབྲོ་ལ་མེད་པས།། སྐྱེད་དུ་འང་མི ་བཏུབ་འགྲུབ་མི་འགྱུར།། སྤྱོད་པ་བླང་དོར་མེད་ཅེ་ན།། དེ་ཉིད་གཙོར་སྤྱོད་བླང་ངོར་ཉིད།། རྣལ་འབྱོར་མཆོག་གི་བརྗོད་པ་ནི།། མཉམ་ཉིད་བདག་ཉིད་ཆེན་པོ་ནི།། རང་ལ་རང་གིས་སྒོམ་ཅིང་དགོས།། བདག་གིས་བདག་ལ་འང ་དམིགས་རུང་ན།། མཛུབ་མོ་རང་ལ་རེག་པར་རིགས།། ཐ་དང་རང་གི་ཚིག་གིས་འགལ།། གལ་ཏེ་མི་སྒོམ་བྱ་མེད་ན།། རྣམ་གསུམ་རིམ་པས་སྨོས་ཅི་དགོས།། ཐམས་ཅད་བདག་ལ་མའི་སྐུས།། གཟེར་ལ་གཟེར་བཞིན་འབྱུང་མི་རིགས། ་ཡུལ་མེད་དོན་ལ་གཙོར་ལེན་པ།། དེ་ཉིད་དམིགས་ལྷ་རྩ་བའི་དོན།། ཁྱོད་ཀྱང་གལ་ཏེ་ལྷུན་གྲུབ་ན།། སྤྱོད་དང་འཕྲིན་ལས་དང་ལེན་འཁྲུལ།། བྱ་བ་མེད་པས་སྦྱོང་ངོ་ཞེས།། དེ་ཉིད་ཆེད་སྤྱོད་ཐབས་རྟེན་འཁྲུལ།། སྣང་སྟོང་ཡེ་ནས ་ངག་འ་དོང་ན།། བསྒྲིབ་པ་གནས་འགྱུར་དྲི་མའི་ཚུལ།། བླང་ངོར་མེད་པའི་སྤྱོད་བྱེད་ན།། དེ་ཉིད་དང་ལེན་སྙོམས་སམ་ཅི།། ཀུན་ཀྱང་རང་རིགས་སེམས་ཡིན་ན།། དབུགས་ཕྱིན་དཀྱིལ་འཁོར་སྐྱེས་ཅི་དགོས།། ལས་བཞིན ་འགྲོ་དོན་རྩལ་བ་ཡིས།། ལྷུན་གྲུབ་མཛད་པ་ག་ལ་མཐོང་།། གུ་འཇོའི་སྤྱོད་དང་མ་བྲལ་ཕྱིར།། རྩོལ་བའི་ཆུ་བོར་བྱིང་བ་ཡི།། རྗེས་འཇུག་རྣལ་འབྱོར་འདོད་པ་ཡི།། སྣང་སྲིད་བཟང་མོའི་མཁའ་གླེང་ལྔ།། ་མ་སྐྱེས་དཀྱིལ་འཁོར་ཀུན་བཟང་ཤར།། ཤར་བ་ཉིད་ན་ཤར་བ་མེད།། ཡབ་ཡུམ་སྲས་བཅས་བདེ་ཆེན་པོ།། ལྷུན་རྗེ་གོས་ས་ལ་སྐད་ཅིག་གིས།། སྙིང་པོ་དྲན་བརྗོད་སྐུར་ཤོར་བའོ།། འདི་ལ་རིམ་པའི་རྩོལ་བ་མེད།། རྒྱ་མཚོར་ཉི ་ཟླ་ཤོར་བ་འདྲ།། དོན་གཉིས་མ་རྩུ་ལ་རྫོགས་པར་བྱེད།། སྤྱོད་པ་བླང་ངོར་མེད་པར་སྤྱོད།། དེ་ལྟར་མ་ནུས་ཉམས་མི་ལཱ།། དེ་ལྟ་གོང་མས་སྐྱོན་བརྗོད་པ།། ཐམས་ཅད་བདེ་བ་ཆེན་པོ་ལ།། མ་འདྲེས་ཡོངས་སུ་རྫོགསོ་འདོད་ན།། ། ་མཚན་མའི་སྐྱེ་བསྐྱེད་སྙོམས་མས་ཅི།། ཁྱེའུ་བཞི་རྟོག་འབྱུང་མི་འགལ་ལམ།། མཚན་མས་འགྲོ་དོན་རྫོགས་འདོད་ནོར།། ཡབ་ཡུམ་འབྱེད་དང་ཁྭ་དེགྲ་གྲངས།། རྩོལ་པ་དྲདེ་ཆེན་དོན་དེ་འགལ།། དེ་ཕྱིར་བྱ་བྲལ་མཐོང་བ་མེད།། ་གལ་ཏེ་མ་གྲུབ་པོས་བྱེད་ན།། རྒྱུ་འབྲས་འཁྲུལ་ཏེ་འགལ་བར་འགྱུར།། དོན་གཉིས་མ་བརྩ་ལ་རྫོགས་ཤེས་ན།། སྐད་ཅིག་དཀྱིལ་འཁོར་བསྐྱེད་ཅི་བྱ།། རང་གི་ཅིང་བའི་སློངས་པ་ཁྱོད།། བྱ་བྱེད་དོན་ལོ་བཏང་སྙོམས་བྱེད།། ་དེ་ཉིད་རྩོལ་བ་མ་ཡིན་ནམ།། སྦྱོ་ང་ཡུལ་བྲལ་ལ་དམིགས་པར་བྱེད།། དེ་ཉིད་ཡུལ་དང་ཡུལ་ཅན་མོད།། བསམ་མེད་རང་ལ་གསལ་བར་འདོད་།། དེ་ཉིད་བསམ་སྤྱོད་གཏོགས་པའི་བཞི།། བསྒྲུབ་མེད་ངང་ལ་དོན་དུ་གཉེར།། དེ ་ཉིད་རེ་དོགས་རྩ་བ་ཡིན།། དེ་ལྷའི་སྤྱོད་ཡུལ་བེམས་པོ་ཡིན།། ཀློང་ཆེན་དང་ལ་ཐིགས་མི་འགྱུར།། དེ་དག་སྐབས་ཀྱིས་རང་རང་གི། ལྷ་ལ་ཞེན་པས་ལྡོངས་པ་ཡིན།། ལྟུང་བའི་ཕྱིར་ནཱ་གེ་ལ་ས་ཆེ།། དེས་ན་གོལ་བསྒྲིབ་ཐུན་མོང་སྟེ།། ལྟ་བ ་དམྱིགས་ཀྱིས་དབུལ་བ་དག། ཡེ་ཤེས་ཉིད་ལ་བདག་ཏུ་འཛིན། རང་ལ་རང་ཉིད་ཡུལ་དུ་བྱེད།། དོན་ལ་དོན་ཉིད་རྗེསུ་འབྲེང་།། ཡེ་ཤེས་ཉིད་ལ་གསལ་བར་འདོད།། བདག་ལ་བདག་ཉིད་སྤྱོད་མཐའ་འཆོལ།། ཟིན་པའི་དོན་ལ་བསྒྲུབ་པར ་བྱོང་།། བྱཱ་བྲལ་ཉིད་ཀྱི་བྱ་བ་མེད།། བསྐྱོད་མེད་ལམ་ལ་བསྐྱོད་པར་བྱེད།། མི་དམིགས་པ་ལ་དམིགས་པར་བྱེད།། ཀྱེ་མའོ་ཐུགས་རྗེའི་གནས་སུ་རུང་།། དེང་སང་དུས་ཀྱི་གང་ཟག་རྣམས།། མ་རིག་ལིང་ཏོག་མ་སོལ་བས།། ལྟོ་བའི་ལ ་ཤན་མ་ཕྱེད་ཅིང་།། ལྟ་བའི་མཆེ་བ་མ་མཐོང་བས་རྒྱུད་ལུང་མན་ངག་གོམས་པ་ཡིས།། རྨངས་དང་རྗེ་དང་རྒྱལ་འདྲ་ལ།། ཀུན་རྫོབ་མི་མཉམ་དོན་དམ་མཉམ།། དེ་སྐད་སྨྲ་བའི་དམུས་ལོང་དག། ཁྲེལ་འབྲུ་མཐུ་བ་ས་གཞི་ཆེ།། མ་མཐོང ་ཚུལ་དང་མཚུངས་པའོ།། མིག་ལྟ་བརྟན་པའི་འདི་དག་གི། བཟའ་བྲལ་དང་ལས་གནས་མི་འགྱུར།། དེ་ནས་བསྐལ་ལྡན་སྐྱེས་མཆོག་བུ།། མ་བགྲོད་ས་ལ་གནས་བྱའི་ཕྱིར།། རྫོགས་ཆེན་ངའི་དོན་ལ་ལྟོས།། ཡོད་མེད་སྟོང་པའི་མཐའ ་ལ་ཐུད།། ཀུན་གྱི་སྐུ་མཆོག་ཡེ་ཤེས་ཞལ།། འདོངས་པས་རྨོངས་འཁྲུལ་དུག་གསུམ་གྱི།། སྙིང་ཁྲག་འཐུང་ཞིང་ཀུན་གཞི་ཉིད།། གཏན་ནས་ཕུང་བྱེད་ང་ལ་ཐུད།། ཟད་པའི་དུས་ན་བསྐལ་པའི་མེ་འབར་བ།། མི་ཟད་འཇིགས ་གཟུགས་མངའ་བ་ང་ལ་འདུད།། བསྐུལ་པའི་ཆུ་ཆེན་རབ་ཏུ་འཁྲུགས་པ་འབུམ།། འཇིགས་བྱེད་དེས་ཀྱང་ལྗགས་ཀྱི་མཐའ་མ་སྦུབས།། ལུག་མཚོ་མཐའ་མེད་བསྐམས་ལ་ཕྱག་འཚལ་འདུད།། ཐོར་རླུངས་དྲག ་པོས་འཇིག་རྟེན་ཀུན་གཡེང་བ།། དེས་ཀྱང་ངའི་བ་སྤུའི་ཆ་ཙམ་བསྐྱོད་མི་ནུས།། ཟིལ་གནོན་སྐུ་ཚད་མངའ་བ་ང་ལ་ཐུང།། གཡོ་དང་མི་གཡོ་ཐམས་ཅད་ཀུན་གསོལ་བའི།། འཇིགས་བྱེད་པ་ལྟ་བུ་ལ་ཇི་སྐད་བྱ།། སངས་རྒྱས་ཐམས ་ཅད་གསོལ་བས་ང་མ་ཞོས།། བྱང་ཆུབ་སེམས་དཔའ་གསོལ་པོས་ཁ་བྱུགས་ཙམ།། ད་རུང་འགྲོ་ཀུན་གསོལ་བྱེད་སྒྲིབས་ཤིང་སྐེམས་པས་ང་ལ་ཐུང་།། འོན་ཀྱང་མ་སྒྲོང་རྫོགས་པ་ཉི་དུ་འགྱུར། ལྷག་པའི་རྣལ་འབྱོར་ལུགས་ཉིད ་ཀྱིས། བསླབ་པ་མེད་པའི་བསླབ་པ་ཉིད།། བསླབས་རྣམས་འཇིགས་བྱེད་བསླབ་པའི་མཆོག། དངོས་པོ་སྤྱོད་ཅིག་མཐའ་མི་ཚོལ།། དོན་ལ་མངོན་དུ་འདོད་པ་མེད།། གཟའ་བྲལ་དང་ལ་གཟའ་མི་བྱེད།། བྱ་མེད་དོན་ལ་དེ་ཉིད་ཀྱང་།། ཆེ་དུ་ལན ་ཅིང་རྩོལ་བ་མེད།། རང་སེམས་ཅི་ལའང་འབྲང་བ་དང་།། འདོད་པའི་སེམས་དང་ཡེ་ནས་བྲལ།། དེ་ཉིད་ལས་ནི་འགྱུར་བ་མེང་།། ཐིག་ལ་ཆེན་པོ་རྒྱལ་བའི་ཐུགས།། བརྟགས་ན་མེད་ལ་བསམས་ན་སྣང་།། དངོས་མེད་ཆ་ལུགས་ཀུན ་ལ་སྟོམ།། རང་བཞིན་ཅིག་ཏུ་མ་ངེས་པས།། རྫས་ཀྱི་རྣམ་པ་ཅིག་ཏུའང་།། ལོགས་མཐོང་དྲུག་དང་ཡང་དག་དག། ཅིར་ཡང་སྣང་བའི་ངོ་བོ་ཉིད།། རང་བཞིན་མེད་པའི་རང་བཞིན་ཅན།། འདི་འདྲ་རྒྱལ་བར་བརྗོད་དུ་མེད།། གལ་ཏེ་བརྗོད ་ཀྱང་ཐེབས་མི་འགྱུར།། སྣ་ཚོགས་སྣང་བ་པའི་སྐུ།། ཇི་སྐད་གྲགས་པ་ངའི་གསུང་།། དྲན་རྟོག་རག་ཤས་དེའི་ཐུགས།། སྣ་ཚོགས་སྣང་ལ་ངོ་བོ་མེད།། ཆེ་བུ་ལྔ་ཡིས་ཡེ་ནས་འཕགས།། ཐིག་ལེ་དྲུག་དང་རང་བཞིན་ལྡན།། ཁམས ་གསུམ་བདེ་སྡུག་ང་ལ་རྫོགས།། དེ་ལ་བདེ་སྡུག་དེང་གི་བྲལ།། དུས་གསུམ་རྒྱལ་བར་ང་ཉིད་ཤར།། དེ་ལ་བྱུང་ཤར་གདོང་ནས་མེད་།། གཟའ་ལྟས་མེད་པའི་རྟ་མཆོག་ལ།། དེ་ཉིད་དུ་ཡང་ལྟ་བ་མེད།། གལ་ཏེ་གདེད་ནས་དམིགས ་ལྟ་མེད།། ཐམས་ཅད་མཁྱེན་པ་སྒོམས་པའི་མཆོག། ངོ་བོ་ཉིད་ནི་དམིགས་སུ་མེད།། སྣང་བ་མེད་པའི་ཆོས་ཉིད་ནི།། མ་རྩ་ལ་གཞག་ན་བསྒོམས་པ་ཡིན།། དེ་ལ་གཞག་པར་བྱ་བའང་མེད།། བྱ་བྱེད་དོན་ལ་ཡིད་མི་རྟོག། དེ་ལྟར་གང ་ཤེས་ཏིང་འཛིན་མཆོག། དམིགས་པའི་སྐྱོན་བྱུང་འགོག་མི་བྱེད།། དྲོན་ལ་གསལ་བས་འབྱུང་མི་དགོས།། དྲོད་རྟགས་སྣང་ལ་རེ་བ་མེད།། ཐམས་ཅད་བདག་ཉིད་ཆེན་པོའི་ཕྱིར།། སྣོད་བཅུ་དོ་འཇིག་རྟེན་བདེ་སྡུག་བསྔལ།། ཉི་ཟླ། ་འོད་གསིལ་བྱེད་འདོད་པའི།། ཇི་སྲིད་ཅིར་སྣོད་སྤྱོད་པ་ཀུན།། བདག་ཉིད་ཆེན་པོའི་མཛད་སྤྱོད་པས།། དེ་ཉིད་གསལ་བར་སྤྱོད་པ་སྟེ།། དེ་ལ་སྤྱོད་དང་མི་སྤྱོད་མེད།། འགྲོ་དོན་རྒྱུན་དུ་མི་བྱས་རྫོགས།། ཡང་དག་སི་ལ་མ་སོང་ཕྱིན།། ་ཚོགས་གཉིས་མ་བསགས་ལྷན་གྱིས་རྫོགས།། མ་བསྒྲལ་སྟོང་གསུམ་གནས་སུ་སྟོབས།། མ་ཕུལ་མཆོད་པ་ཀུན་ལ་ཐིམོ། མ་བླངས་དངོས་གྲུབ་རང་ལོ་ཤར།། མ་བསྲུངས་དམ་ཚིག་ཉམས་པ་མེད།། མ་ནོར་ཐམས་ཅད་རང ་དབང་སྒྱུར།། མ་ལྟས་ལྟ་བ་ཀུན་ཏུ་གསལ།། མ་སྙོམས་ཏིང་འཛིན་ཡེངས་པ་མེད།། མ་བཅོས་རྣམ་ཏོག་སྒྱུ་འཕྲུལ་བྲལ།། མ་བསྒྲུབས་འབྲས་བུ་བདག་ཉིད་ཆུ།། མ་སྦྱངས་དུས་གསུམ་འདུ་འདུལ་མེད།། ་སྦྱངས་བསྒྲིབ་པ་ཡེ་ནས་མེད།། མ་འཇིང་ཐུགས་རྗེས་ཀུན་ན་བསྒྲུབས།། དེས་ན་བྱས་སྦྱིན་བྱ་བ་མེད།། བྱ་བ་གང་ཡང་འགག་པ་མེ་དེ།། དེ་ལྟ་སུས་རྟོགས་བྱིས་པའི་མཆོག། བྱ་མེད་བརྩོན་འགྲུས་པར་ཆེད་མེད།། སྐྱེས་མཆོས་གང་ཞིག ་འོའདི་ལྟར་ལྟོས།། ཐམས་ཅད་སྣང་བ་ངའི་སེམས།། ཐེག་པ་མཐོ་སྨན་ཇི་སྙེད་པོ།། ཉི་འོདི་ལྟ་བུར་ང་ལཱྀ་སྣང་།། བསྐལ་བར་དགེ་སྤྱང་རྩོལ་བྱས་ཀྱང་།། ང་དྲིང་མ་ཕྲད་སངས་མི་རྒྱ།། དེས་ན་སྡེང་ཆེན་དོན་ལ་ལྟོས།། མཐོང་བ་ཉིད་ན་ཆོས།། ་ཀྱི་སྐུ།། གོ་བའི་ཡུལ་ན་བདེ་བ་ཆེ།། དེ་ལ་འཇིག་རྟེན་རང་བཞིན་མེད།། དེ་ཉིད་རྣམ་དག་འཇིག་རྟེན་ཡིན།། བདག་ཉིད་ཆེན་པོ་དོནཱ་ནི་ངེས་པར་སྟོན།། ཇི་བཞིན་བྱང་ཆུབ་སྙིང་པོ་ལྔ།། བསྒྲུབ་བྱ་ལྷུན་རྫོགས་བླ་མེད་པས།། ང་ཞེས ་མང་དུ་སྤྱད་པར་ཟད།། དོན་དུ་ང་ལ་འདི་འདྲ་ཞེས།། དངོས་བཞིར་བསྟན་པར་ནུས་པ་མེད།། བརྟན་གཡོ་དངོས་པོར་འཛིན་བྱེད་ཅིང་།། རྟག་ཆད་གཉིས་ཀར་སློང་ཞེན་པས།། སྙིང་པོའི་དོན་ལ་གོལ་བར་གསུངས།། ཤིན་ཏུ ་རྣལ་འབྱོར་ཆེན་པོ་ཉིད།། དངོས་པོར་ཞེན་དང་གདོད་ནས་བྲལ།། འཇིག་རྟེན་ཕལ་པར་ལྷུངས་མེད།། རྟག་ཆང་གཉིས་ལ་མི་གནས་པས།། མུ་སྟེགས་ལྷ་ལ་གནས་པ་མེད།། སྟོང་ཉིད་དོན་དམ་མ་སྐྱེས་པའི།། ཕྱོགས་ལ ་བྱཱ་བྲལ་མི་ལྟ་བས།། མཐོང་སྦེང་ལྟ་བསྡུ་ང་མྱི་མཐོང་།། མཚན་མར་འཛིན་པའི་སྐུ་མི་བསྒོམ།། གཉིས་མེད་དོན་ལ་གཙོར་མི་འཛིན།། སྐར་བསྐྱེད་འགྲོ་དོན་མི་རྩོམ་པས།། ཡོ་ག་ཕྱི་ནང་སྔར་མི་ལྷུང་།། བྱཱ་མེད་དང་ལ་བྱ་བའང་རྫོག ་རྩོལ་བའི་དུད་ན་གདུང་བའང་མེད།། དེ་ཉིད་དོན་ལ་བདག་འཛིན་ན།། དེ་ལྟར་ལྷ་བྲེ་འདི་རྟོག་པའོ།། སྙིང་རྗེ་མེད་པའི་གང་ཟག་རྣམས།། དེང་སོང་དུས་ནུའང་འབྱུང་བ་དག། ཀུན་བཟང་ཚིག་ཙམ་སླུ་བྱེད་ཅིང་།། སྡེང་མེད་དོན ་དང་མི་ལྡན་པར།། དེ་ལྟར་ལྟ་བའི་འདིར་རྟོག་པའོ།། རྒྱུ་འབྲས་དོན་ལ་ཡིད་འབྱུང་ཞིང་།། ཚིག་ཙམ་ལྟ་ལ་རྟེན་པ་དག། སྡེང་མདེ་སྤྱོད་རྩིང་འཆོལ་བའི་རྒྱུས།། བསྐལ་པར་བསྐལ་པ་ཅི་སྤྱད་ཀྱང་།། སྙིང་པོའི་དོན་དང་འཕྲད་མི ་འགྱུར།། དེས་ན་ཟབ་མིའི་སྤྱོད་པ་མནོས།། ཅི་སྤྱད་ཀུན་བཟང་སྤྱོད་པར་འགྱུར།། སྡང་ཆེན་དོན་དུ་གར་ལྡན་པ།། རྣམ་པར་དཱ་ཀར་སྤྱད་སྡུང་མི་བྱ།། བསམ་གཏན་རོ་མཆོག་རླུང་གནས་ཀྱང་།། འགྲོ་བའི་བྷྲ་མ་སྤྱི་བོས་བཀུར།། ་སྟོང་གསུམ་སངས་རྒྱས་སོ་ཤེས་ཀྱང་།། སྙིང་རྗེའི་དོན་དང་བྲལ་མི་བྱ།། སྐྱེ་ཤི་མེད་པའི་སྡེང་ལྡན་ཡང་།། སེམས་ཅན་སྡོམ་འཕྲིལ་སྲོག་མི་གཅོད།། འདུ་འབྲལ་མེད་པའི་དོན་སྒྲིམས་ཀྱང་།། འཇིག་རྟེན་འཕྱེ་གཡོམ་ལས་མི་བྱ།། ་རང་བཞིན་མ་ངེས་དོན་ཤར་ཡང་།། དོན་དུ་མི་འགྱུར་རྫུན་མི་བྱ།། བདག་ཉིད་ཐིག་ལེའི་དེང་གནས་ཀྱང་།། ཕ་རོལ་རྫས་ལ་བསམས་མི་བྱ།། ཁྲོ་གཏུམ་དང་ཐུང་འཁྲུག་པའི་བདུད།། སྣང་བའི་ཡུལ་ནོས་བྱ་བ་མེད།། དེ་ཉིད ་ལ་དེ་མེད་ཕྱིར།། རྗེས་འཇུག་དེ་ཡང་དེ་བཞིན་ནོ།། དེ་བཞིན་མོ་སྤྱོད་དེ་དག་གང་།། རག་ཤ་ཡག་ཤའི་རྒྱུད་འཛིན་པས།། ཐེག་ཆེན་རིགས་སུ་གང་ཆུད་པ།། རྣལ་འབྱོར་ཆེན་པོའི་མང་ཅི་ཡོད།། ་སངས་རྒྱས་ལས་ཆེས་སྤྱང་ཐག་ཡན།། བྱ་བྱེད་རྣལ་འབྱོར་མཆོག་སྤྱོད་པས།། སྤང་མེད་ཤེས་ནས་དཀར་ཕྱོགས་ཀྱང་།། ཆེད་དུ་བྱ་བ་མེད་ཅེ་ན།། སྡིག་ལས་མི་བྱ་སྨོས་ཅི་དགོས།། ལྷུན་གྲུབ་སྤྱོད་དང་བྱ་བྲལ་སྤྱོད།། ཐུར ་རྗེ་ཆེན་པོའི་མཛད་སྤྱོད་དང་།། ནམ་ཡང་བྲལ་བར་མ་བྱེད་ཅིག། དེ་ལྟརརོ་རྟོགས་དྲན་སྤྱོད་པའོ།། གོལ་སྒྲིབ་ལྟུང་གནས་གཡང་ས་ཡང་།། སྤང་དུ་མེད་དེ་ཐིག་ལེའི་དབྱིངས།། ལྷུང་དང་མ་ལྷུང་ཐ་སྐད་བྲལ།། ཆོས་ཉིད་དོན་ལ ་མ་བཅོས་ན།། མེ་དང་དུད་ལྟར་ལྟུང་སྒྲིབ་འབྱུང་།། གདུ་དྲོ་འདུ་ཤེས་མ་སྐྱེས་པས།། གྲོལ་དང་མ་གྲོལ་མ་ཙི་ཡོད།། ཀུན་ཏུ་རྒྱུ་ལ་འཇིགས་པ་འབྱུང་།། ཕྱིན་པ་མེད་ན་འཇིགས་དང་བྲལ།། དྭེ་ན་གང་ལ་དོགས་མི་བྱཾ།། རེ ་བའི་སེམས་སྤྱོད་དེ་བཞིན་ཏེ།། རེ་དོགས་མེད་པའི་དོན་ཆེད་བསྟན།། གང་དག་དམིགས་པ་དངོས་འདྲིས་པའི།། ལིང་ཐོག་གསལ་ཕྱིར་ཐུགས་འདྲ་འདིས།། རབ་རིབ་ནད་བྲལ་རྫོགས་ཆེན་སྐུ།། མངོན་མཐོང་ཀུན་གྱིས ་མཆོག་ཐོབ་ཤིག། ཕོ་དྲེགས་ཕྱི་ལ་དང་འཕུང་འཁྲུག། བཅོས་དཀའ་གདུང་བྲལ་གདོང་འདས་ཅན།། དད་མེད་ཆགས་བཅིངས་སླུ་བྲིད་མཁན།། སེམས་མེད་ཡལ་འཇོག་རྣལ་འཇོག་བྱུང་། ལྕི་བའི་སེམས ་བྲལ་རང་གར་སྤྱོད།། བྱིལ་མ་ནོར་ཆུང་མཚང་རྫོགས་པོ།། ལྕེ་མཁན་ཐབས་འབྲུ་ཟོལ་པ་ལ།། སྙིང་སྦྱོར་བྱུང་ཡང་བསྟན་མི་བྱ།། གཱ་ཡུའི་ཐང་མཱ་ཀྲས་དགུ་རྫོགས་སོ།། ། བི་མྱ་ལས་ཕན ་ཡུལ་དུ་གཉའ་ལ་གཏད་དོ།། ཨཱི། རྒྱུ་གར་སྐད་དུ།། མཱ་ཡ་ཛ་ལིན་ཏྲ་ཨཱ་དེར་ཤ་སྱཱ་དྷཱ་ན། བོད་སྐད་དུ། སྒྱུ་འཕྲུལ་དྲོ་བྱཱ་མྱེ་ལོང་ལྟ་བུའི་བསྒྲུབ་ཐབས། དཔལ་ཀུན་ཏུ་བཟང་པོ་ལྱ་ཕྱག་འཚལ་ལོ།། ་