| Wylie | e-texts produced with BDRC’s OCR application |
ཚོད་ལེན་ཞིང་།། བཀའ་གཅིག་ལ་སྤེལ་བཀའ་རྐུས་པས།། སྲོག་ཆད་དམྱལ་བའི་སྡུག་བསྔལ་ཐོབ།། རྡོ་རྗེ་སེམས་དཔའ་ཉིད་ཀྱང་སྡང་།། ལྷར་བཅས་རྣལ་འབྱོར་སྨོས་ཅི་དགོས།། དེ་བས་རབ་ཏུ་སྣོད་བརྟག་བྱ།། ་སྒྱུ་འཕྲུལ་ཐུགས་ཀྱི་ཐིགས་པ། རྫོགས་སོ།། @#།། རྒྱ་གར་སྐད་དུ། གྷུ་ཡཱ་བྷྲྀ་དུ་ཨུ་པེ་དེ་ཤ། བོད་སྐད་དུ། གསང་བའི་ཐིགས་པའི་མན་ངག་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལི།། གང་ལ་ཡི ་པ་རྣམ་པ་བརྒྱད་དུ་ཤེས།། གང་ལ་ཅི་འདྲ་དེ་ཉིད་བསྲེས་པ་ཡིན།། རྣམ་བཞི་བྱེ་བྲག་དྲུག་ལས་བརྒྱད་དཀྱིལ་ནཱ།། དོན་དམ་སྙིང་པོ་དེ་ལ་ཕྱག་འཚལ་ལོ།། གང་ལ་སྙོམས་འཇུག་དེ་ལ་ཡོད་པ་ལ།། དེ་ལ་ཡོད་དེ་དེ་ལ་བལྟ་བར་བྱ།། གང་ལྔས ་བྱུང་བ་དེ་ལས་བྱུང་བ་ཡིན།། དེ་ལས་དེ་བྱུང་དེ་ཉིད་ཁོ་ནའོ།། གསང་བའི་ཤེས་རབ་ཐིག་ལེ་དབྱིངས།། བཅུ་དྲུག་གཉིས་ཀྱི་དཀྱིལ་ན་བཞུགས།། ཤེས་རབ་ཐབས་ཀྱི་སྙོམས་འཇུག་ལ།། ཀུན་ཏུ་རྒྱས་བཏབ་དཀྱིལ་འཁོར་ཡིན།། བདག་ཉིད ་ཆེན་པོ་ལྔ་བལྟ་ཞིང་།། ཐུར་དུ་འཕྲོ་ཞིང་གྱེན་དུ་འབར།། བདེ་བ་ཆེན་པོའི་མཆོད་པ་ཡིས།། གང་གི་སྙིང་པོ་བསྐུལ་བར་བྱེད།། དེ་འོད་ཐིག་ལེ་མཉམ་སྦྱོར་བས།། ལྔ་གཉིས་དྲུག་གི་དཀྱིལ་ནའོ།། བདེ་བ་ཆེན་པོའི་རོ་ཡིས་ནི།། དགྱེས་པ ་ཆེན་པོར་རྟོགས་པར་བྱ།། ཤེས་བྱ་འབྱུང་ཟད་བསོད་ནམས་ཀྱིས།། དེ་ཉིད་སྒྱུ་མར་རང་སྣང་བ།། གཟིགས་མོའི་བདེ་བ་མཐའ་ཡས་ཀྱིས།། བདེ་བ་ཆེན་པོའི་འབེན་ལ་ཕོག། བཅུ་གསུམ་གཉིས་ཀྱི་དཀྱིལ་འཁོར་ལོ།། དེའི་ཐིག་ལེ ་མཉམ་པའི་དབྱིངས།། ཀུན་གྱི་དངོས་ཡིན་ཀུན་གྱི་གཙོ།། བཅུ་དང་བཞི་ནི་མངོན་རྫོགས་པ།། གསུམ་དང་གཉིས་སུ་ཡང་དག་གནས།། ཀུན་གྱིས་དངོས་པོར་བདག་གྱུར་པ།། དེ་ལ་དབང་སྒྱུར་དམ་པ་ཡིན།། ཉིང་ལ་གནས་པ་གནས་ཉིད ་ལ། དེ་ལ་གཉིས་རྫོགས་ལྷུན་གྱིས་གྲུབ།། ཐམས་ཅད་དེའི་རྒྱུན་དུ་ཆེ།། གཉིས་རྫོགས་ཐིག་ལེ་མཉམ་སྦྱོར་བས།། སྙིང་རྗེ་ཆེན་པོ་ཡོངས་ཀྱིས་འཆར།། བཅུའི་སེམས་ཅན་འདུལ་བ་ལ།། སྒྱུ་མའི་སེམས་ཅན་སྒྲོལ་བ་ཡི།། རྣལ་འབྱོར། ་ཆེན་པོ་འོད་ལྡན་སྤྱོང་།། འདི་ལ་རྟགས་ཏུ་གང་བདུག་པ།། སསས་རྒྱས་སྲས་དང་འཁོར་བཅས་ཀྱིས།། ཐུགས་རྗེ་ཉི་མ་ཤུགས་ལས་འབྱུང་།། དེ་ལ་བདེ་བྱེད་བདེ་བ་སྦྱིན།། བསྐལ་པ་རྡུལ་སྙེད་གྲངས་མེད་དུ།། ཐོས་བསམ་སྒོམས་པ་རོབ ་མཐའ་ལས།། འབྱུང་བ་བདེ་བ་ཆེན་ཡིན།། སློབ་དཔོན་རྟེན་བྱེད་ཀྱེ་འདི་ལྟ།། གླང་ལ་གང་མེད་གང་ལའང་།། དེ་ལ་དེ་མེད་དེ་ལའང་།། དམྱལ་བར་བསྲེག་དང་སྡུག་བསྔལ་ཚྭ།། དེ་བསྣ་གཞན་དུ་བསྟན་མི་བྱ།། གསང་བའི་མན་ངག ་ཐིག་ལེ་འདི།། ཐིག་ལེ་ཆེན་པོ་འདི་སྣང་བས།། སེམས་ཅན་ཀུན་གྱི་རང་བཞིན་ལ།། བདེ་བ་ཆེན་པོ་སྣང་བར་ཤོག། གསང་བའི་ཐོགས་པའི་མན་ངག། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། ་རྒྱ་གར་སྐད་དུ། མ་ཧཱ་ཡོ་ག་པྲཛྙཱ་པྲ་བེ་ཤ་ཙཀྵུ་ཨུ་པ་དེ་ཤཱ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཆེན་པོ་ཤེས་རབ་སྤྱན་འབྱེད་ཀྱི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དཀྱིལ་འཁོར་གཙོ་བོ ་