CLOSE WINDOW

GT2722: thugs kyi thigs pa zhes bya ba
Wyliee-texts produced with BDRC’s OCR application

ཏུ་འབྱེད་པ་རྫོགས་སོ།། ། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པའོ།། @།། རྒྱ་གར་སྐད་དུ། ཙི་ཏ་བི་དུ་ནཱ་མ། བོད་སྐད་དུ།། ཐུགས་ཀྱི་ཐིགས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ ་ཕྱག་འཚལ་ལོ།། མ་བྱས་སྤྱན་རྫོགས་ཁྱབ་གསལ་འཇིགས་མེད་ཀུན་མ་སྤངས།། མི་ཕྱེ་གཅིག་སྣང་མ་ལུས་རང་རིག་ཉིད་དུ་གྲོལ།། སྭ་ཏི་ཀ་བཞིན་དངོས་ལྔས་མངོན་པར་རྫོགས་པའི་སྐུ།། ཞར་བྱུང་ལྔ་གཉིས་བཅོ་ལྔའི་བདག་ཉིད་ཆེ་ལ་འདུད ་གསུམ་གཉིས་གོ་ལྀ་མཆོད་བྱས་ནས།། བཅུ་པར་ལྔ་གཉིས་གཅིག་གསལ་བས།། འདིར་མིན་ལྔའི་རིག་པ་ཉིད།། འབྲས་བཅས་པ་ཏྲ་ཤས་བཤད་བྱ།། བཅུ་པའི་བཅུ་དྲུག་ཉམས་རྙེད་པས།། སྐུ་བཞིའི་དཀྱིལ་འཁོར་ཁམས་ཐིག ་ལེ་ཇི་བཞིན་ཤེས་པ་དེ་ཉིད་ལས།། ཆོས་ལོ་གྱེན་དུ་རིམ་པ་བཞིན།། སྤྲོས་བཅས་མེད་དང་ལྡན་བསྒོམས་པས།། ཁྱད་པར་ཐབས་ཀྱིས་རིམས་བསྐུལ་ནས།། རིམ་པར་སྐྱེ་བའི་ཡེ་ཤེས་རོ།། ལྷ་མིག་དག་པས་ཤེས ་པར་བྱ།། ཡི་གེ་ལྔ་དང་གསུམ་གནས་སུ།། མི་དམིགས་ཡེ་ཤེས་རྟགས་ཡུལ་ཅན།། སྐར་ཟླའི་དཀྱིལ་འཁོར་ལས་བྱུང་བ།། གཉིས་མེད་ཐབས་ཀྱིས་རྟེན་ཤེས་ན།། གཉིས་མེད་སེམས་ཀྱི་སྣང་བའོ།། བརྟགས་བྲལ་ཤེས་རབ་འདི་གསལ ་འི་ཛི་ཕྱི་ནང་ཀུན་གསལ་རང་རིག་དངོས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེ།། མེ་ལོང་ལྡེ་བུའི་རྒྱ་མཚོའི་སྣང་།། ཐུན་མོང་སྡིག་ལས་གྲོལ་བར་འགྱུར།། དེ་ཉིད་སྟོབས་འགྱུར་རྣལ་འབྱོར་ཆེ།། དཀྱིལ་འཁོར་གསལ་བའི་ཐིག་ལ་ཉིད།། ་ཕན་ཚུན་རྒྱུ་འབྲས་ཚུལ་ཤེས་པས།། ཆོས་ཁམས་གཡས་གཡོན་ཚུལ་རིགས་ལྔ།། རྣམ་ཤེས་བདག་པོ་རྟེན་འདུས་རྣམས།། གཡས་གཡོན་རིམས་བཟློག་བརྒྱད་གཉིས་ཤེས།། དཔུང་གསང་ལྟེ་ཁྲོ་བཞིན་ཏེ།། བྱ་བྱེད་ཧཱུཾ་ཕཊ་གས ་བར་བྱ།། རིང་མཚུངས་ལྷ་ཉིད་དྲངས་མཆོད་བཟླས།། བཅུ་གསུམ་དྲག་གི་དཀྱིལ་འཁོར་གནས།། ཤེས་རབས་ཐབས་ལ་རྣམ་པར་བརྟག།། ཐབས་ལཱམ་རོལ་མོའི་མེས་བཞུ་བའི།། དཀྱིལ་འཁོར་ལས་བྱུང་གསང་ཐིག་ལོ།། བྱེ་བྱེད་གནས ་སུ་ལྷག་པའི་རོ།། གསལ་བས་ཀུན་ཀྱང་ཡེ་ཤེས་བལྟའོ།། འོད་ཟེར་སྙིང་པོ་ཉེ་དང་།། ཡེ་ཤེས་ཐིག་ལེ་མཉམ་སྦྱོར་བས།། ཤེས་རབ་སྙིང་རྗེ་གཉིས་མེད་པའོ།། བདེ་བ་ཆེན་པོར་ལྷུན་གྱིས་གྲུབ།། གུ་རེ་གུམ་བཟུང་བ་སླབས་གོམས ་ལས་ཀྱིས།། བདེ་ཆེན་ཡིག་གསུམ་གནས་བཞུགས་ན།། གསང་སྔགས་ངོ་བོར་རང་གསལ་བ།། དགྱེས་པ་ཆེན་པོར་སྟོབས་པར་བཤད།། ཡུངས་ཀར་ལྷུང་མེད་བདེ་བ་ཡིས།། ཡེ་ཤེས་སྐད་ཅིག་རིམ་སྐྱེ་བ།། རང་བཞིན་རང་སྣང་ཆོས་ཀྱི་སྐུ ་སྤྲུལ་པ་སྣ་ཚོགས་རོ་ལྡན་པ།། བདག་གསལ་འཛིན་བྲལ་པདྨ་ཅན།། གསང་ཐིག་རང་གནས་རང་རིག་པ།། མེ་ལ་ཤིང་བསྣན་ཇི་བཞིན་དུ།། འཁོར་ལོ་ཀུན་གྱི་བཞིར་གྱུར་ལས།། དཀྱིལ་འཁོར་མ་ལུས་དངོས་ཡིན་ཕྱིར།། ལམ་གནས ་ཀུ་ན་ཏུ་སྤྲོས་ཐིམ་པས།། བཞི་བཅུ་རྩ་གཉིས་ཉི་ཤུ་ལྔ།། མ་ལུས་སྣང་བས།། ཞི་ཁྲོ་འདྲེས་མས་ཐབས་ཤེས་སོགས།། གདུལ་བྱ་བསམོ་བཞིན་དབང་སྦྱོར་བ།། རང་བཞིན་དཀྱིལ་འཁོར་མཐའ་ཡས་རྫོགས་ཕྱིར་རོ།། སངས་རྒྱས ་སྙིང་པོ་ཁ་སྦྱོར་ལས།། དཀྱིལ་འཁོར་ལྔ་སོགས་གསལ་མེད་སྣང་།། རྒྱུ་ཚུལ་འཐུན་པས་དོན་བྱས་ཀྱང་།། བྱ་བྱེད་གང་ཡང་དམིགས་མི་འགྱུར།། རང་བཞིན་མཉམ་རྫོགས་ཐིག་ལེ་པ།། ཤེས་རབ་གསུམ་མཐར་ལམ་རིམ་གྱིས།། ་དུས་གསུམ་ཀུན་མཉམ་ལྷུན་གྱིས་གྲུབ།། གཅིག་དང་དུ་མའི་མཐའི་བྲེལ་བས།། ཐམས་ཅད་ཚུལ་ཉིད་འོདི་འདྲ་ཤེས།། ལམ་འདིར་གནས་ལ་སྲས་བཅས་རིལ།། ཐུགས་རྗེས་རིང་ནས་བྱིན་རློབ་མཛད།། བསྐལ་མང་བསལ་བས་འདི། ་ཐོབ་སྟེ།། རྒྱལ་བ་མ་ལུས་མཛད་དགོངས་ཕྱིར།། གང་ཡང་འདའ་འགྱུར་རིགས་མ་ཡིན།། དེ་ནས་ཐམས་ཅད་ཕྱག་རྒྱ་འདིས།། བློ་ལྡན་ཆགས་བྲལ་དང་དུ་མཁྱེན།། འདོད་ཚོལ་བསམ་མང་ཐབས་ཤོམ་དང་།། དམ་ཉམས་གཡོ་རྒྱུས ་ཚོད་ལེན་ཞིང་།། བཀའ་གཅིག་ལ་སྤེལ་བཀའ་རྐུས་པས།། སྲོག་ཆད་དམྱལ་བའི་སྡུག་བསྔལ་ཐོབ།། རྡོ་རྗེ་སེམས་དཔའ་ཉིད་ཀྱང་སྡང་།། ལྷར་བཅས་རྣལ་འབྱོར་སྨོས་ཅི་དགོས།། དེ་བས་རབ་ཏུ་སྣོད་བརྟག་བྱ།། ་སྒྱུ་འཕྲུལ་ཐུགས་ཀྱི་ཐིགས་པ། རྫོགས་སོ།། @#།། རྒྱ་གར་སྐད་དུ། གྷུ་ཡཱ་བྷྲྀ་དུ་ཨུ་པེ་དེ་ཤ། བོད་སྐད་དུ། གསང་བའི་ཐིགས་པའི་མན་ངག་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལི།། གང་ལ་ཡི ་