CLOSE WINDOW

GT272: slob ma rjes su gzung ba'i cho ga zhes bya ba
Wyliee-texts produced with BDRC’s OCR application

མ་དང་། ཕན་ཡོན་ཐུན་མཚམས་ཀྱིས་རྙིལ་འབྱོར་དང་བཅས་པའོ།། ། སློབས་རྗེས་བཐུང་བའི་ཆོ་ག་པ་ཞུགས།། རྒྱ་གར་སྐད་དུ། ཤིཀྵྞ་རུ་གྲ་ཧ་བོ་དྷི་ན་མེ། བོད་སྐད་དུ། སློབ་མ་རྗེས་སུ་བཟུང་བའི་ཆོ་ག་ནས ་བྱ་བ། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ།། དེ་ནས་གསང་བ་བཤད་པར་བྱ།། བླ་མའི་བཀའ་ཡི་རྗེས་འབྲངས་ནས།། སྣ་ཚོགས་སྦུབས་ཐབས་རྫོགས་དོན་དུ།། སློབ་མ་འབེབས་པའི་ཆོ་ག་མཆོག། དང་པོར་རེ་ཤིག་ཀློ ་དཔོན་གྱིས།། སློབ་མ་རྗེས་སུ་བཟུང་དོན་དུ།། ཤྲཱི་ཧེ་རུ་ཀཱ་ཞེས་པའི་ཡི་གེ་བཞིའི་དོན་དང་ལྡན་པའི་རྣལ་འབྱོར་པས། རླུང་གི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འཇམ་པའི་སྟན་ལ་གནས་ལ། ལག་པའི་སོར་མོ་རྣམས ་སྔགས་བཀོད་ལ། བདུད་རྩི་ལྔ་དང་ཡང་དག་པར་ལྡན་པའི་བཟའ་བཏུང་བཟང་པོ་པདྨའི་སྣོད་དུ་བཞག་ལ་ཆོ་ག་ཇི་ལྟ་བ་བཞིན་སྤུངས་ལ། ཞུ་བའི་རྗེས་ཀྱི་བདག་ཉིད་ཁྲུས་པའོ།། དེའི་རྗེས་སུ་གནས་དང་བདག་དང་རྣལ་འབྱོར་བསྲ ་བའོ་དོན་དུ་སེ་གེ་ལ་གཏོགས་པ་སྔོན་དུ་འགྲོ་བས། སུམ་བྷ་ལ་སོགས་པ་ཞལ་བཞི་པའི་སྔགས་ཀྱི་སྒྲས་མཚམས་བཅིང་བ་དོང་། གོ་ཆའི་སྔགས་དྲུག་དགོད་པ་དང་། དག་པ་གསུམ་གྱི་སྔགས་བརྗོད་པ་དེ་ཉིད་ཀྱིས་སེམས ་བསྲུང་བར་བྱའོ།། དེའི་རྗེས་སུ་ཡོངས་སུ་དག་པའི་ས་གཞི་ཁུ་གང་ཙམ་ལ་མཎྜལ་བྱུག་པར་བྱ་སྟེ། ཙན་དན་དམར་པོ་ལ་སོགས་པ་ཟུར་དྲུག་པའི་འཁོར་ལོ་བྲིས་ཏེ། དེའི་དབུས་སུ་རྣལ་འབྱོར་མའི་ས་བོན་དགོད། ཟུར ་ལ་འཁོར་ལོ་སྒྱུར་མའི་སྔགས་དགོད་པ་སྔོན་དུ་འགྲོ་བས་ཇི་ལྟ་བ་བཞིན་དུ་སྐད་ཅིག་གིས་དཔའ་མོ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་མའི་དཀྱིལ་འཁོར་བསྙེད་ལ། དེ་ནས་དེའི་ཕ་རོལ་ཏུ་ཁྲ་གདོང་མ་ལ་སོགས་པ་རྣམ ་པ་བརྒྱད་དང་། དུརེ་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམ་པར་བྱའོ།། དེ་ནས་ཨརྒྷཾ་ལ་སོགས་པས་ཡང་དག་པར་མཆོད་ལ། ཡེ་ཤེས་ཀྱི་འཁོར་ལོ་ཆོ་ག་བཞིན་དུ་དགུག་པ་དང་གཞོག་པ་དང་བཅིང་བ་དབྱེར་མེད་པར་བྱ་བ་དང ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ། བདུད་རྩིར་མྱང་བའི་མཐིར་ཐུག་པ་བྱས་ལ་བསྟོད་པ་དྲང་བཟོད་གསོལ་བྱའོ།། སྔོན་དུ་བསྙེན་པའོ།། དེ་ནས་སློབ་མ་རྗེས་སུ་བཟུང་བའི་དོན་དུ་ཚེ་སཽ་བཅུ་ལ་དེ་བཞིན་དུ ་མུཎྜ་ལྔ་བྱུག་པའི་དབུས་སུ། ལྷའི་བཏུང་བ་བཟང་པོས་བཀང་བའི་དབྱངས་ཀྱི་སྣོད་ཡང་དག་པར་བཞག་ལ་དེའི་སྟེང་དུ་འཁར་བའི་སྣོད་དྲི་མ་མེད་པ་གུར་གུམ་ལ་སོགས་པས་བྱུགས། ལ། དེར་སིནྡྷུ་རའི་ཕྱེ་མ་བཅིགས་ལ ་གསོར་གྱི་མྱུ་གུས་ཆོ་ག་བཞིན་དུ་མངོན་པར་བྲིས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་གགུག་གཞུག་བྱས་ལ་མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་ལ། དེའི་རྗེས་སུ་བཅོམ་ལྡན་འདས་མ་ཛི་ཙྪ་རྣལ་འབྱོར་མྱི ་རྐང་པ་བརྒྱད་དང་ལྡན་པ་དང་། རྡོ་རྗེ་གསོར་ཞིང་དྲིལ་བུ་བསིལ་བ་སྔོན་དུ་འགྲོ་བས་བསྟོད་ལྔ་རས་དམར་པོས་གཡོགས་ལ་བཞག་གོ།། དེ་ནས་ཕྱོགས་སྤྱོད་རྣམས་གཏོར་མ་བྱིན་ལ་ཡི་ས་བརྒྱ ་ལན་གསུམ་བཏོན་ལ་བཟོད་པར་གསོལ་པར་བྱའོ།། སློབ་མ་རྗེས་སུ་བཟུང་བ་ལས་ཕྱིའི་མཆོད་པའི་ཆོ་གའོ།། དེའི་རྗེས་སུ་མཚན་ཉིད་ཐམས་ཅད་དང་ལྡན་པའི་བུམ་པ་ཡང་དག་པར་བཞག་ལ་ལྷག་པར་གནས་པར་བྱའོ།། ་རས་དཔར་པོས་མགུལ་བཅིངས་པ་དང་། ཁཾ་རྒྱན་ཙཾ་ཏ་ལ་སོགས་པའི་ཤིང་ལོ་མ་ཅན་དང་། རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་འབྲུ་ལྔ་དང་ལྡན་པར་བྱས་ལ་དེ་ཉིད་ཀྱིས་གྲུབ་པའི་འཁོར་ལོ་ལཱ་ཡེ་ཤེས་ཀྱིས་གྲུབ་པའི ་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་ལ་སོགས་པ་བྱས་ལ་ཨརྒྷ་ལ་སོགས་པའི་མཆོད་པ་མཐར་ཕུལ་ལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་། བདུད་རྩི་མྱང་བའི་མཐར་ཐུག་པ ་ཆོ་ག་བཞིན་བྱས་ལ། མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་ལྔ། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་བྱའོ།། མེ་ཏོག་དམར་པོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་བུམ་པའི་ཁར་བཞག་ལ། དེ་དག་གི་སྔགས ་ཇི་སྲིད་འདོད་ཀྱི་བར་དུ་བཟླས་ལ་མེ་ཏོག་དམར་པོ་གཏོར་བས་འཁོར་ལོ་དེ་ཉིད་ཀྱི་ངོ་བོར་བལྟ་བར་བྱའོ།། ཞེས་སློབ་མ་རྗེས་སུ་བཟུང་བ་ལས་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་དེའི་རྗེས་སུ་བླ་མ་དང་སངས་རྒྱས་དག ་ལཱ་མི་ཕྱེད་པའི་གུས་པའི་ཡིད་ཅན་སློབ་མ་དམ་པས་མཎྜལ་བྱས་ལ། ཡང་ནས་ཡང་དུ་གསོལ་བ་བཏབ་སྟེ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། བླ་མ་ལ་ནི་སྐྱབས་སུ་མཆི།། དབུལ་ལྡན་རྡོ་རྗེ་རྣལ་འབྱོར་མས ་བདག་ནི་བྱིན་གྱིས་བརླབ་ཏུ་གསོལ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། མཆོད་རྟེན་ཇི་ལྟར་གསོལ་བ་ལྟར།། བདག་ཀྱང་རྗེས་སུ་དྲང་བའི་ཕྱིར།། ན་མཁའི་རྡོ་རྗེ་བདག་ལ་གསོལ་ཞེས་པས་སོ།། ཚེ་བཅུའི་དུས་སུ་ཐུགས་རྗེ་དང་ལྡན ་པའི་བླ་མས་སློབ་མའི་ལག་པ་ནས་བཟུང་ནས་འདི་སྐད་བརྗོད་དོ།། རྟོག་པས་གཡོགས་པའི་སེམས་ཀྱིས་ནི།། ལེགས་པའི་སྔགས་རྒྱལ་ཕྱིར་ཟློས་ལྟར།། དད་པའི་ཆུ་ཡིས་བཀྲུས་པའི་སེམས།། ཕན་པའི་སེམས་ཀྱིས་འདིར ་གཞུག་བྱ།། དད་པ་མེད་པའི་སེམས་ཅན་ལ།། དཀར་པོའི་ཆོས་ནི་མི་འབྱུང་སྟེ།། དཔེར་ན་ས་བོན་ཚིག་པ་ལ།། མྱུ་གུ་སྔོན་པོ་སྐྱེ་མི་སྲིད་། ཙོས་གསུངས་སོ།། དེ་ཕྱིར་སློབ་མ་དང་ལྡན་གྱིས།། གསང་སྔགས་བྱིན་རླབས་བསྒྲུབ་པ ་ལ། ཡོནྡ་དང་བཅས་ཏེ་ཕྱག་འཚལ་ན།། ཐལ་མོ་སྦྱར་ཏེ་སྤྱི་བོར་བཞག། དེ་ཡི་རྗེས་སུ་སློབ་དཔོན་གྱིས།། བུམ་པའི་ཆུ་ནི་བཟུང་བྱས་ནས།། ཆོ་ག་བཞིན་དུ་ཁྲུས་བྱས་ལ།། དེ་ནས་རས་དམར་པོས་གདོང་གཡོགས་བཅིངས ་ལ་ཐལ་མོ་སྙིང་གར་སྦྱོར་དུ་བོ་ཅུག་ལ།། ཨོཾ་ཌྱན་གྱི་གནས་སུ་ཁ་བལྟས་ཏེ། ཆོ་ག་བཞིན་སློབ་མ་བཞག། དེ་ནས་སུམ་བྷི་ནི་ལ་སོགས་པའི་སྒྲ་ཡིས་བསྲུང་བ་རིང་མཚོམས་ཅིང་བ་བྱས་ལ་མཉམ་པར་བཞག་ལ། རྐང་འོག ་རླུང་གི་དཀྱིལ་ནི།། གཞུའི་དབྱིབས་ཅན་དུ་བའི་མདོག། དེ་སྟེང་སྤྲུལ་པའི་འཁོར་ལོ་ཡིས།། གྲུ་གསུམ་མེ་ནི་འབར་བར་བལྟ།། ཕུང་པོ་ལ་སོགས་དྲི་དག་ཕྱིར།། དག་པའི་སྔགས་ནི་བརྗོད་པར་བྱ།། རང་གི་སྔག ་ནི་སྒྱུ་མ་བཞིན།། སྤྲུལ་པ་རུ་ཡང་རྟོགས་པར་བྱ།། སྐད་ཅིག་གིས་ནི་ལྷ་མོ་བསམཱ།། དྲག་མོ་སྙིང་རྗེའི་བདག་ཉིད་ཅན།། ཀུན་ནས་ཀུན་ཏུ་སྐད་ཅིག་སྟེ།། སྐད་ཅིག་གིས་ནི་གསང་སྔགས་བརྗོད།། སྤྲུལ་པའི་འཁོར་ལོར་སོང་ནས ་སེམས།། གཡུང་དྲུང་འཁྱིལ་པ་དགེ་བར་བལྟ།། སྨིན་མཚམས་གནས་པའི་ཐིག་ལེ་ནི།། དྲག་ཏུ་འཁོར་བའི་འཁོར་ལྷོ་ལྟར།། ཕྱག་རྒྱ་གཉིས་ཀྱི་སྦྱོར་བ་ཡིས།། སོ་སོར་བསྡུ་བའི་རིམ་པ་འམ།། བླ་མའི་མན་ངག་ལམ་གྱིས ་ནི།། རིམ་པ་རྒྱས་པར་ཤེས་པར་བྱ།། དེ་ལྟར་བརྟན་པའི་སེམས་ཀྱིས་ནི།། གྲུབ་པའི་རྟགས་ནི་འབྱུང་བར་འགྱུར།། ཡེ་ཤེས་ཐོབ་པའི་སློབ་མ་ལ།། དེ་ཡི་ཚེ་ནི་བ་སྤུ་ལྡང་།། མཚེ་མ་འབྱུང་དང་ཆུ་འཛག་དང་།། ཚ་བ་དང་ནི་གང་བ ་དང་། འདྲར་བ་དང་ནི་གཡོ་བ་དང་།། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་དེ། དེ་དུས་བརྟན་པར་གྱུར་ཅིག་ཅེས་བརྗོད་དེ།། རང་བཞིན་དུ་ནི་གནས་པ་ནི།། བསྒོམ་པ་ཕྱི་ནས་བརྟན་པར་བྱ།། མཆོད་པ་སྔགས་དང་ལྷ་མོ་ཡི།། ལྷན་ཅིག་སྐྱེས ་བའི་བདག་ཉིད་དོ།། ཞེས་སློབ་མ་རྗེས་སུ་བཟུང་བ་ལས་ཡེ་ཤེས་འབེབས་པའི་ཆོ་གའོ།། །། དེ་ནས་ཡང་དག་རབ་བཤད་བྱ།། ཚོགས་ཀྱི་འཁོར་ལོའི་ཆོ་ག་མཆོག། དད་པ་མེད་པས་མི་བྱ་སྟེ།། སྦྱིན་པ་པོ ་རྣམས་སྙིང་རྗེར་ལྡན།། རླུང་གི་ཁྱིམ་མམ་དབེན་པ་རུ།། ཙན་དན་ལ་སོགས་བྱུག་པར་བྱ།། བླ་ན་མེད་པའི་དོན་དུ་ནི།། ཚོགས་ཀྱིས་འཁོར་ལོ་བསྐོར་བར་བྱའོ།། དད་པ་ཆེན་པོའི་ཡོན་བདག་གིས།། དང་པོར་བླ་མ་ཕྱག་འཚལ་ནས ་ཇི་ལྟར་འབྱོར་པ་ལྡན་པ་ཡིས།། ལྷ་རྣམས་ལ་ནི་སྟན་གསན་དབབ།། མཉམ་པར་བཞག་པའི་བླ་མཱ་ནི།། རྡོ་རྗེ་དྲིལ་བུ་ཡང་དག་ལྡན།། ཐོད་པ་ལ་སོགས་བརྒྱན་པ་ལ།། རྣལ་འབྱོར་བཞི་དང་ཡང་དག་ལྗིན།། ཐོག་མྱུརཱ་ག ་མཱ་མདུན་དུ་བཞག། ཆོ་ག་བཞིན་དུ་མཆོད་པར་བགྱི།། སྙན་གསན་ཕབ་པ་བྱིན་པ་ལ།། གཙང་མྱ་ཡིས་ནི་ཞབས་བཀྲུ་བྱ།། ཡོངས་སུ་སྦྱང་བའི་དཀྱིལ་འཁོར་དུ།། དེར་བཞུགས་གདན་གྱི་རིམ་པ་ལྔ།། རྒན་དེང་གཞོན་པའི་རིམ་པ ་ཡིས།། བླ་མ་ཕྱག་འཚལ་འདུད་པར་བྱ།། སྐལ་བ་མེད་དང་ང་རྒྱལ་ཅན།། ཚོགས་ཀྱི་འཁོར་ལྡོར་སྤང་བར་བྱ།། བསྒོམ་པ་ལྡན་པ་ཤེས་བྱས་ལྔ།། དེ་ཚེ་མཆོད་པའི་ཆོ་ག་བྱ།། ཉེ་བར་སྤྱོད་པ་ལྔ་ཡིས་མཆོད།། ཁྱད་པར་དུ་ནི་ཙན ་ངན་དང་།། གུར་གུམ་ལ་སོགས་ལྡན་པ་དང་།། མེ་ཏོག་ཕྲེང་པོ་དམར་པོ་དང་།། མཆོད་པཱ་ལྔ་ཡིས་མཆོད་པར་བྱ།། ལས་ཀྱི་རྡོ་རྗེ་མཁས་པ་ཡིས།། དང་པོར་ལྕགས་ཀྱུ་གཟུང་བྱས་ལ།། སྦྲང་ངམ་བུ་རམ་སྦྱར་བ་འམ།། ་ལྟར་རྙེད་པ་གཟུང་བྱས་ལ།། ཆོས་འདི་ལ་ནི་ཁྱོད་ལྟོས་ལ།། མེད་པའི་རྣམ་རྟོག་དོར་ནས་ནི།། ཁྱི་དང་བྲམ་ཟེ་གདོལ་པ་དང་།། རང་བཞིན་གཅིག་ཏུ་བཟའ་བར་བགྱིས།། ཞེས་ཚིགས་སུ་བཅད་པ་འདིས་དབུལ་བར་བགྱིའོ།། ་རན་ཐང་མེད་ལས་ལེགས་འོངས་ཆོས།། འདོད་ཆགས་དྲི་མ་དག་པའི་ཕྱིར།། གཟུང་བ་དང་འཛིན་པ་སྤངས།། དེ་ཉིད་ཀྱིས་ནི་ཕྱག་འཚལ་ལོ།། ཞེས་ངེས་བླང་བར་བྱའོ།། ལས་ཀྱི་རྡོ་རྗེ་མཁས་པ ་ཡིས།། ཐུན་མོང་དུ་ནི་དབུལ་བར་བྱ།། བཟའ་བ་དང་ནི་བཏུང་བ་ཡང་།། ཉ་དང་ཤ་དང་དེ་བཞིན་དུ།། བཟའ་བ་ལ་སོགས་རྫོགས་པ་ལ།། སློབ་དཔོན་གྱིས་ནི་བྱིན་བརླབ་བྱ།། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ།། ཁ་དོག་དྲི ་ཡང་དག་པར་བྱེད།། ཨོཾ་སརྦྦ་བཛྲོ་ཀཱ་མཱི་ཎི་སརྦྦ་བྷཀྵཾ་བི་ཤོ་དྷ་ཡ་གུ་ཧྱ་བཛྲ་ནཱི་ཧཱུཾ་སྭཱ་ཧཱ་ཞེས་པས་སོ།། དེ་ནས་མདུན་དུ་མཎྜལ་བྱས་ལ།། པུས་མོ་ཕབ་ལ་ཐལ་མོ་སྦྱར།། སེམས་ཅན་ཀུན་གྱི་དོན་དུ་ནི།། དེ་ལ་སྨོན་ལམ་གདང ་པར་བྱ།། གདན་ལ་སོགས་པ་བཅུ་ཡིས་ནི།། ས་དང་ཕ་རོལ་ཕྱིན་པ་སོགས།། དཔའ་བོ་དཔའ་མོ་དབང་ཕྱུགས་རྣམས།། གུས་པས་བདག་ནི་ཕྱག་འཚལ་ལོ།། ལྷ་མོ་ཚད་མ་དམ་ཚིག་ཚད།། དེ་གསུངས་མཆོག ་ཏུ་ཚང་མ་སྟེ།། བདེན་པ་དག་གི་ལྷ་མོ་ཡིས།། དེ་དག་བདག་གི་རྗེས་འཛིན་ཤོག། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ།། ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་།། འཇིག་རྟེན་བྱ་བ་རབ་འཇུག་མ།། ཇི་སྙེད་རྣམས་ལ་ཕྱག ་འཚལ་ལོ།། དགའ་བར་བཅས་པ་ཚོགས་འཁོར་ལ།། ཚིགས་བཅད་གསུམ་པོས་བསྟོད་བྱས་ལ།། སྙིང་རྗེ་ལྡན་པའི་སྦྱིན་པ་པོས།། ཇི་ལྟར་དགྱེས་པར་གསོལ་བར་ཞུ།། དེ་ནས་ལྷ་ཡི་ཕུད་ཕུལ་ནས།། ཆོ་ག་བཞིན་དུ ་བཟའ་བར་བྱ།། བཏུང་བས་དགྱེས་པར་གྱུར་པ་ཡི།། རྡོ་རྗེའི་གླུ་ནི་བླང་བར་བྱ།། ཅང་ཏེའུ་ལ་སོགས་སྒྲ་དང་ནི།། སྣ་ཚོགས་ལྔ་ཡིས་ཡིད་འབྲོག་བྱེད།། སྔགས་དང་ཕྱག་རྒྱ་རྣལ་འབྱོར་གྱིས།། མཆོག་ཏུ་དགའ་བས་གར་བྱའོ།། ་དེ་ནས་ཚོགས་ཀྱི་སློབ་དཔོན་གྱིས།། སྦྱིན་པ་པོ་ལ་དགེ་སེམས་དང་།། རྣལ་འབྱོར་མ་རྣམས་འདུས་པ་ཡིས།། བཀྲིས་དེ་ལ་སྦྱིན་པར་བྱ།། ལག་པ་འཁྲུ་དང་སོ་རྩི་དང་།། ཁྱད་པར་དུ་ནི་ཡོན་དང་བཅས།། དྲོ་བ་བྲལ་བའི་ཡམ ་བདག་གིས།། ཐུན་མོང་དུ་ནི་དབུལ་པོར་བྱ།། རྫོགས་སངས་རྒྱས་དང་ལྷ་རྣམས་དང་།། དེ་སྲས་བཅས་དང་ཚངས་ལ་སོགས།། འཇིག་རྟེན་སྐྱོང་དང་ངེས་འབྱུང་བ།། ཆོ་ག་འདི་ལ་བཟོད་པར་གསོལ།། ཞེས་པའི་རིམ་པས ་བཟོད་གསོལ་ཏེ།། ལྷ་མོ་ཚོགས་ཀྱི་འཁོར་ལོ་ལ།། ལྷག་མ་བསྡུ་བའི་གཏོར་མ་ནི།། འབྱུང་པོ་ཡི་དགེ་ཀུན་ལ་སྦྱིན།། ཞེས་སློབ་མ་རྗེས་སུ་བཟུང་བ་ལས་ཚིགས་ཀྱི་འཁོར་ལོའི་ཆོ་ག་རོ།། དེ་ནས་ཡང་དག་བ ་པར་བྱ།། གཞོན་ནུ་མ་འམ་རྣལ་འབྱོར་མ།། རྡོ་རྗེ་རྣལ་འབྱོར་མ་ཡི་དྭངས།། ཆོ་གར་ལྡན་པས་མཆོད་པར་བགྱི།། ནརྀག་པོའི་ཕྱོགས་ཀྱི་ཚེས་བཅུ་འམ།། དཀར་པོ་ལ་ཡང་དེ་བཞིན་དུ།། དང་པའི་སེམས་ཀྱིས་སྙན་གསན་རབ ་གུས་དང་བཅས་པས་ཁྲུས་སོགས་བྱ།། གཅིག་གམ་གཉིས་སམ་བཞི་འམ་ལྔ།། དྲུག་པ་གཉིས་ནི་དེ་བཞིན་དུ།། ཇི་སྲིད་ཉི་ཤུ་རྩ་བཞི་དང་།། མཆོད་པ་ལ་སོགས་གནས་ནས་ལ།། ཡིད་འོང་གནས་སུ་ཚུར་བཀུག་ནས། དྲི ་མེ་ཏོཀཱ་ལ་སོགས་ལྡན།། འི་མུན་པོ་གཟུང་བྱས་ནས།། ང་ཡི་མདུན་དུ་སྙན་དུ་འཕྲུས།། གནས་ལ་སོགས་པ་བསྲུང་དོན་དུ།། སུ་བྷ་ལ་སོགས་སྔགས་བརྗོད་བྱ།། ནུབ་ཕྱོགས་ཁན་བལྟར་བདུག་ལ། ་ཆོ་ག་བཞིན་དུ་ལྷ་བསྐྱེད་ལ།། སིནྡྷུ་ར་ཡིས་དཔྲལ་བར་བསྐུ།། གླ་རྩི་གུར་གུམ་ག་པུར་དང་།། ཁྱད་པར་དུ་ནི་ཙནྡན་བཅས།། ལག་པ་རྐང་པ་གདོང་བ་དང་།། རྐང་མཐིལ་ལག་མཐིལ་བསྐུར་བར་བྱ།། མེ་ཏོག་དམར་པོའི་ཕྲེང ་བས་བརྒྱན།། དེ་བཞིན་ན་བཟའ་དམར་པོ་དང་།། སྨིག་སྨན་ནག་པོ་སྤྱན་ལ་བསྐུ།། སྤོས་ཀྱི་དུ་བས་བསྡུ་བར་བྱ།། ལྷ་ཡི་བཏུང་བ་ལྡན་པ་དང་།། བཟའ་དང་བཅའ་བ་ཡང་དག་ལྡན།། གཏོར་མ་སྔོན་དུ་འགྲོ་བྱས་ལ ་ཙཱ་རུ་སྒྲོན་མ་དབུལ་བར་བྱ།། རྡོ་རྗེ་རྣལ་འབྱོར་མ་མཆོད་ལྟ།། སྔགས་ཀྱི་ནུས་པ་ལྡན་པ་ཡིས།། དགེ་དང་མི་དག་ལས་བྱུང་བས།། དེ་ལ་བརྟགས་པ་རྟོགས་པར་འགྱུར།། བདེ་མཆོག་རྒྱུད་ལས་གསུངས་པ་བཞིན།། རིམ ་པ་རྒྱས་པར་ཤེས་པར་བྱ།། དེ་ཕྱིར་ཀུནྡ་ནས་འབད་པ་ཡིས།། རྣལ་འབྱོར་ཤེས་པས་མཆོད་པར་བགྱི།། ཡོངས་སུ་རྫོགས་པའི་བྱང་ཆུབ་ཏུ།། འགྲོ་བའི་དོན་དུ་ཡོངས་སུ་བསྔོ།། སོ་རྩི་ཡོན་ཀྱང་ཕུལ་བྱས་ནས།། ཆོ་ག ་བཞིན་དུ་གཤེགས་སུ་གོསལ། ཞེས་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་ལས་གཞོན་ནུ་མ་མཆོད་པའི་ཆོ་གའོ།། །། དེ་ནས་ཡང་དག་པར་བཤད་བྱ།། གཏོར་མའི་ལས་ཀྱི་ཆོ་ག་ནི།། གཏོར་མ་ལས་དང་བྲལ་བ་ལ ་དངོས་གྲུབ་མཆོག་ནི་དེ་ལ་མེད།། དེའི་ཕྱིར་ཀུན་ནས་འབད་པ་ཡིན།། གཏོར་མ་མཆོད་པར་བྱེད་པ་ལ།། འདོད་པའི་དོན་ནི་དེ་ཡི་ཐོབ།། ཐམས་ཅད་རྒྱུད་ལས་གསུངས་པ་བཞིན།། དང་པོར་རེ་ཞིག་རྣལ་འབྱོར་པས།། དཔལ་རྡོ་རྗེ ་རྣལ་འབྱོར་མའི་རྣལ་འབྱོར་དང་ལྡན་པས།། ཁ་ཟས་ལ་སོགས་པ་མདུན་དུ་ཡང་དག་པར་བཞོག་ལ་སྦྱང་བར་བྱའོ།། ཡཾ་ལས་རླུང་གི་དཀྱིལ་འཁོར།། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེ་ནས་ཨ་ཡིག་དཀར་པོ་ལས་པདྨས ་སྣོ་དཀར་པོ་མགོ་བོ་གསུམ་གྱི་སྙིང་པོའི་ཁར་བཞུག་གོ།། དེ་དམ་ཚིག་རྗེས་ཀྱིས་དཀང་བ་ལ། ཨོཾ་ཨཱཿཏྲིཾ་ཁཾ་ཧཱུཾ། ལཱཾ་མཱཾ་པཱི་ཏཾ་བཱཾ་ད་རྣམས་བྱིན་གྱིས་བརླབས་ལ་བདུད་རྩི་ལ་སྒྲོན་མ་ལྔའི་ངོ་བོར་བསྒྲུབ་པར་བྱ། དེའི་སྟེང་དུ ་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ལསཽ་ཁ་ཊྭཱཾ་ག་དཀར་པོ་མགོ་ཐུར་དུ་བལྟས་པའོ།། དེའི་རྗེས་ལ་རླུང་གི་མེ་སྦར་བསྡུ་ས་བོན་རྣམས་ཞུ་བར་གྱུར་པས་ཉི་མ་གཞོན་ནུའི་ཁ་དོག་འདྲ་བར་བལྟས་ལ། ཨོཾ་ཨཱཾ་ཧཱུཾ་གཽ་ཡི་གེ་རྣམས་རིམ ་གྱིས་སྟེང་ནས་སྟེང་དུ་གནས་པ་ལས་སྐུ་གསུང་ཐུགས་ཀྱི་ལྷ་སྤྲོས་པ་ལས་འགྲོ་བའི་དོན་དུ་བྱེ་བ་ཇི་ལྟ་བུ་བཞིན་དུ་དེ་རྣམས་ལ་ཞུགས་པར་བལྟས་ལ།། དེ་ནས་ཧཱུཾ་ཡིག་ལ་སོགས་པ་རིམ་པ་བཞིན་དུ་ཞུགས་པར་བལྟའོ།། ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱ།། དེ་ནས་འབར་བའི་ཕྱག་རྒྱ་བཅིངས་ལ། དེའི་སྔགས་དང་བཅས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་ཡང་དག་པར་བཞག་ལ། མཆོད་ཡོན་ལ་སོགས་པས་ཡང་དག་པར་མཆོད ་ལ་བདུད་རྩི་མྱང་བའི་ཆོ་གས་མཆོད་པར་བྱའོ།། མངོན་པར་འདོད་པའི་དོན་དུ་གདོན་པར་བྱ་སྟེ། ལྷ་མོ་ཚད་མ་དམ་ཚིག་ཚད་།། ངེས་གསུང་མཆོག་ཏུ་ཚད་མ་སྟེ།། བདྲེན་པ་བདག་གིས་ལྷ་མོ་ཡིས།། ་ངག་བདག་ལ་རྗེས་འཛིན་ཤོག། མཆོད་པའི་མཆོད་བྱ་མཆོད་པོ་རྣམས།། མི་བྱེད་པར་ནི་བལྟ་བར་བྱ། རྣཾ་ཐ་ལ་ཕྱོ་ཁྱེར་བདུད་རྩིའི་སྣོད་ལག་མཐིལ་དུ་བཞག་ལ་གཡོན་དང་གཡས་སུ་བསྐོར་བའོ།། ལྕེ་ནི་རྡོ་རྗེར་སྦྱོར་བ་ཡིས།། ལྷ་མོའི ་ཚོགས་ནི་ཚིམ་པར་བྱ།། དེ་ནས་དུར་ཁྲོད་ཆེན་པོ་བརྒྱུད་ལ་གནས་པའི་ཕྱོགས་སྐྱོང་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧེ་ཁཱ་ཧཾ་ལ་སོགས་པའི་སྔགས་ཀྱིས་ཕྱོགས་ལ་གཡོན་སྐོར་མཚམས་རྣམས་ལ་གཡས་སྐོར་དུ་ཕུལ་བས། དེ ་རྣམས་ཀྱིས་བདུད་རྩི་མྱངས་པས། བདེ་བ་ཆེན་པོ་ཐོབ་པར་བསམས་ལ། དེ་ནས་མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་པ་དང་། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ལ་འདོད་པའི་དོན་ལ་གསོལ་བ་གདབ་བོ།། ་ལྷག་ཆང་ཁ་བསྐང་པར་བྱ་བའི་དོན་དུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད།། དེའི་རྗེས་སུ་ཨོཾ་བཛྲ་མུཿཞེས་བརྗོད་ལ་པདྨའི་ཕྱག་རྒྱ་བསྐོར་བས་དགྱེས་པར་བྱས་ལ། དེ་ནས་སྐྱེ་གོལ་གཏོགས་པ་སྔོན་དུ་འགྲོ་བས་ལྷག་མའི་གཏོར ་མ་བསྡུས་པ་ལ་དམ་ཚིག་གིས་ནི་ཁཾ་བསྐང་ནས།། འབར་བའི་ཕྱག་རྒྱས་བཅིང་བར་བྱ།། དྲག་པཾའི་ཧཱུ~ཾ་ཡིག་གདོན་བྱིས་ནོས།། ལྷག་མའི་གཏོར་མའི་སྣོད་དུ་དབུལ།། ཨོཾ་སརྦྦ་བྷཀྵ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨཱ་ཙྪིཥྛ་བྷཀྵེ་བྷྱཿསྭཱ ་ཞེས་གཤེགས་སུ་གསོལ།། སློབ་མ་རྗེས་སུ་བཟུང་བ་ལས་གཏོར་མའི་ལྷས་ཀྱི་ཆེ་གའོ།། ང་ནས་སྦྱིན་སྲེག་ཆོ་ག་བཤད། རྡོ་རྗེ་རྣལ་འབྱོར་མ་མཆོད་པའི།། ཕྱི་དང་ནང་གིས་དབྱེ་བ་ཡིས།། སྦྱིན་སྲེག་ཡང་ནི་གཉི་སུ་འབྱུང་།། ་ཕྱི་ཡི་ལས་ཀྱིས་དབྱེ་བ་ཡིས།། སྦྱིན་སྲེག་ཡང་ནི་བོའི་རུ་བཤད།། ནང་གི་སྦྱིན་སྲེགས་གཉིས་སུ་ཤེསོ།། རོ་དང་ཆིས་པར་བྱ་བའོ།། ཕྱི་ནི་འདི་རུ་བཤད་པར་བྱ།། རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པའི།། དེ་བཞིན་ཆོ་ག་ལྷག་ཆང་ལ ་སྦྱིན་སྲེག་གིས་ནི་བསྐང་བར་བྱ།། རྣལ་འབྱོར་ནུབ་ཏུ་ཁ་བལྟས་ལ།། རྒྱན་ཆ་དམར་པོ་ཡིས་བརྒྱན་ལ།། སྐྱེ་གནས་ལྟ་བུའི་ཐབ་ཁུང་དུ།། ཕྱང་ནི་བསྐོར་ཏཽ་དམར་པོར་བྱ།། སྦྱོར་གསུམ་དོར་བྱའི་དབུས་སུ་ནཱི།། རྡོ་རྗེ་དམར ་པོ་འབར་བ་དགོད།། ཕྱི་རོལ་རྡོ་རྗེ་ཕྲེང་བས་བསྐོར།། ཁྱད་པར་དུ་ནི་གྲི་གུག་བསྐོར།། གསང་སྔགས་བཞི་ཡི་བསྲང་བྱ་དང་།། མཚམས་ཀྱང་དེ་བཞིན་བཅིང་བར་བྱ།། མཆོད་ཡོན་ལ་སོགས་སྣོད་ཀྱང་ནི།། སྲེག་པའི་རྫས ་རྣམས་གཡོན་དུ་བཞག། ཡཱམ་ཤྲིང་འོ་མ་ཅན་ནི་བརྩིག།། ཆོ་ག་ཡོས་ནི་བསམ་པར་བྱ།། མེ་ནཱི་རཾ་ཡིག་ལས་བྱུང་བ།། རླུང་ཡབ་ཀྱིས་ནི་གཡབ་པར་བྱ།། ཞལ་ཅིག་པཱ་ལ་ཁ་དོག་དམར།། སྤྱི་བླུགས་མཆོད་སྦྱིན་དབྱུག ་པ་དང་།། བགྲང་ཕྲེང་དེ་བཞིན་འཛིན་པ་ལ།། ལག་པ་གཡས་དང་གཡོན་པ་ཡི།། མཐེ་བོང་གཉིས་ནི་དགུག་པར་བྱ།། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀའི་དྲི་ཛ་སྭཏྭ་མ་གྲྀ་ཧཱི་ཏྲ་མ་ཧཱ་ར་སྨིན་སིནྣ་ཧི་ཏ~ཾ་བྷ་བ་ཅེས་བྱ་བས། ཡོ་ཤྲེ ་མེ་ནི་དེ་ལ་བཞུག། དེ་ལ་འཐོར་འཐུང་མཆོད་ཡོན་སོགས།། ཁྲུས་ཀྱི་ཆོ་ག་དེ་བཞིན་དབུལ།། ར་ཡིག་ས་བོན་ལྕེ་ལ་བསམ།། དེ་ལ་དགང་བླུགས་དབུལ་བར་བགྱི།། ཨོཾ་ན་མཿས་མནྟ ་བུདྡྷ་ནཾ། ཨོཾ་ཨགྣ་ཡེ་ཨ་མུ་ཀ་སྱ་སཏྭ་སིདྡྷི་ཀུ་རུ་ཞེས་པས་སོ།། ཇི་ལྟར་རིམ་པ་གསུམ་གསུམ་གྱིས།། སྲེག་རྫས་ཐམས་ཅད་བསྲེག་པར་བྱ།། མར་གྱིས་བསྲེག་པའི་སྲེག་རྫས་ནི།། དོན་གྱི་ཁྱད་པར་བསྒྲུབ ་པབར་བྱེད།། ཨོཾ་ཨགྣ་ཡེ་སྭཱ་ཧཱ།། མར་གྱིའོ།། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲེ་ཡ་སྭཱ་ཧཱ།། ཏིལ་གྱིའོ།། ཨོཾ་ཨཱ་ཡཱཿཥེ་སྭཱ་ཧཱ། དུཎྜའཾའོ།། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་ཉམས་པའིའོ།། ཨོཾ་སརྦྦ་སམྦ་ད~ཾ་སྭཱ་ཧཱ། ་ཞོ་ཟིན་གྱིའོ།། ཨོཾ་བཛྲ་བྷེ་ག་ཡཻ་སྭཱ་ཧཱ། གྲོའི་འོ།། ཨོཾ་ཨ་པྤ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཀུ་ཤྭའི་འོ།། ཨོཾ་བཛྲ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱུ~ཾ། ཡམ་ཤིང་གིའོ།། ལྷག་མེ་ཀུན་དེ་ཉིད་གསུམ་གྱིས་སྲེག་པར་བྱའོ།། དེ་ནས་དགང་བླག ་ཕུལ་ལ་མཆོད་པ་དང་བསྟོད་པས་བསྟིང་ལ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ།། སྙིང་རྗེའི་བདག་ཉིད་ཕག་མོ་ནི།། ཆོ་ག་བཞིན་དུ་བསམ་པར་བྱ།། ཆོ་ག་ཡི་ནི་ཡེ་ཤེས་དགུག། དམ་ཚིག་ལ་ནི་ཡང་དག་གཟུག ་འཐོར་འཐུང་མཆོད་ཡོན་ལ་སོགས་དང་།། ཆོ་གའི་རིམ་པས་དེ་ལ་དབུལ།། ལྕེ་ལ་རཾ་ཡིག་བྱུང་བ་ལས།། དེ་ལ་དགང་བླུགས་དབུལ་བར་བྱ།། ལས་ཀྱི་དངོས་གྲུབ་བྱེ་བྲག་གིས། སྲེག་རྫས་ཀུན་གྱིས་བསྲེག་པར་བྱ།། ་མཆོད་པ་དང་ནི་བསྟོད་པས་བསྟོད།། བཟོད་པར་གསོལ་ལ་དངོས་གྲུབ་བླང་།། ཡང་དང་ཡང་དུ་གསོལ་བྱས་ལ།། ཨོཾ་བཛྲ་མུཿཞེས་པས། ཆོ་ག་བཞིན་དུ་གཤེགས་སུ་གསོལ།། ལྷག་པ་དང་ནི་ཆད་པ་ལ།། ཡོངས་སུ ་རྫོགས་པའི་དོན་དུ་ནི།། སྲེག་རྫས་ཀུན་གྱིས་བསྲེག་པར་བྱ།། ཡི་གེ་བརྒྱ་པ་གདོན་པར་བྱ།། སློབ་མོ་རྗེས་སུ་བཟུང་བ་ལས།། སྦྱིན་སྲེག་གི་ཆོ་གའོ།། ། དེ་ནས་སྲུང་འཁོར་རབ་བཤད་བྱ།། རྡོ་རྗེ་སེམས ་ཉིད་གསུངས་པ།། གང་ལ་རྟགས་པ་ཙམ་གྱིས་ནི།། ནད་ཀུན་དང་ནི་བྲལ་བར་བྱེད།། གུར་གུམ་དང་ནི་གི་ཝང་བསྲེས།། རྒྱལ་གྱི་ཉི་མ་དགེ་བ་ལ།། རྩིབས་དྲུག་འཁོར་ལོ་བྲི་བར་བྱ།། གོ་ཆའི་སྔགས་ནི་མཁས་པས ་དགོད།། སུམྦྷ་ལ་སོགས་སྔགས་དང་ནི།། རྡོ་རྗེ་ཕྲེང་བས་བསྐོར་བར་བྱ།། གཙང་མའི་རས་སམ་དཱར་ལཱ་འམ།། ཡང་ན་སྨྱུག་དབུན་གྲོ་ག་ལ།། དབུས་སུ་མིང་ཡིག་གསུང་བ་དང་།། དྲུག་པོ་ལ་ནི་དེ་བཞིན་དུ།། འབད་པ་ཡིས ་ནི་བྲི་བར་བྱ།། ཡེ་ཤེས་འཁོར་ལོ་གཞུག་པར་བྱ།། མགྲིན་པ་འམ་ན་དཔུང་པ་ལ།། ཡང་ན་སྤྱི་བོའི་གཙུག་ཏུ་ནི།། དུས་རྟག་ཏུ་ནི་བཅང་བར་བྱ།། འབྱུང་པོ་ལ་སོགས་འཇིག་དང་བྲལ།། ཚེ་ནི་རིང་པོ་ཐོབ་པར་འགྱུར། ་ཡང་ན་བུམ་པ་དཀར་པོ་ལ།། ཙནྡན་ཆུ་ཡིས་དགང་བར་བྱ།། དམ་པའི་འཁོར་ལོ་དེར་བཅུག་ལ།། ཆོ་ག་བཞིན་དུ་བསྒོམ་པར་བྱ།། གང་གི་ཁྱིམ་དུ་བཞག་པ་ལ།། དེ་ཡི་སྡུག་བསྔལ་ཞི་བར་བྱེད།། མེ་ཏོག་དམར ་པོས་དུས་གསུམ་དུ།། ཆོ་ག་བཞིན་དུ་རྟག་ཏུ་མཆོད།། ཅེས་སློབ་མ་རྗེས་སུ་བཟུང་བ་ལས་སྲུང་བའི་འཁོར་ལའི་ཆོ་གའོ།། ། གང་གིས་དགེ་བས་ལེགས་གནས་ཆོས་ཀྱི་མཆོག ་ཐོབ་ནས་རི་ཁྲོད་ཞབས་ཀྱིས་འགྲོ་བའི་དོན།། རྫོགས་མཛད་རྡོ་རྗེ་ཕག་མོའི་སྐུར་གྱུར་ཅིག། སློ་མ་རྗེ་སཱ་སུ་བཟུང་བའི་ཆོ་ག་ཅེས་བྱ་བ་གྲུབ་ཐོབ་ཤ་བ་རཱི་པ་ངེས་མཛད་པ་རྫོགས་སོ།། ་ཡུལ་མ་ག་དྷཱའི་པཎྜི་ཏ་གཽ་ཏ་མ་བྷ་དྲའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟོང་པོས་གཙང་ཉང་རོ་ཚོང་དུས་ཀྱི་སའི་ཆ་ལ་ཆོས་གནས་ཆེན་པོ་གཉལ་སྤར་ལེགས ་པར་བསྒྱུར་བའོ།། །། ས་སྟེང་ཉི་ཟླ་ལྟར་གྱུར་ཅིག། འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། ་