| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨ་མྲྀ་ཏསྟ་ཐཱ་ནཱ་མ། བོད་སྐད་དུ། ་དུད་རྩི་ཐིགས་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག ་འཚལ་ལོ།། བཅོམ་ལྡན་བདེར་གཤེགས་ཐུགས་ཀྱི་ཐུགས།། གསང་གསུམ་དོན་ལས་བྱུང་བ་ཡི།། མཐར་ཕྱིན་དོན ་ལ་རབ་ཟབ་པ།། རྡོ་རྗེ་གཞོན་ནུ་རབ་ཟའ་ཐུགས།། སྦྲུལ་སྐུའི་ངོ་བོར་གནས་པའི་ཚེ།། འཁོར་ལོ་བཞི་ཡི་བདག་ཉིད་ཅན།། འབར ་བའི་འོད་ཀྱིས་འཁྲིགས་པ་ཡི།། དོན་དམ་ཟབ་མོའི་སྐུ་མཆོག་ལ།། ལུས་ངག་ཡིད་ཀྱིས་ཕྱག་འཚལ་ནས།། རྣལ ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས།། ཡང་དག་དོན་ཆེན་ཟབ་མོའི་འགྲལ།། བདུད་རྩིའི་ཐིགས་ལྟར་བདག་གིས་བཀྲོལ།། སྔགས་ཀྱི་སྐུ་ལ་གསལ་འཇུག་པ།། དེ་ནི་བསྐྱེད་པའི ་རིམ་པའི།། སེམས་ལ་དམིགས་པཙམ་ཞིག་ནི།། བསྐྱེད་པའི་རིམ་པ་རྫོགས་པའོ།། དེ་ཉིད་གཉིས་ཀུན་རྫོབ་བདེན་པའི།། ཟུང་འཇུག་དོན་ལས་ག་བྱུ ་དང་།། མཐར་ཕྱིན་མན་ངག་རབ་ཟབ་སྟོན།། དོན་དམ་བདེན་པ་ཞེས་སུ་གསུངས།། སྔགས་དང་དམ་ཚིག་སྤྱོད་པ་དང་།། འཁྲུལ་འཁོར་རྫས་ཏེ་ཐམས ་ཅད་ཀུན།། ཀུན་རྫོབ་བདེན་པའི་གྲངས་སུའོ།། །། ཟུང་འཇུག་རིམ་དང་དོན་དམ ་པ།། བྱང་ཆུབ་སེམས་ཀྱི་ངོ་བོ་རྒྱུ།། དོན་དམ་བདེན་པའི་གྲངས་སུའོ།། བདེན་གཉིས་དོན་ལ་རབ་གནས་པ།། རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ།། བྱང་ཆུབ་སེམས་ཏེ་ཀུན་གྱི་དངོས།། གསང་བ་སྦས་པའི་དོན་རབ་གསལ།། དཔལ ་ལྡན་རྡོར་གཞོན་རྒྱུད་ཡིན་ཏེ།། དེ་བས་རྒྱུད་རྒྱལ་ཀུན་གྱི་རྩེ།། ཚིག་ཉུང་བ་ལ་དོན་ཟབ་པ།། རྡོར་གཞོན་རྒྱུད་ནི་རྙེད་དཀའ་ཞིང་།། ཟུང་འཇུག་དོན་ནི་རྟོགས་དཀའ་བས།། ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར།། དེ་བས་བླ་མའི་བཀའ་དྲིན་གྱིས ་ཡོངས་སུ་འབད་དེ་ཤེས་ནས་ནི།། ཟུང་འཇུག་དོན་ལ་རབ་གནས་ཀྱིས།། གླེང་གཞིའི་དོན་ནི་རྒྱུ་རུ་གསུངས།། གླེང་བསླང་བ་ནི་རྐྱེན་དུ་གསུངས།། བཤད་པའི་ཚིག་ནི་འབྲས་བུ་སྟེ།། རྒྱུ་རྐྱེན་འབྲས་བུ་གསུམ་དུ་གསུངས།། དགོས་འབྲེལ་རྣམ་པ་བཞིར་ཡོད། ་དེ་མི་ཡི་སྐྱེ་བ་འཁྲུད་པའི་ཚེ།། རྒྱུད་ཅེས་བརྗོད་དེ་བརྗོད་པ་ཡིན།། བཙུན་མོ་པདྨོའི་ནང་ནས་བྱུང་།། གླེང་གཞིར་འདོད་དེ་འབྲེལ་པའོ།། སྔགས་ལ་སྡོམ་པར་བསྟན་པ་ནི།། ངེས་པའི་ཚིག་སྟེ་དགོས་པ་ཡི།། ཟུང་འཇུག་འདོད་པས་ཆོས་སྤྱོད་པའོ།། དེ་ནི་འདོད ་ཆགས་བྲལ་ཆོས་ཏེ།། ཡང་དགོས་ཡིན་ཞེས་རྒྱལ་བས་གསུངས།། འདོད་ཆགས་ཅན་ལ་འདི་ལྟར་གསུངས།། རིགས་ལྷའི་ངོ་བོར་བསྐྱེད་པ་ནི།། རྒྱུ་དེ་ཅེས་བྱ་སྟེ་བརྗོད་པའོ།། ལྔ་པོ་རིགས་གཅིག་གྱུར་པ་ནི།། གླེང་གཞི་ཡིན་ཏེ་བྲལ་པོའོ།། སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ནི།། ངེས་པའི་ཚིག་སྟེ་དགོས་པའོ།། བཙུན་མོ་ལ་སོགས་སྤྱོད་པ་ནི།། རྒྱུ་ཞེས་བྱ་སྟེ་ཡང་དགོས་སོ།། སྐྱེ་བོ་དོན་ལ་འཇུག་པ་ལ།། ཡིད་ཆོས་ཕྱིར་ན་དགོས་འབྲེལ་བསྟན།། ཚིག་གི་ཚོགས་ལ་དགའ་བ་དང་།། དངོས་པོའི་སྤྱོད་ལ་དད་པ་དང་།། ་རྟོག་པའི་ཆོས་ལ་བཟློག་པའི་ཕྱིར།། དེ་ལ་ཀུན་རྫོབ་བདེན་པ་བསྟན།། ཡང་དག་དོན་ལ་མོས་པ་དང་། ཟབ་མའི་ཆོས་ལ་དད་པ་དང་།། བྱང་ཆུབ་སེམས་ཀྱི་དོན་ལ་མོས།། ང་ལ་དོན་དམ་བདེན་པ་བསྟན།། རིམ་པ་གཉིས་པ་བསྟན་ནས་ནི།། བཤད་པའི་དབྱེ་བ། ་གསུངས་པ་ཡིན།། འཇིག་རྟེན་བློ་རྣམས་དཔག་མེད་པས།། གང་ཟག་རྣམ་པ་ལྔར་འདོད་དེ།། ཨུད་པ་ལ་འདྲའི་གང་ཟག་དང་།། བོད་དཀར་འདྲ་བའི་གང་ཟག་དང་།། པད་མ་དམར་འདྲའི་གང་ཟག་དང་།། ཙན་དན་འདྲ་བའི་གང་ཟག་དང་།། རིན་པོ་ཆེ་ཡི ་གང་ཟག་གོ།། རང་བཞིན་གཅིག་སྟེ་ཐ་དད་མིན།། ཐམས་ཅད་མཁྱེན་པས་གསུངས་པའོ།། འཛིན་པ་མཁས་པའི་བརྗེད་འགྱུར་བ།། ཨུད་པ་ལ་ཞེས་བྱའི་གང་ཟག་གོ།། མང་པོ་ཐོས་ཤིང་སྟོན་མི་ནུས།། པད་ཀར་ཞེས་བྱའི་གང་ཟག་གོ།། དང་ལྡན་ཐོས ་བརྩོན་སྙིང་རྗེ་ཆེ།། པད་དམར་ཞེས་བྱའི་གང་ཟག་གོ།། ཐོས་མེད་ང་རྒྱལ་མང་དུ་སྨྲ།། རྗེས་སུ་གཟུང་བའི་དོན་མེད་པ།། ཙན་དན་ཞེས་བྱའི་གང་ཟག་གོ།། དམ་ཚིག་དག་ཅིང་ཤེས་རབ་ལྡན།། རྒྱུད་ཐོས་ལེགས་པར་སྟོན་པ་ནི།། རིན་ཆེན་ཞེས་བྱའི་གང ་ཟག་གོ།། ཨུད་པལ་པད་ཀར་པད་དམར་ཙན་དན་བཞི།། ཀུན་རྫོབ་བདེན་པ་བསྟན་པའི་གང་ཟག་གོ།། རྫོགས་པའི་རིམ་ལ་དད་པ་དང་།། རྟག་ཏུ་སྤྱོད་པས་སློབ་དཔོན་འཁུར།། རིན་ཆེན་འདྲ་བའི་གང་ཟག་སྟེ།། དེ་ལ་དོན་དམ་བདེན་པ་བཤད།། དེ ་ལྟར་སྣོད་ཀྱི་རིམ་བརྟགས་ནས།། བླ་མ་དམ་པ་མཁས་པ་ཡིས།། བཤད་པ་རྣམ་པ་གཉིས་བྱའོ།། དེ་ལྟར་འདུས་པའི་དོན་བསྟན་ནས།། ད་ནི་ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཕྱིར།། གཞུང་ཉིད་ལ་འཇུག་པར་བྱ་སྟེ།། འདིར་སྡུང་བར་བྱེད་པ་རྡོ ་ཆོས་ཀྱིས་ཇི་སྐད་དུ་ཐོས་པ་ཐུགས་ལ་བཞག་ནས།། གདུལ་བྱ་རྣམས་ལ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་གསུངས་ཏེ། འདི་སྐད་ཅེས་བྱ་བ་ནི། རྒྱུད་ཀྱི་དོན་མ་ལུས་པར་སྟོན་པའི་ཚིག་སྟེ། སྟོན་པའི་བཀའོ།། ་བདག་གི་ཞེས་བྱ་བ་ནི། སྡུད་པ་པོ་བདག་ཉིད་ཀྱིས་སྟོན་པ་ལས་མངོན་གསུམ་དུ་ཐོས་ཀྱི། གཞན་དག་ལས་བརྒྱུད་ཅིང་བརྒྱུད་ནས་ཐོས་པ་ནི་མ་ཡིན་ནོ།། དུས་གཅིག་ན་ཞེས་པ་ནི། ཚེས་གྲངས་དང་ཟླ་བ་དང་ལོ་དང་དུས་ནི་ངེས་པ་མེད་དོ།། དེ་ཅིའི་ཕྱིར ་ཞེ་ན། སེམས་ཅན་རྣམས་རྟོག་པ་སྐྱེ་བའི་ཕྱིར། ངེས་པ་མེད་དོ།། ཐོས་པའི་དུས་ནི་ངེས་པ་མེད་དོ།། སྟོན་པའི་ཞལ་ནས་གསུངས་པའི་དུས་གཅིག་གི་ཚེ་ན་བདག་གིས་འདི་ཐོས་ལ་གཞན་དུ་ནི་གཞན་དྲག་ཐོས་པ་འམ། ཡང་ན་དུས་གཅིག་སྟེ་སྐད ་ཅིག་མ་ལ་ཐོས་སོ་ཞེས་པ་སྟེ། འདི་དག་གིས་ནི་བདག་ཉིད་ཐོས་པ་མང་བ་དང་། ཤེས་རབ་ཕུལ་དུ་བྱུང་བ་ཡིན་པར་སྟོན་ཏོ།། གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་ཞེས་གླེང་གཞི་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། བཅོམ་ལྡན་ཞེས་པ་ནི། སྟོན་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། དོན་ཟབ་མོ་ཕུན་སུམ་ཚོགས་པ་དང་། མི་མཐུན་པའི་ཕྱོགས་བཅོམ་པས་ན་བཅོམ་ལྡན་འདས་སོ།། དེ་ནི་ཀུན་རྫོབ་ཀྱི་བདེན་པའོ།། དོན་དམ་པའི་བདེན་པ ་བསྟན་པའི་ཕྱིར། གསང་བ་མཆོག་གི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་མཆོག་གི་བདག་པོ་ཞེས་པ་ནི། སྐུའི་འཁོར་ལོའི་སྒོ་བཞི་པ་དང་། གསུང་གི་འཁོར་ལོའི་སྒོ་བརྒྱད་པ་དང་། ཐུགས་ཀྱི་འཁོར་ལོའི་སྒོ་དགུ་པ་དང་། ་བདེ་བ་ཆེན་པོའི་འཁོར་ལོའི་སྒོ་དྲུག་པ་རྣམས་ནི་རྣལ་འབྱོར་ཕྱི་མའི་རྒྱུད་ལ། མེད་པས་གསང་བའོ།། དཀྱིལ་འཁོར་བཞི་པོ་འདི་ཀུན་གྱི་མཆོག་ཡིན་པ་དང་། བཞི་པོའི་མཆོག་ཀྱང་བདེ་བ་ཆེན་པོའི་ཕོ་བྲང་ངོ་།། ཕོ་བྲང་དེ་ནི་བཅོམ་ལྡན་འདས ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བཞུགས་སོ།། དེའི་དུས་ན་ཁམས་གསུམ་གྱི་སེམས་ཅན་ཀུན་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་གྱུར་ཏོ།། འཁོར་རྣམས་ལ་ཡང་ཅང་མི་གསུང་བའི་ཚུལ་གྱིས་ཆོས་སྟོན་ཏོ།། དེ་ལྟར་བཞུགས་པའི ་ཕྱིར་བདག་པོའོ།། སྐུའི་ཕོ་བྲང་ན་བཞུགས་པ་བསྟན་པའི་ཕྱིར། ཐིག་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་པ་གསུངས་ཏེ། བདེ་བ་ཆེན་པོའི་གནས་ནས་ལྷ་མོ་བཞིའི་མཚན་ཉིད་བསླང་སྟེ། སྤྱན་དྲངས་པའི་དུས་ན། འོད་ཀྱི་གོང་བུ་ཐིག་ལེའི ་གཟུགས་སུ་ཤེས་ཏེ། དེའི་མཚན་ཉིད་ལ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱའོ།། སྐུ་དེའི་མཚན་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་མཚན་ཉིད་ཅེས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་གནས ་སུ་གཤེགས་ཤིང་གཤེགས་པས་ན། དེ་བཞིན་གཤེགས་པ་སྟེ། དེ་ལྟ་བུའི་སྐུ་གངོས་པ་ཅན་དུ་བཞུགས་པ་ནི་བཞུགས་པ་མ་ཡིན་ཏེ། རང་བཞིན་གྱིས་རྣམ་དག་པའི་བདག་ཉིད་དུ་བཞུགས་སོ།། དེ་ལྟར་བཞུགས་ནས་ཀྱང་འཁོར་རྣམས ་ལ་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་ཏོ།། གསུང་གི་ཕོ་བྲང་ན་བཞུགས་པ་བསྟན་པའི་ཕྱིར། པད་མོ་ཆེན་པོ་རྣམ་པར་དག་པའི་གསུང་ཞེས་པ་ལ་སོགས་པ་གསུངས་ཏེ། པད་མོ་ཆེན་པོ་ཞེས་པ་ནི། ཕོ་བྲང་སྟེ་ཕོ་བྲང་དེ་ཡེ་ནས་རྣམ་པར་དག ་བས་པད་མོའོ།། འཇིག་རྟེན་པའི་གནས་དང་རྟེན་པའི་གནས་དང་། རྟེན་གྱི་གནས་གཞལ་ཡས་ལས་ཁྱད་པར་དུ་འཕགས་པས་ཆེའོ།། དེའི་གནས་ན་སྤྲུལ་པའི་སྐུ་མཚན་ཉིད་དུ་བཞུགས་ཏེ། གསུང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ ་མངར་བརྙེས་ནས་བཞུགས་སོ།། དེའི་དུས་ན་འགྲོ་བ་རིགས་དྲུག་ལ་ཇི་ལྟར་འཚམ་པའི་ཆོས་སྟོན་ཏོ།། ཐུགས་ཀྱི་ཕོ་བྲང་ན་བཞུགས་པ་བསྟན་པའི་ཕྱིར། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་ཀྱི་ཕོ་བྲང་ཡེ་ཕྱི ་མོ་ནས་རང་བཞིན་གྱིས་གྲུབ་པའི་ཡི་གེ་ཨ་གཅིག་གནས་ཏེ། དེའི་དབུས་ན་བཅོམ་ལྡན་འདས་ཐུགས་ཀྱི་རང་བཞིན་ཧཱུཾ་གི་དབྱིབས་སུ་བཞུགས་ཏེ། དྲན་རྟོག་ཐམས་ཅད་དེ་ལས་འབྱུང་སྟེ། ཤེས་པ་ཀུན་གྱི་གནས་སོ།། དེ་ལ་ནི་ཡིད་བཞིན་གྱི་ནོར་བུ ་རིན་པོ་ཆེ་ཞེས་བྱའོ།། དེ་ནི་ཀུན་གྱི་མཆོག་ཏུ་གྱུར་པས་རྒྱལ་པོ་དེའི་མཚན་ཉིད་ནི་ཐམས་ཅད་དུ་རང་བཞིན་གྱིས་འོད་གསལ་བའི་ཤེས་པ་དང་བརྗོད་པའི་མཐའ་ལས་འདས་པའི་ཡོན་ཏན་དེ་ལྟ་བུར་བཞུགས་ནས། མཉམ་པ་ཆེན་པོར་ཀུན ་ཏུ་ཁྱབ་པར་མཛད་པའི་སྒོ་ནས་ཆོས་སྟོན་ཏེ། ཐབས་གང་གི་སྒོ་ནས་ཀུན་འདུལ་བའི་འཕྲིན་ལས་ཅིས་འདུལ་བའི་སྒོ་ཡངས་པར་ཀུན་ཏུ་མཛད་དོ།། དེ་དག་ཀུན་གྱི་དོན་བསྡུས་པ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཡོན་ཏན་དམ་ཚིག་ཆེན་པོ ་མ་ལུས་པའི་བདག་ཉིད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་ཡང་མངའ་བརྙེས་པའི་ཡོན་ཏན་གྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་དེ། དམ་ཚིག་ཆེན་པོ་མ ་ལུས་པའི་བདག་པོར་གྱུར་པ་ནི། བདག་ཉིད་ཆེན་པོའོ།། ཕྱི་དང་ནང་དུ་སྣང་བའི་ཆོས་གཅིག་གི་ངོ་བོར་བསྟན་པའི་ཕྱིར་། དུས་གསུམ་གྱི་ཆོས་མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། དུས ་གསུམ་གྱི་སྔར་འདས་པ་དང་ད་ལྟར་དང་བྱས་སོ།། དེ་ལྟར་སྣང་བ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གསང་བར་འདུས་པས་ན། མ་ལུས་ཏེ། སྦྱར་འདས་པ་མི་ལུས་ཏེ་ད་ལྟར་བཞུགས་པ་ལུས་པ་མེད་པ་སྟེ། ཕྱིས་བྱོན་པ་དེ་རྣམས་ཀྱི་དངོས་པོ ་ཐམས་ཅད་བཅོམ་ལྡན་འདས་བདེ་བ་ཆེན་པོའི་གནས་སུ་མངོན་པར་འདུ་བར་མཛད་དེ། གཉིས་སུ་མེད་པའི་རང་བཞིན་ལས་ཐབས་མཁས་པའི་རོལ་པའི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་པ་ཇི་ལྟར་འདུལ་བ་ལཾ་སྒྲའི་ཚུལ་དུ་སྤྲུལ་ནས་དོན་མཛད་དེ། ་དེ་ལྟ་བུའི་དོན་ལ་མངའ་བརྙེས་པ་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའོ།། དེ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དོན་དམ་པའོ།། གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། འོག་མིན་གྱི་གནས་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་ཞེས ་བྱ་བ་ལ་སྩོགས་པ་གསུངས་ཏེ། འོག་མིན་གྱི་གནས་ཞེས་པ་ནི་གོང་ནས་གོང་དུ་གྱུར་པ་སྟེ། འཇིག་རྟེན་པའི་གནས་ལུས་ཡུམ་ལྔའི་མཁའ་ནི་ཁྱད་པར་དུ་འཕགས་སོ།། ཉན་ཐོས་དང་རང་རྒྱལ་བ་དང་རྣལ་འབྱོར་ཕྱི་བ་ལ་གསང་བའི་གནས་ཀུན་གྱི་ཐུན ་མོང་མ་ཡིན་པའི་མཆོག་དམ་པའི་དཀྱིལ་འཁོར་ཆེན་པོ་སྟེ། གོང་དུ་བཤད་ཟིན་ཏོ།། གསང་བའི་གནས་བསྟན་པའི་ཕྱིར། བཙུན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཙུན་མོ་ནི་སངས་རྒྱས་ཀྱི་ཤེས་རབ་མ་སྟེ། དེ་ཉིད་ནི་ཉོན་མོངས་པ་རྣམས ་འཇོམས་པས་ན་བྷ་གའོ།། དེ་ལྟ་བུའི་བྷ་ག་དེ་ནི་ཡང་དག་པ་ཕོ་བྲང་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་དེར་ཐམས་ཅད་འདུས་ཤིང་འབྱུང་བས། དུར་ཁྲོད་ཀྱི་གཞལ་ཡས་ཁང་བརྩེགས་པ་དེ་ལ་པདྨ་སྣ་ཚོགས་ཀྱིས་སྟེང་དང་འོག་མེད་པར ་བརྒྱན་པར་པདྨ་དེ་རྣམས་ཀྱང་དབྱིབས་སྣ་ཚོགས་པདྨ་ཁ་དོག་སྣ་ཚོགས་པ་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔའི་མི་མཐུན་པའི་ཁྱད་པར་རིན་པོ་ཆེ་སྣ་ཚོགས་ཀྱི་རྣམ་གྲངས་ལས་འདས་པ་དང་། དཔེ་དང་ཚད་མེད་པ་རྣམས་ཀྱི་གཞལ་ཡས་ཁང་གི ་ཕྱི་དང་ནད་མེད་པར་ཕྱོགས་བཅུར་འཁྲིགས་ཤིང་རྣམ་པར་ཀླུབས་པར་ཐོག་མ་དང་ཐ་མ་མེད་པར་ཡེ་ནས་རང་བྱུང་གི་གནས་ན་འོད་ཀྱི་ཚུལ་དུ་བཅོམ་ལྡན་འདས་བཞུགས་སོ།། དེ་ནི་གནས་ཕུན་སུམ་ཚོགས་པ་སྟེ། དོན་དམ་ཀུན་རྫོབ་གཉིས་ཀའོ།། ་འཁོར་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱལ་བ་སངས་རྒྱས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནས་མར་འཁོར་རྣམ་པ་ལྔར་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ལྔ་ཡོད་པའི་ཕྱིར་རོ།། འཁོར་མང ་པོ་བསྟན་པའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་གསུངས་ཏེ། ཡང་དག་པའི་ཡེ་ཤེས་ལ་མངའ་བརྙེས་པའི་ཕྱིར། རྣལ་འབྱོར་པ་ཕྱི་དང་ནང་དུ་སྣང་བའི་མཚན་ཉིད་ལ་དབང་སྦྱར་ཞིང་ཐམས་ཅད་ཀྱི་བདག་ཉིད་ཆེན་པོར་གྱུར་པའི་རྒྱལ་བ་སངས ་རྒྱས་བརྗོད་དུ་མེད་པ། བགྲང་བ་ལས་འདས་པ་ཡོན་ཏན་ཆེན་པོས་ཀླུབས་པ་ན་མཁའི་མཐའ་ཀླས་པ་འཁོར་བ་མེད་པའི་ཚུལ་གྱིས་བསྐོར་ནས་བཞུགས་སོ།། བདེ་བ་ཆེན་པོའི་འཁོར། སྐུའི་ཕོ་བྲང་གི་ཚུལ་བསྟན་པའི་ཕྱིར། རྣལ་འབྱོར་མ་ཆེན ་མོ་ཞེས་བྱ་བ་བསྟན་ཏེ། སའི་མཚན་ཉིད་རྣལ་འབྱོར་མ་ཆེན་མོ་སངས་རྒྱས་སྤྱན་དང་། མེའི་མཚན་ཉིད་རྣལ་འབྱོར་མ་ཆེན་མོ་གོས་དཀར་མོ་དང་། ཆུའི་མཚན་ཉིད་རྣལ་འབྱོར་མ་ཆེན་མོ་མཱ་མ་ཀཱི་དང་། རླུང་གི་མཚན་ཉིད་རྣལ་འབྱོར་མ་ཆེན་མོ་དམ་ཚིག ་སྒྲོས་མ་ལ་སོགས་པ་གྲངས་མེད་པས་བསྐོར་ནས་བཞུགས་སོ།། སྐུའི་འཁོར་རོ།། ཐུགས་ཀྱི་ཕོ་བྲང་གི་འཁོར་བསྟན་པའི་ཕྱིར། རྣལ་འབྱོར་ཆེན་པོ་སེམས་པ་ཆེན་པོ་ཞེས་པ་ལ་སོགས་པས་བསྟན་ཏེ། རྣལ་འབྱོར་ཆེན་པོ་ཞེས་པ་ནི་ཡང་དགྲ ་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་རྣལ་འབྱོར་དམ་པ་ཡང་དག་པའི་དོན་ལ་རྩེ་གཅིག་ཏུ་སེམས་པའི་སེམས་པ་ཆེན་པོ་བཙུན་མོ་སེམས་མ་དང་བཅས་པ་བརྗོད་དུ་མེད་པ་བགྲང་བ་ལས་འདས་པ་སྟེ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི ་ཞིང་གི་རྡུལ་སྙེད་ཀྱིས་བསྐོར་བ་མེད་པའི་ཚུལ་གྱིས་བསྐོར་ནས་བཞུགས་སོ།། ཐུགས་ཀྱི་ཕོ་བྲང་གི་འཁོར་རོ།། གསུང་གི་ཕོ་བྲང་གི་འཁོར་བསྟན་པའི་འཁོར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་པ་ནི་ཐུགས་ཀྱི་ཕོ་བྲང ་གི་འཁོར་ལས་གཞན་པ་སྟེ་གསུང་གི་འཁོར་ལོ་ཞེས་པའི་ཐ་ཚིག་གོ། ཧེ་རུ་རོལ་པའི་ཚོགས་ཞེས་པཱ་ནི། ཧྭཱ་ནཱི་ཡང་དག་པའི་དོན་ལ་དགྱེས་པའོ།། རཱུ་ནཱི་ཡང་དག་པའི་དོན་གྱི་ཡུལ་དེ་ལ་ཆགས་པའོ།། ཀ་ནི་བསྐྱོད་པར་བྱེད་པའི་འཕྲིན་ལས་སོ།། དེ་ལྟ ་བུའི་ངང་དུ་རོལ་པའི་ཚོགས་ཀྱིས་འཁོར་གྲངས་མེད་པ་བརྗོད་དུ་མེད་པ་རྣམས་ཀྱིས་བསྐོར་བ་མེད་པའི་ཚུལ་གྱིས་བསྐོར་ནས་བཞུགས་སོ།། གསུང་གི་ཕོ་བྲང་གི་འཁོར་རོ།། གསོང་བའི་ཕོ་བྲང་གི་འཁོར་བསྟན་པའི་ཕྱིར།། སྤྲུལ་པ་ཆེན་པོ་སྲས་ཀྱི་འཚོར ་ཇི་སྙེད་པ་ལ་སོགས་པ་ཞེས་པས་བསྟན་ཏེ། དེ་བཞིན་གཤེགས་པའི་སྐུ་དང་གསུང་ཐུགས་ལས་སྤྲུལ་པ་སྤྲུལ་པ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་སྲས་ཀྱི་འཁོར་ཇི་སྙེད་པ་ལ་སོགས་པ་དང་སེམས་དང་སེམས་ལས་བྱུང་བ་སྟེ། རིག ་པ་ལས་བསྐྱེད་པའི་སྲས་ཀྱི་འཁོར་དང་འབྱུང་བ་དང་འབྱུང་བ་ལས་བྱུང་བ་སྟེ། རྣལ་འབྱོར་མའི་ཚོགས་མང་པོའི་འཁོར་དང་། ཡང་དག་པའི་གོང་མའི་འཁོར་ཇི་ལྟ་བ་དང་གསང་བའི་འདི་ཉིད་ཀྱིས་འཁོར་ཇི་སྙེད་པ་རྣམས་དང་། བཅོམ་ལྡན་འདས ་ཐབས་གཅིག་ཏུ་རྣམ་པར་རྟོག་པས། སྙེངས་པ་མི་མངའ་བར་ཕོ་བྲང་ནི་བཞུགས་པའི་ཚུལ་ནི་དཔེར་ཡུངས་འབྲུ་སྣུམ་གྱིས་གང་བ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ།། ཞེས་པ་ནི་གནས་པར་མཛད་པའོ།། བཅོམ་ལྡན་འདས་ཀྱིས་བཙུན་མོ་ནི ་ཡུམ་ཀུན་ཏུ་བཟང་མོ་ཡིན་ཏེ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པར་འཁྲིལ་པའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་སྙེལ་བ་མི་མངའ་བར་ཐམས་ཅད་དབྱིངས་སུ་བསྡུ་བར་མཛད་དོ།། དེ་ཡན་ཆད་དུ་འཁོར་ལྔའི་མཚན་ཉིད་བསྟན ་ནས་ང་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། འཁོར་གྱི་དཀྱིལ་འཁོར་དེ་ཉིད་ཀྱི་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། འཁོར་གྱི་དཀྱིལ་འཁོར་དུ་གསུངས་པ་དེ་ཉིད་ཀྱི་ནང་ནི་སྡུད་པ་པོ་རྣལ་འབྱོར་གྱི་དབང་ཕྱུག་རྒྱལ་བ་སངས་རྒྱས ་ཉིད་ལས་མི་གནན་པའི་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཡང་སྟོན་པའི་མཚན་ཉིད་བཙུན་མོ་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པའི་ཚུལ་གྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་བྲན་ཇོ་བོ་ལ་བཀའ་ནོད་པའི་ཚུལ་དུ་སྤོབས་པ་ཅན་དུ ་བཞུགས་སོ།། སྡུད་པ་པོ་ཕུན་སུམ་ཚོགས་པ་སྟེ་ཀུན་རྫོབ་དོན་དམ་གཉིས་སོ།། སྟོན་པ་དེས་ཐམས་ཅད་ལ་རྫུ་འཕྲུལ་གྱི་སྤྱན་གྱིས་གཟིགས་པར་བསྟན་ཏེ། དེའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་དེ་མ་ཐག་པའོ།། ཉོན ་མོངས་པ་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་ནོ།། རྟག་པ་དང་ཆད་པའི་མཐའ་ལ་མི་གནས་པས་འདས་པ་སྟེ། དེ་ལྟ་བུའི་ངང་ཚུལ་མངའ་བའི་སྟོན་པ་གསང་བ་མཆོག་གི་བདག་པོ་དེས་ཕྱི་དང་ནང་དུ་སྣང་བ་ལ་འདི ་ལྷུར་གཟིགས་སོ།། སེམས་དང་སེམས་ལས་བྱུང་བ་ནི་རྟེན་ཅན་གྱི་རང་བཞིན་དུ་གཟིགས་པ་མེད་པའི་ཚུལ་དུ་གཟིགས་ལ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ནི་རྟེན་གྱི་རང་བཞིན་ཏེ་ཡུམ་ལྔའི་མཁའ་རང་བཞིན་དུ་གཟིགས་ཏེ། དུས་གསུམ་དང ་སྲིད་གསུམ་གྱིས་བསྡུས་པའི་ཆོས་དེ་ཡང་དག་པའི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་སུ་གཟིགས་སོ།། གཞན་ཡང་བསམ་གཏན་ཏེ། བསམ་གཏན་གསུམ་པའི་ལྷའི་རིས་ལ་སོགས་པ་དང་། སྙོམས་པར་འཇུག་པ་སྟེ་ཉན་ཐོས་ཞི་བའི་ཕྱོགས ་ལ་འཇུག་པ་དང་། འགོག་པ་སྟེ། ཉན་ཐོས་ཚོགས་དྲུག་བཀག་ནས་ཡུལ་དྲུག་དྲུག་ལུས་འགོག་པ་དང་། སའི་ཁྱད་པར་ལ་སོགས་པ་སྣ་དང་པོ་ནས་བཅུའི་བར་དུ་སྟེ། དེ་ལྟར་བྱེ་བྲག་ཏུ་སྣང་བའི་ཆོས་རང་རེ་ང་གང་ལ་སྣང་བར་གྲགས་ལ ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ནི་རྫུ་འཕྲུལ་གྱི་སྤྱན་གྱིས་རང་བཞིན་གྱིས་འོད་གསལ་བར་ཀུན་ཏུ་ཁྱབ་པར་གཉིས་མེད་པའི་ངེང་དུ་གཟིགས་སོ།། ཕྱིན་ཙམ་ལོག་པར་རྣམ་པར་གཟིགས་སོ།། འོག་མའི་ཆོས་རྣམས་ལ ་གཟིགས་པ་དེ་བཞིན་དུ་ས་བཅུ་གཅིག་པ་ལ་གནས་པའི་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་གྲངས་མེད་པ་རྣམས་ལ་མ་བཅོས་པའི་སྤྱན་གྱིས་གཟིགས་སོ།། ངོ་བོ་ཉིད་ཀྱིས་རྣམ་པར་གཟིགས་ནས་ཕྱི་དང་ནང་དུ་སྣང་བའི་ཆོས་ཐམས ་ཅད་ཡེ་ནས་རྣམ་པར་དག་ཅིང་མ་བཅོས་པ་བྱང་ཆུབ་ཀྱི་སེམས་སྟོང་པ་ཆེན་པོར་གཟིགས་ཏེ། ཉིད་ཀྱང་སྟོང་པ་ཆེན་པོའི་དོན་ལ་བརྣལ་ཏེ་སྨྲ་བསམ་ལས་འདས་པོ་བཅོས་མ་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། སྟོན་པ་དེ་བཞིན ་ཉིད་ཀྱི་ཏིང་ངེ་འཛིན་ལས་གནས་པ་དེའི་ཚེ་འཁོར་བ་སྟེ། ཁམས་གསུམ་གྱི་སེམས་ཅན་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ཆོས་ཐམས་ཅད་ཡང་དག་པའི་ཡེ་ཤེས་སྟོང་པ་ཆེན་པོར་གྱུར་ཏེ། དཔེར་ན་ན་མཁའི་མཚན་ཉིད་ཙམ་དུ་འདི་ཡིན་ནོ།། བསྒྲུབ་དུ ་ཡོད་པ་ཡིན་ནོ།། དེ་ལྟར་ཆོས་ཀྱི་དབྱིངས་ན་བཞུགས་པ་དེས་སེམས་ཅན་གྱི་དོན་མི་མཛད་པར་ཡུམ་ཀུན་ཏུ་བཟང་མོས་གཟིགས་ཏེ། དེ་ལས་བསླང་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་སུ་རྣལ ་བའི་དེ་མ་ཐག་པ་དེ་ལ་དེ་ནས་ཞེས་བྱ་སྟེ། བསྐུལ་ལོ་བར་འབྲེལ་ལོ།། སངས་རྒྱས་ཀྱི་ཡུམ་ཀུན་ཏུ་བཟང་མོ་དེས་སེམས་ཅན་གྱི་དོན་ལ་དགོངས་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་དགོངས་པ་ཆོས་ཀྱི་དབྱིངས་ལ་བརྣལ་ནས་བཞུགས་པ་ལ ་ཡུམ་ཀུན་ཏུ་བཟང་མོས་གླུ་འདིས་བསྐུལ་ལོ་ཞེས་པ་སྟེ། འོག་ནས་འབྱུང་བའི་གླུ་འདིའོ།། ཨ་ཞེས་པས་ནི་ཆོས་འབྱུང་བའི་གནས་ན་བཞུགས་པ་ཞེས་པ་སྟེ། དེའི་མཚན་ཉིད་བསྟན་པའི་ཕྱིར། ཨེ་མའོ་སྟོང་ཉིད་བདག་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། ་ཨེ་མ་ཞེས་པ་ནི་ཨེ་མ་ཁམས་གསུམ་གྱི་སེམས་ཅན་ལ་ཐུགས་རྗེའི་སྤྱང་ཐག་བཅད་ནས་བཞུགས་པ་འདི་སྙམ་པ་སྟེ། ཡི་ཆད་པའོ།། སྟོང་ཉིད་བདག་མེད་རྣམ་དག་ཀློང་ཡངས་ནས་ཞེས་པ་ནི་སྟོང་པ་ཉིད་ཀྱང་ཡིན་ལ་བདག་མེད་པ་ཡིན་པས་ན། སྟོང་ཉིད ་བདག་མེད་དེ་ཡེ་ནས་རྣམ་པར་དག་པ་མ་བཅོས་པའི་ཡང་ཀློ་བ་ཡངས་པ་དེ་ནས་ཁམས་གསུམ་གྱི་སེམས་ཅན་ཀུན་ལ་སྙོམས་པའི་ཐུགས་རྗེ་ཁྱེད་ཀྱིས་འབྱུང་བར་མི་དམིགས་ཀྱང་། བདག་ནི་ཤེས་རབ་མ་སྟེ། སེམས་ཅན་གྱི་དོན་བྱ་བར་དགའ་བའི ་ཆེད་དུ་ཡེ་ནས་མ་བཅོས་པའི་ཆོས་ཀྱི་སྐུ་དག་པ་ལས་མ་གཡོས་པར་ཐབས་མཁས་པའི་མཛད་སྤྱོད་ཀྱིས་ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་ན་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་སྟོན།། ཅེས་ཡུམ་ཀུན་ཏུ་བཟང་མོས་བསྐུལ་བས་གསང་བ ་མཆོག་གི་བདུག་པོ་དེས་ཡུམ་ཀུན་ཏུ་བཟང་མོས་བསྐུལ་བར་མཁྱེན་ནས། སྟོང་པ་ཉིད་ཀྱི་དངུལ་རྩོལ་བ་ནི་དེ་བཞིན་ཉིད་དེ་དེ་ལས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་འཁོར་བའི་ཆོས་ཐམས་ཅད་ལ་ཁྱབ་པ་ཆེན་པོའི་སྙིང་རྗེ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམ ་པར་ཞུགས་སོ།། འཁོར་བའི་ཆོས་རྣམས་ལ་ཁྱབ་པའི་སྙིང་རྗེ་བསྐྱེད་པར་གཡོས་པ་དེའི་ཚེ་ཕྱི་དང་ནང་དུ་སྣང་བའི་ཆོས་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ནམ་མཁའི་མཚན་ཉིད་ཙམ་དུ་གནས་པར་གྱུར་ཏོ།། ཞེས་པ་དེ་དེ་བཞིན་ཉིད་ལས་ནི་སྙིང་རྗེ ་རྐྱེན་གྱིས་མ་གཡོས་ཡི་གེའི་གཟུགས་སུ་ནོ་མ་བྱུང་བྱང་ལ་ཁ་པ་ཙམ་དྲོའི་སྐབས་སུ་གྲུས་བསྐུལ་གྱི་དེའི་ཕྱིར་དེ་ནས་ཡལ་ཡུམ་ཀུན་ཏུ་བཟང་མོས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་ལས་བསྐུལ་བའི་དེ་མ་ཐག་པ་དེ་ནས་ཡང ་བསྐུལ་བའི་དུས་ལ་བབ་བོ་ཞེས་བྱ་སྟེ་ཚིག་གི་པང་ངོ་།། ཡུམ་ཀུན་ཏུ་བཟང་མོ་སྟོང་པ་ཉིད་ན་མཁའ་ཙམ་དུ་གནས་པའི་ངད་ལས། འོག་ནས་འབྱུང་བའི་གླུ་འདིས་བསྐུལ་ལོ།། ཨེ་མའོ་མ་ལྟར་བྱམས་པའི་སྙིང་རྗེ་ཆེན་པོ་ནི།། ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། ཨོཾ་མའོ་འདིའི་དོན་ནི་གོང་དུ་བཤད་ཟིན་ཏོ།། མ་ལྟར་བྱམས་པའི་སྙིང་རྗེ་ཆེན་པོ་ནི་ཞེས་པས་ཁམས་གསུམ་གྱི་སེམས་ཅནྡ་ལ་བུ་གཅིག་པ་ལཱ་མེ་བྱམས་པོ་བཞིན་དུ་ཁྱབ་པའི་སྙིང་རྗེ་ཆེན་པོ་འགའ་ལ་བྱམས་པ་ལྟ་བུ ་ནི་མ་ཡིན་ནོ།། དེ་ལྟ་ཀུན་ལ་ཁྱབ་པའི་མཚན་ཉིད་དེ་ལ་ནི་ནམ་མཁའ་ལྟར་གོ་ཡང་འབྱེད་ཅིང་ཀུན་ལ་ཁྱབ་པ་ཞེས་གསུངས་པ་གསུངས་པ་ཡིན་ཏེ། ནམ་མཁའི་རང་བཞིན་ལས་རིག་པོའི་སྙིང་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མཆོག་ཀུན་ཏུ་བཟང་མོ་བདག་ལ ་བསྟན་ཏུ་གསོལ་ཞེས་རྣམ་པར་བསྐུལ་ལོ།། ཡུམ་ཀུན་ཏུ་བཟང་མོས་བསྐུལ་བ་དེ་མ་ཐག་པ་དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་ཡུམ་གྱིས་བསྐུལ་བར་མཁྱེན་ནས། ཁམོས་གསུམ་གྱི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ། ་ན་མཁའི་ངང་ལས་ཡང་དག་པའི་རིག་པའི་ཆོ་འཕྲུལ་ཡི་གེ་ཧཱུཾ་གི་རང་བཞིན་དུ་རྣམ་པར་སྤྲུལ་ཏཾ་ཡི་གེ་དེ་ཡོངས་སུ་གྱུར་པ་ལས་ན་མཁའི་དབྱིངས་རུམ་ནས་ཞེས་གསུངས་པ་ཡིན་ཏེ། དེ་ལས་བཅོམ་ལྡན་འདས་ཀྱི་སྐུ་བཞེངས་པ་སྟེ། དེ་ལ་ནི་སྙིང ་རྡོ་སྐུ་མངོན་ཏུ་ཕྱུང་སྟེ་ཞེས་གསུངས་ཏེ། སྐུ་དེ་ལས་ཡེ་ཤེས་དང་ལྡན་པའི་རྟོགས་སུ་སྐུ་ལས་འོད་ཟེར་ལྔ་རྣམ་པར་འཁྲིགས་པའི་ཕྱིར། དཔེར་ན་ན་མཁའི་དབྱིངས་རུམ་ནས་ཉི་མ་འབུམ་དུས་གཅིག་ཏུ་ཤར་བའི་གཟི་བརྗིད་ལྟ་བུའོ་ཞེས ་གསུངས་པ་ཡིན་ནོ།། བཅོམ་ལྡན་དེའི་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྟན་པའི་ཕྱིར། ཡུམ་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་ཀྱི་སྐུ་ཡོངས་སུ་རྫོགས་པར་མཛད་པར་བསྐུལ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་བཞེངས་པའི་དེ་མ་ཐག་པ་དེ་ནས་སོ།། ཡུམ་ཀུན་ཏུ་བཟང་མོས་སྨིན་རིང་བསྒྱུར་ཏེ། ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་མ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་བྱུང་ཡུམ ་དེས་ཤིན་ཏུ་ཚོགས་པའི་སྨིན་རིང་བསྒྱུར་ཏེ་ཤིན་ཏུ་མཛེས་པའི་སྤྱན་གྱིས་བཅོམ་ལྡན་འདས་ལ་བལྟས་ནས་ཡོངས་སུ་རྫོགས་པར་འདོད་པའི་ཕྱིར་རྨད་དུ་བྱུང་བའི་གར་རྣམ་པ་སྣ་ཚོགས་པ་དང་གླ་སྟེ་གསང་གསུམ་གྱི་གླུ་དང་དེར་མ་བས་ཏེ ་གླུའི་བྱེ་བྲག་མང་པོས་རྣམ་པར་བསྐུལ་བའི་ཕྱིར། འོག་ནས་འབྱུང་བའི་གླུ་འདི་བླངས་སོ།། ཨེ་མའོ་ཡིད་བཞིན་སྐུ་མཆོག་ཉི་མ་ལྟ་བུ་ལས་ཞེས་པ་གསུངས་ཏེ། ཨ་མའོ་ཞེས་པས་ནི་ཡང་དག་པའི་ཆོས་དབྱིངས་ཀྱི་ངང་ལས་ལོངས་སྤྱོད་རྫོགས་པའི ་སྐུ་འདི་ལྟ་བུ་བྱུང་བ་ནི་ངོ་མཚར་རོ།། ཞེས་པ་ནི་དམ་པའི་ཚིག་གོ།། སྐུ་དེ་ལྟ་བུ་ལས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ཕྱིར། ཡིད་བཞིན་སྐུ་མཆོག་ཉི་མ་ལྟ་བུ་ལས་ཞེས་པ་གསུངས་པ་ཡིན་ནོ།། བཅོམ་ལྡན་འདས་དེ་ཡང་འགྲོ་བ་མཐའོ་དག་ལ་སྤྲུལ ་པོའི་ཚེ་འཕྲུལ་ཇི་ལྟར་འདུལ་བ་བཞིན་དུ་སྟོན་ཏེ་སྟོན་པའི་དུས་ན་ཡང་དབྱིངས་རྣམ་པར་དག་པོ་ལས་མ་གཡོས་ཏེ་དེའི་ཕྱིར་རྡོ་རྗེ་གརི་མཛད་ཅིང་ཞེས་གསུངས་སོ།། དེ་ལྟ་བུའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཤིན་ཏུ་བརྗིད་པའི་སྐུ་མཆིག ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་འོད་ཟེར་འབར་བས་འཁྲིགས་པའི་སྐུ་མཆོག་ཀུན་ཏུ་བཟང་མོ་བདག་ལ་བསྟུན་དུ་གསོལ།། ཨ་ལ་ལ་ཧོ་ཞེས་ཡང་ནས་ཡང་དུ་རྣམ་པར་བསྐུལ་བས། བཅོམ་ལྡན་འདས་ཀྱིས་ཡུམ་ཀུན ་ཏུ་བཟང་མོས་བསྐུལ་བར་ཐུགས་སུ་ཆུད་དེ། རོལ་པའི་སྐུ་ཞལ་གསུམ་པ་ལྟ་བུར་སྣང་བ་སྟེ། ཞལ་གསུམ་པར་སྣང་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་གསུམ་མངའ་བའི་རྟགས་སོ།། ཞལ ་གསུམ་པོ་ཡང་གཡས་དཀར་བ། གཡོན་དམར་བ། དབུས་མཐིང་ནག་དུ་བཞུགས་སོ།། གཡས་དཀར་བ་ནི་ཉོན་མོངས་པས་མ་གོས་པའི་རྟགས་སོ།། གཡོན་དམར་བ་ཐུགས་རྗེའི་སྤྱང་ཐག་གི་འགྲོ་བ་མཐའ་དག་འདྲེན་པའི་རྟགས་སོ།། དབུས་མཐིང་བ་ནི ་ཆོས་ཉིད་ལ་རྣམ་པར་རྟོག་པ་གང་གིས་ཀྱང་མ་གོས་པའི་རྟགས་སོ།། ཕྱག་དྲུག་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་མངའ་བའི་རྟགས་སོ།། གཡས་ཀྱི་དང་པོ་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་རྣམས་པ་ནི། ཡེ་ཤེས་དགུ་ལས་མངའ་བསྙེས་པའི་རྟགས་སོ།། དེ་ལྟ་བུའི ་སྐུ་འབར་བ་ལྟ་བུས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་གཟིགས་པར་འགྱུར་རོ།། དེ་ནི་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཏོ།། ད་ནི་འཁོར་སྡུད་པའི་ཏིང་ངེ་འཛིན་སྟོན་ཏེ། དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་ཏེ། ཆོས ་ཀྱི་དབྱིངས་ལས་སྐུ་ཡོངས་སུ་རྫོགས་པར་བཞེངས་པའི་དེ་མ་ཐག་པ་དེ་ནས་གོང་དུ་གསུངས་པའི་འཁོར་རྣམས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། རྟེན་ཅན་གྱི་འཁོར་བསྐྱེད་པའི་ཕྱིར་ཧཱུཾ་ཞེས་ལྟེ་བའི་དཀྱིལ་ནས་དྲངས་ཏེ་བརྗོད ་པས་གོང་མའི་འཁོར་གྱི་དཀྱིལ་འཁོར་དེ་དག་ཉིད་ཀྱི་སྐུ་ལ་བསྡུ་བ་མཛད་དོ།། བསྡུ་བ་མཛད་ནས་བདེ་བ་ཆེན་པོའི་གནས་ན་བཞུགས་པར་གྱུར་ཏོ།། དེ་ནི་འཁོར་འོག་མའི་རྒྱུའོ།། འཁོར་སྡུད་པའི་ཏིང་ངེ་འཛིན་ཏོ།། འདི་ནས་མར་ཡབ་ཀྱི་གླེང་བསླང་བ ་བསྟན་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་སྐུས་སྦྱོར་བའི་ཡན་ལག་རྣམ་པ་སྣ་ཚོགས་ཀྱི་གླུ་དང་གསང་བའི་གླུ་དང་གར་སྟེང་སྒོའི་གར་དང་ལག་པའི་གར་དང་རྐང་པའི་གར་དང་། རྐེད་པའི་གིར་དང་། སྟེག་པ་སྟེ་གནས་དགུ་རུ་སེན་མོས་བྲུད་པ་དང་། ་བསྟིམ་པ་སྟེ་ཆུ་བཞིབ་པ་དང་། སྦྱོར་བ་སྟེ་དབང་པོ་གཉིས་སྦྱོར་བ་དང་། འཁྱུད་པ་སྟེ་སྟོད་སྨད་ནས་བསྡམས་པའི་ཚུལ་གྱིས་ཡུམ་ཀུན་ཏུ་བཟང་མོ་ལ་མཛེས་པའི་ཚུལ་གྱིས་སྨིན་རིངས་བསྒྱུར་ཞིང་ཆགས་པའི་སྤྱན་ཟིམ་བག་གི་ཚུལ་གྱིས་གཟིགས ་ཏེསྤྱན་ཧ་རཾ་ཧ་ར་ལྟ་བུའི་མ་ཡིན་ཏེ་ཤིན་ཏུ་མཛེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གནས་ནས་ཅང་མི་གསུང་བར་གྱུར་ཏོ།། དེའི་དུས་སུ་ཡུམ་ཀུན་ཏུ་བཟང་མོས་ཆགས་པར་མེ་ཁྱེན་ནས་གླེང་འདི་སྐད་བསླང་ངོ་།། ཨེ་མའོ་རོལ་མོའི་ཆོ ་འཕྲུལ་འབར་བའི་སྐུ་མཆོག་ལས་ཞེས་པ་ལ་སོགས་པས་གླེང་བསླང་སྟེ་ཤིན་ཏུ་ངོ་མཚར་བའི་ཕྱིར། ཨེ་མའོ་ཆོས་ཀྱི་དབྱིངས་ལས་རོལ་པའི་ཆོ་འཕྲུལ་འོད་ཟེར་གྱིས་འཁྲིགས་པའི་ཤིན་ཏུ་མཛེས་པའི་འབར་བའི་སྐུ་མཆོག་ལས་བྱང་ཆུབ་སེམས ་ཀྱི་རང་བཞིན་ཀུན་ལ་ཁྱབ་པའི་བྱིན་བརླབས་ཏེ། གང་ནས་ཇི་ལྟར་གནས་པ་བསྟན་ཏེ། སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པ་དང་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པ་དང་། ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདབ་མ་བཅུ་དྲུག་པ་དང་། ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའི་དཀྱིལ་ན། བྱང་ཆུབ་སེམས་བཞུགས་པ་དེའི་མཚན་ཉིད་ལ་རྡོ་རྗེ་ཞེས་བྱ་སྟེ་དེ་གནས་ནས་བསྐྱེད་པར་བྱེད་པའི་རྐྱེན་ཕྱག་རྒྱ་བཞིའི་གར་མཛད་ཅིང་ཞེས་སོ།། བྱང་ཆུབ་སེམས་ང ་གཤེགས་པའི་གནས་པ་བསྟན་པའི་ཕྱིར་གསང་བའི་བྷ་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་བྷ་ག་ནི་ཡུམ་གྱི་པདྨ་སྟེ། ཐབས་ལས་ཁྱད་པར་དུ་འཕགས་པའི་གནས་ཏེ། བཅོམ་ལྡན་འདས་ཀྱི་བཞུགས་གནས་ཤིན་ཏུ་ཡངས་པའི་མཁའ་དཀྱིལ ་དུ་བཅོམ་ལྡན་འདས་ཀྱིས་བདག་རེ་བ་བསྐོངས་པའི་ཡང་དག་པའི་བདུད་རྩི་ཆར་ཆེན་པོ་བཅོམ་ལྡན་འདས་ཀྱིས་བདག་ལ་དབབ་ཏུ་གསོལ་ལོ་ཨ་ལ་ལ་ཧཾ།། ཞེས་རྣམ་པར་བསྐུལ་ལོ་ཞེས་པ་སྟེ། ཡུམ་གྱིས་གླེང་བསླང་བའོ།། དེ་ནས་ཡབ་ཀྱི་གླེང་བསླང ་བའི་ཕྱིར། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་གླུ་འདི་བླངས་སོ་ཞེས་པར་འབྲེལ་ཏོ།། གང་བླང་ཞེ་ན། འོག་ནས་འབྱུང་བ་འདི་ལྟ་སྟེ། ཨ་ཧོ་བདེ་མཆོག་འདུ་འབྲལ་མེད་པའི་དབྱིངས་ཉིད་ནི། ཞེས་པ་ལ ་སོགས་པ་གསུངས་ཏེ། དེའི་དོན་ཐུགས་སུ་ཆུད་ཅིང་རིག་པ་ལ་མངའ་བའི་ཕྱིར་ཨ་ཧོ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་བདེ་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་བདེ་མཆོག་གོ།། དེའི་གནས་འདུ་འབྲལ་མེད་པ་ནི་ཡུམ་གྱི་པདྨ་སྟེ་དབྱིངས་ཉིད་དོ།། ་དེ་ལྟ་བུའི་གནས་ཤིན་ཏུ་མཛེས་པའི་ཕྱིར་འཛུམ་པ་སྟེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པས་འཁྲིལ་པ།། ཉོན་མོངས་པས་མ་གོས་པས་པདྨ་ཤིན་ཏུ་ཡངས་པས་བྷ་ག་སྟེ། དེ་ལྟ་བུའི་གནས་སུ་ཆགས་པའི་ཕྱིར། རུ་ཞེས་གསུངས་ཏེ། དེ་ལྟ་བུ་རུ་གསང་བའི ་རྡོ་རྗེ་བཞུགས་པར་བྱ་བའི་དགའ་མཆོག་རྡོ་རྗེ་གསང་བའི་བྱང་ཆུབ་སེམས་ཞེས་པ་ལ་སོགས་པ་གསུངས་ཏེ། དགའ་མཆོག་ཅེས་པ་ནི་དགའ་བ་རྣམ་པ་བཞི་སྟེ། དགའ་བ་དང་མཆོག་ཏུ་དགའ་བ་དང་། རང་བཞིན་གྱིས་དགའ་བ་དང་། བྲལ་བའི་དགའ་བ་དང ་བཞིའོ།། རྡོ་རྗེ་སྟེ་གསང་བའི་རྡོ་རྗེ་སྟེ་རྣལ་འབྱོར་ཕྱི་བ་ལ་མེད་པས་ན་གསང་བའོ།། བྱང་ཆུབ་ཀྱི་སེམས་གཤེགས་པའི་ཤུལ་དང་། དགའ་བ་བཞི་ཉམས་སུ་མྱོང་བའི་གནས་ཡིན་པ་དང་། ཁུ་བ་དང་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་དགའ་བའི་གནས་ཡིན ་པས་ན་རྡོ་རྗེ་ཞེས་བྱའོ།། བདེ་བ་ཆེན་པོའི་གནས་ནས་དྲི་མ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་དགའ་བ་བཞི་དང་ལྡན་ཏེ་རྡོ་རྗེའི་རྩ་བ་དང་དབུས་དང་རིན་པོ་ཆེའི་གནས་ནས་འོང་བ་དང་ནི་སོས་ཀྭའི་ཆར་བཞིན་དུ་རྡོ་རྗེའི་རྩེ་མོ་ནས་འབབ་སྟེ་བྲལ་བའི་དགའ་བའོ།། ་དེ་གང་དུ་འབབ་ཅེ་ན། རྒྱུན་མི་འཆད་པར་ཡུམ་གྱི་པད་མ་ལ་འབབ་པའོ།། རྒྱུན་མི་འཆད་ན་འོ་ན་ཅི་རྟག་པར་ཆུ་བོ་ཆེན་པོ་རྒྱུན་བཞིན་དུ་འོང་ངམ་ཅི་ཞེས་བརྒལ་བ་དང་། འོན་ཏེ་དེ་ལྟར་ནི་མ་ཡིན་ཏེ། རྟག་པར་འབབ་པ་ཞིག་ཡིན་ན་ནི་རླུང་ལ་སོགས་པའི ་རྐྱེན་གྱིས་བྱ་རྒྱུ་མེད་དེ་དེ་བས་ན་རྟག་ཏུ་འབབ་པ་ནི་མ་ཡིན་ནོ།། བརྒལ་བ་འོ་ན་གཞུང་ཉིད་ལས་ཀྱང་སོས་ཀྭའི་ཆར་བཞིན་དུ་རྒྱུན་མི་འཆད་པར་འབབ་བོ་ཞེས་ཟེར་ན་ཁྱོད་ཀྱི་དེ་ལྟར་མ་ཡིན་ན་ནི་གཞུང་དང་འགལ་ལོ་ཞེ་ན། འོན་ཏེ་དེ་ལྟར་མ་ཡིན་ཏེ་སོས ་ཀ་ཞེས་སྨོས་པ་ནི་སོས་ཀའི་དུས་ཀྱང་ཉམས་དགའ་བའི་དུས་ཏེ། བྱང་ཆུབ་སེམས་ཀྱང་འབབ་པའི་དུས་ན་མི་དགའ་བ་ལྟ་བུ་མ་ཡིན་ཏེ་ཉམས་དགའ་བའི་ཕྱིར་མཐུན་པའི་དཔེས་སོ།། ཞེས་སྨོས་པ་ཡིན་ནོ།། ཆར་བཞིན་དུ་ཞེས་པ་ནི་སོས་ཀའི་ཆར་པ་ཡང་རྒྱ ་མཚོའི་རླངས་པས་བསྐྱེད་དེ་བསྐྱོད་ནས་འབབ་པ་མ་ཡིན་པ་དུས་རྟག་ཏུ་ནི་འབབ་པ་མ་ཡིན་ནོ།། དེ་བས་ན་བྱང་ཆུབ་སེམས་ཀྱང་རྐྱེན་རྣམ་པ་གཉིས་ཀྱིས་བསྐྱོད་པའི་དུས་སུ་འབབ་དུས་རྟག་ཏུ་འབབ་པ་ནི་མ་ཡིན་ནོ།། བརྒལ་བ་འོན་ཏེ ་ཁྱོད་ཀྱིས་དེ་ལྟར་ཡིན་ན་རྒྱུན་མི་འཆད་ཟེར་བ་དང་འགལ་ལོ།། མི་འགལ་ཏེ་རྒྱུན་མི་འཆད་ཟེར་བ་ནི་བྱང་ཆུབ་ཀྱི་སེམས་དེའི་མཚན་ཉིད་ཡེ་ནས་མ་བཙོས་པ་ཞེས་པ་དང་། བརྗོད་པའི་མཐའ་ལས་འདས་པ་ནི་དུས་གསུམ་དུ་རྟག་ཏུ་གནས་པ་ཡིན་པས་ན་དེ་ལ ་དགོངས་ནས་གསུངས་པ་མི་འགལ་ལོ།། ཞེས་ཐེ་ཙོམ་གཅད་དོ།། དེའི་དོན་ལ་དམ་པའི་ཕྱིར་ཧོ་ཞེས་ཐབས་མཆོག་ཡབ་ཀྱིས་གསུངས་སོ།། དེ་ནས་ཡང་བྱང་ཆུབ་ཀྱི་སེམས་དེ་ལ་ཡུམ་གྱིས་གླེང་བསླང་བའི་ཕྱིར། དེ་ནས་ཆགས་པ་ཡུམ་གྱི་བྱང་ཆུབ་སེམས་ཀྱི ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་གསལ་ལོ།། ཆགས་པ་སྟེ་ཡུམ་ཡབ་ཀྱི་རྗེས་སུ་ཆགས་པས་ན་ཆགས་པའོ།། ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཐུགས་སུ་ཆུད་ནས། དེའི་དོན་གྱི་ཐབས་མཆོག་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ལ་བསྐུལ་བའི་ཆོ ་འཕྲུལ་གྱི་སྒྲ་འོག་ནས་འབྱུང་བ་འདི་སྐད་བསྒྲགས་སོ།། ཨ་ཧོ་ཆགས་པ་ཆེན་པོ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཞེས་པ་ལ་ཨ་ཧོ་ཞེས་པ་ནི་ཨེ་ཉིད་ཆོས་ཉིད་ཡེ་ནས་སྐྱེ་བ་མེད་པ་ལ་ཧོ་སྟེ་ཆགས་པའོ།། ཉོན་མོངས་པའི་དབང་ལ་ཆགས་པ་མ་ཡིན་པའི་ཕྱིར ་ཆེན་པོའོ།། ཕྱི་དང་ནང་དུ་སྣང་བའི་ཆོས་དབང་དུ་བསྡུས་པས་དབང་། གཉིས་མེད་པའི་ཡེ་ཤེས་སུ་འགྱུར་བས་བྱང་ཆུབ་ཀྱི་སེམས་དེ་ལྟ་བུའི་བྱང་ཆུབ་སེམས་དེ་ལས་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱང་དེ་ལས་བསྐྱེད་ཅིང་ཀུན་གྱི་འབྱུང ་གནས་སུ་གྱུར་པའི་ཕྱིར་རྩ་བ་ནི་མཆོག་གོ།། ཡུམ་གྱི་སེམས་ང་ལ་འཁོར་བའི་སྐྱོན་གང་གིས་ཀྱང་མ་གོས་པའི་ཕྱིར་དྲི་མེད་སྐྱོན་བྲལ་ཞེས་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྟེན་གནས་དེའི་དབྱིབས་པད་མར་གནས་པའི་ཕྱིར་པདྨ། པདྨ་དེའི་རྒྱུ ་འབྲུ་ནས་བྱང་ཆུབ་སེམས་འོད་ཟེར་གྱི་ཚུལ་དུ་བྱུང་སྟེ། དེའི་གནས་སུ་ཐབས་མཆོག་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་མུ་ཏིག་དཀར་པོ་དྲི་མ་མེད་པ་ཉོན་མོངས་པ་གསལ་བའི་ཕྱིར་བསིལ་བའི་འོད་ཟེར་བདོག་གིས་པད་མའི་འོད་ཟེར་འབྲུ་ལ་སྤྱི་རུ་གསོལ་ཏོ།། ་ཞེས་མཚན་ཉིད་ཀྱི་སྒོ་ནས། ཀླུང་བསླང་བའོ།། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ལ་གླིང་བསླང་བའི་ཕྱིར། ཡང་ཐབས་མཆོག་ཡབ་ཀྱི་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་སྐད་ཅེས་བསྒྲགས་སོ།། ཞེས་པར་འབྲེལ་ཏེ། ཨ་ཧོ་གསལ་ཞིང་དག ་པའི་ཟླ་བའི་དཀྱིལ་འཁོར་ནི་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་དེ་རང་བཞིན་གྱིས་གསལ་བས་ན། གསལ་ཞིང་རྣམ་པར་རྟོག་པའི་སྐྱོན་གྱིས་མ་གོས་པས་དག་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཁ་དོག་དཀར་པོར་ཡོད་པས་ཟླ་བའི་དཀྱིལ་འཁོར་དེ་ནི་སྐྱོན་གྱིས ་མ་གོས་པ་ཡེ་ནས་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་དེ་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཇི་ལྟར་གནས་པར་ཐུགས་སུ་ཆུད་དེ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ནི་བསལ་བ་སྟེ། འོད་ཟེར་གྱི་ཚུལ་དུ་ཡུམ་གྱི་པད་མའི་ཟེ་འབྲུའི་གནས་སུ་བྱང ་ཆུབ་ཀྱི་སེམས་སྤྲོ་བར་བྱའོ།། ཧོ་ཞེས་རྣམ་པར་བསྐུལ་ལོ།། དེ་ལྟར་ཡབ་ཡུམ་གཉིས་ཀྱིས་གླེང་བསླང་ནས་བྱང་ཆུབ་ཀྱི་སེམས་གནས་སུ་དྲངས་ནས་སྤྲོ་བ་དང་བསྡུ་བའི་ཏིང་ངེ་འཛིན་འདི་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཞེས་པ་དང་། ་འདི་སྐད་བརྗོད་དོ་ཞེས་པ་ནི་གོ་སླའོ།། ཨེ་མའོ་བདེ་མཆོག་བདེ་བའི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གནས་ནས་གྲངས་ནས་བདེ་བ་རྙེད་པ་དེ་ནི་བདེ་བ་ཀུན་གྱི་མཆོག་ཡིན་ཏེ། དེ་རྡོ་རྗེ་ལས་ཕར་ཡུམ་གྱི་པདྨར་སྤྲོས། ཡུམ་གྱི་བ་སྤུའི་བུ་ག ་ནས་པར་བྱང་ཆུབ་ཀྱི་སེམས་རབ་ཏུ་སྤྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཕོག་པས་ཉོན་མོངས་པ་ཐམས་ཅད་དག་པར་བྱས་པ་ལ་འགྲོ་བ་ཀུན་གྱི་རྒྱུད་སྦྱངས་ཏེ་ཞེས་དུས་དེ་ཉིད་ཀྱི་སྐབས་སུ་དུས་གསུམ་གྱི་སངས་རྒྱས ་ཀུན་གྱི་ཐུགས་ལ་ཕོག་པས་བྱང་ཆུབ་ཀྱི་སེམས་མཆོད་པ་ཕུལ། སླར་སངས་རྒྱས་ཀྱི་འོད་ཟེར་བསྐུལ་ཞིང་སླར་ཡུམ་གྱི་དབྱིངས་སུ་འདུས་ཤིང་ཐིམ་པ་ལས་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་སུ་ཡུམ་གྱི་པདྨ་ལ་གསལ་བར་གྱུར་ཏེ། དེས་དེ་ཉིད་དུ ་ཐིག་ལེའི་འོད་ཀྱིས་ཀུན་ནས་ཁྱབ་པས་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ལ་ཁྱབ་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་དེས་འགྲོ་བ་རྣམས་སྦྱངས་པ་རྣམས་དེའི་ཚེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས ་ཅད་བྱང་ཆུབ་ཀྱི་སེམས་འབའ་ཞིག་དུ་གནས་སོ།། དེ་ལྟར་རྟེན་ཅན་གྱི་རྒྱུ་བསྒྲུབས་ནས་ཐོག་མ་ཉིད་དུ་བསྙེན་བསྒྲུབ་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་བཅོམ་ལྡན ་འདས་ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་ཚུལ་དུ་བཞུགས་པ་དེ་མ་ཐག་པ་དེ་ནས་རྟེན་གྱི་དཀྱིལ་འཁོར་བསྐྱེད་དེ། བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་པའི་སྐུ་ལས་འོད་ཟེར་ལས་ཡི་གེ་ཨ་འཕྲོས་པ་ལས། ཨ་དེ་ཡོངས་སུ་གྱུར་པ་ལས ་ཆོས་འབྱུང་བའི་ཕྱག་རྒྱར་གསལ་ཏེ། ཡུམ་ཀུན་ཏུ་བཟང་མོའི་མཁའི་རང་བཞིན་གྲུ་གསུམ་པ་ད། སྟེང་ནས་སྟེང་དུ་ཡོངས་སུ་རྒྱས་པའི་འཕྲ་ལ་གཏིང་ཟབ་པའོ།། དེའི་ནང་དུ་རིག་པའི་བྱིན་བརླབས་ལས་ཡི་གེ་ཡཾ་སྔོན་པོ་འཕྲོས་པ་ལས། ཡོཾ་དེ་ཡོངས་སུ་གྱུར ་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་དབྱིབས་སྦྱངས་ཀྱི་ཞལ་ལྟ་བུ་ཕྱོགས་བཞིན་བ་དན་བཞིས་མཚན་བཅིས་ཀྱང་མི་ཤིགས་པའོ།། དེའི་སྟེང་དུ་གོང་མ་ཇི་ལྟ་བ་བཞིན་དུ་རཾ་དམར་སེར་འཕྲོས་པ་ལས་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུཾ ་པའོ།། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་དབྱིབསོ་ཟླུམ་པོ།། ཁ་དོག་དཀར་པོའོ།། དེའི་སྟེང་དུ་སུ་སེར་པོ་ལས་གསེར་གྱི་ས་གཞིའོ།། དེའི་སྟེང་དུ་ལཾ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་རབ་ཟུར་བརྒྱད་པ་ཞིག་བསྐྱོད་དེ། འབྱུང་བ་བཞི་ནི་ཡུམ་སངས ་རྒྱས་སྤྱན་ལ་སོགས་པའི་རང་བཞིན་དེ་དེའི་ཕྱིར་བཙུན་མོའི་བྷ་ག་ཞེས་གསུངས་ཏེ། དེ་ལས་རྟེན་གྱི་རང་བཞིན་གྲུབ་པ་བྱ་བའི་ཕྱིར། དམ་ཚིག་ཆེན་པོའི་ཕོ་བྲང་གྲུ་བཞི་པར་བྱིན་གྱིས་བརླབ་པའི་ཕྱིར། ཉིད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་ལས་འདི་ཕྱུང་། ་ཞེས་པ་སྟེ། གང་ཕྱུང་ཞེ་ན་ཡི་གེ་བྲུཾ་འདི་རི་རབ་ཀྱི་སྟེང་དུ་རི་རབ་ལས་ཕྱུང་སྟེ་བཞག་པ་ལས་དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ་འཁོར་ལོ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཀྱི་སྐུར་གྱུར་ཏེ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས ་པའི་གཞལ་ཡས་ཁང་གི་རང་བཞིན་ཀུན་བསྡུས་ནས་སླར་ཉིད་ཀྱི་སྐུ་ལ་བཞུགས་པས་སྐུ་ཉིད་ཀྱང་འོད་དུ་འུ། རླུང་དང་མེས་གཞུ་སྟེ་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་ཏོ།། དེ་ལས་གཞལ་ཡས་ཁང་དཔག་ཅིང་གཞལ་བ་ལས་འདས་པ། སངས་རྒྱས་དང་སེམས་ཅན་མཉར ་བའི་ཕྱིར་ཟུར་བཞིར་བྱུང་བ་ལ་སོགས་པའི་ཡོན་ཏན་འོག་ནས་འབྱུང་བས་བརྒྱན་པ། ཀ་བ་བརྒྱད་ཀྱིས་བཏེག་པ་ལ་སོགས་པའི་ཕོ་བྲང་དེའི་ནང་ནས་སེང་གེ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སེམས་ཅན་ལྔའི་ཁྲི ་སྟངས་ནས། ཉི་མ་དང་ཟླ་བ་དེའི་སྟེང་ན་པདྨ་དེའི་སྟེང་ན་རིན་པོ་ཆེ། རང་བྱུང་དུ་གྲུབ་པའི་གཞལ་ཡ་ས་ཁང་། དེ་ལ་འདི་སྐད་ཅེས་གསུངས་སོ།། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནས། སྣ་ཚོགས་སངས་རྒྱས་ཀུན་གྱི་གནས་ཞེས ་གསུངས་སོ།། ཞེས་པའི་བར་གྱིས་སྟོན་ཏེ་གོ་སླའོ།། དེ་ནས་གཞལ་ཡས་བསྐྱེད་པའི་དེ་མ་ཐག་པ་དེ་ནས་ཡང་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའི་ཞལ་ནས། སྟི་ཏ་བཛྲ་ཨ་ཞེས་བརྗོད་དེ། དཀྱིལ་འཁོར་ཆེན་པོ་དབུས་ཀྱི་གདན ་སྟེངས་སུ་བཞུགས་པར་འགྱུར་རོ།། དེ་ལྟར་ཡུམ་ཀུན་ཏུ་བཟང་མོ་ཡང་འོ་ཁྲོལ་བའི་ཚུལ་གྱིས་གཉིས་སུ་མེད་པར་བཞུགས་སོ།། དེ་ནས་ཡང་འཁོར་བསྐྱེད་པའི་ཏིང་ངེ་འཛིན་བསྟན་ཏེ་དེའི་ཕྱིར། དེ་ནས་ཡང་གཉིས་སུ་མེད་པའི་ཞེས་པ ་ཡེ་སོགས་པ་གསུངས་ཏེ། ཊཱི་གམ་བྱང་ཆུབ་ཀྱི་སེམས་ཇི་སྐད་བརྗོད་པའི་དེ་མ་ཐག་པའི་དེ་ནས་འཁོར་བསྐྱེད་དེ། ཡུམ་གྱི་མཁའ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་དེ་གནས་པ་དེ་ལོས། ཕྱོགས་དང་མཚམས་སུ་ཡི་གེ་རི་ངོ་བོར ་གྱུར་ཏེ་དབུས་སུ་ཐ་གཉིས་ཟེ་འབྲུ་ལའོ།། ཤར་ཕྱོགས་སུ་ཏ་གཉིས། ལྷོ་ཕྱོགས་སུ་ད་གཉིས། ནུབ་ཕྱོགས་སུ་དྷ་གཉིས། བྱང་ཕྱོགས་སུ་ན་གཉིས། དྲག་པོ་དང་ཐུང་ངུ་གཉིས་ཏེ། རིགས་ལྔའི་ས་བོན་ནོ།། ཤར་ཕྱོགས་སུ་ཀ། ལྷོ་ཕྱོགས་སུ་ཁ། ་ནུབ་ཕྱོགས་སུ་ག་ཐུང་ངུ། བྱང་ཕྱོགས་སུ་ག་རིང་པོ།། དེ་ནི་ཕྱོགས་ཀྱི་སེམས་དཔའ་རྣམས་ཀྱི་ས་བོན་ནོ།། ཤར་ལྷོ་མཚམས་སུ་ས། ལྷོ་ནུབ་མཚམས་སུ་ཕ། ནུབ་བྱང་མཚམས་སུ་བ་ཐུང་ངུ།། བྱང་ཤར་མཚམས་སུ་བ་རིང་པོ་སྡེ་འདི་དག་ནི ་མཚམས་ཀྱི་སེམས་དཔའི་ས་བོན་ནོ།། ཡང་ཤར་ཕྱོགས་སུ་ཙ། ལྷོ་ཕྱོགས་ས་ཚ། ནུབ་ཕྱོགས་སུ་ཛ་ཐུང་ངུ། བྱང་ཕྱོགས་སུ་ཛ་རིང་པོ་སྟེ། དེ་ལ་སོགས་པ་ཕྱོགས་ཀྱི་སེམས་མ་ཡུམ་གྱི་ས་བོན་ནོ།། ཤྭར་ལྷོ་མཚམས་སུ་ཡ། ལྷོ་ནུབ་མཚམས ་སུ་ར་ནུབ་བྱང་མཚམས་སུ་ལ། བྱང་ཤར་མཚམས་སུ་ཤཱ། སྟེང་དུ་སཽ་ལ་སོགས་པའི་ས་བོན་ཏེ་མཚམས་ཀྱི་སེམས་དཔའི་ཡུམ་རྣམས་སོ།། ཤར་ཕྱོགས་པ། ལྷོ་ཕྱོགས་ཉ། ནུབ་ཕྱོགས་སུམ། བྱང་ཕྱོགས་སུ་ས་སྟེ་སྒོ་བ་བཞིའི་ས་བོན་ནོ།། དེ ་ལྟར་ཡི་གེའི་དངོས་པོ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དང་འཁོར་ལོ་དང་། རིན་པོ་ཆེ་དང་པདྨ་དང་། རལ་གྲི་ལ་སོགས་སོ་སོའི་ཕྱག་མཚན་དུ་གྱུར་ཏོ།། ཕྱག་མཚོན་དེ་ཡོངས་སུ་གྱུར་པ་ལས། ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན་དུ་གྱུར་ཏེ། ་གཙོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསང་བའི་སྙིང་པོ་འདི་བརྗོད་དོ།། ཧཱུཾ་བཛྲ་དྷྲྀག་དེ་བརྗོད་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཞེ་སྡང་ཆེན་པོའི་སྐུར་རྗེས་སུ་དྲན་དེ། སྐུར་གྱུར་ཏོ།། ཞེས་བཤད་པ་ཆོ་ག་གསུམ་གྱིས ་དོན་འདི་ནས་མར་བསྟན་ཏེ་དེའི་ཕྱིར། སྔགས་ཀྱི་ཡི་གེ་འཕྲོས་འདུས་པ་ལས་ཞེས་ཞུས་པ་ལ་སོགས་པ་བསྟན་ཏེ། སྔགས་ཀྱི་ཡི་གེ་ཞེས་པ་ནི་ཐའོ།། དེ་འཕྲོས་འདུས་པའི་ཡིག་འབྲུ་ལས་ཆོ་འཕྲུལ་གྱི་སྒྲ་འོག་ནས་འབྱུང་བ་འདི་སྐད་ཅེས ་བསྒྲགས་སོ།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྣམ་པར་དག་པའི་རང་བཞིན་ཡི་གེའི་གཟུགས་སུ་གནས་པ་དེའི་ཕྱིར། ཨེ་མའོ་ཞེས་པ་ནས་བསྒྲགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རིགས་ནི་ཞེ་སྡང་གི ་སངས་རྒྱས་རྣམས་ཀྱིས་གསུང་ངོ་།། དེ་ནས་ཐུགས་ཀྱི་ཆོ་ག་བསྟན་ཏེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ངོ་བོ་རྡོ་རྗེའི་རང་བཞིན་དུ་གྱུར་ཏོ།། དེའི་མཚན་ཉིད་བསྟན་པའི་ཕྱིར་དེ་ནས་སྙིང་པོ་ཡི་གེ་དེ་ཞེས་པ་ནས་ཐུགས་ནི་བསྟེན་པའོ།། ་ཞེས་པའི་བར་གྱིས་བསྟན་པའོ།། དེ་ནས་ཡི་གེ་རྡོ་རྗེའི་བུམ་པའི་ནང་ན་ཡོད་པ་ལས། རྡོ་རྗེར་འཕྲོས་སྐུར་འདས་པ་ལས་འོད་ཀྱི་གོང་བུར་གྱུར་ཏེ་དེའི་སྐབས་སུ་གོང་དུ་གསུངས་པའི་སྔོགས་ཧཱུཾ་བཛྲ་དྷྲྀག་བརྗོད་པས་སྐུ་ཡོངས་སུ་རྫོགས་ཏེ། འཇིག ་རྟེན་གྱི་ཁམས་སུ་གསང་བའི་དཀྱིལ་འཁོར་ནས། འཐོན་ཏེ་སྤྲོས་པས་སེམས་ཅན་ཞེ་སྡང་ཅན་གྱི་རྒྱུད་སྦྱངས་ནས་སླར་འདུས་པ་ལས། ཨ་ཞེས་བརྗོད་པས་གཙོ་བོ་ཉིད་ལ་ཐིམ་པར་གྱུར་ཏོ།། དེའི་ཕྱིར་དེ་ནས་ཐུགས་དེ་ཉིད་ཅེས་པ་ནས་བདག་པོ ་སྐུ་གསུང་ཐུགས་ཉིད་ལ་བཞུགས་སོ།། ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའོ།། རིང་ཇི་ལྟར་རྒྱས་པར་བསྟན་པ་བཞིན་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ།། དེ་ནས་དང་པོའི ་བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། དེ་ནས་གཉིས་སུ་མེད་པའི་ཞེས་པ་ནས་སྙོམས་པར་ཞུགས་ནས་ཞེས་པའི་བར་གྱིས་བསྟན་ཏོ།། སྐུ་ཡོངས་སུ་རྫོགས་པར་བྱ་བའི་རྐྱེན་གྱིས་བསྟན་པའི་ཕྱིར། ཉིད་ཀྱི་སྐུ་གསུང་ཐུགས་ཞེས་པ་ནས ་གཏི་མུག་ཆེན་པོའི་སྐུ་རྗེས་སུ་དྲན་ཏེ། ཞེས་པའི་བར་གྱིས་བསྟན་ཏོ།། གཏི་མུག་ཆེན་པོའི་གསུང་གི་མཚན་ཉིད་བསྟན་པའི་ཕྱིར། གསུང་ཡིག་འབྲུ་ལས་ཞེས་པ་ནས་གསུང་དྲི་མ་མེད་ཅེས་པའི་བར་གྱིས་བསྟན་ཏོ།། ཡི་གེ་དེ་ཡོངས་སུ་གྱུར་པ་ལས། ་ཐུགས་མཚན་འཁོར་ལོར་གྱུར་པ་བསྟན་པའི་ཕྱིར། སྙིང་པོའི་ཡི་གེ་ཞེས་པ་ནས་ཟུར་བརྒྱད་པ་ལྟ་བུ་ཞེས་པའི་བར་གྱིས་བསྟན་ཏོ།། གཙོ་བོའི་ཡོན་ཏན་གྱི་སྒོ་ནས་ཇི་ལྟར་འབྱུང་བ་བསྟན་པའི་ཕྱིར། དེའི་ཚེ་འཁོར་ལོ་ཞེས་པ་ནས་སྐུའི་ཐུགས་ནི་བསྟན ་པའོ།། ཞེས་པའི་བར་གྱིས་བསྟན་ཏོ།། དེ་ནས་འཁོར་ལོ་དེ་ཡོངས་སུ་གྱུར་པ་ལས་སྔགས་གོང་མ་བརྗོད་པ་ལས་སྣང་མཛད་ཆེན་པོའི་སྐུ་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཡས་ན་འཁོར་ལོ་གཡོན་ན་དྲིལ་བུ་རྣམས་ཏེ་གསང ་བའི་དཀྱིལ་འཁོར་ནས་འཐོན་ཏེ་འཕྲོ་བ་དང་འདུས་པས་གོང་མ་བཞིན་དུ་བྱས་ཏེ། ཨ་ཞེས་བརྗོད་པས་ཤར་ཕྱོགས་སུ་བཞུགས་སོ།། སྐུ་ལྔ་ལས་ནི་ཕུང་པོ་རྣམ་པར་དགྲ་པའི་སྐུ་སྟེ། བྱང་ཆུབ་ཀྱི་སེམས་དེས་ཕྱི་དང་ནང་དུ་སྣང་བ་ཐམས་ཅད ་ལ་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ།། གཙོ་བོའི་བྱང་ཆུབ་ཀྱི་སེམས་དེ་ལས་དགོས་འདོད་རེ་བ་ཡིད་བཞིན་དུ་སྟོང་བ་དེའི་ཕྱིར།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་རིན་ཆེན་དཔལ་ཞེས་པ་ན་ཡོན་ཏཱན་ཕྱག་རྒྱ ་བསྟན་པ་དང་། གཡས་ཕྱོགས་སུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། སྐུ་མདོག་ནི་སྔོ་བས་ངེས་ཕྱག་གཡས་ན་རིན་པོ་ཆེ་གཡོན་ན་དྲིལ་བུའོ།། ཕུང་པོ་ལྔ་ལས་ཚོར་བའི་ཕུང་པོ་རྣམ་པར་དག་པའོ།། དེ་ནས་ཡང་བྱང་ཆུབ་ཀྱི་སེམས་ཀྱི ་མཚན་ཉིད་ཀྱིས་ཕྱི་དང་ནང་དུ་སྣང་བ་ལས་མཐའ་ཡས་པར་ཁྱབ་པས་སྣང་བ་མཐའ་ཡས་ཏེ་དེ་བསྟན་པའི་ཕྱིར། གསལ་བའི་སྒྲོན་མ་ཞེས་བྱ་བ་ནས། ཨེ་ཞེས་པ་བརྗོད་ཅིང་རྒྱབ་ཕྱོགས་སུ་བཞུགས་སོ།། ཞེས་བྱ་བའི་བར་གྱིས ་བསྟན་ཏེ། དེ་ཡང་སྐུ་མདོག་དམར་པོ་ཕྱག་གཡས་ནི་པདྨ་གཡོན་ན་དྲིལ་བུའོ།། ཕུང་པོ་ལྔ་ལས་ནི་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའོ།། དེ་ནས་ཡང་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་འདུས་ཤིང་ཡེ་ནས་རྣམ་པར ་དག་པར་བྱས་ཏེ། འདི་ནི་བྱས་སོ།། འདི་ནི་མ་བྱས་སོ།། ཞེས་བྱ་བ་མེད་དེ་ཐམས་ཅད་ཀྱི་དོན་གཅིག་གི་ངང་དུ་བསྒྲུབས་ཏེ་བསྟན་པའི་ཕྱིར་རྡོ་རྗེ་འཕྲོ་བ་ཞེས་བྱ་བ་ནས་ལས་ཀྱི་ཕྱག་རྒྱ་བསྟན་པའོ་ཞེས་པ་དང་། གཡོན་ཕྱོགས་སུ་བཞུགས་སོ་ཞེས་པའི་བར ་གྱིས་བསྟོན་ཏོ།། སྐུ་མདོག་ནི་ལྗང་གུ་ཕྱག་གཡས་ནཱ་རལ་གྲི་གཡོན་ན་དྲིལ་བུའོ།། ཕུང་པོ་ལྔ་ལས་ནི་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པོའོ།། དེ་ནས་བྱང་ཆུབ་ཀྱི་སེམས་དེ་ནི་གང་གི་ངོ་བོར་ཡང་མ་གྲུབ་པར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས ་པ་ནས་ན་མཁའ་ལྟ་བུའོ་ཞེས་པ་དང་རྡོ་རྗེ་འཛིན་པའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་སོ།། ཞེས་པའི་བར་གྱིས་བསྟན་ཏེ་སྐུ་མདོག་ཡབ་དང་མཐུན་ཕྱག་གཡས་གཙོ་བོ་ལ་འཁྱུད་གཡོན་བགྲང་འཕྲེང་ངོ་།། འབྱུང་བ་ལྔ་ལས་ནི་ན་མཁའི་རང་བཞིན་ནོ།། དེ ་ནས་བྱང་ཆུབ་ཀྱི་སེམས་དེ་ནས་དུས་གསུམ་དུ་རྣམ་པར་རྟོག་པ་གང་གིས་ཀྱང་བསྐྱོད་པ་མ་ཡིན་ཞིང་བསྟན་པར་བསྟན་པའི་ཕྱིར་བསྟན་པ་ཞེས་པ་ནས་སྣང་མཛད་སེམས་པའི་སྐུ་ལ་འཁྲིལ་པའི་ཚུལ་གྱིས་བཞུགས་སོ།། ཞེས་པས་བསྟན་ཏེ་སྐུ་མདོག་གཙོ ་པོ་དང་མཐུན་གཡས་དྲིལ་བུ་གཡོན་ཕྲེང་བ་ཀུན་ལ་ཤེས་པར་བྱའོ།། འབྱུང་བ་ལས་ནི་སའི་རང་བཞིན་ནོ།། བྱང་ཆུབ་ཀྱི་སེམས་དེའི་ངང་དུ་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་སྡུད་པས་ན་དེའི་མཚན་ཉིད་བསྟན་པའི་ཕྱིར་སྡུད་མ་རྡོ་རྗེ་ཞེས་པ་ནས། རིན་ཆེན་སེམས ་མའི་སྐུ་ལ་ཞེས་པའི་སར་གྱིས་བསྟན་ཏེ། འབྱུང་བ་ལས་ནི་ཆུའི་རང་བཞིན་ནོ།། དེ་ནས་ཡང་བྱང་ཆུབ་ཀྱི་སེམས་དེས་ཉོན་མོངས་པ་སྲོག་ཅིང་ཡང་དག་བའི་དབྱིངས་སུ་སྨིན་པར་བསྟན་པའི་ཕྱིར། འབར་བའི་ཞེས་པ་ནིས་ཆོས་ཀྱི་སེམས་པའི་སྐུ་ལ་ཞེས་པའི ་བར་གྱིས་བསྟན་ཏེ། འབྱུང་བ་ལྔ་ལས་མེའི་རང་བཞིན་ནོ།། དེ་ནས་ཡང་བྱང་ཆུབ་ཀྱི་སེམས་ངོའི་ངང་དུ་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་ལ་ཐུགས་རྗེས་གཡོས་ཤིང་སྡུད་པས་ན། དེ་བསྟན་པའི་ཕྱིར་གཡོ་བ་རྡོ་རྗེ་ཞེས་བྱ་བ་ནས་ལས་ཀྱི་སེམས་པའི་སྐུ་ལ་ཞེས ་པའི་བར་གྱིས་བསྟན་ཏེ། དེ་ལྟར་འབྱུང་བ་རླུང་གི་རང་བཞིན་ཏེ་དེ་ལྟར་འབྱུང་བ་ལྔ་དང་རིགས་ལྔའི་མཚན་ཉིད་ཇི་ལྟར་ཡིན་པ་བསྒོམས་ན། ཇི་ལྟར་འདོད་པ་བཞིན་དུ་འགྲུབ་བོ།། དེ་ནས་བྱང་ཆུབ་ཀྱི་སེམས་དེ་ན་མཁའི་མཚན་ཉིད་དུ་གནས་པས་ན་ན་མཁའི་སྙིང་པོ ་བྱང་ཆུབ་ཀྱི་སེམས་དེ་མཐའ་གཉིས་སུ་མི་ལྡང་ཞིང་ཡང་དག་པར་མ་བསྟན་པས་ན་སའི་སྙིང་པའོ།། བྱང་ཆུབ་ཀྱི་སེམས་ལས་སྒྲའི་ཚུལ་དུ་སྐུ་ཉིད་བྱུང་ནས་སེམས་ཅན་གྱི་དོན་མཛད་པས་སྤྱན་རས་གཟིགས་དབང་ཕྱུག་གོ།། བྱང་ཆུབ་ཀྱི་སེམས་དེའི་ངང ་ལས་བཟང་ངན་མེད་པས་ན་ཀུན་ཏུ་བཟང་པོའོ།། བྱང་ཆུབ་ཀྱི་སེམས་དེས་ཀུན་ལ་ཁྱབ་པས་བྱམས་པའོ།། བྱང་ཆུབ་ཀྱི་སེམས་དེའི་ངང་ལས་ཉོན་མོངས་པ་མེད་པས་ན་སྒྲིབ་པ་རྣམ་པར་སེལ་བའོ།། བྱང་ཆུབ་ཀྱི་སེམས་དེའི་ངང་དུ་སྡུད་པས་ན་འཇམ ་དཔལ་དུས་རྟག་ཏུ་དེ་དང་མི་འབྲལ་བས་ན་ཕྱག་ན་རྡོ་རྗེའོ།། བྱང་ཆུབ་ཀྱི་སེམས་དེ་དབྱིངས་རྣམ་པར་དག་པས་ན་ལ་སེ་ལ་དེའི་ངང་ལས་གང་འགག་པ་མེད་པར་འབྱུང་བས་མ་ལའོ།། དེའི་ངང་ལས་ཇི་ལྟ་བའི་སྒོ་ནས་ཆོས་སྟོན་པའི་གཽ་རྟིའོ།། ་ཇི་ལྟར་སྣང་བས་ན་ནི་རྟིའོ།། བྱང་ཆུབ་ཀྱི་སེམས་དེ་མཉེས་ཤིང་མཉེས་པས་དུ་པེ། ཆོས་ཀྱི་དབྱིངས་སུ་སྤྲོས་པས་པུཥྤ། དབྱིངས་གསལ་བར་གྱུར་པས་མར་མེ་མ། ཤིན་ཏུ་མཉེས་པས་གནྡེ་མའོ།། བྱང་ཆུབ་སེམས་ཀྱི་རྐྱེན་ཆོས་ཀྱི་དབྱིངས་པས་ལྕགས་ཀྱུ ་མ་སྟོང་སྐད་ནས་འཁྱུད་པས་ཞགས་པ་མ། རྡོ་རྗེ་དང་པད་མར་ཡང་དག་པར་ལྡན་པས་ལྕགས་སྒྲོག་མའོ།། ཤིན་ཏུ་དགྱེས་པའི་རོ་བསྟར་བས་དྲིལ་བུ་མའོ།། བྱང་ཆུབ་ཀྱི་སེམས་དེས་འཁོར་བའི་སྐྱོན་དག་པས་ཡ་མཱནྟ་ཀྲྀད་དེ་ལ་འཆི་བ་མེད་དེ་འཆི ་བདག་གི་བདུད་བཅོམ་པས་བིགྷནྟ་ཀྲྀང་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་གཉིས་སུ་མི་ཕྱེད་ཅིང་ལྷའི་བུའི་བདུད་བཅོམ་པས་པདྨཱནྟ་ཀྲྀང་དའི་ངང་ལས་ཉོན་མོངས་པ་རྡུལ་ཙམ་ཡང་མི་མངའ་བས་པྲཛྙཱནྟ་ཀྲྀད་དོ།། དེའི་ཕྱིར་གཞན་ཡང་སེམས་པ་དང་ཞེས ་པ་ལ་སོགས་པ་གསུངས་ཏེ། གཞི་ན་ཡང་རིགས་ལྔ་ཡབ་ཡུམ་ལས་གཞན་བསེམས་དཔའ་ལ་སོགས་པ་སྟེ། དེའི་ཕྱིར་སེམས་དཔའ་སྟེ་སའི་སྙིང་པོ་ལ་སོགས་པ་བརྒྱད་དང་། སེམས་མ་སྟེ་ལ་ས་ལ་སོགས་པ་བརྒྱད་དང་།། ཁྲོ་བོ་དང་ཞེས་པ་ནི་ཡ་མཱན ་ཏཀྲྀད་ལ་སོགས་པ་བཞིའོ།། ཁྲོ་བོ་སྒོ་སྐྱོང་འདྲ་སྟེ་ལྕགས་ཀྱུ་མ་ལ་སོགས་པ་བཞིའོ།། སྤྲུལ་སྐུ་ལ་སོགས་པ་ནི་བྱང་ཆུབ་སེམས་ལས་སྤྲུལ་པ་སྟེ། ཐུབ་པ་ཆེན་པོ་དྲུག་སྟེ་དེ་རྣམས་བསྐྱེད་པ་དང་། ས་བོན་དང་ཕྱག་མཚན་ལ་སོགས་པ་ནི་སྒྱུ་འཕྲུལ་གྱི་རྒྱུདེ ་ལས་ཇི་ལྟར་གྲགས་པ་བཞིན་གྱི་རིམ་པ་ཇི་ལྟ་བར་རོ།། དེ་ལྟར་དཀྱིལ་འཁོར་དུ་བཀོད་པ་དེ་རྣམས་ཀྱང་གང་ལས་འབྱུང་ཞེ་ན་དེ་བསྟན་པའི་ཕྱིར། གཉིས་མེད་བདག་པོ་བྱིན་བརླབས་ལས་ཞེས་གསུངས་ཏེ། ཡབ་ཡུམ་གཉིས་སུ་མེད་པའི་བྱིན་གྱིས ་བརླབས་ལས་བྱུང་ངོ་།། འོ་ན་གནས་དང་ལྷ་དང་འདི་ལྟར་གནས་པས་རང་བཟོ་མིན་ནམ་ཞེ་ན་མིན་ཏེ་ཇི་སྐད་དུ། གནས་ངག་ཏུ་ནི་དཀྱིལ་འཁོར་དང་། འགྲོ་རྣམས་དགོད་པར་ཇི་ལྟ་བར།། དེ་ལྟར་སྟོན་པ་མཆོག་གིས་མཛད་ཅེས་སོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཞེས་པ་ནི། དེ་བཞིན་ཉིད་ཀྱི་གནས་སུ་གཤེགས་ཤིང་གཤེགས་པས་ན། དེ་བཞིན་གཤེགས་པ་སྟེ། དེ་མ་ལུས་པ་ཐམས་ཅད་ཀྱི་སྐུ་གསང་བ་གསུང་གསང་བ་ཐུགས་གསང་བ་སྟེ། དེའི་ངང་དུ་ཐམས་ཅད་གནས་ཤིང་སྡུད་པས་ན ་དུང་ཁྲོད། ཤིན་ཏུ་དཀོན་པས་ན་ཁུ་བྱུག། དེའི་ངང་ལ་རོལ་པས་རོལ་པ། དེ་སྟོན་པ་ཉིད་ཀྱི་ཞལ་ནས་གསུངས་པས་ན་མདོ་སྡེ་སྟེ། དེ་ལས་ཏིང་ངེ་འཛིན་ནི་དོན་དམ་པའི་བདེན་པ་དང་ཀུན་རྫོབ་རིམ་པར་བཀོད་པའི་དོན་དེ། དོན་དམ་པ་དང་། ཀུན་རྫོབ་ཀྱི ་ཚུལ་གྱིས་ཇི་ལྟར་ཡིན་པ་ཤེས་པར་བྱའོ།། ལེའུ་ཞེས་བྱ་བ་ཇི་ལྟར་གོས་ཀྱི་སྦྲུལ་མ་མང་པོ་བསྡོམས་ནས་གཅིག་ཏུ་བྱས་ཏེ། གོན་ན་སྦྲང་བུ་དང་སྡིག་པ་ལ་སོགས་ཏེ་འཚེ་བའི་རྣམ་པ་དང་རླུང་དང་། གྲང་བ་ལ་སོགས་པ་སྟེ། གནོད་པ་ཐམས་ཅད ་བཟློག་པ་དེ་བཞིན་དུ། རྒྱུད་ཀྱི་དོན་འདིས་ཉོན་མོངས་པ་ལྔ་དང་འཁོར་བའི་སྐྱེ་གནས་དང་ཕྱིན་ཅི་ལོག་གི་འཚེ་བ་ལས་ཡང་དག་པའི་དབྱིངས་སུ་བཟློག་པ་ན་གོས་འདྲ་བའི་ཕྱིར་ལེའུའོ།། རྒྱུད་ཀྱི་དོན་འདི་ལེན་ཅིང་འཛིན་པས་སྟོན་པའི་གཞུང་གི ་ཚོགས་ལ་ཡང་ལེའུ་ཞེས་བྱ་བའོ།། བདུད་རྩིའི་ཐིགས་པ་ཞེས་བྱ་བའི།། རྒྱ་ཆེར་འགྲེལ་པ་ལས་བདེན་པ་གཉིས་བཤད་པའི་ལེའུ་སྟེ། དང་པོའོ།། ། དེ་ལྟར་ལེའུ་དང་པོར་ཐམས་ཅད་བསྐྱེད་ནས། མཐར་ཕྱིན་པའི ་དོན་གསལ་བར་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གཉིས་པ་གསུངས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། འདི་སྐད་གསོལ་བ་བཏབ་པོ།། ཞེས་བྱ་བར་སྦྱར་རོ།། བཅོམ་ལྡན་འདས་སྐུ་གསང་བ་གསུང ་གསང་བ་ཐུགས་གསང་བ་ཀུན་གྱི་མཆོག་དམ་པའི་བདག་པོ་ལ་མཆོད་པ་དང་ཕྱག་བཙལ་ནས་འོག་ནས་འབྱུང་བའི་བསྟོད་པས་བསྟོད་དེ་བྱང་ཆུབ་སེམས་ཀྱི་དོན་འོག་ནས་འབྱུང་བ་འདི་སྐད་ཅེས་སྡང་པོ་པོ་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་ལ ་གསོལ་བ་གདབ་བོ།། བཅོམ་ལྡན་འདས་ལ་བསྟོད་པའི་ཕྱིར། ཨེ་མའོ་བདེར་གཤེགས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་ཏེ། ཨེ་མའོ་ཞེས་པས་སྟོན་པ་ལས་སྡུད་པ་པོ་ངོ་མཚར་བའི་ཚིག་གོ།། བདར་གཤེགས་ཀྱི་དོན་ནི་གོང་དུ་བཤད ་ཟིན་ཏོ།། བཅོམ་ལྡན་འདས་ཞེས་པ་ནི་ཉོན་མོངས་པ་ཐམས་ཅད་བཅོམ་པས་ན་བཅོམ་ལྡན་འདས་ཏེ་སྟོན་པ་ལ་བོད་པའི་ཚིག་གོ།། གསང་མཆོག་དགྱེས་པ་ཆེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པ་ལ་དགྱེས་པ་ཆེ་ཞེས་བརྗོད་དོ།། རྣམ་པར ་དག་པའི་ལམ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པའི་བདག་ཉིད་དུ་གྱུར་པས་ལམ་ཞེས་བརྗོད་དེ། ངོ་མཚར་འབྱུང་བ་ཁྱོད་ལ་འདུད་ཅེས་བྱ་བ་ནི་བྱང་ཆུབ་སེམས་ནོར་བུའི་ནང་དུ་གནས་པའི་སྐབས་ན་ལྷན་ཅིག་སྐྱེས་པའི་དགའ ་འབྱུང་བའི་བདག་པོར་གྱུར་པས་ངོ་མཚར་རོ་ཁྱོད་ལ་བདག་འདུད་པས་སོ་འཁོར་རྣམས་ཀྱི་དོན་དུ་ལུས་ངག་ཡིད་གསུམ་གྱིས་འདུད་དོ།། བཏུད་ནས་ཅི་བྱེད་ཅེ་ན་རྟེན་དང་བརྟེན་ཅན་དུ་སྣང་བའི་དེ་ཁོ་ན་ཉིད་ཀྱི་དོན་དང་། དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས ་ཀྱི་དོན་ཞུ་བ་དེའི་ཕྱིར་དཀྱིལ་འཁོར་རྣམས་ཀྱི་དེ་ཉིད་དོན། བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ་སྡུད་པ་པོ་དག་དང་འཁོར་རྣམས་ལ་བཤད་དུ་གསོལ། ཞེས་འཁོར་གྱིས་གླེང་བསླང་བའོ།། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། བྱང་ཆུབ་སེམས་ཀྱི་མཚན་ཉིད ་བསྟན་པའི་ཕྱིར།། དེ་ནས་གསང་བ་མཆོག་གི་བདག་པོས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་སྟོན་པ་ས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཞེས་བོས་ནས་ངས་ཁྱོད་ལ་བཤད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉོན་ཅིག་ཅེས་བཀའ་སྩལ་ལོ།། སྡུད་པ་པོ་ཡིད ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་སྤོབས་པ་བསྐྱེད་ནས་འཁོར་གྱི་དོན་དུ་ཞུ་བ་ལེགས་སོ་ལེགས་པར་ཞུས་སོ་ཞེས་ལན་བྱིན་ཏེ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་དང་། བྱང་ཆུབ་སེམས་ཀྱི་མཚན་ཉིད་འདི་ནི་སྔོན་གྱི་རྒྱལ་བ ་སངས་རྒྱས་ཐམས་ཅད་དང་། ད་ལྟར་གྱི་རྒྱལ་བ་སངས་རྒྱས་ཐམས་ཅད་དང་། ཕྱི་མ་འབྱུང་བའི་རྒྱལ་བ་སངས་རྒྱས་རྣམས་ཀྱི་དོན་འདི་ལ་མ་གསུངས་པ་གསུང་བར་རྒ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། བྱང་ཆུབ་སེམས ་ཀྱི་མཚན་ཉིད་ནི་བརྗོད་དུ་ཡང་མེད་ལ། སྣོད་དུ་གྱུར་པ་ཡང་དཀོན་པའི་ཕྱིར་རོ།། སེམས་དཔའ་ཆེན་པོ་དེ་བས་ན་ཁྱོད་ཉིད་ལ་དྲིས་ཤིག་ཅེས་སྟོན་པས་བཀའ་སྩལ་ཏེ། ཅང་མི་གསུང་བར་བཞུགས་སོ།། ཞེས་པ་ནི་དེ་ཁོ་ན་ཉིད་དང་སེམས་ཀྱི་མཚན་ཉིད ་ནི་བརྗོད་པ་ལས་འདས་ཤིང་། གང་གི་ངོ་བོར་མ་གྲུབ་པའི་ཕྱིར། ཅང་མི་གསུང་བའོ།། དེ་ལྟར་མ་གསུངས་པའི་དོན་གྱིས་འཁོར་རིགས་ལྔ་དང་དེར་མ་བས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུད་པ་པོ་རྡོ་རྗེ་ཆོས་ལ་ཞུས ་ཤིག་པར་བསྐུལ་བ་བསྟན་པའི་ཕྱིར། དེ་ནས་མི་བསྐྱོད་པ་ཞེས་པ་ནས་བཀའ་གསལ་བ་ལས་ཞེས་པའི་བར་གྱིས་བསྟན་ཏོ།། དེ་ནས་སྡུད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་རིགས་ལྔའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐུལ ་བར་ཐུགས་སུ་ཆུད་ནས། འཁོར་མང་པོ་རྣམས་བྱང་ཆུབ་སེམས་ཀྱི་སྣོད་དུ་རུང་བར་བྱིན་གྱིས་བརླབས་ནས་སྟོན་པ་ཀུན་ཏུ་བཟང་པོའི་ཞལ་དུ་བལྟས་ནས་གནས་སོ།། ཞལ་དུ་བལྟས་ནས་གནས་པ་ཡང་སྟོན་པ་ཡང་སྟོན་པས་ཀྱང་ཐུགས་སུ་ཆུད་དེ། ་བདེ་བ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་བསྟན་ཏེ། བཀའ་སྩལ་ཏོ་ཞེས་པར་འབྲེལ་ཏོ།། ཞུས་པའི་དོན་བསྟན་པའི་ཕྱིར། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་སོགས་པ་འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག་ཅེས ་གནང་ནས་བསྐུལ་ཏེ་སྟོན་པས་གླེང་བསླང་ངོ་།། དེ་ནས་སྟོན་པས་འདི་སྐད་གསུངས་སོ།། ཞེས་བྱ་བའི་དོན་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཞེས་བྱ་བ་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེའི་མཚན་ཉིད་གང་ཡིན་ཞེ་ན། ་འདི་ལྟ་སྟེ་བརྗོད་དང་སྒྲ་བས་མ་ཡུལ་ལས་འདས་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་གནས་ནས་བསྐྱོད་དུ་ནོར་བུའི་ནང་དུ་གནས་ཙོམ་ན་ཁུ་བ་དང་ལྷན་ཅིག་དུ་སྐྱེ་བའི་དགའ་བ་འབྱུང་སྟེ། དེ་ལ་ཡུན་རིང་དུ་གནས་པའི་དུས་ན་ཕྱི་དང་ནང་དུ་སྣང་བ་བདི ་ཉིད་རང་བཞིན་གྱིས་སྟོང་པའི་མཚན་ཉིད་དུ་མཐོང་སྟེ། སྟོང་པའི་མཚན་ཉིད་དེ་ལ་ནི་བརྗོད་དང་སྨྲ་བསམ་ཡུལ་ལས་འདས་ཞེས་གསུངས་ཏེ།། དུས་དེ་ཉིད་དུ་བྱང་ཆུབ་སེམས་ཀྱི་མཚན་ཉིད་འདི་ཡིན། འདི་ལྟ་བུ་ཞིག་ཡོད་དོ་ཞེས་བྱ་བ་མེད་དེ། ་བརྗོད་པ་ལས་འདས་སོ།། དེ་ལྟ་བའི་སྐབས་སུ་དོན་དམ་པ་ཞེས་པ་དང་། ཀུན་རྫོབ་ཅེས་བྱ་བའི་ཐ་སྙད་ཐམས་ཅད་དང་བྲལ་བས། དོན་དམ་ཀུན་རྫོབ་ཐ་མི་དད་ཅེས་གསུངས་པ་ཡིན་ནོ།། རང་ལུས་ངག་ཡིད་རྡོ་རྗེ་སྟེ་ཞེས་བྱ་བ་ནི། རང་གི་ལུས་དང ་ངག་དང་ཡིད་གསུམ་ཡང་རང་བཞིན་གྱིས་མ་ནས་རྣམ་པར་དག་སྟེ་ཆོས་ཀྱི་དབྱིངས་སུ་གྱུར་པས་རྡོ་རྗེ་ཞེས་གསུངས་པ་ཡིན་ནོ།། གཅིག་གིས་གཉིས་ཀྱི་ལས་བྱེད་པས་ཞེས་བྱ་བ་ནི་གཅིག་ཅེས་ཏེ་བྱང་ཆུབ་སེམས་ཀྱི་ངོ་བོའོ།། ལས ་བྱེད་པས་ཞེས་པ་ནི། རྟེན་དང་བརྟེན་ཅན་གཉིས་ཀྱིས་ལས་བྱེད་ཅིང་བསྐྱེད་དེ་ལྷོའི་དཀྱིལ་འཁོར་དུ་སྣང་བ་ཐམས་ཅད་ནི་དོན་ཡོད་པར་མ་ཡིན་ཏེ། ཇི་སྐད་དུ་སྒྱུ་འཕྲུལ་མ་ཚན་མོའི་ནང་ནས་ཀྱང་ཨེ་མའི་རྡོ་རྗེ་ཕུང་པོ་ཡན་ལག་ནི།། རྫོགས ་བའི་སངས་རྒྱས་ལྔ་རུ་གྲགས།། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དེ།། ས་ཆུ་སྤྱན་དང་མ་མ་ཀི། མེ་རླུང་གོས་དཀར་སྒྲོལ་མ་སྟེ།། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ།། སྲིད་གསུམ་ཡེ་ནས་རྣམ་པར ་དག་ཅེས་གསུངས་ཏེ། དེའི་ཕྱིར། ལུས་དང་ངག་དང་ཡིད་མ་གྲུབ་པར་གསུངས་ཏེ། དེ་ལྟར་ལྷའི་གཟུགས་སུ་ལུས་ངག་ཡིད་གསུམ་གནས་ཀྱང་དོན་དམ་པར་མ་གྲུབ་སྟེ། ཆོས་ཀྱི་དབྱིངས་སུ་རྟོགས་པའི་རིག་པའི་སྐྱེས་བུ་གང་སུ་ཡང་རུང ་པ་དེའི་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་ནི་དོན་དམ་པའི་བདེན་པ་སྟེ། དེ་གསུངས་མ་ཐག་ཏུ་འཁོར་རྣམས་ཀྱིས་ཀྱང་ཐུགས་སུ་ཆུད་དེ། རང་རང་གི་ལུས་ངག་ཡིད་གསུ ་ལ་སོམས་ནས་ཅང་མི་སྨྲ་བར་འཁོད་དོ།། དེ་ནས་བཅོམ་ལྡན་འོངས་ལ་སྡུད་པ་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་རྟོགས་ཚད་དབུལ་བའི་ཕྱིར། དེ་ནས་ཡིད་ཀུན་ཏུ་བཟང་པོ་ལ་སོགས་པའི་རྟོགས་ཚད་དབུལ་ཏེ། སྔོན་ལ་སྡུད་པ་པོས་རྟོགས་ཚད ་ཕུལ་བ། ཨེ་མའོ་བདེར་གཤེགས་བཅོམ་ལྡན་འདས།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། རྟོགས་པར་དཀའ་བའི་སྙིང་པོ་འདི།། རབ་ཏུ་མི་རྟོག་གནས་མེད་དོ།། ཞེས་བྱ་བ་ལས། ཨེ་མའོ་ཞེས་པ་ནི། སྡུད་པ་པོས་ཡིད་ཀུན་ཏུ་བཟང་པོ་དེ་བྱང་ཆུབ་ཀྱི ་སེམས་ཐུགས་སུ་ཆུད་དེ་དམ་པའི་ཚིག་གོ།། བདེར་གཤེགས་བཅོམ་ལྡན་ཞེས་བྱ་བ་ནི་ཁོས་པའི་ཚིག་སྟེ། གཉིས་སུ་མེ་བའི་གནས་ནི་བདེ་བ་སྟེ། དེ་རུ་གཤེགས་པའི་ངང་ལ་བཞུགས་པ་ནི། ཀྱེ་བཅོམ་ལྡན་ཞེས་བོས་པའོ།། སངས་རྒྱས་ཀུན་གྱི་བྱང ་ཆུབ་སེམས་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པའི་མཐའ་ལས་འདས་པ་ནི་སངས་རྒྱས་ཀུན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ཏེ་དེ་རབ་ཏུ་རྟག་རྒ་བ་བརྗོད་པ་ཐམས་ཅད་བྲལ་བ་དེ་ལ་ནི། རྟག་པར་དཀའ་བའི་སྙིང་པོ་འདི་ཞེས་གསུངས་སོ།། མཐའ་རྣམ ་པབ་གཉིས་དང་བྲལ་ཏེ་མི་རྟོག་པའི་ཡེ་ཤེས་དེ་ལ་རྣམ་པར་རྟོག་པ་གང་གིས་ཀྱང་བསྐྱོད་པ་མ་ཡིན་པ་སྟེ་རྟོག་པར་དཀའ་བས། རབ་ཏུ་མི་རྟོགས་གནས་མེད་པའོ།། ཞེས་གསུངས། རང་གི་ལུས་ངག་ཡིད་གསུམ་ལ་སེམས་ནས་འདུག་གོ།། དེ་ནས་ཡང་འཁོར ་རིགས་ལྔའི་རྟོགས་ཚད་ཕུལ་བ་སྟོན་ཏེ། སྔོན་ལ་མི་བསྐྱོད་པ་རྟོགས་ཚད་ཕུལ་བ། ཨེ་མའོ་གཟུང་འཛིན་རྣམ་སྤངས་པ།། ཚིག་དང་ཡི་གེའི་སྤྱོད་ཡུལ་མིན།། ཆོས་བདག་མེད་པའི་མཉམ་པ་ཉིད།། རང་སེམས་གདོད་ནས་མ་སྐྱེས་པའོ།། ཞེས་བྱ་བ་ནི། གཟུང ་འཛིན་རྣམ་སྤངས་པ་ཞེས་པ་ནི། ཕྱི་གཟུང་བར་བྱ་བའི་ཡུལ་ནི་ནང་འཛིན་པར་བྱེད་པའི་སེམས་ཉིད་སྣང་བ་ལས་མ་གཏོགས་པ་ཡུལ་ལོགས་ཤིག་ན་གྲུབ་པ་མེད་དོ།། འོ་ན་ནང་འཛིན་པར་བྱེད་པའི་སེམས་ཉིད་ཡོད་དམ་ཞེ་ན། མེད་དེ་ནང་འཛིན ་པའི་སེམས་ཉིད་ཀྱང་སྐད་ཅིག་མས་གཞིགས་པས་རང་བཞིན་མེད་དོ།། འོ་ན་སྐད་ཅིག་མའི་ཆོས་གཞིགས་པ་ནི་སྔ་མ་ནི་འགགས་ཕྱི་མ་ནི་མ་བྱུང་ད་ལྟར་ནི་མི་གནས་པས་སྟོང་པའི་རང་བཞིན་དུ་གྲུབ་སྟེ། སྟོང་པ་ནི་སྟོང་པའི་སེམས་ཞུགས ་ནས་རྟག་པའི་སྐྱོན་ཡིན་ན། གཟུང་བ་དང་འཛིན་པ་ཇི་ལྟར་སྤང་དུ་བཏུ་བ་མི་བཏུབ་བོ།། ལན་དུ་དེ་ལྟར་མ་ཡིན་ཏེ། གཟུང་བར་བྱེ་བ་དང་འཛིན་པར་བྱེད་པ་གཉིས་ཀ་མ་གྲུབ་སྟེ། སྟོང་ཞིང་བདག་མེད་པར་གྲུབ་ལ་སྟོང་ཞིང་བདག་མེད་པ་ཞེས་བྱ་བ་དེ་ལ ་ཡང་གནས་པ་མོ་ཡིན་ཏེ། ཤེས་པ་དང་བརྗོད་པའི་མཐའ་ལས་འདས་པར་ཕྱིར། གཟུང་འཛིན་རྣམ་སྤངས་ཞེས་པ་ནས།། རང་སེམས་བཟོད་ནས་མ་སྐྱེས་པའོ།། ཞེས་མི་བསྐྱོད་པས་གསུངས་སོ།། དེ་ནས་རྣམ་པར་སྣང་མཛད་ཀྱིས་རྟོགས ་ཚང་ཕུལ་བའི་འདི་སྐད་དུ་གསུངས་སོ།། ཨེ་མའོ་ཆོས་ཀུན་ཏུ་སྟོང་པའི་བདག།། རང་གི་ངོ་བོ་བརྗོད་དུ་མེད།། བརྗོད་མེད་དེ་ཉིད་སྣ་ཚོགས་པའི།། ཆོས་རྣམས་ཀུན་ལ་ཁྱབ་པོར་གནས།། ཞེས་བྱ་བ་ལ། ཆོས་ཀུན་སྟོང་པའི་བདག་ཅེས་བྱ་བ ་ནི་ཕྱི་ནང་དུ་སྣང་བའི་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྟོང་སྟེ། མེ་མེ་ཡིས་སྟོང་། ཆུ་ཆུ་ཡིས་སྟོང་། ས་སས་སྟོང་། རླུང་རླུང་གིས་སྟོང་། གཟུགས་གཟུགས་གིས་སྟོང་། ཞེས་པ་ལ་སོགས་པ་རྒྱལ་བ་ཡུམ་ཆེན་མོ་ལས་རྒྱ་ཆེར ་གསུངས་ཏེ། དེའི་ཕྱིར། ཆོས་ཀུན་སྟོང་པའི་བདག་ཅེས་གསུངས་ཏེ། རང་གི་ངོ་བོ་མ་སྐྱེས་པ་དེ་ལ་ནི། སོ་སོའི་ངོ་བོ་འདི་ལྟ་བུ་ཡིན་བྱ་བ་བརྗོད་དུ་མེད་རང་བཞིན་གྱིས་འོད་གསལ་བ་དེའི་ཕྱིར། རང་གི་ངོ་བོ་བརྗོད་དུ་མེད་ཅེས་གསུངས་སོ།། འོ་ན ་རང་གི་ངོ་བོ་མ་སྐྱེས་པ་དེ་ལ་འདི་ལྟར་སྣང་བ་ལ་མ་ཁྱབ་བམ་ཞེ་ན། ཁྱབ་སྟེ་མ་སྐྱེས་པ་སྟེ། སྟོང་པ་གཏིང་ཆད་པ་ནི་མ་ཡིན་ཏེ་གང་ལ་ཡང་འགོག་པ་མེད་པར་རང་འབྱུང་སྟེ། འབྱུང་བའི་དངོས་པོ་ཐམས་ཅད་ལ་ཡང་མར་མེ་དང་འོད་ཀྱི ་ཚུལ་དུ་ཁྱབ་ནས་གནས་ཏེ། དེའི་ཕྱིར། བརྗོད་མེད་དེ་ཉིད་སྣ་ཚོགས་པའི།། ཆོས་རྣམས་ཀུན་ལ་ཁྱབ་པར་གནས།། ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ།། དེ་ནས་ཡང་རིན་ཆེན་སེམས་པས་རྟོགས་ཚད་ཕུལ་བ ་འདི་གསུངས་སོ།། ཨེ་མའོ་དྲོ་མཉམ་བྱང་ཆུབ་སེམས།། མིང་དུ་བཏགས་པའི་ཆོས་རྣམས་ཀུན།། མཉམ་པ་ཉིད་ལ་གནས་བཅས་ཕྱིར།། མཉམ་པ་ཉིད་ལས་གཞན་མེད་དོ།། ཞེས་བྱ་བ་ལ། མཉམ་ཉིད་བྱང་ཆུབ་སེམས་ཞེས་པ་ནི། འདི ་ལྟར་སྣང་བ་ཐམས་ཅད་ལ་ཕྱི་མོ་ཉིད་མ་སྐྱེས་པ་ཆོས་ཀྱི་དབྱིངས་ཡིན་ལ། དེའི་ངང་ལ་ནི་སངས་རྒྱས་སེམས་ཅན་གཉིས་མེད་དོ།། དེའི་ངང་ལ་དུས་རྟག་ཏུ་གནས་བཅས་ཤིང་གནས་པས་ན། མཉམ་པ་ཉིད་ལས་གཞན་མེད་དོ།། ཞེས་རིན ་ཆེན་སེམས་པས་གསུངས་སོ།། དེ་ནས་ཡང་ཆོས་ཀྱི་སེམས་པས་རྟོགས་ཚད་ཕུལ་བ་འདི་གསུངས་སོ།། ཆོས་སུ་སྣང་བ་ཐམས་ཅད་ཀུན།། རང་གི་ངོ་བོས་བརྗོད་དུ་མེད།། དེ་ཉིད་བྱང་ཆུབ་སེམས་སུ་ནི།། མཁས་པས་བསྒོམས་ན་རྟོགས་པར་འགྱུར།། ཞེས ་པ་ལ་ཆོས་སུ་སྣང་བ་ཐམས་ཅད་ཀུན་ཞེས་པ་ནི་ཕྱི་འབྱུང་བ་ལྔ་ལས་གྲུབ་པ་བསྟན་པའི་རང་བཞིན་ཅན་གྱི་ཆོས་དང་། ནང་ཕུང་པོ་ལྔ་ལས་གྲུབ་པའི་གཡོ་བར་སྣང་བ་ཐམས་ཅད་ཀུན། ཡེ་ནས་མ་སྐྱེས་པ་ཡིན་ཏེ་བརྗོད་པ་ལས་འདས་པ་དེའི་ཕྱིར། རང ་གི་ངོ་བོ་བརྗོད་དུ་མེད་ཅེས་གསུངས་ཏེ། སྤྲོས་པའི་མཐའ་བརྒྱད་དེ་དང་བྲལ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ཡིན་ཞེས་བརྗོད་པས་འབྲས་བུ་མི་ཐོབ་སྟེ། དེའི་ངང་དུ་ཡང་ནས་ཡོང་དུ་མཁས་པས་ཉམས་སུ་བླངས་ནས་གཉིས ་མེད་པའི་ཡེ་ཤེས་གདོད་རྟོགས་པར་འགྱུར་བ་དེའི་ཕྱིར། དེ་ཉིད་བྱང་ཆུབ་སེམས་སུ་ནི།། མཁས་པས་བསྒོམས་ན་རྟོགས་པར་འགྱུར།། ཞེས་ཆོས་ཀྱི་སེམས་པས་གསུངས་སོ།། དེ་ནས་ཡང་ལས་ཀྱི་སེམས་པས་རྟོགས་ཚད་ཕུལ་བ་འདི་གསུངས ་སོ་ཆོས་ཀུན་བྱང་ཆུབ་སེམས་ཉིད་དེ།། ངེས་པ་མཽད་དེ་རྡོས་རྟོག་བྲལ།། དེ་ཉིད་དག་པའི་རང་བཞིན་པས།། མཁས་པས་ཅི་དགར་བསྒོམས་ན་འགྲུབ་ཅེས་བྱ། ཆོས་ཀུན་བྱང་ཆུབ་སེམས་ཉིད་དེ་ཞེས་པ་ནི། ཕྱི་དང་ནང་དུ་སྣང་བའི་ཆོས་ཀུན།། ཡེ་ནས ་མ་བཅོས་པས་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཏེ། བརྟགས་པའི་དངོས་པོ་ནི་གསོག་གསོ་བ་ཡ་མ་བརླ་ཡིན་པས་དེས་ན། ངེས་པ་མེད་དེ་དངོས་རྟག་བྲལ།། དེ་ཉིད་དག་པའི་རང་བཞིན་པས།། མཁས་པས་ཅིར་དགར་བསྒོམས་ན་འགྲུབ། ཅེས་ལས་ཀྱི ་སེམས་པས་གསུངས་སོ།། དོན་དམ་པའི་བདེན་པ་འབའ་ཞིག་བསྟན་པའོ།། བྱང་ཆུབ་ཀྱི་སེམས་རབ་ཏུ་སྡོམ་པའི་ལེའུ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའོ།། བདུད་རྩི་ཐིགས་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་བཤད་པ་ལས། ལེའུ ་གཉིས་པའོ།། །། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་དང་ལས་དང་པོའི་དང་པོ་པ་རྣམས་ལ་གཟུགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར།། དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། དེ་ནས་ཞེས་པ་ནི་ལྔར་གྱི་ལེའུ་འདས་པའི ་དེ་མ་ཐག་པ་དེ་ནས་སོ།། ཡང་ཡིད་ཀུན་ཏུ་བཟང་པོས་བཅོམ་ལྡན་གསུང་བ་མཆོག་གི་བདག་པོ་ལ་འོག་ནས་འབྱུང་བའི་ཚིག་འདི་སྐད་གསོལ་བ་བཏབ་བོ།། དེ་ནས་ཅི་འདོད་པའི་ཕྱིར་གསོལ་བ་བཏབ་ཅེ་ན། བརྙན་མའི་དཀྱིལ་འཁོར་མ་འདྲེས ་བར་རིམ་པར་འདོད་པའི་ཕྱིར། ཨེ་མ་བདེར་གཤེགས་རྒྱལ་བའི་གཙོ་ཞེས་པ་ནས་བདེ་བར་གཤེགས་པས་བཤད་དུ་གསོལ། ཨ་ལཱ་ལ་ཧོ་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། ཞུས་པའི་ལན་བསྟན་པའི་ཕྱིར། དེ་ནས་སྟོན་པ་རྒྱལ ་མཆོག་གིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་སྟོན་པ་མཐའ་རྣམ་པ་གཉིས་ལ་རྒྱལ་བའི་རྒྱལ་མཚན་བཙུགས་ཤིང་ཀུན་གྱི་མཆོག་དུ་གྱུར་པ་དེས། སྡུད་པ་པོ་ཀུན་ཏུ་བཟང་པོས་ཞུས་པའི་ཚིག་གསུན་ནས། སྙན་མའི་དཀྱིལ ་འཁོར་ཐུགས་དང་པོའི་སྒོ་ནས་རབ་ཏུ་འཁོར་རྣམས་ལ་བཤད་དེ་ཕྱི་བའི་གང་ཟག་ལས་དང་པོའི་དང་པོ་པ་རྣལ་འབྱོར་ལ་འཇུག་པར་འདོད་པའི་ཆེད་དུའོ།། དེ་ཡང་ལས་དང་པོ་པ་གང་ཟག་རྣམ་པ་ལྔ་པོས་ཀྱང་སློབ་དཔོན་གྱི་མཚན་ཉིད་ཇི་ལྟ ་བུས་བྱ་བ་བརྟག་པར་བྱ་བའི་ཕྱིར། སློབ་དཔོན་བྱེད་དང་རྗེས་འབྲངས་པས་ཞེས་པ་ལ་སོགས་པ་བསྟན་ཏེ། སློབ་དཔོན་བྱེད་དང་ཞེས་པ་ནི་གང་ཟག་ལྔ་པོ་འདྲེན་པར་བྱེད་པའི་ཕྱིར། སློབ་དཔོན་བྱེད་དང་ཞེས་བྱ་བ་སྟེ། སྔོན་བདེ་བར་གཤེགས་པས ་ཇི་ལྟར་མཛད་པའི་རྗེས་སུ་འབྲིང་བའི་སློབ་དཔོན་དེའི་མཚན་ཉིད་བཤད་པར་བྱ་སྟེ། དེའི་ཕྱིར་བློ་ཡངས་རྒྱུད་ལ་གོམས་པ་དང་ཞེས་པ་ལ་སོགས་པ་བསྟན་ཏེ། བློ་ཡོངས་རྒྱུད་ལ་གོམས་པ་དང་།། ཞེས་པ་ནི་ཕྱི་དང་ནང་དུ་སྣང་བའི་ཆོས་ལ་རྟོག་པ ་མི་སྐྱེ་ཞིང་བློ་ཡངས་པར་མཛད་པ། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གོམས་ཤིང་མཁས་པ་དང་། བླ་མའི་ཉམས་ཀྱིས་མན་ངག་ཐོབ་ཅིང་ཏིང་ངེ་འཛིན་ལས་སུ་རུང་བ་དང་། སྟོན་པའི་བཀའ་ཕྱི་ནང་གི་ཆོས་སྡེ་སྣོད་གསུཾ ་ལ་མོ་རྨོངས་ཤིང་། ཐེ་ཚོམ་མི་ཟ་བ་དང་ཡང་དག་པའི་ཏིང་ངེ་འཛིན་ལ་སྲན་ཐུབ་ཅིང་ལྟ་བ་མི་ལྡོག་པ་དང་། ཡང་དག་པའི་ཆོས་ལ་དད་པའི་དད་པ་ཆེ་བ་དང་། ཕྱིན་ཅི་མ་ལོག་པ་ལ་ཡིད་ཆེས་པའི་དད་པ་ཆེ་བ་དང་། ཡང་དག་པའི་ཆོས་ལ་དད་པ ་ཆེ་བ་དང་ལ་སོགས་པའི་དད་པ་མངའ་བ་གསང་བ་སྟེ། འཁོར་ལོ་བཞིའི་བྱེ་བྲག་དང་། སྤྲས་པ་སྟེ། ཤེས་རབ་མ་རབ་འབྲིང་ཐ་མ་གསུམ་ལ་ཇི་ལྟར་བྱ་བའི་ཐབས་མཆོག་རྣམས། སྣོད་ངན་པ་གང་ཟག་འཕྱར་པོ་གས་མི་ཐུབ་པ་རྣམས་ལ་མཱི་སྟེར ་བ་དང་། བླ་མ་ལས་མཐར་ཕྱིན་པའི་དབང་མཆོག་རྣམས་ཐོབ་པ་ནི། རྡོ་རྗེ་འཛིན་པའི་དཀྱིལ་འཁོར་གྱི་ལས་ཀུན་ཀྱང་བྱ་བ་ཐམས་ཅད་ལ་ཡངས་ཤིང་། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་དེ་ནི་རྡོ་རྗེ་འཛིན་པའི་སྙན་མའི་སློབ ་དཔོན་ནོ།། དེ་ནས་འཁོར་ལོ་ཅན་གྱི་སློབ་དཔོན་བསྟན་པའི་ཕྱིར། ཡན་ལག་དམ་ཚིག་མ་ཉམས་དང་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། ཡན་ལག་དམ་ཚིག་ཅེས་བྱ་བ་ནི་འོག་ནས་འབྱུང་བའི་དམ་ཚིག་བཅོ་ལྔ་མ་ཉམས་ཤིང་། མདོག ་དང་སྟེ་ཤིན་ཏུ་མདོག་སེར་ལ་འཚེར་བ་དང་། གཟུགས་དང་སྟེ་གཟུགས་ཤིན་དུ་བཟང་བ་སྟོང་སྨད་ཕྱེད་པའོ།། སྟོབས་དང་ལྡན་ཏེ་ཤིན་དུ་མི་འོས་པའི་སྟོབས་ཡོད་པའོ།། འཁོར་ལོ་སྒྱུར་བའི་མཚན་ཡོད་པའི་ལག་པ་གཡོན་པའི་སྲིན་ལག་གི་སྦ་བ་ན་འཁོར ་ལོ་རྩིབས་བརྒྱད་ཡོད་པ། ལུས་དྲི་ཞིམ་པོ་ཨ་ཀ་རུ་ལ་སོགས་པའི་དྲི་ཞིམ་པོའི་ངང་དང་ལྡན་པ། དེ་ལྟ་བུའི་མཚན་མ་ཡོད་པ་དེ་ནི་སངས་རྒྱས་འཁོར་ལོ་ཅན་གྱི་དཀྱིལ་འཁོར་གྱི་སློབ་དཔོན་ཡིན་པར་རབ་ཏུ་གསུངས་སོ།། དེ་ནས་ཡང་རིན་པོ་ཆེའི་སློབ ་དཔོན་གྱི་མཚན་ཉིད་བསྟན་པའི་ཕྱིར། ཤེས་པ་ཆེ་ཞིང་ཡོན་ཏན་ལྡན་ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་པ་ཆེ་ཞིང་ཡོན་ཏན་ལྡན་ཞེས་པ་ནི་ཕྱི་དྲུང་ནང་གི་ཆོས་ལ་རྨོངས་པ་དང་། བཟོ་དང་རིག་པའི་གནས་ལ་མཁས་པ་དང་། ཡོན་ཏན་སྒྲོ་ཡངས ་ཏེ་ཅི་ལ་ཡང་མ་འགགས་པར་བྱེད་པ་དང་སྤྱོད་ལམ་དག་སྟེ། ཆོས་སྤྱོད་རྣམ་པ་བཅུ་སྤྱོད་པ་དང་། རྡོ་རྗེ་སློབ་དཔོན་དབུན་ལ་གདུངས་ཏེ་ཅི་འཚམ་པའི་སྒོ་ནས་སློབ་དཔོན་ཁུར་ཞིང་མཆེད་ལ་གདུང་བ་དེ་ལྟ་བུའི་ངང་ཚུལ་གང་ལ་ཡོད་པའི་གང་ཟག ་དེ་ནི་རིན་པོ་ཆེའི་སློབ་དཔོན་ནོ།། དེ་ནས་ཡང་པདྨའི་སློབ་དཔོན་གྱི་མ་ཚན་ཉིད་བསྟན་པའི་ཕྱིར། རྟག་ཏུ་ཟློས་པ་བརྩོན་པ་དང་། ཞེས་པ་ནས། པདྨོ་ཅན་གྱི་བླ་མར་གཟུང་ཞེས་པས་བསྟན་ཏེ་གོ་སླའོ།། དེ་ནས་ཡང་ལས་ཀྱི་རིགས་ཀྱི་སློབ་དཔོན་གྱི ་མཚན་ཉིད་བསྟན་པའི་ཕྱིར། བྱ་བའི་ལས་ལ་མ་རྨོངས་ཤིང་ཞེས་པ་ནས། སྣ་ཚོགས་ལས་ཀྱི་བླ་མར་ཡིན་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། དེ་ནས་དཀྱིལ་འཁོར་སྤྱིའི་སློབ་དཔོན་གྱི་མཚན་ཉིད་བསྟན་པའི་ཕྱིར། དེ་དག་ཡོན་ཏན་མ་ལུས་ལྡན ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཡོན་ཏན་མ་ལུས་ལྡན་ཞེས་བྱ་བ་ནི། གོང་མ་ཇི་སྙེད་བརྗོད་པའི་ཡོན་ཏན་ཀུན་དང་ལྡན་པའོ།། ཐེག་པ་ཀུན་ལ་འབྱམ་པ་ནི། ཕྱི་ནང་གི་ཐོག་པ་ཀུན་ལ་མཁས་ཤིང་གོམས་པ་ནི་སྤྱིར་སྙན་མའི་དཀྱིལ་འཁོར་གྱི་སློབ ་དཔོན་ནོ།། དེ་ནས་ཡང་སློབ་དཔོན་གྱི་སློབ་མའི་མཚན་ཉིད་མ་བརྟགས་ན་སྣོད་དྲན་པས་གཉིས་ཀ་བརླག་པར་འགྱུར་ཏེ། དེའི་ཕྱིར་བླ་མ་ལུང་བསྟན་དེས་ཀྱང་ནི། སློབ་མའི་མཚན་ཉིད་བརྟག་པར་ཅེས་ཞེས་གསུངས་སོ།། ད་ནི་འདི་ནས་མར་སོ་སོའི་མཚན་ཉིད་བསྟན ་དོར་ཕྱིར་རྐྱེན་ཐུབ་མོ་ལྡོག་དམ་ཚིག་གནས།། ཞེས་པ་ནས་རྡོ་རྗེ་ཅན་གྱི་སློབ་མ་རུང་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། འཁོར་ལོ་ཅན་གྱི་སློབ་མ་བསྟན་པའི་ཕྱིར། ལུས་དང་ཡན་ལག་མཛེས་ལྡན་དང་ཞེས་པ་ནས། སངས་རྒྱས་འཁོར་ལོ་ཅན་གྱིས ་བཤད་ཅེས་བཤད་པའི་བར་གྱིས་བསྟན་ཏེ་མཚན་ཉིད་གོ་སླའོ།། རིན་པོ་ཆེའི་སློབ་མ་བསྟན་པའི་ཕྱིར། སྤྱོད་ལམ་རྣམ་བཞི་ལྷུན་སྡུག་ཅིང་ཞེས་པ་ནས། རིན་ཆེན་དཀྱིལ་འཁོར་དག་གིའོ་ཞེས་པའི་བར་གྱིས་བསྟེན་ཏེ་གོ་སླའོ།། པདྨའི་སློབ་བུ་བསྟན་པའི་ཕྱིར། ངག་གི ་སྒོ་ནས་ཤིན་ཏུ་སྦྱངས་ཞེས་པ་ནས་པདྨ་འཛིན་པའི་སྣོད་དུ་བཤད་ཅེས་པའི་བར་གྱིས་བསྟེན་ཏོ།། ལོས་ཀྱོ་སློབ་མ་བསྟན་ཏེ། དེར་ཕྱིར་ལས་ལ་གུས་ཤིང་ཤེས་པ་ནས་སྣ་ཚོགས་རྡོ་རྗེའི་བུ་ཡིན་ནོ།། ཞེས་པའི་ཚིག་བཞི་པས་བསྟན་ཏོ།། སྤྱི་དཀྱིལ་འཁོར་སློབ་མ ་བསྟན་པའི་ཕྱིར། ཡོན་ཏན་དེ་ཀུན་ལྡན་པ་ལ།། ཀུན་གྱིས་བསྐུར་ཞིང་ཤིན་ཏུ་མཛེས།། ཡིད་དུ་འོང་ཞིང་སྤྱོད་པ་བཟོ།། སྤྱི་ཡི་དཀྱིལ་འཁོར་དག་ལ་ཤིས།། ཞེས་པའི་ཚིག་བཞི་པོ་དེས་བསྟན་ཏེ་གོ་སླའོ།། དེ་ནས་ཡང་དཀྱིལ་འཁོར་བྱ་བའི་གནས་ཀྱི་མཚན ་ཉིད་བསྟན་ཏེ། དེ་ལ་ཡང་གཉིས་ཏེ། བླང་བར་བྱ་བ་དང་སྤང་བར་བྱ་བ་གཉིས་སོ།། བླང་བར་བྱ་བ་ལ་སོ་སོའི་མཚན་ཉིད་རྣམས་ཏེ་བྱེ་བྲག་དྲུག་གོ།། སྔོན་ལ་སྤང་བར་བྱ་བའི་གནས་བསྟན་པའི་ཕྱིར། གནོད་སྦྱིན་མོའི་སྤར་རྗེས་དང་། ཞེས་པ་ལ་སོགས་པ་བསྟན་ཏེ། གནོད ་སྦྱིན་མོའི་སྤར་རྗེས་ནི་བྲག་ལ་གཅན་ཟན་གྱིས་བྲད་པ་འདྲ་བ་ཡོད་པས། གྲོག་པོ་ཤར་ཤོར་མང་བ། གཡོན་ན་གཡའ་མཆི་རིས་འདྲ་བ་ཡོད་པ། གཡས་ན་གཡའ་སྔོན་པོ་རལ་གྲི་འདྲ་བ་འམ་མདུང་འདྲ་བའམ། དགྲ་སྟ་འདྲ་བ་ཡོད་པ་ནི་གནོད་སྦྱིན་མཚོན་ཚའི་གཤལ ་རྗེས་དང་ཞེས་བྱའོ།། འབྱུང་པོ་དག་གི་རྒྱུས་དང་། ཞེས་པ་ནི་རི་ཐལ་བ་གཏོར་བ་འམ། མང་པོ་སྣ་ཟུག་པ་དེ་ལྟ་བུའོ།། ཀླུ་གདུག་དག་གི་རྒྱུ་སྲང་དང་ཞེས་བྱ་བ་ནི། ཀླུ་གདྲུག་པ་ཡོད་པའི་ཆུ་མིག་འགྲམ་མམ། ཆུ་སྲང་དེ་བ་ཅན་རྒྱུ་བའི་གོང་སུམ་མོ།། རྟེན་དང་འབྲེལ་པའི་གནས ་ངག་དང་ཞེས་བྱ་བ་རྟེན་ཏེ།། ཡུལ་གྱི་ལྷ་འདྲེ་གཉན་པོའི་རྟེན་བག་གམ་ཤིང་ལ་སོགས་པའི་འབྲེལ་པ་ནི་ཤིང་དང་བྲག་དང་ལྷ་འདྲི་འབྲེལ་པའི་གནས་ཏེ་དེ་ལ་སོགས་པའི་གནས་རྣམས་སུ་བསྒྲུབ་ན།། ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ཏེ། དེར་ཚེའི་འདུ་བྱེད ་བྱེད་པར་འགྱུར་རོ།། དེ་སྤངས་ན་དངོས་གྲུབ་ཅི་འདོད་པ་མྱུར་བར་འོང་ངོ་།། འདི་ནི་བླང་བར་བྱ་བའི་གནས་རྣམས་བསྟན་པའི་ཕྱིར། རྡོ་རྗེ་བྲག་ཆེན་གཏམས་པ་འམ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་སྔོན་ལ་རྡོ་རྗེ་འཛིན་པའི་གནས་བསྟན་པའི་ཕྱིར།། ་འོག་ནས་འབྱུང་བའི་མཚན་ཉིད་འདི་གསུངས་སོ།། རྡོ་རྗེ་བྲག་ཆེན་གཏམས་པ་འམ་ཞེས་བྱ་བ་ནི་ཤིན་ཏུ་བྲག་རྡོ་རྗེ་འམ་སྲ་བ་དང་། མཁྲེགས་པ་དང་། ལྷུན་སྡུག་པའོ།། རི་བོ་འདུས་པའི་རྩེ་རྣམས་ཞེས་བྱ་བ་ནི་རིན་པོ་ཆེ་སྤུངས་པ་འདྲ་བའི་རྩེ་མོའོ།། མདངས ་བཟངས་གངས་རི་བྲག་དུ་ཞེས་བྱ་བ་ནི་མདངས་དགའ་བའི་གནས་དང་། གངས་རི་ཏེ་རྦག་དག་ཅིམིག་པའི་ད། ཅེས་ཡོད་པ་དང་བྲག་དཀར་ལ་ལྷུན་སྡུག་པ་ཡོད་པའི་གནས་དེ་རྣམས་སུ་རྡོ་རྗེ་འཛིན་པའི་རྣལ་འབྱོར་པའི་བསྒྲུབ་པའི་གནས་སོ།། འཁོར་ལོ་ཅན་གྱི་གན ་བསྟན་པའི་ཕྱིར། ཕུག་དང་དགོན་པའི་རི་དག་དང་ཞེས་པ་ལ་སོགས་པ་བསྟན་ཏེ། ཕུག་དང་དགོན་པའི་རི་དག་དང་། ཞེས་པ་ནི་སྤང་ཕུག་བཟང་པོ་ཁ་ཤར་དུ་ལྟས་པ་འམ། སྔོན་གྱི་རྣལ་འབྱོར་པས་བསྒྲུབས་པའི་དགོན་པའི་གནས་སམ་སྤང་རི་ཟླུམ ་པའི་ཤར་དུ་ཁ་བལྟས་པའོ།། ནགས་ཚལ་དྲ་བ་གཏིབས་པ་འམ། ཞེས་བྱ་བ་ནི་ལུང་པ་ཁ་ཤར་དུ་བལྟས་པའི་ནང་ན་ཚལ་ཆེན་པོས་གཏིབས་ནས་ཡོད་པ་འམ། འོན་ཏེ་ཤར་ཕྱོགས་ཀྱི་ངོས་ནས་གཏིབས་ནས་ཡོད་པའོ།། མདངས་བཟངས་ཤར་དུ ་གཞོལ་བའི་ཞེས་བྱ་བ་ནི་ཤིན་ཏུ་མདངས་དགའ་བའི་གནས་དེ་ལྟ་བུའི་སངས་རྒྱས་འཁོར་ལོ་ཅན་གྱི་གནས་སོ།། རིན་པོ་ཆེའི་གནས་བསྟན་པའི་ཕྱིར་འོག་ནས་འབྱུང་བ་འདི་གསུངས་སོ།། རིན་ཆེན་སྣ་ལྔའི་ཁ་དོག་གམ་ཞེས་བྱ་བ་ནི། ཤར་དཀར་བ་ལྷོ ་སེར་བ་ནུབ་དམར་བ་བྱང་ལྡང་བ་དབུས་སྔོ་བའི་མཚན་ཉིད་དམ། ཡང་ན་གནས་དེ་ཉིད་ནས་ཚོན་སྣ་ཚོགས་པ་ཡོད་པའོ།། རིན་པོ་ཆེ་ཟུར་བརྒྱད་དབྱིབས་འདྲ་བར་ཞེས་བྱ་བ་ནི། རི་ཉིད་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུ་ཡོད་པ་དང་། ཡང་བྲག་རིན་པོ་ཆེ་སྤུངས ་པ་འདྲ་བ་དང་། ཡང་ན་སའི་དབྱིབས་རིན་པོ་ཆེ་འདྲ་བའི་གནས། དེ་ནི་རིན་པོ་ཆེ་བསྒྲུབ་པའི་གནས་ཡིན་པར་བཤད་དོ།། དེ་ནས་པདྨའི་གནས་བསྟན་པའི་ཕྱིར། ཙན་དན་ཞེས་པ་ནས། པདྨོ་བསྒྲུབ་པར་དེ་ཤིས་སོ་ཞེས་པ་བསྟན་ཏེ། གོ ་སླའོ་སྟེ་པདྨ་རི་གནས་སོ།། ལས་ཀྱི་གནས་བསྟན་ཏཽ།། དུར་ཁྲོད་ཅེས་བྱ་བ་ནས་སྣ་ཚོག་རྡོ་ཅན་གྱི་ཞི་བ་བསྟན་ཏེ་སྣ་ཚོག་རྡོ་ཅན་གྱི་སྒྲུབ་པི་གནས་སྤྱིའི་གནས་བསྟན་ཏེ། རི་བྲན་མང་པོ་འདུས་པའི་སྤྱི།། རི་བོས་བསྐོར་བའི་ལྷུན་འཕྲིན་ཚེལ་ཞེས་པས་བསྟན་ཏེ། སྤྱིའི་དཀྱིལ ་འཁོར་བསྒྲུབ་པའི་གནས་སོ།། ཡང་ན་རིགས་ཐམས་ཅད་ཀྱི་ཡོན་ཏན་ཆ་དང་ལྡན་པས་བཤད་ཅེས་བྱ་བ་ན་གནས་ལྔའི་མཚན་ཉིད་ཚོང་བ་ནི་སྤྱིའི་དཀྱིལ་འཁོར་བསྒྲུབ་པའི་སའོ།། བླ་མ་དང་སློབ་མའི་གནས་རྣམས་ཀྱི་མཚན་ཉིད་མ་བརྟགས་ན་མི་འགྲུབ ་པའི་ཉེན་དང་ཁ་ན་མ་ཐོ་བའི་ཡ་ཁར་བཅས་པ་སྟེ། དངོས་གྲུབ་རིང་བས་དེའི་ཕྱིར་དངོས་གྲུབ་རིང་ཞེས་གསུངས་སོ།། དེའི་མཚན་ཉིད་ཤེས་པའི་རྣལ་འབྱོར་པས་སྤྲིང་བླང་གཉིས་བྱ་བའི་ཕྱིར་བློ་ཅན་གྱིས་ཤེས་ནས་སྤང་བར་བྱ་བ་ཡིན་ཞེས་བྱ་བ་ཡིན ་གསུངས་སོ།། དེ་ནས་ཡང་ཏིང་འཛིན་དང་ལྡན་མ་ལྡན་གྱི་སྐྱོན་བསྟན་ཏེ། རྣལ་འབྱོར་བློ་མཆོག་མི་ལྡན་ན་ཞེས་པ་དང་བདེར་གཤེགས་རྒྱལ་བ་ཀུན་གྱི་གསུངས་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། ཏིང་ངེ་འཛིན་དང་ལྡན་གནས་དང་། སློབ་མ ་ལ་སོགས་པ་གཞུང་དང་མཐུན་པ་མེད་ཀྱང་འགྲུབ་པར་བསྟན་པའི་ཕྱིར། བློ་དང་ལྡན་པའི་རྣལ་འབྱོར་པས་ཞེས་པ་ནས། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་པས་བསྟན་ཏོ།། ཏིང་ངེ་འཛིན་དང་གནས་ལ་སོགས་པ་གཉིས་ཆར་འཕྲུགས ་ན་དངོས་གྲུབ་མྱུར་བར་བསྟན་པའི་ཕྱིར། འོན་ཀྱང་གནས་དང་སློབ་མ་དང་། མཚན་ཉིད་རྣམས་ནི་བཤད་པ་ཡིན།། ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། དེ་ནས་གནས་ལ་སོགས་པ་རྙེད་ནས་སའི་འདུ་བར་བྱ་བ་བསྟན་པའི་ཕྱིར། ཞེས་པ་ལ ་སོགས་པ་བསྟན་ཏེ། མཚན་མས་དངོས་པོ་གཞོལ་བའི་ཕྱིར་ཞེས་པ་ནི་ལྷའི་དཀྱིལ་འཁོར་རོ།། དེའི་དངོས་པོ་རྫས་སུ་སྣང་བ་གཞོམ་པའོ།། ལྷའི་དཀྱིལ་འཁོར་བསྒོམ་པའི་གནས་དང་ས་དང་བར་སྣང་དང་། ངོ་ཡང་རིགས་རྣམས་སོ་སོ་གནས ་གྱི་མཚན་མ་ལྟར། བརྟགས་ཏེ་རྙེད་ནས་ངེས་པར་གཟུང་པོའོ།། དེ་ནས་ས་སྦྱངས་ཏེ་དེའི་ཏིང་ངེ་འཛིན་བྱ་བའི་ཕྱིར། ཏིང་ངེ་འཛིན་རྩེ་གཅིག་པ་ཞེས་པས་བསྟན་ཏེ། བདག་ཉིད་ཡི་དམ་གྱི་ལྷར་དྲན་པ་བྱ་བ་ནི། ཏིང་ངེ་འཛིན་གཅིག་གོ་དེས་ས་སྦྱང་བ ་སྟེ་དེ་ལ་ཡང་གཉིས་ཡོད་དེ། ཕྱིའི་སྦྱང་བ་དང་ནང་གི་སྦྱང་བ་དང་གཉིས།། ཕྱིའི་སྦྱང་བ་ནི་འབྱུང་བ་གསུམ་གྱིས་ཇི་ལྟར་སྦྱངས་པའོ།། ནང་གི་སྦྱངས་པ་ནིས་དངོས་པོ་ཐམས་ཅད་རང་བཞིན་མེད་དེ་སྟོང་པར་བསྒོམ་མོ།། ས་དང་པོ་མེད་པ་དེས་ཀྱང ་སཾ་སྦྱང་བའི་ལས་སུ་འགྱུར་ཞེས་སོ།། དེ་ནས་ཡང་སོ་གཞི་བྱིན་གྱིས་བརླབས་ཏེ། དེའི་ཕྱིར་དེ་དབང་འགྱུར་ལྷ་མོ་དེ་ཞེས་གསུངས་ཏེ། ས་གཞོ་བྱིན་གྱིས་བརླབས་པ་དེའི་ཚེ་བདག་ཉིད་ཀྱིས་སིའི་ལྷ་མོ་སྤྱན་དྲངས་ཏེ་ཐུགས་ཀ་རི་ཧཱུཾ་ལས ་འོད་ཟེར་འཕྲོས་པ་དེ་ལས་ལྕགས་ཀྱུར་གྱུར་ཏེ། ལྕགས་ཀྱུས་སའི་ལྷ་མོ་སྤྱན་དྲངས་ནས།། རྣལ་འབྱོར་གྱི་མདུན་ན་གནས་པར་བསམ་མོ།། དེ་ལ་མཆོད་པ་འབུལ་བའི་ཕྱིར་མཆོད་པ་སྟེ། སྦྲན་པ་བྱས་ན་ཞེས་གསུངས་ཏེ། སའི་ལྷ་མོ་དེ་ལ ་མཆོད་པ་རྣམས་དབུལ་ལོ།། དེའི་རྗེས་ལྷ་མོའི་དགའ་མདངས་ཀྱིས་ཁྱོད་དཀྱིལ་འཁོར་གྱིས་གསུང་ནས། ལྷ་མོ་ཉིད་འོང་དུ་ཞུ་དེ་ས་ལ་ཐིམ་པས་ས་ཡང་རིན་པོ་ཆེའི་ས་གཞིར་གྱུར་ཏེ་དེ་ཀ་ལ་སྙན་པ་ཞེས་བྱའོ།། རུ་ཏ་རྒོལ་བས་མ་ཚུགས ་ཤིངས་བྱིན་དང་ལྡན་པས་དེར་འགྱུར་རོ།། ཞེས་པ་ནི་དེ་ལྟར་ས་གཞི་བྱིན་གྱིས་བརླབ་པ་ན། རྣམ་པར་རྟོག་པ་མེད་ཅིང་བསོད་ནམས་ཀྱི་ཚོགས་བསག་པའི་གཞིར་འགྱུར་རོ།། དེ་ནས་ས་གཞི་དེ་བསླང་སྟེ།། དེའི་ཕྱིར་བྱིན་དང་ལྡན་པའི་ས་གཞི་ད་ཞེས་པ་ལ ་སོགས་པས་བསྟན་ཏེ། བྱིན་དང་ལྡན་པའི་ས་གཞི་དེ་ཞེས་པ་ནི་རིགས་དང་མཐུན་པའི་ས་གཞི་རྙེད་པ་ནི་བྱིན་བརླབས་ཅན་གྱི་གནས་དེས་དེ་ལྟ་བུ་དེ་སྣང་བ་དང་སྟེ་ས་བདག་གི་རྒྱལ་པོ་ལ་སོགས་པ་ལ་སློང་པོའོ།། མི་སྣང་བ་སྟེ་སའི་བདག་པོ་ལ ་སྟེ་ས་བདག་ལྷ་ཀླུའོ།། དེ་གཉིས་ལ་སླང་སྟེ། རྒྱལ་པོ་ལ་སོགས་པ་ལ་བདེན་པ་སྨྲ་ཞིང་ངག་འཇམ་པས་རིན་བཅས་ཏེ་སླང་ངོ་།། ས་བདག་ལྷ་ཀླུ་ལ་གཱི་ཏོར་མ་བྱིན་བདེན་པ་བདར་ལ་ས་སླང་བའི་ཕྱིར། ཐུགས་ཐུབ་དང་རས་ཚོང་མ་ཡིན་པར། རིན ་དང་བདེན་པས་སྒོ་ལ་སླང་།། ཞེས་གསུངས་པ་ཡིན་ནོ།། དེ་ནས་ཡང་སྟེགས་བུའི་ལས་བསྟན་པའི་ཕྱིར། དེ་ནས་སྟེགས་བུ་གྲུ་བཞི་ལ།། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ཞེས་པ་ནི་ཚུའི་པྲ་དང་སཱི་པྲ་རྟགས་པ་དེ་མ་ཐག་པ་དེ་ནལ་སྟེགས ་བུ་གྲུ་བཞི་པར་བརྩིག་གོ་ཞེས་བྱའོ།། སྟེགས་བུ་དེ་ལ་བ་སྥུ་བྱ་སྟེ། གང་གིས་བྱ་ཞེ་ན་བདུད་རྩི་རྣམ་ལྔས་སྐྱང་ནུལ་བྱ་ཞེས་པས་བསྟན་ཏེ། བདུད་རྩི་ལྔ་དང་ས་བཞག་མོ་བསྲེས་ལ་ཤིན་ཏུ་འཐ་བར་བྱ་སྟེ། འཐུག་སྲབ་པའི་ཀོ་བ་ཙམ་བྱའོ།། དེ ་ནས་ཐིག་གདབ་པའི་ལས་བསྟན་པའི་ཕྱིར་གོས་རྒྱན་མཛེས་མའི་གྲོགས་མཆོག་མ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། གོས་བརྒྱན་མཛེས་མའི་གྲོགས་མཆོག་མ་ཞེས་པ་ནི། ཤིན་ཏུ་མཛེས་མའི་གྲོགས་མཆོག་མ་དེས་ཁྲུས་བྱས་པ། རྒྱན ་རྣམ་པ་སྣ་ཚོགས་པས་བརྒྱན་ཏེ། དེ་ལ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ལ། སའི་ཐིག་སྐུང་བཀལ་དུ་བཞུག་སྟེ། དེའི་ཕྱིར་གསལ་བར་ལྡན་ནམ་བྱིན་བརླབས་ལ་ཞེས་གསུངས་པ་ཡིན་ཏེ། ཐིག་སྐུད་རིང་ཐུང་གི་ཚད་ནི་དཀྱིལ་འཁོར་རྒྱ་ཉིས ་འགྱུར་རོ།། དེ་བས་ཚང་ལྡན་རྡོ་རྗེ་སྲད་བུའི་ཞེས་བརྗོད་དོ།། ཐིག་གདབ་པའི་སྦྱོར་བ་བྱ་ཞེས་པ་ནི། རས་པ་ལ་དཀར་པོ་ལ་ཚོན་རྩི་ལྔ་པོས་ཁ་དོག་བརྒྱར་ལ། དེ་མཉམ་པོར་བཀལ་ཏེ། ཡི་གེ་ལྔ་བཀོད་ལ་འཕྲོ་འདུའི་སོ་སོའི་སྐུར་བསྐྱེད་དེ། དེ་ལ་ཡེ་ཤེས་ཀྱི། ་རིགས་ལྔ་དགུག་པ་དང་གཞུག་པ་དང་། བཅིང་བ་དང་བསྟན་པ་བྱས་ནས། དེ་ལ་མཆོད་པ་འབུལ་བར་བྱའོ།། དེའི་རྗེས་ལ་འོད་དུ་ཞུ་སྟེ་སྲང་བུཾ་ལ་ཐིམ་མོ།། སླད་བུ་དེ་གྲོགས་པོ་ལ་གཏད་དེ་འགུ་རུ་ཆུ་བདག་དུ་འདུག་ཅི་བ་ཤི་ཤ་བྱང་དུ་འདུག ་སྟེ་འདི་སྙེད་བརྗོད་དོ།། དགོངས་ཤིག་རྒྱལ་བ་འཁོར་དང་བཅས།། ནམ་མཁའ་གང་བའི་བདེར་གཤེགས་རྣམས།། ཐིག་གི་སྒྲ་ཡིས་བསྐུལ་ནས་ནི།། དུས་འདི་སེམས་ཅན་དོན་རྣམས་མཛོད་ཅེས་བརྗོད་ལ།། ཡེ་ཤེས་ཐིག་གདབ་སྟེ། སྔོན་ལ་ཚངས ་ཐིག་གཉིས་གང་ག་དེ་ནས་ཟུར་ཐིག་གང་བ། དེ་ནས་ཤར་ཕྱོགས་ལ་སོགས་པའི་ཕྱོགས་ཀྱི་ཐིག་རྣམས་ཇི་ལྟར་འདོད་པ་བཞིན་དུ་ཆ་བ་གོ་ཞིང་གདབ་བོ།། དེའི་ཕྱིར་ཐིག་གདབ་པའི་སྦྱོར་བ་བྱ་ཞེས་གསུངས་པ་ཡིན་ནོ།། དེ་ནས་དཀྱིལ་འཁོར་བྲི ་པའི་ཐབས་བསྟན་ཏེ། དེའི་ཕྱིར་འགྲོ་བ་བློ་རྨོངས་མི་ཤེས་པ་ཞེས་པ་ལ་སོགས་པས་བསྟན་ཏེ། འགྲོ་བ་བློ་རྨོངས་མི་ཤེས་པ་ཞེས་བྱ་བ་ནི། འགྲོ་བ་བློ་རྨོངས་ཤིང་མི་ཤེས་པ་བསྟན་པའི་ཕྱིར། བསྟན་པའི་དཀྱིལ་འཁོར་བྲི་སྟེ། རྣལ ་འབྱོར་པ་བདག་ཉིད་ལྷའི་ཏིང་ངེ་འཛིན་དུ་འཇུག་པའི་ཕྱིར་དང་པོ་ལས་ཀྱི་སྒོར་ཞུགས་ལ་ཞེས་གསུངས་པ་ཡིན་ནོ།། དེ་ནས་ཚོན་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། རབ་འབྲིང་ཐ་མ་གསུམ་སྟེ། རབ་ནི་རིན་པོ་ཆེ་སྣ་ལྔའོ།། འབྲིང་ནི་འབྲས་ལ ་སོགས་པ་ལ་ཚོན་གྱིས་ཁ་དོག་བསྒྱུར་བའོ།། ཐ་མ་ནི་ས་ལ་བྱིན་གྱིས་བརླབ་པའོ།། དེའི་ཕྱིར་ཁ་དོག་ཉི་ཤུ་རྩ་ལྔ་འམ། ལྔའི་ཚོན་གྱིས་བྲི་བར་བཤད།། ཁ་དོག་སོ་སོའི་དཀྱིལ་འཁོར་བྱང་ཤར་གྱི་མཚམས་ནས་མཛུབ་གང་མཉམ་པོར་དྲང་སྟེ ་བྱིན་གྱིས་བརླབས་ནས་འདྲེན་ཀར་འདི་བརྗོད་དོ།། ཧཱུཾ་འདི་ནི་ཆོས་དབྱིངས་དག་པ་སྟེ།། དེ་ཕྱུང་རིགས་ལྔའི་ངོ་བོར་སྣང་།། སེམས་ཅན་མ་ལུས་དོན་བྱའི་ཕྱིར།། ཚོན་གྱི་ལས་ནི་བདག་གིས་བརྩམས།། ཞེས་བརྗོད་ལ་རི་མོ་འདི་བྲིའོ།། རི་མོ་དེ་མཐོ ་དམན་དུ་སོང་ན་དངོས་གྲུབ་མེད་པའི་ལྟས་སོ།། ཡོན་པོར་གྱུར་ན་བགེགས་ཡོད་པའི་ལྟས་སོ།། ཆད་པར་གྱུར་ན་སློབ་དཔོན་དང་སློབ་མ་གཉིས་ཀོ་འཆི་བའི་ལྔས་སོ།། རི་མོ་དེ་ལོག་པར་གྱུར་པ་གང་ཡིན་པ་བྱུང་བའི་དུས་དེ་ན། ཕུར་པ་གདབ ་པར་བྱ་བ་ཡིན་ཏེ། དེ་ཡང་ཕུར་པ་སྒྲོལ་བ་དག་དུ་བྱིན་གྱིས་བརླབས་ལ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་སརྦ་ཤ་ཧཱུཾ་ཕཊ་ཅེས་བརྗོད་པས་ཕུར་པ་གདབ་བོ།། དེ་ནས་རྣམ་ལྔའི་ཚོན་གྱིས་དཀྱིལ་འཁོར་དམ་པ་དེ་བྲི་བར་བྱའོ།། དེ་ནས་རྡོ་རྗེ་འཛིན་པའི་དཀྱིལ ་འཁོར་བཤད་པའི་ཕྱིར། རབ་ཏུ་ཟླུམ་པོའི་དཀྱིལ་འཁོར་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། རབ་ཏུ་ཟླུམ་པོའི་དཀྱིལ་འཁོར་ལ་ཞེས་བྱ་བ་ནི། དབུས་ཀྱི་ཕོ་བྲང་བསྟན་པ་ཡིན་ཏེ། རབ་ཏུ་ཟླུམ་པོ་བྲི་བ་སྟེ། ལྷ་རྣམས་ཀྱི་ནང་རོལ་ཆ་ཆུང་ཕྱེད་ནས་བསྐོར ་རོ། དེའི་ནང་རོལ་ཆ་ཆུང་ཞིག་ལ་བསྐོར་ཏེ་བསྡོམས་པས་ཆ་ཆེ་ཆུང་ཕྱེ་དང་གཉིས་ལ་རྡོ་རྗེ་ར་བའོ།། ཐིག་བཞི་གདབ་པས་དཀྱིལ་འཁོར་དགུ་ཞེས་བྱ་བ་ནི། རྡོ་རྗེ་ར་བའི་དབུས་སུ་ཐིག་ཆ་ཆུང་ངུ་རེ་རེ་བཞག་སྟེ། སོ་སོའི་ཐིག་གཞན་མ་ཕྱིས་པས་ཕྱོགས་བཞི ་མཚམས་བཞི་སྟེ་བརྒྱད་དོ།། དབུས་དགུའོ།། ཆེ་ཆུང་རེ་རེ་བཞགས་དེ་རྣམས་ལ་རྡོ་རྗེའི་གདུང་བཞི་དང་། རྡོ་རྗེའི་ཀ་བ་བརྒྱད་གནས་སོ།། གྲུ་ཆུང་པར་ཁྱམས་སྒོ་ཁྱུད་བཅས།། ཞེས་བྱ་བ་ནི་གྲུ་ཆད་ནི་ལྷ་རྣམས་ཀྱི་ནང་རོལ། རྡོ་རྗེ་བུམ་པོའི་ཕྱི་རོལ། བར་འཁྱམས ་ནི་ལྷ་རྣམ་ཉིད་དོ།། སྒོ་ཁྱུད་ལ་སོགས་པ་རྟ་བབས་དང་། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཏ་ལའི་སྐྱེད་ཤིང་དང་བྱ་དང་པ་ལ་སོགས་པ་རྒྱས་པར་བྲིའོ།། དེ་ནས་དཀྱིལ་འཁོར་ལ་ཕྱག་མཚན་དགོད་པ་ནི་སྤྱིའི་དཀྱིལ་འཁོར་དུ་གསུངས་པའི ་རིམ་པ་ཇི་བཞིན་ནོ།། སོ་སོའི་ཁ་དོག་དང་ཞུགས་ཐབས་བསྟན་པ་ནི། དབུས་སུ་སངས་རྒྱས་རྡོ་རྗེ་འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུས་སུ་སངས་རྒྱས་རྡོ་རྗེ་འཛིན་ཞེས་པ་ནི་ལེ་ཚེའི་དབུས་མ་གང་ཡིན་པའི་བཞུགས་གནས་ཏེ། དེའི་གནས ་སུ་ཉོན་མོངས་པ་ཐམས་ཅད་སྤངས་པའི་སངས་རྒྱས་ཕྱིན་ཅི་མ་ལོག་པའི་དོན་དམ་པ་དང་། དུས་རྟག་ཏུ་མི་གྲོལ་བས་རྡོ་རྗེ་འཛིན་པ་དེ་ལྟ་བུའི་ངང་ཚུལ་དང་ལྡན་པ་དེ་བཞུགས་སོ།། ནམ་མཁའི་དབྱིངས་དང་འཁྲིལ་བའི་ཚུལ་ཞེས་བྱ་བ་ནི་སྟོང་པ་དང ་སྙིང་རྗེ་དབྱེར་མེད་པའི་ཕྱིར་ནམ་མཁའི་དབྱིངས་ཕྱུག་མ། འཁྲིལ་བའི་ཚུལ་དུ་བཞུགས་པ་དེ་གང་ན་བཞུགས་པ་ཞེ་ན། ཕོ་བྲང་གི་དབུས་སེང་གེའི་གདན་དེའི་སྟེང་ཉི་ཟླ་པདྨ་རིན་པོ་ཆེའི་གདན་ལ། ཡང་དག་པར་གནས་སོ།། རྣམ་པའི་མཆོག ་རྣམས་རྫོགས་པར་ཡང་གསལ་ཞེས་བྱ་བ་ནི། མགུར་ཆུ་དང་དཔུང་རྒྱན་དང་སེན་མོ་དོ་དང་དོ་ཤལ་ལ་སོགས་པའི་རྣམ་པའི་རྒྱན་གྱི་མཆོག་རྣམས་ཡོངས་སུ་རྫོགས་ཤིང་གསལ་བར་བྱའོ།། སྐུ་མདོག་ནི་མཐིང་ག་སྟེ། འོད་ཟེར་ལྔས་འཁྲིགས་པར་ཡིད་ཀྱིས ་བལྟའོ།། དེའི་སྤྱན་སྔར་སྣང་མཛད་སེམས་ཞེས་བྱ་བ་ནི། རྡོ་རྗེ་འཛིན་པ་དེའི་སྤྱན་སྔར་ནི་ཤར་ཕྱོགས་ཀྱི་ལེ་ཚེ་དེའི་གནས་སུ་བསྒོམ་པར་བྱའོ།། རྡོ་རྗེ་དབྱིངས་དང་ཐབས་ཅིག་ཏུ་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཕྱག་མ་དང་འཁྲིལ་བའི་ཚུལ་གྱིས་སྟོབས་གླང་པོ ་ཚེའི་གདན་ལ་ཡང་དག་པར་གནས་པ་སྟེ། སྐུ་མདོག་དཀར་པོ་འོད་ཟེར་ལྔས་འཁྲིགས་པ་ཁ་དོག་དཀར་པོ་འོད་འབར་བའོ།། ཞེས་གསུངས་པ་ཡིན་ནོ།། རིན་ཆེན་སེམས་པ་གཡས་སུ་སྟེ། ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཞལ་ཤར་དུ་གཟིགས་པ་སྟེ། དེའི་གཡས ་གང་ཡིན་པ་ནི་ལྷོ་ཕྱོགས་ཀྱི་ལེའུ་ཙེ་སྟེ་དེའི་གནས་སུ་བསྒོམ་པར་བྱའོ།། རིན་ཆེན་དབྱིངས་ཕྱུག་མ་དང་བཅས་ཞེས་བྱ་བ་ནི། སེམས་ཅན་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བའི་རིན་ཆེན་དབྱིངས་ཕྱུག་མ་དེ་དང་། འཁྲིལ་པའི་ཚུལ་གྱིས་རྫུ་འཕྲུལ་རྟའི ་ཁྲི་ལ་ཡང་དག་པར་བཞུགས་སོ།། འཇམ་ཐུན་ཏི་གསེར་འོང་འདྲ་ཞེས་བྱ་བ་ནི། སྐུ་མདོག་སེར་པོ་གསེར་གྱི་འོད་འདྲ་བ་སྟེ། འང་བར་ལྔས་འཁྱིལ་བའི་རྒྱབ་ཏུ་ཆོས་ཀྱི་སེམས་པ་སྟེ། ཞེས་བྱ་བ་ནི། རྡོ་རྗེ་འཛིན་པའི་རྒྱབ་ནི་ནུབ་སྟེ། ནུབ་ཀྱི་ལེ་རུ་རྩ་ལ་ཆོས་ཀྱི་སེམ ་པ་བསམ་པར་བྱ་བའི་གནས་ཡིན་ཏེ། དེའི་གནས་སུ་བསམ་པར་བྱའོ།། ཆོས་ཀྱི་སེམས་མར་བཅས་པ་དང་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་ཆོས་ཀྱི་སེམས་མ་དེ་དང་འཁྲིལ་པའི་ཚུལ་དུ་དབང་རྨ་བྱའི ་ཁྲི་ལ་ཡང་དག་པར་བཞུགས་སོ།། སྐུ་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེ། དེའི་ཕྱིར་དམར་པོ་པདྨོ་རཱ་གའི་མདོག་ཅེས་བསྟན་པ་ཡིན་ནོ།། ལས་ཀྱི་སེམས་པའི་གཡོན་དུ་སྟེ། ཞེས་བྱ་བ་ནི། རྡོ་རྗེ་འཛིན་པའི་གཡོན་གང་ཡིན་པ་དེ་བྱང་གི ་ཕྱོགས་ཀྱི་ལེའུ་ཙེ་སྟེ། གནས་དེ་རུ་ལས་ཀྱི་སེམས་པ་བསམ་པར་བྱའོ།། ལས་ཀྱི་དབྱིངས་ཕྱུག་མ་དང་འཁྲིལ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་གི་ངོ་བོས་མ་སྐྱེས་པའི་ངང་དུ་མཛད་པའི་ལས་ཀྱི་དབྱིངས་ཕྱུག་མ་དང་། འཁྲིལ་བའི་ཚུལ་གྱིས་ནམ ་ན་མཁའ་ལྡིང་གི་ཁྲི་ཚན་ལ་ཡང་དག་པར་བཞུགས་སོ།། སྐུ་མདོག་ལྗང་གུ་ཨིནྡྲ་ནི་ལའི་མདོག་འདྲའོ།། ཕྱི་ནང་སེམས་པ་སེམས་མ་རྣམས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བར་འཁྱམས་ལ་བསམ་པར་བྱ་བ་སྟེ། ཤར་ཕྱོགས་ཀྱི་འཁྱམས་ལ་པད་མ ་དཀར་པོའི་གདན་སྟེངས་སུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་སྐུ་མདོག་དཀར་པོ་ཕྱག་གཡས་ན་རིན་ཆེན་འབར་བ། གཡོན་པས་རྩ་བ་བཟུང་ནས་ལ་སེ་དཀར་མོ་དང་། འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། ལྷོ་ཕྱོགས་ཀྱི་ཁྱམས་ལ་ནམ་མཁའི ་སྙིང་པོ་སྐུ་མདོག་སྔོན་པོ་ཕྱག་ན་རལ་གྲི་བསྣམས་ནས་མ་ལ་སྔོན་མོ་དང་འཁྲིལ་པོའི་ཚུལ་གྱིས་པདྨ་སྔོན་མོའི་གདན་ལ་བཞུགས་སོ།། ནུབ་ཕྱོགས་ཀྱི་ཁྱམས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་མོ།། ཕྱག་ན་བ ་བསྣམས་པ་གི་ཏ་དམར་མོ་སྐུ་ལ་འཁྲིལ་ནས་པདྨ་དམར་པོའི་གདན་ལ་བཞུགས་སོ།། བྱང་ཕྱོགས་ཁྱམས་ལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་ནས་ནོར་ཏི་ལྗ་གུའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས ་པདྨ་ལྗང་གུའི་གདནི་ལ་བཞུགས་སོ།། དེ་ནི་ནང་གི་སེམས་དཔའ་དང་སེམས་མའོ།། ཤར་ལྷོ་མཚམས་ཀྱི་ཁྱམས་ལ་བྱང་ཆུབ་སེམས་དཔའ་བྱམས་པ་མཻ་ཏྲི་སྐུ་མདོག་དཀར་སྣ་ཕྱག་ཀླུ་ཤིང་བསྣམས་ནས། དུ་བེ་དཀུར་མོ་སྐུ་ལ་འཁྲིལ་ནས་པདྨ་དཀར ་སྐྱའི་གདན་ལ་བཞུགས་སོ།། ལྷོ་ནུབ་ཀྱི་ཁྱམས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ། སྐུ་མདོག་སེར་པོ་ཕྱག་ན་པུ་ཏི་བསྣམས་ནས་པུཥྤེ་སེར་མོ་རི་སྐུ་ལ་འཁྲོལ་ནས་པིད་སེར་གི་དན་ལ་བཞུགས་སོ།། ནུབ་བྱང་གི་ཁྱམས་ལ་བྱང་ཆུབ ་སེམས་དཔའ་རྒྱུན་ཏུ་བཟང་པོ་སྐུ་མདོག་དམར་པོ།། ཕྱག་ན་རིན་པོ་ཆེ་བསྣམས་ནས་ཨ་ལོ་ཀེ་དམར་མོ་སྐུ་ལ་འཁྲིལ་ནས་པདྨ་དམིར་མོའི་གདན་ལ་བཞུགས་སོ།། བྱང་ཤར་མཚམས་ཀྱི་ཁྱམས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ ་སྐུ་མདོག་ལྗང་གུ་ཕྱག་ན་ཨུད་པེ་ལ་བསྣམས་ནས་གནྡྷེ་ལྗང་གུའི་སྐུ་ལ་འཁྲིལ་ཏེ་པདྨ་ལྗང་གུའི་ཁྲི་ལ་བཞུགས་སོ།། དེ་ནི་ཕྱིའི་སེམས་དཔའ་དང་སེམས་མའོ།། དེ་རྣམས་བསྟན་པ་ལ་ནི་ཕྱི་ནང་སེམས་དཔའ་སེམས་མ་རྣམས་ཞེས་གསུངས ་ཡིན་ནོ།། ཕྱི་ནང་གང་ལའང་དེ་བཞིན་བྲི་ཞེས་པ་ནི་ནང་གི་སེམས་དཔའ་སེམས་མ་རྣམས་ཀྱི་དཀྱིལ་འཁོར་འདྲི་བའི་དུས་ན་ནང་གི་གྲུ་ཆད་ལ་བྲི་བར་བྱའོ།། ཕྱིར་སེམས་དཔའ་དང་སེམས་མ་རྣམས་ནི་ཕྱིའི་གྲུ་ཆང་ལ་བྲི་བར་བྱའོ།། བསྒོམ་པར་བྱ་བའི ་གནས་སྐབས་ན་ནི་ཁྱམས་ཐབས་ཕྱོགས་དང་མཚམས་སུ་བསྒོམ་པར་བྱ། བར་ཁམས་ངག་ལ་སྤྲུལ་སྐུ་དང་ཞེས་བྱ་བ་ནི་བར་ཁྱམས་གྱི་ཤྭར་ཕྱོགས་སུ་པདྨ་སེར་པོའི་གདན་ལ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་མདོག་སེར་པོ་ཕྱག་ན་བསེག་པར ་བསྣམས་ནས་བཞུགས་སོ།། ཤར་ལྷོ་ཕྱོགས་ཀྱི་ཁམས་ལ་པདྨ་དཀར་པོའི་གདན་ལ་སྤྲུལ་སྐུ་བརྒྱ་བྱི་ན་ཐུབ་པ་ནི། སྐུ་མདོག་དཀར་པོ་ཕྱག་ན་པི་བང་བསྣམས་ནས། བཞུགས་སོ།། ལྷོའི་ཁྱམས་ལ་པདྨ་མཐིང་གའི་གདན་ལ་སྤྲུལ་སྐྲ་དམྱལ ་བའི་ཐུབ་པ་ནི་སྐུ་མདོག་མཐིང་ནག་གི་ཤིན་རྗེའི་ཞེས་བྱ་བ་ཕྱག་ན་མེ་ཆུ་བསྣམས་པའོ།། ནུབ་ཕྱོགས་ཀྱི་ཁྱམས་ལ་སྦྲུལ་སྐུ་བྱོལ་སོང་གི་ཐུབ་པ་ནི། སྐུ་མདོག་སྨུག་པོ་ཨ་བ་གླང་མགོ་ཅན་ཞེས་བྱ་བ་ཕྱག་ན་པོ་ཏི་བསྣམས་ནསེ་པདྨ ་སྨུག་པོའི་གདན་ལ་བཞུགས་སོ།། ནུབ་བྱང་གི་ཁྱམས་ལ་སྤྲུལ་སྐུ་ལྷ་མ་ཡིན་གྱི་ཐུབ་པ་སྐུ་མདོག་སྔོན་པོ་ཐག་བཟངས་རིས་ཞེས་བྱ་བ་ཕྱག་ན་རལ་གྲི་བསྣམས་ནས་པདྨ་སྔོན་པོའི་གདན་ལ་བཞུགས་སོ།། བྱང་ཕྱོགས་ཀྱི་ཁྱམས་ལ་སྤྲུལ ་སྐུ་ཡི་རས་ཀྱི་ཐུབ་པ་ཁ་འབར་མ་ཞེས་བྱ་བ་སྐུ་མདོག་ལྗང་གུ་ཕྱག་ན་རིན་པོ་ཆེའི་སྒྲོམ་བུ་བསྣམས་ནས་པདྨ་ལྗང་གུའི་གདན་ལ་བཞུགས་སོ།། ཤར་ཕྱོགས་ཀྱི་ཁྱམས་དང་ནུབ་ཕྱོགས་གཉིས་ཀྱི་ཁྱམས་ལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས ་བསྒོམས་ཏེ། སྐུ་མདོག་དཀར་པོ་ཕྱག་ན་རྡོ་རྗེ་བསྣམས་སོ།། ཡུམ་གྱི་ཕྱག་ན་དྲིལ་བུའོ།། སྒོར་ནི་སྒོ་མ་དང་བཅས་པ་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་སྒོར་ཁྲོ་བོ་རྣམ་པར་རྒྱལ་བ་སྐུ་མདོག་མཐིང་ནག་ཕྱག་ན་མཽ་མགོ་གདེངས་པ་རྣམས་ནས། མེ་དཔུང་འབར་བའི ་དཀྱིལ་ན་རྟ་གདོང་ལྕགས་ཀྱུ་མ་སྐུ་ལ་འཁྲིལ་ནས་བཞུགས་སོ།། ལྷོ་ཕྱོགས་ཀྱི་སྒོར་ནི་ཁྲོ་བོ་གཤིན་རྗེ་གཤེད་སྐུ་མདོག་དུད་ཀ་ཕྱག་ན་བེ་ཅོན་བསྣམས་ནས། ཡུམ་ཕག་གདོང་ཞགས་པ་མ་དང་གཉིས་འཁྲིལ་བའི་ཚུལ་གྱིས་མེ་དཔུང་གི ་དབུས་ན་བཞུགས་སོ།། ནུབ་ཕྱོགས་ཀྱི་སྒོར་ནི་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཕྱག་ན་ཐ~ཾང་སྦྲུལ་དང་ཞགས་པའོ།། ཡུམ་ཉི་ཟླ་ལྕགས་སྒྲོག་མ་དང་འཁྲིལ་པའི་ཚུལ་གྱིས་མེ་དཔུང་ནང་ན་བཞུགས་སོ།། བྱང་ཕྱོགས་ཀྱི་སྒོར་ནི་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ ་མདོག་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་ནས་ཡུལ་ཐལ་བྱེད་དྲིལ་བུ་མ་སྐུ་ལ་འཁྲིལ་ནས་མེ་དཔུང་ནང་ན་བཞུགས་སོ།། འདི་ཇི་ལྟར་རྒྱས་པར་བསྟན་པ་བཞིན་དུ་དཀྱིལ་འཁོར་ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། དཀྱིལ་འཁོར་འདི་ནི་དཀྱིལ ་འཁོར་དམ་པ་ཡིན་ཏེ། དཀྱིལ་འཁོར་ཐམས་ཅད་འདི་ལས་འབྱུང་བའི་ཕྱིར་ན།། སངས་རྒྱས་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཉམས་དགའ་དམ་པའོ།། ཞེས་གསུངས་པ་སྟེ། རིན་པོ་ཆེ་འདྲ་བའི་གང་ཟག་ལ་བསྟན་པའོ།། དེ་ནས་པདྨ་དཀར་འདྲའི་གང་ཟག་ལ ་བསྟན་པའི་ཕྱིར། སངས་རྒྱས་འཁོར་ལོ་ཅན་གྱི་དཀྱིལ་འཁོར་གསུངས་ཏེ། གཙོ་བོ་གང་ཡིན་པ་བསྒྱུར་བར་ཤེས་པར་བྱ་སྟེ། བྲི་བ་དང་ལྷའི་སྐུ་མདོག་ལ་སོགས་པ་རྒྱས་པར་གོང་དུ་གསུངས་པས་ཀུན་ལ་ཤེས་པར་བྱའོ།། འཁོར་ལོ་ཅན་གྱི་དཀྱིལ་འཁོར ་བསྟན་པའི་ཕྱིར། སངས་རྒྱས་འཁོར་ལོ་ཅན་གྱིས་གསུངས་ཞེས་པ་ནས། རྡོ་རྗེ་འཛིན་པ་འདྲ་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ།། དེ་ནས་པདྨ་འདྲ་བའི་གང་ཟག་ལ་རིན་ཆེན་དཀྱིལ་འཁོར་བསྟན་པའི་ཕྱིར། རིན་ཆེན་དཀྱིལ་འཁོར་དམ་པ་ནི་ཞེས་པ་ནས ་རྡོ་རྗེ་འཛིན་པའི་ལྷོ་ཕྱོགས་སུ་ཞེས་པའི་ཚིག་ལྔས་བསྟན་ཏོ།། དེ་ནས་ཙན་དན་འདྲ་བའི་གང་ཟག་ལ།། པདྨའི་དཀྱིལ་འཁོར་བསྟན་པའི་ཕྱིར།། པདྨ་འདབ་མ་བརྒྱད་པ་ལ།། ཞེས་པའི་ཚིག་བཞིས་བསྟན་ཏོ།། དེ་ནས་ཨུད་པ་ལ་འདྲ་བའི་གང་ཟག་ལ།། ལས ་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། སྣ་ཚོགས་ལས་ཀྱི་དཀྱིལ་འཁོར་ཞེས་པ་ནས་གཞན་ཡང་དེ་བཞིན་རྒྱས་པར་བྲི་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། དེ་ནས་དཀྱིལ་འཁོར་དེ་དག་ལ་རྒྱན་བཀོད་པ་བསྟན་པའི་ཕྱིར། དཀྱིལ་འཁོར་ཉམས ་དགའ་དེ་དག་ལ། ཞེས་པ་ལ་སྩོགས་པ་གསུངས་ཏེ། བུམ་པ་བརྒྱད་དམ་བརྒྱད་གཉིས་ལ་ཞེས་བྱ་བ་ནི་བུམ་པ་བརྒྱད་དང་། ཡང་བཅུ་དྲུག་ཏུ་བྱས་ལ་དེའི་ནང་དུ་བླུགས་པའི་རྫས་བསྟན་པའི་ཕྱིར། ཅི་འབྱོར་བཏུང་བ་སྣུམ་པོ་འམ་ཞེས་པ ་ལ་སོགས་པ་གསུངས་ཏེ། ཅི་འབྱོར་བཏུང་བ་སྣམ་པོ་འམ་ཞེས་པ་བ་ནི། འབྱོར་པ་བཟའ་བའི་བྱེ་བྲག་བུ་རམ་ལ་སྩོགས་པ་ཅི་འབྱོར་པ་གླུགས་ཏེ་ཆེ་བའི་ཡོན་ཏན་གྱིས་བརྒྱན་པའི་རྟགས་སོ།། བདུད་རྩི་ལྔ་འམ་རིན་ཆེན་བཅས་ཞེས་བྱ་བ་ནི། སྨན་ལྟ ་བླུགས་པ་དེ་བྱང་ཆུབ་ཀྱི་སེམས་ཀྱི་རྟགས་སོ།། འབྲུ་ལྔའི་ལྷ་རྣམ་ཀྱི་མཚན་མའི་རྟགས་སོ།། རིན་པོ་ཆེ་ལྔ་ནི་ལྷའི་སྐུ་མདོག་གི་རྟགས་སོ།། གང་བའི་རིན་ཆེན་བུམ་པ་ནི་ཞེས་བྱ་བ་གོང་མའི་རྫས་རྣམས་ཀྱིས་ཀྱང་གང་བའོ།། དང་པོ་གསེར་གྱི ་བུམ་པར་ཡང་བཤད་ཅེས་བྱ་བ་ནི་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ལ་བརྒྱན་པར་བྱའོ།། གཉིས་པཱ་ཤེལཱ་དང་དངུལ་གྱི་དེ་ཞེས་བྱ་བ་ནི་སངས་རྒྱས་འཁོར་ལོ་ཅན་གྱིའོ།། གསུམ་པ་བཻ་ཌཱུཪྻའི་ཞེས་བྱ་བ་ནི་རིན་པོ་ཆེའི་རྒྱན་ནོ།། བཞི་བཟངས་ཀྱི་བུམ ་པར་བྱ་ཞེས་བྱ་བ་ནི། པདྨའི་དཀྱིལ་འཁོར་གྱི་རྒྱན་ནོ།། ལྔ་པ་ལྕགས་ཀྱི་བུམ་པར་བཤད་ཅེས་བྱ་བ་ནི། སྣ་ཚོགས་ལས་ཀྱི་དཀྱིལ་འཁོར་གྱིའོ།། དྲུག་པ་ལ་ནི་སྣ་ཚོགས་པ།། བུམ་པ་གང་བར་བཞག་པར་བྱ།། ཞེས་བྱ་བ་ནི་སྤྱིའི་དཀྱིལ་འཁོར་གྱི་བུམ་པའོ།། ་གཞན་ཡང་རྒྱན་གྱི་ཁྱད་པར་དང་།། རོལ་མོ་ཡིད་འོང་ཅི་འབྱོར་དང་།། ཞེས་བྱ་བ་ནི་བུམ་པར་མ་ཟད་དེ་བླ་རེ་དང་འཕན་དང་གདུགས་རྒྱལ་མཚན་དང་བ་དན་དང་དར་གྱི་ལྔ་ལྡི་དང་རྒྱན་གྱི་ཁྱད་པར་མང་པོས་བརྒྱན་ནོ།། དེར་མ་ཟད་དེ་སྤོས་དང་གར་དང་གླུ་དང་རྔ་དང་རྔ་བོ ་ཚེཆེ་དང་རྫ་རྔ་དང་པི་བང་དང་། གླིང་བུ་དང་ཅང་ཏེའུ་དང་ཆ་ལང་དང་དྲིལ་བུ་ལ་སོགས་པ་སྒྲ་མང་པོ་ཐོགས་ལ་དཀྱིལ་འཁོར་ལ་བསྐོར་བ་བྱའོ།། མཆོད་པའི་ཡོ་བྱད་ཐམས་ཅད་དང་། གཏོར་མ་ལ་སོགས་མཛེས་པར་དགྲམ་ཞེས་བྱག་མཆོད་པའི་ཡོ་བྱད་དེ་སྤོས་དང་མེ ་ཏོག་དང་མར་མེ་དང་དྲི་ཆབ་དང་ཨརྒ་ལ་སོགས་པ་རིམ་པ་མ་ནོར་བར་བཀྲམ་མོ།། གཏོར་མ་ལ་སོགས་པ་ནི་ཕྱོགས་སྐྱོང་གི་གཏོར་མ་ལ་སོགས་པ་མང་པོ་བཀྲམ་མོ།། དེ་ནས་རྣལ་འབྱོར་པས་བསྒོམ་པའི་རིམ་པས་བྱ་བ་བསྟན་པའི་ཕྱིར། དེ་ནས་རྣལ་འབྱོར་ཅན་གྱིས ་ནི་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། དེ་ནས་རྣལ་འབྱོར་ཅན་གྱིས་ནི་ཞེས་བྱ་བ་ནི། དཀྱིལ་འཁོར་འཁོར་ལོའི་རྒྱན་ལ་སོགས་པ་ཐམས་ཅད་བཀྲམ་པའི་དེ་མ་ཐག་པ་དེ་ནས། རྣལ་འབྱོར་པས་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་བྱའོ།། དེ་ཡང་ཇི་ལྟར་བྱ་ཞེ་ན། དང་པོར་དེ ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པར་བྱ་བ་དང་། གཉིས་པ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་བསྒོམ་པར་བྱ་བ་དང་། གསུམ་པ་རྒྱུའི་ཏིང་ངེ་འཛིན་བསྒོམ་པར་བྱ་བ་སྟེ། རྒྱུའི་ཡི་གེར་གནས་པའི་སྐབས་ཉིད་ན། དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པའི་གོང་དུ་གསུངས ་པའི་རིམ་པས་བསྐྱེད་པ་སྟེ། རྟེན་གྱི་དཀྱིལ་འཁོར་གདན་དང་བཅས་པའི་རྗེས་ཐོགས་སུ་རྟེན་ཅན་གྱི་དཀྱིལ་འཁོར་བསྐྱེད་དེ། གོང་མའི་རིག་པ་ཇི་བཞིན་དུ་བྱ་བ་སྟེ། རྟེན་ཅན་གྱི་འཁོར་ལོ་རྫོགས་པའི་རྗེས་ཐོགས་སུ་སྐུ་གསུང་ཐུགས་སུ་བྱིན་གྱིས ་བརླབས་ནས། ཕྱག་རྒྱ་བཞིས་རྒྱས་གདབ་པོ།། དེ་ནས་དབང་ནོད་པ་དེ་དབུ་རྒྱན་ལ་སོགས་པ་རིགས་ལྔ་ཆར་གྱིས་བརྒྱན་པའོ།། ལྷག་མ་རྣམས་ནི་རང་རེ་རིགས་ལྔ་སོ་སོའི་རྒྱན་ཁོ་ནའོ།། དེ་ཡན་ཆང་དུ་བསྙེན་བསྒྲུབ་ཡན་ལག་བཞི་ཚང་སྟེ། གཙོ་བོའི་སྐུ་ཡན ་ལག་དུ་བཅས་པར་རྫོགས་པ་ནི་བསྙེན་པའོ།། འཁོར་གྱི་སྐུ་བསྐྱེད་པ་ནི་ཉེ་བའི་བསྙེན་པའོ།། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་བསྒྲུབ་པའོ།། ཡེ་ཤེས་སེམས་དཔའ་བསྒོམ་པ་ནི་བསྒྲུབ་པ་ཆེན་པོ་སྟེ། སྤྱིར་བསྙེན་བསྒྲུབ་བཞིའོ།། དེ་ནས་ཡེ་ཤེས ་སེམས་དཔའི་དཀྱིལ་འཁོར་སྤྱན་དྲངས་ཏེ། བདག་ཉིད་ཀྱི་ཐུགས་ཀར་ཡི་གེ་ཧཱུཾ་ལས་འོད་ཟེར་འཕྲོས་པས། འོད་ཟེར་རམ། ལྷ་མོ་ལྕགས་མར་གྱུར་ཏེ། ལྷ་མོ་དེ་རང་བཞིན་གྲུབ་པའི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕོ་བྲང་དང་བཅས་པར ་མདུན་གྱི་ནམ་མཁའ་ལ་བྱོན་པ་དང་། དེ་ལ་ཕྱི་ནང་མཆོད་པས་མཆོད་དོ།། མཆོད་པའི་རྗེས་ལ་བསྟོད་པ་ཡང་བྱ་སྟེ་རྡོ་རྗེའི་ཚིག་ཏུ་འདི་སྐད་བརྗོད་དོ།། ཧཱུཾ་ཆོས་སྐུ་ཡེ་ནས་ངག་པ་ལ།། འཁྲུལ་པའི་མཚན་མ་མེད་པ་སྟེ།། སེམས་ཅན་འཁོར་བར་འཁྱམས ་དོན་དུ།། གཟུགས་བརྙན་སྟོན་པ་ཁྱོད་ལ་བསྟོད་ཅེས་བརྗོད་དོ།། ཞགས་པ་མས་ལྷོ་སྒོར་ཞུགས་པ་དང་ལྕགས་སྒྲོག་མས་བསྟིམ་པ་དང་། དྲིལ་བུ་མས་དགྱེས་པར་བྱ་སྟེ། ནམ་སེམས་ཅན་གྱི་དོན་མ་གྲུབ་ཀྱི་བར་དུ་བསྟན་པར་བྱའོ།། དེ་ལྟར་ཏིང་ངེ ་འཛིན་གྱི་རིམ་པ་བྱ་བའི་ཕྱིར། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད་ཅེས་གསུངས་པ་ཡིན་ནོ།། དེ་ནས་དམ་ཚིག་གི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་དཀྱིལ་འཁར་ཅིག་འགྱུར་བ་དེ་ལ་མཆོད་པ་དབུལ་ཏེ། བདག་ཉིད ་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འོད་ཟེར་ལས་ལྷ་མོའི་ཚོགས་ལ་སེ་ལ་སོགས་པ་མང་པོ་སྤྲུལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སླར་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀཱ་ནས། ལྷ་མོ་མང་པོ་སླར་འཐོན་ནས། ་བདག་ཉིད་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པ་དང་སྟོང་པ་བྱེད་པ་དེའི་ཕྱིར། མཉེས་ནས་ཉེ་བར་གྱུར་པའི་ངང་ཞེས་གསུངས་སོ།། ལས་བཞིའི་མཆོད་པ་བརྩམ་བྱས་ཏེ། ཞེས་བྱ་བ་ནི། མི་འདྲ་བ་བཞི་སྟེ། གཟུགས་སྒྲ་དྲི་རོ་རེག ་ལ་སོགས་པའོ།། དབྱིབས་དང་ཁ་དོག་མཚན་མར་བཅས་ཞེས་བྱ་བ་ནི། དབྱིབས་རིང་པོ་དང་ཐུང་ངུ་དང་ཟླུམ་པོ་དང་གྲུ་བཞི་དང་ངོ་།། ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་ལ་སོགས་པའོ།། ལྷ་སོ་སོའི་ཕྱག་ན་འདོད་པའི ་ཡོན་ཏན་བསྣམས་ནས་མཆོད་པའི་ཕྱིར། གཟུགས་སྒྲ་དྲི་རོ་རེག་བྱ་ཡིས་ཞེས་གསུངས་པ་ཡིན་ནོ།། མཆོང་པའི་ལྷ་མོ་དེ་རྣམས་ཀྱིས།། བདག་དཀྱིལ་འཁོར་པ་རྣམས་ལ་མཆོད་པའི་ཕྱིར། མཆོད་སྦྱིན་སྟོབས་པའི་ལས་རྣམས་བྱ་ཞེས ་གསུངས་པ་ཡིན་ནོ།། ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་བསྟན་པའོ།། དེ་ནས་སློབ་མ་ལ་དབང་བསྐུར་བའི་རིམ་པ་བསྟན་པའི་ཕྱིར། དེ་ནས་རིགས་ཀྱི་བུ་མཆོག་དེ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་རིགས་ཀྱི་བུ་མཆོག་དེ་ཞེས ་པ་ནི་སློབ་དཔོན་ཉིད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དུ་དབང་ནོས་པ་དེའི་དེ་མ་ཐག་པ་དེ་ནས་གཞུང་མཐུན་པའི་སློབ་མ་དེ་སྟེ། རིགས་སོ་སོའི་མཚན་ཉིད་གང་དང་ལྡན་པ་དེ་ལ་དབང་བསྐུར་བ་བརྩམ་པར་བྱའོ།། གསང་བའི་དཀྱིལ ་འཁོར་བསྟན་པར་བྱ་ཞེས་བྱ་བ་ནི། ཉན་ཐོས་ལས་གསང་བའི་ཕྱིར་གསང་བ་སྟེ། བརྙན་མའི་དཀྱིལ་འཁོར་དེ་བསྟན་པར་བྱའོ།། ཅི་དགའ་ཞེས་དྲིས་ནས་ནི་ཞེས་བྱ་བ་ནི། སློབ་དཔོན་གྱིས་དྲིས་པའི་བཀའ་ལུང་དེ་གནང་བ་གསལ་བའི ་ཚིག་གོ།། བདག་ནི་འདི་ལ་དགའ་བའོ།། ཞེས་བྱ་བ་ནི། སློབ་མའི་བདག་ནི་གསང་བའི་དཀྱིལ་འཁོར་ལ་ལྟ་བར་འཚལ་ལགས་སོ།། ཞེས་པ་སྟེ་ཞུས་ཚིག་གོ།། འཇུག་པ་པོས་ཀྱང་ན་ནཱ་དུ་སྦྱིན་ཞེས་པ་སྟེ། གོང་གི་ཚིག་ཉིད་ལ་བསྙག་སོ།། ་དེ་ནས་མནའ་བརྒག་པའི་ཕྱིར། བླ་མ་ལུང་ལྡན་དམ་པ་དེས།། མནའི་རྡོ་རྗེ་སྦྱིན་པའི་ཕྱིར།། བཟླས་པའི་ཆུ་ནི་གླུད་པར་བྱ། ཞེས་གསུངས་ཏེ། བླ་མ་ལུང་དང་ལྡན་པའི་དམ་པ་དེས།། སློབ་མོ་ལས་མི་མངའ་བར་བྱ་བའི་ཕྱིར། པདྨའི་ནང་དུ ་བདུད་རྩི་ལྔ་སྦྱར་བ།། དེ་ལ་སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླས་ལ་བླུང་ངོ་།། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཞེས་བརྗོད་ལ། དེ་ནས་བླུང་དེ་རྡོ་རྗེ་ཚིག་དུ་ཡུང་འདི་སྐད་ཡང་བརྗོད་དོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་ཉམས་ན ་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་རྒྱུ།། རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ་ཅེས་བརྗོད་ལ་བླུད་དེ།། དེ་ན་དམ་ཚིག་བསྟན་པའི་ཕྱིར།། གསང་བའི་དམ་ཚིག་སྒྲགས་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། གསང་བའི་དམ ་ཚིག་འོག་ནས་འབྱུང་བ་འདི་དག་བསྒྲགས་སོ།། སྐལ་དང་ལྡན་པའི་རིགས་ཀྱི་བུ།། ཁྱོད་ཀྱིས་བསྲུང་བར་བྱ་བ་ནི།། ཆོས་ཉན་པའི་སྐལ་དང་ལྡན་པ་རིགས་ཀྱི་བུ་ཞེས་སློབ་མ་ལ་བོས་ནས་ཁྱོད་ཀྱིས་བསྲུང་བར་བྱ་བ་ནི་འོག་ནས ་འབྱུང་བ་འདི་རྣམས་བསྟན་ཏོ།། ཞེས་བསྟན་པར་བྱ་བའི་ཕྱིར། ལྷ་དང་བླ་མ་སྤྲིན་མི་སྤངས་ཞེས་པ་ལ་སོགས་པ་གསུངས་ཏེ། ལྷ་དང་བླ་མ་སྤུན་མི་སྤང་ཞེས་བྱ་བ་ནི་ཡི་དམ་གྱི་ལྷ་དང་རྟག་ཏུ་འགྲོགས་པར་བྱ་བ་དང་། རྡོ་རྗེ་སྤུན་རྟག་ཏུ་མི ་འབྲལ་བ་དང་། རྡོ་རྗེ་སློབ་དཔོན་བླ་མ་དམ་པ་སྟེ་མི་སྤང་སྟེ་རྟག་ཏུ་རྟེན་པར་བྱའོ།། སྔགས་དང་ཕྱག་རྒྱ་དེ་བཞིན་དེ་ཞེས་བྱ་བ་ནི་གསང་བའི་སྔགས་བཟླས་པ་དང་། དེ་བཞིན་གཤེགས་པའི་ཕྱག་རྒྱ་བཅའ་བ་དང་མི་འབྲལ་བར་བྱའོ།། ་གསང་བ་གཞན་ལ་སྤེལ་མི་བྱ་ཞེས་བྱ་བ་ནི། གསང་བའི་མན་ངག་འདི་ལྟ་བུ་ཡིན་ཞེས་སྣོད་ངན་པ་ལ་བསྒྲགས་པར་བྱ་བ་མ་ཡིན་ནོ།། བསྒྲུབ་པའི་རྫས་ནི་རྣམ་པ་ལྔ་རྟག་ཏུ་བཟའ་ཞིང་བཅའ་བར་བྱ་ཞེས་བྱ་བ་ནི། བསྒྲུབ་པའི་རྫས ་རྣམ་པ་ལྔ་ནི་ཟླ་བ་ཉི་མ་ཆུ་སྨང་དྲི་དང་ལྔ་སྟེ། དུས་རྟག་ཏུ་བཟའ་ཞིང་སྤྱད་པར་བྱའོ།། ཤ་ལྔ་དང་ནི་ཆང་ལྔ་དང་།། འདོད་པ་རྣམས་ནི་རྟག་ཏུ་བསྟེན་ཞེས་བྱ་བ་ནི། ཤ་ལྔ་ནི་གླང་པོའི་ཤ་དང་། རྟའི་ཤ་དང་ཁྱིའི་ཤ་དང་ན་མཁའ་ལྡིང་གི་ཤ་དང ་ཤ་ཆེན་ཏེ་ལྔའོ།། འདོད་པ་རྣམས་ནི་འདོད་ཆགས་ཆེན་པོ་དང་། ཞེ་སྡང་ཆེན་པོ་དང་། གཏི་མུག་ཆེན་པོ་དང་། ང་རྒྱལ་ཆེན་པོ་དང་། ཕྲག་དོག་ཆེན་པོ་དང་། དེ་རྣམས་ནི་མི་སྤང་སྟེ། རྟག་ཏུ་བསྟེན་པར་བྱ་བའོ།། སྦྱོར་དང་སྒྲོལ་དང་འཕྲ་མ་དང་།། ་མི་སྙན་སྐུ་དང་སྤྱངད་པར་བྱ་ཞེས་བྱ་བ་ནི། སྦྱོར་བའི་ཡང་དག་ཡང་དག་པའི་དོན་ལ་སྦྱོར་བའོ།། སྒྲོལ་བ་ནི་གཉིས་མེད་པའི་ངང་དུ་ཁམས་གསུམ་གྱི་སེམས་ཅན་སྒྲོལ་བའོ།། འཕྲ་མ་དེ་ཕྱིན་ཅི་ལོག་དང་བྲལ་བའོ།། མི་སྙན་པ་ནི་ཡང་དག་པའི་དོན་ལ ་ཡིད་ཆེས་པའི་ཚིག་སྨྲ་བའོ།། སྐུ་ནི་གཉིས་སུ་མེད་པའི་དོན་ཏེ་གཞན་གྱིས་མ་བྱིན་ཡང་བླང་བར་བྱ་བའོ།། སྤྱད་པར་བྱ་བ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་སྤྱད་པར་བྱའོ།། དཀའ་ཐུབ་དཀའ་བ་སྤྱད་མི་བྱ།། ཁྲིམས་དང་སྡོམ་པས ་བཅིངས་པ་མིན།། ཞེས་བྱ་བ་ནི་ཡང་དག་པའི་དོན་ལ་ཡིད་ཆེས་པ་མེད་ན་དཀའ་ཐུབ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་བར་ཡང་ལུས་ངག་ཡིད་གསུམ་གྱི་སྡོམ་པ་བྱས་ཀྱང་རྣམ་པར་རྟོག་པས་བཅིངས་པ་སྟེ། དེ་ལྟར་བྱས་པ་མ་ཡིན་ནོ།། ཡང ་དག་པའི་དོན་ལ་ཡིད་མ་ཆེས་ན་ནི་ཇི་ལྟར་བྱས་པ་རྟོག་པའི་དོན་ཡིན་ནོ།། སྙིང་ནས་སློབ་དཔོན་སྤྱོང་པ་ནི།། བསྒྲིབས་ཀྱང་འགྲུབ་པར་མི་འགྱུར་རོ།། ཞེས་བྱ་བ་ནི་སྙིང་གི་གཏིང་ནས་ཞེ་སྡང་སྐྱེས་ཏེ་སློབ་དཔོན་ཐབས་གཡོ་ཡིས་སྨོད་ན་ཐབས ་ཀྱི་བསྒོ་ནས་བསྒྲུབས་ཀྱང་དངོས་གྲུབ་ཐོབ་པར་མི་འགྱུར་རོ།། དེ་ནི་དཀྱིལ་འཁོར་དུ་བཞུགས་པའི་རིམ་པ་སྟེ། དཀྱིལ་འཁོར་དང་པོ་བསྒྲུབས་པའི་དབང་ཞེས་བྱའོ།། དེ་ནས་དཀྱིལ་འཁོར་བསྟེན་པའི་རྗེས་སུ་བུམ་པའི་དབང་བཀུར་བ་བརྩམ་ཏེ། ་བུམ་པ་བརྒྱད་དྲི་མ་བཅུ་དྲུག་རྣམས་གཅིག་ཏུ་བསྒོམ་པ་འམ། འོན་ཏེ་རང་ལས་བྱ་སྟེ། ཧཱུཾ་ལས་རྡོ་རྗེར་འགྱུར། རྡོ་རྗེ་ལས་མི་བསྐྱོད་པའི་སྤྱིར་བསྐྱེད་དོ།། དེ་ལ་དགུག་དང་གཞུག་དང་གཏིམ་བྱས་ནས། མཆོད་པ་དང་བསྟོད་པ་བྱ་བའི་རྗེས་ལ་མི ་བསྐྱོད་པ་ཞུ་ནས་ཆུའི་གཟུགས་སུ་གྱུར་ཏེ། དེས་དབང་བསྐུར་བ་ནི། གཉིས་པ་རྡོ་རྗེ་རྒྱལ་པོའི་དབང་ཞེས་བྱའོ།། དེ་ནས་ཅོད་པན་གྱིས་དབང་བསྐུར་ཏེ། སྭ་ལས་རིན་པོ་ཆེ་ལས་རིན་ཆེན་འབྱུང་ལྡན་གྱི་སྐུར་གྱུར་ཏེ། དེ་ལ་ཡང ་དགུག་པ་དང་བསྟོད་པོ་ཡན་ཆད་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཅོད་པན་གྱི་གཟུགས་སུ་གྱུར་ཏེ། དེས་དབང་བསྐུར་བ་ནི་གསུམ་པ་གསང་བའི་གསང་བ་ཉན་པའི་དབང་ཞེས་བྱའོ།། དེ་ནས་རྡོ་རྗེའི་དབང་སྦྱིན་ཏེ། ཨོཾ་ལས་པདྨ་ལས་སྣང་བ་མཐའ ་ལས་ཀྱི་སྐུར་གྱུར་ཏི་དེ་ལ་མཆོད་བསྟོང་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་གྱུར་ཏེ་ངེས་དབང་བསྐུར་བ་ནི་བཞི་པར་ཆད་པའི་དབང་ཡང་སྦྱིན་ཞེས་བྱའོ།། དེ་ནས་དྲིལ་བུའི་དབང་བསྐུར་ཡི་གེ་ཧ་ལས་རོལ་གྲི་དེ་ཡོངས་སུ་གྱུར་པ་ལས་དོན ་ཡོད་གྲུབ་པའི་སྐུར་གྱུར་ཏེ། དེ་ལ་མཆོད་བསྟོད་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུར་གྱུར་ཏེ། དེས་དབང་བསྐུར་བ་ནི་ལས་ཀྱི་དབང་ནི་ལྔ་པར་སྦྱིན་ཞེས་བྱའོ།། དེ་ནས་མིང་གི་དབང་བསྐུར་ཏེ་སློབ་དཔོན་གྱི་ལག་པ་སློབ་མའི་མགོར ་བཞག་སྟེ། རྡོ་རྗེ་ཚིག་ཏུ་ཡང་འདི་སྐད་བརྗོད་དེ། ཁྱོད་ནི་སངས་རྒྱས་དངོས་ཡིན་ཏེ།། རབ་ཏུ་བསྔགས་པའི་གསང་བའི་མིང་།། རྡོ་རྗེ་ཆེ་གེ་མོ་ཞེས་པ།། དེ་རིང་ཁྱོད་ལ་དབང་བསྐུར་རོ་ཞེས་པ་ནི་དྲུག་པ་རབ་འབྱམས་རྒྱལ་པོའི་དབང་ཞེས་བྱའོ།། ་དེ་ནས་སློབ་དཔོན་གྱིས་དབང་བསྐུར་བ་དང་། གསང་བའི་དབང་དང་ཤེས་རབ་ཀྱི་དབང་དང་ཡེ་ཤེས་ཀྱི་དབང་སྟེ། དེ་རྣམས་ལ་སོགས་པའི་དབང་རྣམས་ཇི་སྙེད་པ་ཚང་བར་བསྐུར་དུ་རུང་བར་བཤད་ཅེས་གསུངས་སོ།། དེ་ནས་དྲིན་ལ་ལན་གྱིས ་གླན་པའི་ཕྱིར་ཡོན་དབུལ་བར་བསྟན་ཏེ། དེའི་ཕྱིར་ནས་དབང་ཐོབ་བྱའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ་དེ་ནས་དབང་མཆོག་ཐོབ་བྱའི་ཕྱིར་ཞེས་བྱ་བ་ནི། དབང་བསྐུར་བའི་དེ་མ་ཐག་པ་དེ་ནས། དེ་དབྱང་གི་མཆོག་རྣམས་ཐོབ་པར་བྱ་བའི་ཕྱིར ་ཡོན་དབུལ་ལོ།། རིགས་ཀྱི་བུ་མཚིག་དེ་དག་གིས་ཞེས་བྱ་བ་ནི། རིགས་སོ་སོའི་མཚན་ཉིད་དང་ལྡན་པའི་བུ་མཆོག་གང་ཡིན་པ་དེ་དག་གིས། ཡོན་གྱི་མཆོག་རང་གི་བྱེ་བྲག་གི་དབུལ་ཏེ། དེ་ཡང་སྲོག་ལུས་ལ་མ་འཇུངས་པའི་སེམས་ཀྱིས ་ལ་ཏེ། དེའི་ཕྱིར་ཡོན་མཆོག་དག་ནི་དབུལ་བར་ངེས། སྲོག་ལུས་མན་ཆང་རྫས་ཀྱི་རྣམས། མ་འཇུངས་པའི་སེམས་ཀྱིས་དབུལ་ཏེ། ཞེས་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ནས་རྡོ་རྗེ་འཛིན་པའི་ཡོན་བཤད་པའི་ཕྱིར། རང་གི་ལུས ་སེམས་དགའ་དང་ཞེས་པས་བསྟན་ཏེ། རང་གི་ལུས་དང་སེམས་དགའ་དང་ཞེས་བྱ་བ་ནི། རང་གི་ལུས་དབུལ་གྱིས་བཞེས་ཤིག་བདག་གི་སེམས་དབུལ་གྱིས་བཞེས་ཤིག་པ་སྟེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སློབ་དཔོན་དམ་པ ་ཉེས་བྱེད་པའོ།། སྙིང་ཡང་ཡོན་གྱི་མཆོག་ཡིན་ཏེ་ཞེས་བྱ་བ་ནི། སྙིང་བརྩེ་ཞིང་གདུང་བ་ནི་ཡོན་གྱི་མཆོག་དམ་པའོ།། སེམས་ཀྱི་དགོངས་པ་གང་དང་གང་ཞེས་བྱ་བ་ནི། སློབ་དཔོན་དམ་པ་དེའི་ཐུགས་དང་ཇི་ལྟར་འཚམ་པ་གང་དང ་གང་སྟེ། དེ་དང་དེ་རུ་དབུལ་བར་བྱའོ།། གོང་དུ་བསྟན་པའི་ཡོན་རྣམས་ནི། རྡོ་རྗེ་འཛིན་གྱི་ཡོན་དུ་བཤད་དོ།། དེ་ནས་སངས་རྒྱས་འཁོར་ལོ་ཅན་གྱི་ཡོན་བསྟན་ཏེ། མི་ཆེན་ངག་ནི་འདོད་པ་ཡི།། ཡོན་ཏན་སྣ་ཚོགས་དབུལ་བ་ནི།། ཞེས་བྱ ་བ་ནི་མི་ཆེན་ནི་བྲན་གྱི་ནང་ན་སྙིང་ཉེ་དབུལ་བ་དང་། རྫས་སྡུག་བ་དབུལ་བ་དང་། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་དབུལ་བ་ན། སངས་རྒྱས་འཁར་ལ་ཅན་གྱི་ཡོན་ཡིན་ནོ།། དེ་ནས་རིན་པོ་ཆེའི་ཡོན་བསྟན་ཏེ། རིན་པོ་ཆེ་དང ་ནོར་གྱི་དབྱིག། ཇི་སྙེད་པ་ཐམས་ཅད་ནི་ཞེས་བྱ་བ་ནི། རིན་པོ་ཆེ་སྣ་ལྔ་ལ་སོགས་པ་ཐམས་ཅད་དང་། ནོར་གྱི་དབྱིག་ཕངས་པ་ཐམས་ཅད་དང་། ཅི་འོས་ཤིང་འཚམ་པའི་ནོར་ཇི་སྙེད་ཡོད་པ་ཐམས་ཅད་ནི། རིན་ཆེན་འཛིན་གྱི་ཡོན ་ཡིན་ནོ།། དེ་ནས་པདྨོའི་ཡོན་བསྟན་ཏེ། མ་དང་བུ་མོ་ཆུང་མ་དང་ཞེས་བྱ་བ་ནི་མ་ལས་ཞེས་པ་མེད་དེ་བུ་མོ་དང་ཆུང་མ་དང་སྙིང་དུ་སྡུག་པ་དབུལ་ལོ།། སྲིང་མོ་ཤིན་དུ་བརྒྱན་པ་དང་ཞེས་བྱ་བ་སྲིང་མོ་ལ་གཟི་གཡུ་ལ་སོགས་པ ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ལ་དབུལ་བར་བྱའོ།། མིའི་མིང་དང་མཚན་མ་ཅན་ཞེས་བྱ་བ་ནི། རྟ་ལ་སོགས་པ་མྱེའི་མཚན་མ་ཡོད་པ་དང་། དུད་འགྲོའི་རིགས་མོའི་མཚན་མ་ཡོད་པ་དེ་རྣམས་པདྨོ་ཅན་གྱི་ཡོན་ཡིན་ནོ།། དེ་ནས ་ལས་ཀྱི་ཡོན་བསྟན་ཏེ། གླང་པོ་རྟ་དང་ཤིང་རྟ་དང་ཞེས་བྱ་བ་ནི། གླང་པོ་ཆེ་དང་རྟ་བཟང་པོ་དང་། ཤིང་རྟ་ལེགས་མོ་དང་། དེར་མ་ཟད་དེ་བྱོལ་སོང་ཇི་ལྟར་འདེགས་ཆེ་བ་རྣམས་དབུལ་བའི་ཕྱིར་རོ།། ཚོགས་རྣམ་པ་སྣ་ཚོགས་དང་། ་ཐེག་པའི་བྱེ་བྲག་ཐམས་ཅད་ཀུན་ཞེས་པ་གསུངས་ཏེ། སྣ་ཚོགས་རྡོ་རྗེའི་ཡོན་ཡིན་ནོ།། དེ་ནས་སྤྱིའི་དཀྱིལ་འཁོར་གྱི་ཡོན་ནི་སངས་རྒྱས་ཀུན་ལ་ཞེས་པ་ནས། སྤྱིའི་དཀྱིལ་འཁོར་དག་ཏུ་དབུལ་ཞེས་པ་ཚིག་ལྔས་བསྟན་གོ ་སྦའོ།། དེ་ནས་ཡོན་ནོད་རྣམས་སློབ་དཔོན་ལ་ཕུལ་བར་མ་ཟད་དོ།། ཤེས་རབ་མ་ལ་ཡང་དབུལ་བར་བསྟན་པའི་ཕྱིར། དཀྱིལ་འཁོར་དག་གི་དེ་དག་ཏུ་ཞེས་པ་ལ་སོགས་པ་གསུངས་ཏེ།། གོང་དུ་གསུངས་པའི་དཀྱིལ་འཁོར་རོ ་དག་ཏུ་སྦས་པ་དང་གསང་བའི་དབང་བསྐུར་ན། དེའི་རྐྱེན་གཟུངས་མ་དེ་དང་དེ་དག་ལ་ཡང་གོང་དུ་གསུངས་པའི་ཡོན་གྱི་བྱེ་བྲག་དེ་དང་དེ་དག་དབུལ་ལོ།། དེ་ནས་དབང་རྟགས་སྦྱིན་པ་བསྟན་པའི་ཕྱིར་དབང་མཆོག་ཐོབ་པའི ་བུ་མཆོག་ལ་ཞེས་པ་ལ་སོགས་པ་གསུངེས་པ་བསྟན་ཏེ། དབང་མཆོག་ཐོབ་པའི་རིགས་ཀྱི་བུ་མཆོག་དེ་ལ་ནི་དང་པོ་ཁོ་ནར་སེམས་བསྐྱེད་པ་བརྗོད་པར་བྱ་ཞིང་འདི་ལྟ་བའི་རྒྱུ་དེས་འབྲས་བུ་འདི་ལྟ་བ་ཐོབ་པའི་གཏན་ཚིགས ་སྦྱིན་དད་བྱི་ང་མམས་ཀྱི་གཏན་ཆེས་སྦྱི་བྲེ་གསུང་། ཀྱིར་བྱ་ཏུ་བསྒོམ་པ་གཏད་ཅེས་བྱ་བ་ནི། དབང་གཉིས་པ་ཐོབ་པའི་རྟགས་ནི་རྟེན་དང་རྟེན་དུ་སྣང་བ་བསྒོམས་པའོ།། གསུམ་པ་གསང་བའི་ངེས་དོ་ན་བཤད། ཅེས་བྱ་བ་ནི། དབང་གསུམ་པའི ་རྟོགས་སུ་ཡོན་ཏན་གྱི་ཆ་རྣམས་ཏེ། རྟེན་གྱི་ཡོན་ཏན་དང་རྟེན་ཅན་གྱི་ཡོན་ཏན་བསྒྲགས་པའོ།། བཞི་པར་ཆོས་ཀྱི་གླེགས་བམ་བཤད་ཅེས་བྱ་བ་ནི་དབང་བཞི་པ་ཐོབ་པའི་རྟགས་ནི་གསུང་རྣམ་པར་དག་པ་སྟེ། གཞན་དང་གཞན ་དག་ལ་རྒྱུའི་ཆོས་སྟོན་པའོ།། ལྔ་པར་ལས་བཞིའི་རྒྱ་རྟགས་སྦྱིན་ཞེས་བྱ་བ་ནི། དབང་རྫོགས་པའི་རྟགས་སུ་འཕྲིན་ལས་རྣམ་པ་བཞི་པའི་རྟོགས་སྦྱིན་པའོ།། དྲུག་པར་རིན་ཆེན་བདུན་ནམ། རྫས་ཀྱི་ཁྱད་པར་ཅན་དག་དང་། ཡང ་ན་སྣ་ཚོགས་ཚང་བར་སྦྱིན་ཞེས་བྱ་བ་ནི། དབང་དྲུག་པ་རྫོགས་པའི་རྟགས་སུ་རྡོ་རྗེ་ལས་དྲངས་པའི་མིང་སྟེ། རིན་པོ་ཆེ་སྣ་བདུན་གྱིས་མཇུག་བསྡུས་པའི་མིང་གདགས་པ་སྟེ། གསང་བའི་མིང་ངོ་།། དེར་མ་ཟད་དེ་རྫས་ཀྱི ་ཁྱད་པར་རིན་པོ་ཆེ་སྣ་བདུན་ཉིད་དུ་ཡང་སྦྱིན་པར་བྱའོ།། དེར་མ་ཟད་དེ་ཡང་སྣ་ཚོགས་པའི་རྟགས་སྦྱིན་པར་བྱའོ།། དེ་ནས་དབང་ཇི་ལྟར་ཐོབ་པའི་རྨི་ལྟས་བསྟན་པའི་ཕྱིར། དབང་མཆོག་ཐོབ་པའི་རྨི་ལྟས་ནི་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། སློབ་མ་སྟ་གོན་ལ་གནས་ནས་ཀུ་ཤིའོ་སྟན་ལ་སེང་གེའི་ཉལ་ཐབས་ཀྱིས་ཉལ་བའི་དུས་ན། དབོང་ཇི་ལྟར་ཐོབ་པར་འོང་བའི་རྨི་ལྟས་དག་དང་འབྱུང་བར་ངེས་ཏེ། དེ་ཡང་འོག་ནས་འབྱུང་བ་འདི་རྣམས་ཏེ། དེ་ལ་ཡང་སྔོན་ལ་ཡང ་རྡོ་རྗེ་འཛིན་པའི་དབང་ཐོབ་པའི་རྨི་ལྟས་བསྟེན་པའི་ཕྱིར། རང་གི་སེམས་ལ་དབང་ཐོབ་དང་ཞེས་བྱ་བ་ནས། མཐོང་ནས་རྡོ་རྗེ་འཛིན་པའི་དབང་ཐོབ་པའི་སྔ་ལྟས་ཡིན་པར་ངེས་ཞེས་པས་བསྟན་ཏེ། དགྲོལ་མི་དགོས་དཀྱུས་ཉིད་ན ་གསལ་ལོ།། དེ་ནས་སངས་རྒྱས་འཁོར་ལོ་ཅན་གྱི་དབང་ཐོབ་ནས་འོང་བའི་སྔ་ལྟས་བསྟན་པའི་ཕྱིར། ལུས་ཀྱི་རྫུ་འཕྲུལ་ཐོབ་པ་དང་ཞེས་པ་ནས་འཁོར་ལོ་ཅན་གྱི་དབང་ཐོབ་ལྟས་ཞེས་པའི་བར་གྱིས་བསྟན་ཏེ། དཀྱུས་ཉིད་གསལ།། ་དགྲོལ་མི་དགོས་སོ།། དེ་ནས་རིན་པོ་ཆེའི་དབང་ཐོབ་པའི་སྔ་ལྟས་བསྟན་པའི་ཕྱིར། རིན་ཆེན་སྣ་ཚོགས་སྤྱོད་པ་དང་ཞེས་པ་ནས། རིན་ཆེན་རིགས་ཀྱི་དབང་ཐོབ་ལྟས་ཞེས་པའི་བར་གྱིས་གོ་སླའོ།། དེ་ནས་པདྨའི་དབང་ཐོབ་ནས་འོང་བའི ་སྔ་ལྟས་བསྟན་པའི་ཕྱིར། པདྨའི་རྟིང་ན་རྩེ་བ་དང་ཞེས་པ་ནས། རྡོ་རྗེ་ཆོས་ཀྱི་དཔུང་ཐོབ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ་དཀྱུས་ཉིད་གསལ་ལོ།། དེ་ནས་སྣ་ཚོགས་རྡོ་རྗེ་དབང་ཐོབ་པའི་སྔ་ལྟས་བསྟན་པའི་ཕྱིར། ལས་རྣམས་ཀུན་ལ ་འཇུག་པ་དང་། ཞེས་པ་ནས་སྣ་ཚོགས་རྡོ་རྗེའི་དབང་ཐོབ་ལྟས་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། དེ་ནས་ཕྱིའི་དབང་ཐོབ་པའི་སྔ་ལྟས་བསྟན་པའི་ཕྱིར། རྨི་ལམ་མཚན་མ་ཇི་སྙེད་པ་ལ་སོགས་པ་གསུངས། གོང་དུ་བསྟན་པའི ་རྨི་ལྟས་དང་མཚན་མ་དང་ཇི་ལྟར་རྨིས་ཤིང་མཐོང་བ་དེ་རྣམས་སྤྱིའི་དབང་ཐོབ་པའི་རྟོགས་སོ།། ཡང་ན་ཅི་ཡང་མ་མཐོང་བ་འམ་ཞེས་པ་ནི་གོང་དུ་བསྟན་པའི་ལྟས་རྣམས་མེད་དོ།། རྨི་ལམ་ན་ཆོས་ཉིད་སྟོང་པ་འདི་ལྟ་བུ་ཡིན་ནོ་ཞེས ་སྟོན་ཅིང་བདག་གིས་ཀྱང་བསྟན་པའི་རྨི་ལམ་ན་གཏོགས་པའོ།། སྔོན་སུམ་གསང་བ་ཐམས་ཅད་ཀུན་ཞེས་བྱ་བ་ནི་རྨི་ལམ་དུ་མངོན་གསུམ་དང་འདྲ་བར་ཁྱོད་ཀྱིས་ལུས་ལ་ནི་འཁོར་ལོ་རྣམ་པ་བཞི་ཡོད་དོ།། ཞེས་སྟོན་པ་དང་རང་གིས ་ཀྱང་ཡིད་ཀྱི་ཡུལ་དུ་གསལ་བ་མཐོང་བ་དེ་ནི་ཅིའི་དཀྱིལ་འཁོར་གྱི་དབང་ཐོབ་པའི་སྔ་ལྟས་སུ་རུང་བར་བཤད་དོ།། དེ་ནས་དབང་ཐོབ་པའི་ཡོན་ཏན་བསྟན་པའི་ཕྱིར། གང་ཞིག་དཀྱིལ་འཁོར་འདི་དག་ཏུ། ཞེས་པ་ལ་སོགས་པ ་བསྟན་ཏེ། གང་ཞིག་དཀྱིལ་འཁོར་འདི་དག་ཏུ་ཞེས་བྱ་བ་ནི་རིགས་ཀྱི་བུ་གང་སུ་ཡང་རུང་བའི་དཀྱིལ་འཁོར་གོང་དུ་གསུངས་པའི་བྱེ་བྲག་དེ་དག་ཏུ་ཞུགས་ནས་དབང་ཐོབ་པའི་གང་ཟག་དེའི་ཡོན་ཏན་ནི་འོག་ནས་འབྱུང་བ་འདི་རྣམས་སོ། ་འཇིག་རྟེན་གཙོ་དང་འཁོར་གྱིས་བསྐུར་ཞེས་བྱ་བ་ནི། འཇིག་རྟེན་འདི་ན་དབང་ཆེ་བའི་གཙོ་བོ་དང་། དེའི་འཁོར་རྣམས་ཀྱིས་བསྐུར་སྟི་བྱེད་པར་འགྱུར་རོ།། ཚེ་རིང་བདེ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། འཇིག་རྟེན་འདི ་རུ་ཚེ་རིང་ཞིང་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ།། ཀུན་གྱིས་བསྟོད་ཅིང་བཀུར་བ་དང་ཞེས་པ་ནི། འཇིག་རྟེན་པ་ཀུན་གྱིས་བསྟོད་པ་དབུལ་ཞིང་ཐམས་ཅད་ཀྱིས་བསྐུར་སྟི་བྱེད་པའོ།། སྡུག་ཅིང་བསྔགས་པ་བརྗོད་པ་དང་ཞེས་བྱ་བ་ནི། ་ཀུན་གྱི་ཡིད་དུ་འོང་ཞིང་ཡོན་ཏན་གྱི་བྱེ་བྲག་བརྗོད་པའོ།། ནད་མེད་ལང་ཚོ་བདེ་བ་དང་ཞེས་བྱ་བ་ནི། ནད་མེད་ཅིང་ཤིན་ཏུ་གཞོན་པར་གྱུར་པ་དང་། ཤེས་རབ་ཕུལ་དུ་བྱུང་བའི་ལང་ཚོ་བ་དང་། ལུས་ཡང་ཞིང་བདེ་བ་ཕུན་སུམ་ཚོགས་པའོ།། འཇོག ་རྟེན་མཐུ་ཆེན་འདུལ་བ་དང་ཞེས་བྱ་བ་ནི། འཇིག་རྟེན་འདི་ན་མཐུ་ཆེ་བའི་གནོད་སྦྱིན་ལ་སྩོགས་པ་འདུལ་བའོ།། སངས་རྒྱས་ཀུན་གྱི་སྲས་སུ་དགོངས་ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཀུན་གྱིས་ཀྱང་དུས་དམ་པར་ཐུགས་ཀྱིས ་དགོངས་སོ།། རྒྱལ་སྲས་རྣམས་ཀྱི་གྲོགས་སུ་མཐོང་ཞེས་བྱ་བ་ནི། རྒྱལ་བའི་སྲས་པོ་རྣམས་ཀྱིས་སྤྱན་དང་གྲོགས་སུ་མཐོང་ངོ་།། དེ་ལ་སོགས་ཏེ་བས་མི་མི་ཁྱབ་སེས་པ་ལ་སོགས་པ་ནི། འཇིག་རྟེན་འདིའི་ཡོན་ཏན་མང་པོ་འབྱུང ་ཞིང་མི་དང་ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་ལ་སོགས་པས་ཀྱང་བཀུར་སྟི་བྱེད་དོ།། དེ་ནས་སྐུའི་དཀྱིལ་འཁོར་དང་ཐུག་ཀྱི་དཀྱིལ་འཁོར་དང་གསུང་གི་དཀྱིལ་འཁོར་གསུམ་པོ་གང་ཡང་རུ་སྟེ་ཞུགས་པའི་ཡོན་ཏན་འདྲ་བར་བསྟན་པའི་ཕྱིར། སངས་རྒྱས ་དག་ནི་ཐམས་ཅད་ཀྱི། ཞེས་པ་ལ་སོགས་པ་གསུངས་ཏེ། གོང་དུ་གསུངས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་ནས། སྐུའི་དཀྱིལ་འཁོར་ཙ་ཀ་ལི་བཀོད་པ་ལས། པ་དཀྱིལ་འཁོར་དུ་ཞུགས་ནས། རྣམ་པ་ཐམས་ཅད་འགྲུབ་པ ་འགྱུར་ཏེ། དེ་ཇི་ལྟར་བསམ་པ་བཞིན་དུ་འགྲུབ་བོ།། གསུང་གི་དཀྱིལ་འཁོར་དུ་འཇུག་པའི་ཡོན་ཏན་བསྟན་པའི་ཕྱིར། གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་བསྟན་ཏེ། གོང་དུ་གསུངས་པའི་སངས་རྒྱས་ཀྱི་གསུང་གི ་ཀྱིལ་འཁོར་ཡི་གེར་བཀོད་པའི་ཕྱིར། ཡི་གེ་གསུང་གི་དཀྱིལ་འཁོར་བྲིས་པ་ལས་ཞེས་གསུངས་ཏེ། སོ་སོའི་གདན་སྟེངས་སུ་སོ་སོའི་ཡི་གེ་གསལ་བར་བཀོད་པའི་ཕྱིར། ཡི་གེ་གསུང་གི་ཕྱག་རྒྱ་ཚོགས།། ཇི་བཞིན་གསལ་བར ་བཀོད་པའོ་ཞེས་གསུངས་ཏེ། དེ་ལྟར་བཀོད་པའི་གསུང་གི་དཀྱིལ་འཁོར་དེར་ཞུགས་པའི་ཡོན་ཏན་ཡང་གོང་མ་དང་འདྲ་བའི་ཕྱིར། དཀྱིལ་འཁོར་དག་ཏུ་སློབ་མ་རྣམསོ།། ཞུགས་པ་ཡང་ནི་ངོ་བཞིན་ནོ།། ཞེས་པས་བསྟན་ཏེ། དེ་ནས ་ཐུགས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ཀུན་འདྲ་བར་བསྟན་ཏེ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ་ནི་ཕྱག་མཚན་དགོད་པ་སྟེ། དེ་བསྟན་པའི་ཕྱིར་ཐུགས་ཀྱིས་དཀྱིལ་འཁོར་དམ་པ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། ་བསྟན་པའི་དཀྱིལ་འཁོར་སྐུའི་འཁོར་ལོ་དགོད་པ་དང་། གསུང་ཡིག་འབྲུ་དགོད་པ་དང་། ཐུགས་ཕྱག་མཚན་དགོད་པ་གསུམ་གྱི་དམ་པར་གྱུར་པ་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་བསྟན་ཏེ། འཇིག་རྟེན་དཀྱིལ་འཁོར་བྲིས་ནས ་ཀྱང་ཞེས་གསུངས་པ་ཡིན་ནོ།། བརྙན་མའི་དཀྱིལ་འཁོར་སོ་སོའི་བཞུགས་གནས་སུ་སོ་སོ་ཕྱག་མཚན་བྲི་བའི་ཕྱིར། སོ་སོའི་རང་རྟགས་ཕྱག་མཚན་རྣམསོ།། ཇི་བཞིན་གནས་སུ་དགོད་པ་རུ།། ཞུགས་པ་ལ ་སོགས་བྱས་པ་ན།། ཡོན་ཏན་དེ་དང་འདྲ་བ་ཐོབ།། ཅེས་གསུངས་སོ།། དེ་ནས་དཀྱིལ་འཁོར་གསུམ་དུ་ངེས་པ་མེད་པར་བསྟན་པའི་ཕྱིར། སྐུ་དང་གསུང་ཐུགས་ཀྱི་རྣམས་ཞེས་བྱ་བ་ལ་སོགས་ཏེ། སྐུའི་དཀྱིལ་འཁོར་ལ་ཡང་གསུམ། ་གསུང་གི་དཀྱིལ་འཁོར་ལ་ཡང་གསུམ། ཐུགས་ཀྱི་དཀྱིལ་འཁོར་ལ་ཡང་གསུམ་སྟེ་དེའི་ཕྱིར། གཅིག་ལ་ཡང་གསུམ་གསུམ་ཡོད་པ་ཡིན་ཞེས་གསུངས་སོ།། གསུམ་པོ་རེ་རོ་ཡང་གསུམ་དུ་འགྱུར་ཏེ། དེ་བས་ན་རྣལ་འབྱོར་པས ་བློ་དང་ལྡན་པས་ནི་དཀྱིལ་འཁོར་ལ་ངེས་པ་མེད་པར་ཤེས་པར་བྱའོ།། ཞེས་སྟོན་པས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་གཟུགས་ཀྱི་དཀྱིལ་འཁོར་བསྟན་པས་ན་གཟུགས་ཀྱི་དཀྱིལ་འཁོར་གྱི་ལེའུའོ།། བདུད་རྩི་ཐིགས་པ ་ཞེས་བྱ་བ་རྒྱ་ཆེར་འགྲེལ་པ་ལས། ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་གི་བཤང་བའི་ལེའུ་སྟེ། གསུམ་པའོ།། ། དེ་ལྟར་གཟུགས་ཀྱི་དཀྱིལ་འཁོར་བསྟན་ཀྱང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མ་ཤེས་ན། རྟག ་པའི་མཐའ་ལ་གནས་པ་དེ་གསལ་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱི་ལེའུ་བཤད་པ་དེ་མ་ཐག་པ་དེ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཤད་དེ་གསུངས་པ་སྟེ། དེའི་ཕྱིར། དེ་ནས་རྒྱལ་བ་རྡོ་རྗེ ་འཛིན་ཞེས་བྱ་བ་ནི། སྟོན་པའང་བ་ཉིད་དང་ཡང་དག་པའི་དོན་དང་གཉིས་མི་འབྲལ་བ་རྡོ་རྗེ་འཛིན་ཞེས་བརྗོད་དོ།། ཐམས་ཅད་མི་འགྱུར་ན་མཁའ་ཆེ་ཞེས་བྱ་བ་ནི། སྟོན་པའི་ངོ་བོ་ཉིད་དེ། ཕྱི་ནང་དུ་སྣང་བའི་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱུ ་དཀྱིལ་འཁོར་དེ་ཡང་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་སྣང་ལ་རང་བཞིན་མེད་པའོ།། རང་བཞིན་མེད་པ་དེ་དུས་གསུམ་དུ་འགྱུར་བ་མེད་དེ། བརྗོད་པ་དང་བྲལ་བ་ནི་མཁའ་བཞིན་ནོ།། དེ་ལྟར་གསུམ་གྱི་དཀྱིལ་འཁོར་གསུམ་དུ་གསུངས་པ་དང ་དོན་དམ་པར་རང་བཞིན་མེད་པར་བསྟན་པ་ནི། གསུང་རྣམ་པར་དགེ་སྟེ་དེའི་ཕྱིར་རྣམ་ངག་གསུང་མཆོག་རྒྱལ་པོ་དེས། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། མགོ་ནས་འབྱུང་བ་འདི་སྐད་བཀའ་སྩལ་ཏོ།། དེ་ཡང་ཏིང་ངེ་འཛིན་གྱིས་མ་ཟིན་ན་ཇི ་ལྟར་བྱས་པ་དེ་ཐམས་ཅད་སྐྱོན་དུ་འགྱུར་བ་དེ་བསྟན་པའི་ཕྱིར། རྡོ་རྗེ་ཐིག་ནི་བཏབ་པ་དང་། ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐིག་ནི་བཏབ་པ་དང་ཞེས་བྱ་བ་ནི། དང་པོ་ས་རྟག་པ་དང་མཇུག་ཐིག་གདབ་པའི་བར་དུ་ཇི་ལྟར་བྱས ་བའི་ལས་སོ།། ཚོན་རྩི་དག་ནི་དགྱེ་བའི་སྙན་མའི་དཀྱིལ་འཁོར་ཏེ་ཞེས་བྱ་བ་ནི་ཚོན་དགྱེ་བའི་ལས་དང་ཕྱག་མཚན་དང་ཡིག་འབྲུ་དང་། སྐུ་ལ་སོགས་པ་དགོད་པོའི་བརྙན་པའི་དཀྱིལ་འཁོར་དེ། རྣལ་འབྱོར་པ་ཡང་དག་པའི་དོན་ལ་སེམས ་མི་བྱའོ་བྱས་ན་སྐྱོན་ཅི་ཡོད་ཅེ་ན། ཡོད་དེ་བསྙེན་མའི་དཀྱིལ་འཁོར་བྱས་ན་དངོས་པོ་མངོན་པར་ཞེན་པོའི་སྐྱོན་ཡོད་པས་གཉིས་སུ་མེད་པའི་དངོས་གྲུབ་རྙེད་པར་དཀའ་བའི་ཕྱིར། བྱས་ན་དངོས་གྲུབ་རྙེད་པར་དཀའ་ཞེས་གསུངས་པ ་ཡིན་ནོ།། དེ་ནས་ཏིང་འཛིན་གཙོ་བླང་བའི་ཕྱིར། དེ་བས་ཏིང་ངེ་འཛིན་ནན་ཏན་བསྒོམ་ཞེས་གསུངས་སོ།། དེ་ནས་སོ་སོའི་ཏིང་ངེ་འཛིན་བསྒོམ་པ་བསྟན་པའི་ཕྱིར། ནམ་མཁར་དབྱིངས་ཀྱི་དབུས་གནས་པར་ཞེས་པ་ལ་སོགས ་བསྟེ་ནམ་མཁའ་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ནི། ནམ་མཁའི་དབྱིངས་ཀྱི་དབུས་དབྱིངས་ཏེ། ཡི་གེ་ཨེ་ལས་གྲུབ་པའི་ཆོས་འབྱུང་བའི་གནས་ཏེ། དེའི་དབུས་སུ་བསྒོམ་པར་བྱའོ།། ཅི་བསྒོམ་ཞེ་ན་དབང་ཆེན་དཀྱིལ་འཁོར ་བསྒོམ་པར་བྱ་ཞེས་གསུངས་ཏེ། ཆོས་འབྱུང་བའི་ནང་དུ་རླུང་གི་དཀྱིལ་འཁོར་ཨོཾ་ལས་གྲུབ་པ་དོང་། མེའི་དཀྱིལ་འཁོར་ཡི་གེ་རམ་ལས་གྲུབ་པ་དང་། ཆུའི་དཀྱིལ་འཁོར་ཡི་གེ་བཾ་ལས་གྲུབ་པ་དང་། སའི་དཀྱིལ་འཁོར་ཡི་གེ་སུ་ལས་གྲུབ ་པ་དང་། རིན་པོ་ཆེའི་ལི་རབ་ཡི་གེ་ལཾ་ལས་གྲུབ་པ་དེ་རྣམས་བསྒོམ་པར་བྱའོ།། གཞལ་ཡས་ཁང་མེ་འབར་བ་བསྒོམས་ཞེས་བྱ་བ་ནི། དཔག་ཅིང་གཞལ་བ་ལས་འདས་པས་གཞལ་ཡས་ཏེ། ཡི་གེ་བྲུཾ་ལས་གྲུབ་པ་རི་གཞལ་ཡས་ཁང་། ་བབས་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་པས་འཁྲིགས་ཤིང་གཞལ་ཡོས་དེའི་ཕྱི་རོལ་ན་ཧཱུཾ་ལས་གྲུབ་པའི་རྡོ་རྗེ་གུར་ལ་མོ་འོད་འབར་བྱ་སྟེ། ངེས་འཁྲིགས་པའོ།། འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོས ་བརྒྱན་པ་དང་། གང་དུ་བརྒྱན་ཞེ་ན་རྟ་བེབས་ཀྱི་སྟེང་དུ་བརྒྱན་པའོ།། རོལ་མོ་ནི་འདོད་པའི་ལྷ་མོ་སྟེ། གཟུགས་ཀྱི་ལྷ་མོ་གར་མཁན་མ་ལ་སོགས་པས་བརྒྱན་པའོ།། གང་དུ་བརྒྱན་ན་རྨང་གི་ཕྱག་ལ་བརྒྱན་ནོ།། དེ་ནི་རང་སྔགས་བདག་པོ་བསྒོམ ་ཞེས་བྱ་བ་ནི། གཞལ་ཡས་ཁང་གདན་དང་བཅས་པ་དེར་ནི་རང་གི་སྔགས་ཀྱི་བདག་མོའི་འཁོར་དང་བཅས་པ་བསྒོམ་མོ།། འདིར་ཇི་ལྟར་གསུངས་པ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་བར་བྱ་སྟེ། སྤྱིའི་ཚིག་དེ་ཀུན་ལ་ཁྱབ་པའོ།། དེ་ནས ་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། ནམ་མཁའ་དབྱིངས་ཀྱི་དབུས་ནི་རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ནི། ཆོས་འབྱུང་ཕྱག་རྒྱ་དེ་ནི་ནམ་མཁའ་སྟེ་དེའི་དབུས་སུ་གཞལ་ཡས་ཁང་བསྒོམ་པ་དེ། དེའི་ནང་དུ་རྡོ་རྗེ་དཀྱིལ ་འཁོར་བསྒོམ་པར་བྱའོ།། རང་སྔགས་རྡོ་རྗེ་ཅན་གྱི་གཟུགས་ཞེས་བྱ་བ་ནི་རང་གི་ཀུན་གཞི་རྣམ་པར་ཤེས་པ་དེ་རྡོ་རྗེ་འཛིན་པའི་སྐུ་བསྒོམས་ན། འཕགས་པའི་གནས་ཐོབ་པའི་དུས་སུ་གཉིས་སུ་མེད་པའི་རྡོ་རྗེ་ཅན་དུ་འགྱུར་རོ་ཞེས་སྟོན་པས ་གསུངས་སོ།། དེ་ནས་འཁོར་ལོ་ཅན་གྱི་ཏིང་ངེ་འཛིན་བསྟན་པའི་ཕྱིར། ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམས་ན་འཁོར་ལོ་ཅན་དུ་འགྱུར་ཞེས་པས་སྟོན་ཏོ།། དེ་ནས་རིན་པོ་ཆེའི་ཏིང་ངེ་འཛིན་བསྟན ་པའི་ཕྱིར་རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་དང་། རིན་ཆེན་མཛེས་པས་བསྟན་ཏོ།། པདྨོའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། པདྨོ་ཞེས་པ་ནས་པདྨོ་ཅན་དུ་འགྱུར་ཞེས་པས་བསྟན་ཏོ།། ལས་ཀྱི་ཏིང་ངེ་འཛིན་བསྟན་པའི་ཕྱིར་ལས ་ཀྱི་ཞེས་པ་ནས། ལས་ཀྱི་སེམས་པར་འགྱུར་ཞེས་པས་བསྟན་ཏོ།། དེ་ནས་ཕྱིའི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཞེས་པ་ནས་སངས་རྒྱས་ཀུན་དང་མཉམ་པར་འགྱུར་ཞེས་པས་བསྟན་ཏེ། ཡེ་ཤེས་དྲུག ་པའི་ངོ་བོ་ཉིད་དོ།། དེ་ནས་ཏིང་ངེ་འཛིན་དེ་བསྒོམ་པར་བྱ་བའི་གནས་བསྟན་པའི་ཕྱིར། རབ་ཏུ་དབེན་པའི་གནས་དག་གམ་ཞེས་པ་ལ་སོགས་པ་བསྟན་ཏེ། རབ་ཏུ་དབེན་པའི་གནས་ནི་དུར་ཁྲོད་དེ་ལ་མ་མོའི་དབེན་པ་དང་། རི་བོ ་ནི་སྦྲུལ་གདུག་པ་ཡོད་པས་དབེན་པ་དང་། ཆུ་གླིང་གི་ཆུ་སྲིན་གྱིས་དབེན་པ་དང་། ནགས་འདབ་ནི་སྟག་དང་དོམ་གྱིས་འཇིགས་པས་མི་འོང་བས་དེ་ལྟ་བུའི་གནས་སུ་ཏིང་ངེ་འཛིན་བསྒོམས་ན་ནི། རྣལ་འབྱོར་པ་ཉིད་ཇི་ལྟར་འདོད་པའི་དངོས ་གྲུབ་ཐོབ་པར་འགྱུར་རོ།། དེ་ཅི་ཙམ་དུ་བསྒོམས་ན་ཐོབ་པའི་ཚད་བསྟན་པའི་ཕྱིར། རྣལ་འབྱོར་ཅན་གྱི་ཟླ་དྲུག་ཏུ། བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར་ཞེས་པས་བསྟན་ཏེ། ཡང་དག་པའི་ཏིང་ངེ་འཛིན་དང་། འབྱོར་པའི་རྣལ་འབྱོར་པས ་ཟླ་བ་དྲུག་ཏུ་བསྒོམས་ན་ངེས་པར་ཇི་ལྟར་འདོད་པ་འགྲུབ་པར་འགྱུར་རོ།། དེ་ནས་རྣལ་འབྱོར་ལ་གནས་པའི་དུས་སུ། ནང་གི་སྦྱིན་སྲེག་བྱ་བ་བསྟན་པའི་ཕྱིར། གླང་པོའི་ཤ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཨ་ལས ་བནྡྷ་དཀར་པོ་སྒོ་ང་གཅས་པ་འདྲ་བ་ཞིག་བསྐྱེད་དོ།། དེའི་འོག་ཏུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཞིག་བསྐྱེད་དོ།། དེའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་དབྱིབས་འདྲ་བ་སྔོན་པོ་བ་དན་བཞིས་མཚན་པ་ཞིག་བསྐྱེད་དོ།། ་དེ་ནས་བན་དྷའི་ནང་དུ་གླང་པོའི་ཤ་དང་རྟ་ཤ་དོང་ནམ་མཁའ་ལྡིང་གི་ཤ་དང་ཁྱིའི་ཤ་དང་བྱའི་ཤ་སྟ་ལྔ་བསམ་མོ།། དེའི་སྟེང་དུ་དྲི་ཆེན་དང་དྲི་ཆུང་དང་། པད་མ་རཀྟ་དང་། མང་ས་དང་། བྱང་ཆུབ་ཀྱི་སེམས་དང་ལྔ་བསམ་པར་བྱའོ།། དེའི ་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལྔ་བསམ་པར་བྱའོ།། དེའི་སྟེང་དུ་ཨོཾ་ཨཾ་དང་ཧཱུཾ་སཱ་དང་ཧ་རྣམས་སོ།། སའི་ཕྱོགས་སུ་བསམ་པར་བྱའོ།། བ་ན་དྷ་དེའི་ནམ་མཁའ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། རྡོ་རྗེའི་བུམ་པའི ་ནང་དུ་ཡང་ཧཱུཾ་ཧོ། ཡིག་འབྲུ་ལྔ་པོ་དེ་ལས་འོད་ཟེར་འཕྲོས་པས། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། སླར་ཡིག་འབྲུ་ལ་ཐིམ་པས། ཡི་གེ་དང ་བདུད་རྩི་ལྔ་རྣམས་ཡོངས་སུ་གྱུར་པ་ལས། རིགས་ལྔའི་སྐུ་མདོག་དང་ཕྱག་མཚན་དུ་རྒྱན་རྣམས་ཤིན་ཏུ་གསལ་བར་བལྟའོ།། ཤ་ལྔ་ལས་ནི་གླང་པོ་ཆེའི་ཤ་གླང་པོ་ཆེ་གདན་ལ་སོགས་པའི་གདན་ལྔར་གྱུར་ཏེ། གླང་པོ་ཆེའི་ཤ་ལྤ ་ནི་གླང་པོ་ཆེའི་གདན་དུ་འགྱུར་རོ།། རྟ་ཤ་ལས་ནི་རྟའི་བདག་ཉིད་དུ་འགྱུར་རོ།། བྱ་ཤ་ལས་ནི་རྨ་བྱའི་གདན་དུ་འགྱུར་རོ།། ནམ་མཁའ་ལྡིང་གི་ཤ་ལས་ནི་ཤང་ཤང་གི་གདན་དུ་འགྱུར་རོ།། ཁྱི་ཤ་ལས་ནི་སེང་གེའི་གདན་དུ་འགྱུར་རོ།། དེ་ནས ་རྡོ་རྗེ་བུཾ་བའི་ནང་ན་གནས་པའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བདེ་བར་གཤེགས་པ་ཐམས་ཅད་རིགས་ལྔའི་མཚན་ཉིད་དུ་མཛད་དེ།། དེ་སྤྱན་དྲངས་ནས་བསྟིམ་ནས་དེ་ལ་མཆོད་པ་རྣམ་པ་ལྔ་དབུལ་བར་བྱའོ།། དེའི་རྗེས་ལ་སོ་སོ་རང་རང་གི ་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་འཕྲོས་པས། དེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩིའི་ངོ་བོར་སྤྱན་དྲངས་ཏེ། རི་གསོ་ལྔ་ལ་ཐིམ་པས་རིགས་ལྔ་གདན་དང་བཅས་པར་བདུད་རྩིའི་ངོ་བོར་ཞུ་བར་གྱུར་ཏོ།། དེའི་སྐབས ་ཉིད་དུ་རྡོ་རྗེའི་ཧཱུཾ་ལས་འོད་ཟེར་གོང་མ་བཞིན་དུ་འཕྲོས་པས་བདུད་རྩི་ཡང་དགུག་སྟེ་བསྟིམ་པའི་རྗེས་ལ། ཧཱུཾ་གི་འོད་ཟེར་གྱིས་རླུང་གི་དཀྱིལ་འཁོར་བསྐྱེད་དོ།། དེས་མེའི་དཀྱིལ་འཁོར་སྦར། མེས་བན་དྷ་བསྐོལ ་ཏེ་གཅིག་གིས་གཅིག་བསྐྱོད་པས། རྡོ་རྗེ་ཡང་ལྷུང་སྟེ་བདུད་རྩིའི་ངོ་བར་འགྱུར་ཏེ། བནྡྷ་དང་རྡོ་རྗེ་གཉིས་ཐིབས་དང་ཤེས་རབ་བོ།། དེ་ལས་བདུད་རྩི་དཀར་ལྷུང་ལྷུང་གནོས་པ་དེ་ལས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བོནྡྷའི་ཁ་གཅད་པའོ།། དེ་ནི་བདུད་རྩི་བྱིན་གྱིས་བརླབས་པའོ།། དེ་ནས་བཟའ་བ་རཱ་ཏིང་ངེ་འཛིན་བསྟན་ཏེ། བདག་ཉིད་ཀྱི་ཡེ་ཤེས་སེ་མས་དཔའི་ཐུགས་ཀར་དཀྱིལ་འཁོར་འཁོར་ལོ་སྐད་ཅིག་མའི ་ཏིང་ངེ་འཛིན་གྱིས་བསྐྱེད་ལ། བདག་ཉིད་ཀྱི་ལྕེ་ལ་ཧཱུཾ་ལས་རྡོ་རྗེའི་བུམ་པའི་ནང་ན་ཧཱུཾ་གནས་པ་དེའི་འོད་ཟེར་གྱིས་དྲངས་ནས་བཟའ་བར་བསམ། ལས་ཀྱི་རྡོ་རྗེ་བྱིན་ལ་བཟའ་བ་དང་། གཉིས་སུ་ཤེས་པར་བྱའོ།། དེ་ལྟར་རྣལ ་འབྱོར་པས་བཟའ་བར་བསྟན་པའི་ཕྱིར། ཤ་ལྔ་དག་ལ་བྱིན་གྱིས་བརླབ།། ཟས་ཕྱིར་འདི་དག་བཟའ་བར་བྱ་སྟེ། ཁ་ཟས་གཞན་ལ་ཆགས་མི་བྱ་ཞེས་པ་ལ་སོགས་པ་གསུངས་ཏེ། བདུད་རྩིའི་ཟས་བཟའ་བ་ལས་མ་རྟོགས་པར ་ཟས་ཕལ་པ་ལ་ཆགས་པར་བྱ་བ་ནི་མ་ཡིན་ནོ།། བདུད་རྩི་ངེས་བདག་ཉིད་ཀྱི་ཐུགས་ཀའི་འཁོར་ལོ་ཚིམ་པར་བསམས་པ་ནི། ནང་གི་སྦྱིན་སྲེག་བྱ་ཞེས་བྱ་བ་སྟེ། ཟ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་སྐུ་གསུང་ཐུགས་ཀྱི ་དཀྱིལ་འཁོར་བསྒོམ་པར་བསྟན་ཏེ། དེ་ཡང་སྔོན་ལ་སྐུའི་དཀྱིལ་འཁོར་བསྒོམ་པར་བསྟན་པའི་ཕྱིར། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར།། རང་སྔགས་སྐུ་ནི་རྣམ་པ་ཀུན།། ཇི་ལྟར་བསྒོམས་ན་འགྲུབ་པར་འགྱུར།། ་ཞེས་པ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་དབུས་སུ་གོང་གི་རིམ་པ་ཇི་བཞིན་པའི་གནས་སུ་སྐུའི་དཀྱིལ་འཁོར་བསྒོམས་ན། འཕགས་པའི་གནས་སུ་གྱུར་པའི་དུས་ན་མཚན་དང་དཔེ་བྱད་དུ་ལྡན་པར་འགྱུར་ཏེ། ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཏོ།། དེ་ནས་གསུང་གི་ཏིང་ངེ་འཛིན་བསྒོམ་པ་བསྟན་ཏེ། དེའི་ཕྱིར་ནམ་མཁའ་དབྱིངས་ཀྱི་དབུས་གནས་པར།། རང་སྔགས་ཡི་གེའི་རྣམ་པ་ཀུན།། ཇི་བཞིན་བསྒྲུབས་ན་འགྲུབ་པར་འགྱུར། ་ཞེས་པ་ནི། འཕགས་པའི་དུས་ན་གསུང་འགག་པ་མེད་པའི་ཏིང་ངེ་འཛིན་ལ་མངའ་བརྙེས་པ་སྟེ། ཆོས་ཀྱི་ཕྱག་རྒྱ་དོང་ལྡན་པའོ།། དེ་ནས་ཡང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། ནམ་མཁའ་དབྱིངས་ཀྱི་ཞེས་པ ་ནས་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་པས་བསྟན་ཏེ། ལས་དང་པོ་པས་ཏིངངེ་འཛིན་གོམས་པས་ལན་ཅིག་འཕགས་པའི་སྐུ་ཐོབ་པའི་དུས་ན་ཐུགས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་དབང་སྒྱུར་རོ།། དེ་ནིས་ཏིང་ངེ་འཛིན ་བསྒོམས་ལ་སྙེན་ལ་སོགས་པའི་རྫས་དང་། ཡོ་བྱད་ལ་སོགས་པ་མེད་ཀྱང་འགལ་བ་མེད་ཅིང་བསྒྲུབ་པར་བསྟན་པའི་ཕྱིར། རྩེ་གཅིག་པའི་ཏིང་འཛིན་ཞེས་པ་ནི་གོང་དུ་གསུངས་པའི་ཏིང་ངེ་འཛིན་ལ་གཞན་དུ་མི་གཡོ་བས་རྩེ ་གཅིག་པ་སྟེ། དེ་ལ་གནས་ཤིང་བསྒོམ་ན། གང་འདོད་པ་ལས་བྱེད་པས་ན་དེ་ལ་ནི་ཆོ་ག་སྟེ་བསྐྱེད་པའི་རིམ་པ་དང་། རྫས་དང་ཡོ་བྱད་རྣམས་ཚོགས་ན་ཡང་ནི་གཙོ་བོར་བཤད་དེ། ཏིང་ངེ་འཛིན་དང་ལྡན་ན་ངེས་པར ་འགྲུབ་པ་སྟེ། དེ་བས་ཏིང་ངེ་འཛིན་ལ་ནན་ཏན་ཆེར་བསྐྱེད་དེ། ཡང་ནས་ཡང་དུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་བའོ།། དེ་ནས་ཡང་ཏིང་ངེ་འཛིན་གྱི་སེམས་འདུལ་བའི་ཐབས་དཔེ་བསྟན་པའི་ཕྱིར། དཔེར་ན་གླང་ཆེན་སྨྱོན་པ ་པ་དག། གདུལ་ཐབས་ལྕགས་ཀྱུས་འདུལ་བ་ལྟར་ཞེས་བྱ་བས་བསྟན་ཏེ། དཔེན་གླང་པོ་ཆེ་སྨྱོན་པ་དག་འདུལ་བའི་དུས་ན། སྐྱེད་བུ་རྩལ་པོ་ཆེས་ལྕགས་ཀྱུས་དཔྲལ་བ་ནས་གཟུང་ནས་འདུལ་བ་ལྟར། བྱང་ཆུབ་ཀྱི་སེམས་ཀྱང་འདུལ་བར ་བསྟན་པའི་ཕྱིར། རང་སེམས་དམུ་དགོད་འདུལ་དཀའ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་སེམས་དམུ་དགོད་འདུལ་དཀའ་ཡང་ཞེས་བྱ་བ་ནི། རང་གི་སེམས་ནི་རླུང་ལ་ཞོན་ནས་ཀུན་ནས་འགྲོ་སྟེ་ཤིན་ཏུ་འདུལ་བར་དཀའ་བའོ།། ་འོན་ཏེ་གང་གིས་ཐུབ་པར་འགྱུར་ཞེ་ན། མཉམ་གཞག་ཏིང་འཛིན་རྩེ་གཅིག་གིས།། བཏུལ་ནས་དངོས་གྲུབ་ཡ་མཚན་འགྱུར་ཞེས་བྱ་བར་བསྟན་ཏོ། དང་པོར་རང་གི་སེམས་དབུགས་ཀྱི་རྟ་ལ་ཞོན་ནུས་མི་ཐུབ་པར་ཡུལ་ཕྱིན་པའི་དུས་སུ ་རྟེན་གྱི་རིགས་ཐམས་ཅད་གཞལ་ཡས་ཁང་གི་རང་བཞིན་དུ་བསྟན། རྟེན་གྱི་རིགས་ཐམས་ཅད་ལྷའི་སྐུར་བསྟན་ཏེ། ངེས་སེམས་བརྟས་པར་བྱ་བའི་ལས་ཏེ། ཀུན་རྫོབ་ཀྱི་བདེན་པའོ།། སེམས་དེ་བསྐྱེད་པའི་རིམ་པ་ལ་བསྟན་པར་སྐྱེ ་ཙམ་ན། རྫོགས་པའི་རིམ་པ་ལ་གནས་པར་བྱ་སྟེ། ལྟ་བའི་དངོས་པོ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་དེ། བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་འགྱུར་རོ།། བྱང་ཆུབ་ཀྱི་སེམས་འབའ་ཞིག་དུ་གྱུར་ཙམ་ན་སེམས་འཕྲོ་བར་གྱུར་པའི ་བྱ་བའི་ཡུལ་མེད་དེ། མཉམ་པ་ཉིད་དུ་འགྱུར་རོ།། དེའི་ཕྱིར་མཉམ་གཞག་ཏིང་འཛིན་རྩེ་གཅིག་གི་ཞེས་བྱ་བ་ཡིན་ཏེ། དེའི་ངང་ལ་གནས་ཤིང་གནས་པའི་དུས་ན། གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། དེ་ལ་ནི་བཏུལ ་ནས་དངོས་གྲུབ་ཡ་མཚན་དུ་འགྱུར་ཞེས་གསུངས་པ་ཡིན་ནོ།། དེ་ནས་མཚན་མ་ལ་སོགས་པ་བསྒོམས་ན་གཉིས་སུ་མེད་པའི་ཡེ་ཤེས་མི་འབྱུང་ངམ་ཞེ་ན། མི་འབྱུང་བར་བསྟན་པའི་ཕྱིར། མཚན་མ་དག་གི་གཟུགས་བརྙན་དང ་ཞེས་པ་ལ་སོགས་པས་བསྟན་ཏེ། མཚན་མ་དག་གི་གཟུགས་བརྙན་དང་ཞེས་བྱ་བ་ནི། མཚན་མའི་གཟུགས་བརྙན་ལྷའི་སྐུ་རུ་བསྒོམས་པ་དང་། གསུང་གི་མཚན་མ་ཡིག་འབྲུ་བསྒོམ་པ་དང་། ཐུགས་ཀྱི་མཚོན་མ་ཕྱག་མཚན ་དུ་བསྒོམས་པ་ལ་སོགས་པ་བྱས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་མི་འབྱུང་སྟེ། རྟག་པའི་སྐྱོན་གྱིས་བཅིངས་པའི་ཕྱིར་རོ།། ངོར་མ་ཟད་དེ་ལུགས་མ་ལ་སོགས་པ་ཕྱག་རྒྱ་ལ་སོགས་པས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་མི་སྐྱེ ་སྟེངར་དེའི་ཕྱིར་མཚན་མའི་ཏིང་ངེ་འཛིན་བསྒོམ་བྱས་ནས་ཀྱང་། རང་གི་རྣལ་འབྱོར་མི་འབྱུང་སྟེ་ཞོས་གསུངས་པ་ཡིན་ནོ།། འོ་ན་རྣལ་འབྱོར་གང་ལས་བྱུང་ཞེ་ན། དེ་བསྟན་པོའི་ཕྱིར། བྱང་ཆུབ་སེམས་ལ་གཞོལ་བའི་མིས་ཞེས་པ་ལ་སོགས ་པས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ལ་ཡང་གཉིས་ལས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དོན་དམ་པ་བྱང་ཆུབ་ཀྱི་སེམས་མཚོན་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན ་པོའི་གནས་ནས་དྲངས་པའི་དུས་ན། ནོར་བུའི་ནང་དུ་རིན་པོ་ཆེའི་གནས་སུ་བཟུང་བ་དང་། ཡེ་ཤེས་བསྐྱེད་དེ་དེ་ལ་ནི། རང་གི་རྣལ་འབྱོར་ལྔར་འགྱུར་རོ་ཞེས་གསུངས་ཏེ། བདེ་བ་ཆེན་པོའི་ལྷ་ཞེས་བྱའོ།། ཡེ་ཤེས་ལ་ནི་ཁུ་བ་དང ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ།། དེའི་ངང་ལས་ཡང་ནས་ཡང་དུ་འདྲིས་པ་དང་། དུས་ནམ་ཞིག་ནོ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་འགྱུར་ཏེ། དེའི་ཕྱིར་དེ་བས་ནན་ཏན་རྩེ་གཅིག་གོས།། མཚན་མ་མེད་ལ་བརྩོན་པར ་འབྲད་ཅེས་གསུངས་སོ།། ཞེས་པས་བསྟན་ཏེ་དོན་དམ་པའི་བདེན་པའོ།། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་སུ་སྟོན་པའི་ལེ་ན་ཏིང་འཛིན་གྱི་དཀྱིལ་འཁོརལ་གྱི་ལེའུའོ།། བདུད་རྩི་ཐིགས་པ་རྒྱ་ཆེར་བཤད་པ་ལས། བདེན་པ་གཉིས་ཀྱི ་བཤད་པའི་ལེའུ་སྟེ། བཞི་པའོ།། །། དེ་ལྟར་གཟུགས་བརྙན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་ཀྱང་། བསྔགས་དང་ཕྱག་རྒྱ་མ་གསུངས་ན། སེམས་ཅན་གྱི་དོན་མི་འགྲུབ་པའི་ཕྱིར། དེ་ནས་ཞེས ་པ་ལ་སོགས་པ་བསྟན་ཏེ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་སྡུད་པ་པོས་སྔགས་དང་ཕྱག་རྒྱའི་དོན་ཞུས་པ་བསྟེན་པའི་ཕྱིར། དེ་ནས་ཡོང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་རྡོ་རྗེ་ཡོད་ཀུན་ཏུ་བཟང ་གསོལ་བ་ཞེས་པ་ནི་བཤད་པར་བྱ་བའི་ཚིག་ཕྲད་དོ་ཅི་ཞིག་གསོལ་ཞེ་ན་འོག་ནས་འབྱུང་བའི་ཚིག་འདི་རྣམས་སོ།། བཅོམ་ལྡན་སངས་རྒྱས་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་སེམས་ཅན་ཐམས་ཅད་ལ་སྨན་པའི ་དུ་བཤད་དུ་གསོལ་ཞེས་པས་ཞུས་པའི་ཚིག་སྟེ། བཅོམ་ལྡན་འདས་ཞེས་བོས་ནས། སངས་རྒྱས་ཐམས་ཅད་ཀྱི་སྔགས་བཟླས་པས་ཅི་ལྟར་འགྱུར། ཕྱག་རྒྱ་བཅས་པས་ཇི་ལྟར་འགྱུར། སྔགས་དང་ཕྱག་རྒྱའི་མཚན་ཉིད་དེ ་ཕྱི་རབས་ཀྱི་རྣལ་འབྱོར་པ་དང་སེམས་ཅན་རྣམས་ལ་སྨན་པ་འདི་སླད་དུ་བཅོས་ནས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་སྡུད་པ་པོས་ཞུས་པའི་ཚིག་གོ། དེ་ཞུས་པའི་ཚིག་དེ་ལ་ལན་གླན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་གསང ་བ་མཆོག་གི་བདག་པོས་སྔགས་དང་ཕྱག་རྒྱ་འདི་དག་བཤད་དོ།། ཞེས་པ་ལ་སོགས་པས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་བཤད་དོ་ཞེས་པའི་ཚིག་གི་ཕྲད་དོ།། སེམས་པ་ཆེན་པོ་ཉོན་ཅིག་ཅེས་བྱ་བ་ནི་བོད་པའི་ཚིག་སྟེ། སེམས་པ་ཆེན་པོ ་ཞེས་སྡུད་པ་པོ་ལ་བོས་ནས། སྔགསོ་དང་ཕྱག་རྒྱའི་དོན་འདི་བཤད་གྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཚུར་ཉོན་ཅིག་ཅེས་པའོ།། དེ་ནས་སྔགས་དང་ཕྱག་རྒྱའི་དོན་བསྟན་པའི་ཕྱིར། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ལ་སོགས ་བ་གསུངས་ཏེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་འབྱུང་བ་འོག་ནས་འབྱུང་བའི་སྔགས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་གང་ཡིན་པོ་བསྒོམ་ཞིང་སེམས་བརྟོས་པར་བྱས་ཏེ་སྔགས་འདི་བླས་ནས་ཕྱག་རྒྱ་བཅས་ན་ཇི ་ལྟར་ཡང་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ལས་གང་བསྒྲུབ་པའི་སྙིང་པོ་ཡིན་ཞེས་གསུངས་སོ།། འདི་ལ་གང་ཞིག་དང་མོས་པ།། སྣང་མཛད་སེམས་པ་ཉིད་འདྲར་འགྱུར་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་འདི་ལ་མོས་པའི ་གང་ཟག་དེས་དང་པོ་ལྷའི་རྣལ་འབྱོར་ལ་སེམས་བསྟན་པར་བྱས་ལ། དེ་ནས་བདག་ཉིད་ཀྱི་སྙིང་ཁ་ནས་པདྨ་འདབ་མ་བརྒྱད་པའི་སྟེང་ན་ཟླ་བའི་དཀྱིལ་འཁོར། དེའི་སྟེང་ན་ཉི་མའི་དཀྱིལ་འཁོར་དེ་གཉིས་ཀྱི་བར་ན་འཁོར་ལོའི ་ལྟེ་བའི་ནང་ན་ཟླ་བའི་དཀྱིལ་འཁོར་དེའི་དབུས་ན་ཨོཾ་གནས་ཏེ་ལྷག་མ་ཡི་གེ་རྣམས་ཀྱིས་ལངས་པའི་ཐབས་སུ་གཡས་ནས་བསྐོར་བྱར་གནས་ཏེ། དེ་ནས་དབུགས་འབྱུང་བའི་དུས་ན་རྩ་གཡས་ནས་ཞུགས་ཏེ། སྣ་བུག ་གཡས་ནས་བྱུང་ནས་ཇི་ཙམ་དུ་དབུགས་བྱུང་བའི་ཡི་གེའི་ཕྲེང་བ་དེ་ལྟ་བུའོ།། ནང་དུ་དབུགས་འཇུག་པའི་དུས་ན་ཡང་སྣ་བུག་གཡོན་ནས་འཇུག་སྟེ། རྩཝ་གཡོན་པའི་གནས་ནས་ཡང་བཞི་པོ་ལ་ཐིམ་སྟེ་ཅི་སྲིད་ནང་ན་གནས ་བའིརི་བར་དུ་གཟུང་བར་བྱའོ།། དེ་ལྟར་བྱས་ཤིང་ཡང་ནས་ཡང་དུ་གོམས་པ་དང་། འཇུག་ཇི་སྲིད་འདོད་པ་བཞིན་དུ་འགྲིབ་སྟེ། བདེ་བར་གཤེགས་པའི་མཆོད་པར་འདོད་པའི་དུས་ན་བདེ་བར་གཤེགས་པ་ལ་དམིགས་ནས ་ཕྱག་རྒྱ་བཅས་སྔགས་བཟླས་པས་སྔོགས་དང་ཕྱག་རྒྱ་ལས་མ་ཆོད་པའི་ལྷ་མོ་མང་པོ་འཐོན་ནས་མཉེས་པ་དབུལ་བར་འགྱུར་རོ།། སེམས་ཅན་གྱི་དོན་བྱེད་པར་འདོད་ན་གང་ཡིན་པའི་སེམས་ཅན་དེ་ལ་ཕྱག་རྒྱ་གཏང ་ནས་སྔགས་བཟླས་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་ས་ཐོབ་པར་འགྱུར་རོ།། སྔགས་དང་ཕྱག་རྒྱ་དེ་ལས་རྣམ་པ་གཉིས་གཉིས་སུ་གྲུབ་པའི་ཕྱིར། ཨོཾ་བུད་དྷ་བཻ་རོ་ཙ་ན་ཨོཾ་ཞེས་པ་ནས་བྱང་ཆུབ་མཆོག་ཏུ་གདོན་མི་ཟའི་ཞེས་པའི་བར ་གྱིས་བསྟན་ཏེ། བདག་ཉིད་ཀྱིས་འབྲས་བུ་ཇི་ལྟ་བུ་ཐོབ་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་བསྟན་ཏེ། འདིར་མ་བཀོད་དོ།། ལས་གཉིས་ནི་འཕགས་པ་མཆོད་པའི་ལས་དང་། སེམས་ཅན་གྱི་དོན་བྱ་བ་གཉིས་ལས། མཉེས་ཤིང་མཉེས ་བ་ཞེས་པས་འཕགས་པ་མཆོད་པའི་ལས་སོ།། བྱང་ཆུབ་མཆོག་ཏུ་གདོན་མི་ཟའོ།། ཞེས་པས་སེམས་ཅན་གྱི་དོན་ནོ།། ཇི་ལྟར་འདིར་རྒྱས་པར་བསྟན་པ་བཞིན་དུ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ།། ཕྱག་རྒྱའི་མཚན་ཉིད་ནི་དཀྱུས ་ཉིད་གསལ་ལོ།། དེ་ནས་ཡང་རྡོ་རྗེ་འཛིན་པའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། གཞན་ཡང་རྡོ་རྗེ་འཛིན་ཉིད་ཀྱི་ཞེས་པ་ནས་རྡོ་རྗེ་མི་འཁྲུགས་ཕྱག་རྒྱར་བཤད་ཅེས་པས་བསྟན་ཏེ། བསྒོམ་པའི་རིམ་པ་ནི་གོང་དུ་གསལ་བར་བསྟན་ཏེ། ་དབུས་ཀྱི་སྙིང་པོ་ནི་ཧཱུཾ་དེ་སོ་སོའི་སྙིང་པོ་དང་ཕྱག་མཚན་ཉིད་དོ།། ལཾས་ཉིད་བསྟན་པའི་ཕྱིར་རོ།། སྔགས་དང་ཕྱག་རྒྱ་འདྲི་ཡིས་ནི།། སངས་རྒྱས་གྲགས་པ་ཆེན་པོ་ཡང་ཞེས་པ་ལ་སོགས་པ་བསྟན་ཏེ། གྲུབ་པའི་དུས་ན་ཕྱག་རྒྱ ་ཏང་སྔགས་བཟླས་པས། དུས་གསུམ་གྱི་སངས་རྒྱས་ཀྱང་བསྒྲག་ཅིང་འདར་བར་གྱུར་ན། བདུད་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ།། དེ་ནས་རིན་ཆེན་འཛིན་པའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། གཞན་ཡང་རིན་ཆེན ་འཛིན་པའི་ཞེས་པ་ནས། རིན་ཆེན་འཛིན་པའི་ཕྱག་རྒྱུ་ཡིན་ཞེས་པས་བསྟན་ཏེ་གོ་སླའོ།། ལས་གཉིས་པ་བསྟན་པའི་ཕྱིར། སྔགས་དང་ཕྱག་རྒྱ་འདིས་ནི་བདེ་བ་མཆོག་རྣམས་སྦྱིན་པར་བྱེད་ཅེས་པ་སྟེ། གོང་དུ ་གསུངས་པའི་སྔགས་དང་ཕྱག་རྒྱ་འདིས་གྲུབ་པའི་དུས་ན། ཕྱག་རྒྱ་གཏང་སྔགས་བཟླས་པས་འཆི་བའི་དུས་ལས་བཟློག་པ་སྟེ། ཤིན་ཏུ་བདེ་བའི་མཆོག་དྷཱ་རྒྱས་པར་བྱེད་པའི་ཕྱིར། གང་དགོའ་བ་ཡང་རབ་འགེངས་ན་ཞེས་གསུང ་པ་ཡིན་ཏེ། ཚེ་ཟད་པ་ཡང་འགེངས་ན་བགེགས་ལས་ཕྱུང་བ་སྨོས་ཅི་དགོས་ཞེས་སོ།། དེ་ནས་ཡང་ཆོས་ཀྱི་སེམས་དཔའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། གཞན་ཡང་ཆོས་ཀྱི་སེམས་དཔའི་ཞེས་པ་ནས་པད་མ་སེམས ་དཔའི་ཕྱག་རྒྱ་བསྟན་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། དིཀྱུས་ཉིད་གསལ་ལོ།། ལས་ཉིད་བསྟན་པའི་ཕྱིར་སྔགས་དང་ཕྱག་རྒྱ་འདི་ཡིས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གོང་དུ་གསུངས་པའི་ཕྱག་རྒྱ་འདི་ཡིས་ནི། ་དུས་གསུམ་གྱི་སངས་རྒྱས་གྲགས་པ་ཆེན་པོའི་ཀུན་ཀྱང་ཕྱག་རྒྱ་གཏང་སྔགས་བཟླས་པས་དབང་དུ་གྱུར་པར་གདོན་མ་ཟ་བར་ཁམས་གསུམ་གྱི་སྐྱེ་བོ་སྨོས་ཀྱང་ཅི་དགོས་ཏེ། མི་དགོས་སོ་ཞེས་པའི་ཐ་ཚིག་གོ།། དེ་ནས ་ཡང་ལས་ཀྱི་སེམས་དཔའི་སྔགས་དང་ཕྱག་རྒྱ་བཤད་པའི་ཕྱིར། གཞན་ཡང་ལས་ཀྱི་སེམས་དཔའི་ཞེས་པ་ནས་ལས་ཀྱི་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། གོ་སླའོ།། ལས་གཉིས་བསྟན་པའི་ཕྱིར། སྔགས་དང་ཕྱག་རྒྱ་འདི ་ཡིས་ནི།། ལས་རྣམས་ཐམས་ཅད་བྱེད་པར་འགྱུར་ཞེས་པས་བསྟན་ཏེ། སྔགས་འགྲུབ་པའི་དུས་ན་ཕྱག་རྒྱ་དང་སྔགས་བཟླས་པས་འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་ཇི་ལྟར་འདོད་བཞིན་དུ་འགྲུབ་སྟེ། གྲུབ་པ་ཐོབ་པའི་དུས ་སུའོ།། དེ་ནས་ཡང་ཡུམ་རྣམས་ཀྱི་སྔགས་དང་ཕྱག་རྒྱ་བསྟན་ཏེ། དེ་ཡང་སྔོན་ལ་དབྱིངས་ཕྱུག་མའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་པ་ལ་སོགས་པ་བསྟན་ཏེ། ཐབས་ལས་ནི་གཞན་བྱ་ཤེས ་རབ་མའི་བཤད་པའོ།། དབྱིངས་ཕྱུག་མེའི་སྔགུ་སཽ་འདི་ཡི་ནི་ཞེས་བྱ་བ་ནི་དབྱིངས་ཕྱུག་མའི་གསང་བའི་སྔགས་ནི་འོག་ནས་འབྱུང་བ་འདི་ཡིན་ཏེ། དེ་ཡང་ཐབས་ལ་ཇི་སྐད་གསུངས་པ་བཞིན་འདིར་ཡང་ངོ་།། ཨོཾ་བུདྡྷ་ལོ་ཙ་ན་ཨོཾ་ཞེས ་བྱ་བའི་སྔགས་གང་ཡིན་པ་དང་། སྦྱར་བར་བྱའོ།། ཕྱག་རྒྱ་ནི་གོ་སློ་སྟེ་མ་བཀྲོལ་ལོ།། དེ་ནས་མཆོད་པར་བྱ་བ་དང་། སེམས་ཅན་གསོ་བར་བྱ་བ་ནི། རྡོ་རྗེ་དབྱིངས་ཕྱུག་མའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། སེམས་ཅན་ཐམས་ཅད་བསྲུང ་བར་བྱ་བ་ནི། མ་མ་ཀིའི་སྔགས་དང་ཕྱག་རྒྱ་བསྟན་ཏོ།། དེ་ནས་ཡང་ཆོས་ཀྱི་གསུང་རྣམ་པར་དག་པ་སེམས་ཅན་གྱིས་ཐོབ་པར་བྱ་བ་པདྨ་དབྱིངས་ཕྱུག་མའི་སྔགས་དང་ཕྱག་རྒྱ་བསྟན་ཏོ།། དེ་ནས་ཡང་སངས་རྒྱས་དང་སེམས ་ཅན་གཉིས་དབང་དུ་བྱ་བ་དེ་བསྟན་པའི་ཕྱིར། ལས་ཀྱི་དབྱིངས་ཕྱུག་མའི་སྔགས་དང་ཕྱག་རྒྱ་བསྟན་ཏོ།། དེ་ནས་ཡང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བསྟན་ཏེ། དེ་ཡང་སྔོན་ལ་སྐུའི་ཕྱག་རྒྱ་བསྟན་ཏེ། སེམས་ཅན་གང་ལ་བྱིན་གྱིས ་བརླབས་པ་དེ་སྐུའི་གནས་སུ་ཡི་གེ་ཨཱ~ཾ། དཀར་པོ་ལྔ་རྣམ་པར་སྣང་མཛད་ཀྱི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་ནས་བྱིན་གྱིས་བརླབས་ཏེ། སྐུའི་སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབས་པའོ།། དེ་ནས་ཡང་གསུང་བྱིན ་གྱིས་བརླབ་པ་ནི། གསུང་གི་གནས་རྟ་མགྲིན་གྱི་འཁོར་ལོའི་དབུས་ཡི་གེ་ཨོཾ་དམར་པོ་ལས། སྟེ་ང་བ་མཐའ་ཡས་ཀྱི་སྐུར་བྷྱོན་གྱིས་བརླབས་པ་སྟེ། གསུང་གི་སྔགས་དང་ཕྱག་རྒྱས་བསྟན་ཏོ།། དྲི་ནས་ཡང་ཐུགས་ཀྱི་བྱིན་གྱིས་བརླབ ་པ་བསྟན་ཏེ། དེ་ཡང་ཐུགས་ཀྱི་གནས་སྙིང་གའི་རྩ་གསུམ་གྱི་གཡས་པའི་ནང་དུ་ཡི་གེ་ཧཱུཾ་ལས་མི་བསྐྱོད་པའི་སྐུར་བསྐྱེད་ལ་བྱིན་གྱིས་བརླབས་ཏེ། ཐུགས་ཀྱི་ཡང་སྔགས་དང་ཕྱག་རྒྱས་བསྟན་ཏོ།། དེ་ནས་ཡང་སྔགས་དང་ཕྱག་རྒྱ་བརྗོད ་པ་ལས་འདས་པ་བསྟན་ཏེ། དེའི་ཕྱིར་དེ་ལ་སོགས་ཏེ་མཐའ་ཡས་མཆོག་ཅེས་པ་ལ་སོགས་པ་གསུངས་ཏེ། གོང་དུ་གསུངས་པའི་སྔགས་དང་ཕྱག་རྒྱ་དེ་ལ་སོགས་པ་བགྲང་བ་ལས་བསམ་ཡས་པ་གང་གིས་ཀྱང་བགྲང་ཞིང་དཔག ་པ་ལས་འདས་པ་ལས་ནི་མཆོག་སྟེ། དེ་ནི་ཆོས་དབྱིངས་མཉམ་དང་མི་མཉམ་ཞེས་བརྗོད་པ་ནི། འདི་ནི་ཆོས་ཀྱི་དབྱིངས་དང་མཉམ་པ་ཡིན་ལ། འདི་ནི་མི་མཉམ་པ་ཡིན་ཞེས་བརྗོད་པར་བྱ་བ་དང་བྲལ་ཏེ། དེའི་ཕྱིར་ནམ་མཁར་དབྱིངས ་ཀྱི་མཐའ་ཀླས་པ་ཞེས་གསུངས་པ་ཡིན་ཏེ།། ནམ་མཁའ་ནི་དཔག་པ་ལས་འདས་པ་ཡིན་ཏེ། དེའི་དབྱིངས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་པས། བརྗོད་མེད་བརྗོད་དུ་མེད་པའི་ཞེས་གསུངས་ཏེ། ནམ་མཁའི་དབྱིངས་ནི ་བརྗོད་མེད་དེ་ལས་འདས་ཏེ། ཤེས་པ་དང་བརྗོད་པ་ལས་འདས་པ་ནི་བརྗོད་དུ་མེད་པ་སྟེ། དེའི་ཡོན་ཏན་མཐའ་ཀླས་པ་བསམ་གྱིས་མི་ཁྱབ་པ་འབྱུང་ཞེས་སྟོན་པས་གསུངས་སོ།། སྔགས་དང་ཕྱག་རྒྱ་སྤྲོ་བ་སྟོན་པ། སྔགས་དང་ཕྱག་རྒྱ ་སྤྲོས་པའི་ལེའུའོ།། བདུད་རྩི་ཐིགས་པ་ལས་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས་བདེན་པ་གཉིས་བཤད་པའི་ལེའུ་ལྔ་པའོ།། །། དེ་ནས་ཡང་རིགས་ལྔའི་དཀྱིལ་འཁོར་དང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས་ནི་སྟོན ་པས་གསུངས་པ་ཡིན་ལ། དེ་ལས་གཞན་ནི་མ་གསུངས་སོ།། སྙམ་པའི་བློ་འཁོར་རྣམས་ལ་སྐྱེ་སྟེ་དེ་གསལ་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། སྔགས་དང་ཕྱག་རྒྱ་བསྟེན་པའི་དེ་མ་ཐག་པ་དེ་ནས་སྡུད་པ་པོ་རྡོ་རྗེ་ཡིད ་ཀུན་ཏུ་བཟང་པོས་སྟོན་པ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འོག་ནས་འབྱུང་ལ་འདི་སྐད་བཤད་དོ།། ཨེ་མའོ་རྣམ་དག་སྟོང་པའི་ལམ་ཞེས་པ་ལ་སོགས་པོ་གསུངས་ཏེ། ཨེ་མའོ་རྣམ་དག་སྟོང་པའི་ལམ་ཞེས་པ་ནི། ་ཨེ་མའོ་ནི་ངོ་མཚར་བའི་ཚིག་སྟེ། གང་ལ་ངོ་མཚར་རང་གི་ལུས་ལ་སྟོང་པའི་ལམ་ཡོད་པ་ངོ་མཚར་བའོ།། རྣམ་དག་ནི་ཡེ་ནས་མ་བཅོས་པ་སྟོང་པའི་ལམ་འདི་ནི་རང་ལ་རང་ཆས་སུ་ཡོད་པ་འདི་ལྟ་བུའོ་ཞེས་པའི་སྟོང་པའི་ལམ ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལམ་སྟེ། དེ་ཡང་ཇི་ལྟར་ཡིན་ཞེ་ན་འཁོར་ལོ་རྣམ་པ་བཞི་སྟེ། སྤྲུལ་པའི་འཁོར་ལོའི་འདབ་མ་དྲུག་ཅུ་རྩ་བཞི་པ་དང་། ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པ་དང་། ་བང་བ་ཆེན་པོ་རོ་འཁོར་ལ་འདབ་མ་སུམ་ཅུ་ན་གཉིས་པའོ།། འོན་ཏི་རྣམས་གང་ན་གནས་ཤེ་ན། དཔལ་རྡོ་རྗེ་རྗེ་མོའི་རྒྱུད་ལས་ཀྱང་ཀུན་རྫོབ་བརྗོད་པ་མ་ཡིན་ཏེ།། ལྟེ་བ་མཐའ་ཟད་ཤེས་རབ་ལ།། ཐབས་ན་ནཱ ་འབྲུའི་རེར་ཞེས་བྱ།། རྩ་བར་འདབ་མ་དྲུག་ཅུ་བཞི།། མ་སྐྱེས་པ་ཡི་སྙིང་པོ་ཅན།། ས་དབུས་ཆོས་སུ་བསྟན་པ་སྟེ།། ཀུན་འབྱུང་ལམ་ཆེན་བརྒྱད་ཡོད་པ།། སྔོན་ལ་བརྒྱད་ཆ་གཉིས་ཡོད་པ།། རྩ་བཞི་ནང་གི་མ་མོ་བཞི།། ཕྱོགས་བཞི་རྩ་བཞི ་ཐབས་བཞི་སྟེ།། བཅུད་ནི་ཕུང་པོ་འབྱུང་བར་བཤད།། རྟག་པར་ཆོས་སུ་འདི་བསྟན་ཏེ།། སྙིང་པོ་འམ་ཆོས་ཀྱི་སྐུ་ཞེས་བྱ།། དེ་ཉིད་ཡེ་ཤེས་སྙིང་པོ་ཡིན།། འདི་ཡི་འཁོར་ལོ་ནམ་མཁའི་ཁམས།། ཐམས་ཅད་ཀུན་ལ་ཁྱབ་ཆེན་པོ།། དེ ་གཉིས་སྟེང་དུ་ལོངས་སྤྱོད་དེ།། སྔོན་ལས་བརྒྱད་ཆ་གཉིས་ཡོད་པ།། འབྱུང་བཞི་པར་ཡང་སྟོང་པའོ།། ཡེ་ཤེ་ས་ལྔ་ཡི་སྙིང་པོ་ཅན།། ཆགས་པ་རྟག་ཏུ་རང་འཆིང་བས།། ལོག་ལྟ་རྟག་ཏུ་སྒྲལ་བར་དཀའ།། འབྱུང་འཇུག་སྒོ་གསུམ ་ཐར་བར་འགྱུར།། བདེ་ཚོན་མཚན་ལྡན་པདྨ་མཛེས།། རྟག་པར་གཞོལ་མེད་ཡི་གེ་ཧཱུཾ།། རང་བཞིན་ཆོས་སྐུར་མང་ཞེས་བྱ།། ཏིང་འཛིན་གོམས་པའི་ཡེ་ཤེས་ཀྱིས།། ས་གནས་ཀུན་ཏུ་བདེ་བ་ཆེ།། བདེ་ཆེན་མགོ་བར་གནས་ཕྱིར ་རོ།། དཀྱིལ་འཁོར་ཡན་ལག་བཅས་སྤྲུལ་སྐུ།། དེ་གཉིས་བདེ་བ་བསྡུ་བྱས་ཏེ།། གཡས་དང་གཡོན་དང་དབུས་དང་གསུམ།། རིམ་གྱིས་སྟོང་པར་འཇུག་པ་སྟེ།། ཡེ་ཤེས་སྐྱེ་བ་ངེས་པ་མེད།། སེམས་ཉིད་བདེ་ལ་གང་གནས་པ།། ་གོམས་པས་འོད་ཀྱང་མི་དམིགས་ཤིང་།། སྐྲའི་རྩེ་མོ་བརྒྱར་བཤགས་བྱ།། མཐར་ནི་དམིགས་པར་མི་འགྱུར་ཏེ།། བདེ་བ་ཡིད་ཀྱིས་མི་བྱ་ཞིང་།། མཐའ་རྣམས་ཅི་ལའང་མི་གནས་ཏེ།། འགྲོ་དོན་འདོད་པའི་སྐུ་གཉིས་ཀྱང་།། སྒྲ་ཡི་ཚུལ་ལས ་ཐོགས་པ་མེད།། རང་བཞིན་དང་བའི་ཡེ་ཤེས་ནི།། སྣང་སྟོང་གཉིས་སུ་མ་ཡིན་པས།། རྟག་ཏུ་ཐིག་ལེ་ཆེན་པོར་གསུངས།། སྟོང་པའི་ལམ་ཞེས་དེ་ལ་བྱའོ།། ཞེས་གསུངས་སོ།། སངས་རྒྱས་ཀུན་གྱི་སྐུའི་མཆོག་ཞེས་བྱ་བ་ནི། དུས་གསུམ ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་མཆོག་ནི་ཆོས་སྐུ་སྟེ། ཆོས་སྐུ་དེ་ལ་ཐམས་ཅད་འབྱུང་བའི་བདག་པོར་གྱུར་པའི་ཕྱིར། སྣ་ཚོགས་ལས་བྱུང་ཁྱོད་ལ་འདུད་ཅེས་བསྟོད་པའོ།། སངས་རྒྱས་ཀུན་གྱི་གསུང་གི་མཆོག་ཅེས་བྱ་བ་ནི་དུས ་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྣམ་པར་དག་པར་འབྱུང་བའི་དོན་གསལ་བའི་སྒྲ་ཆེན་ཁྱོད་ལ་འདུད་ཅེས་གསུང་གི་སྒོ་ནས་བསྟོད་པའོ།། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ་ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མངའ་བདག་གི་གཙོ་བོ་ཁྱོད་ལ་ཕྱག་འཚལ་འདུད་ཅེས་ཐུགས་ཀྱི་སྒོ་ནས་བསྟོད་པའོ།། སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན་ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡང་དག ་པའི་ཡེ་ཤེས་མངའ་བའི་རྟག་སུ་རྡོ་རྗེ་འཛིན་པ་བསྟོད་དེ་སྟོན་པའི་ངོ་བོར་རྡོ་རྗེ་འཛིན་པོ་ཁྱོད་ལ་འདུད་ཅེས་པས་བསྟོད་པའོ།། ཆོས་ཀྱི་འཁོར་ལོ་རབ་བསྒྱུར་བ་ཞེས་བྱ་བ་ནི། སྟོན་པའི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་ཕྱི་དང་ནང་དུ་སྣང་བ ་ཐམས་ཅད་ལ་གསལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བས་དེའི་ཕྱིར་སངས་རྒྱས་འཁོར་ལོ་ཁྱོད་ལ་འདུད་ཅེས་བསྟོད་པའོ།། ནོར་བུ་འཛིན་པ་ཁྱོད་ལ་འདུད་ཅེས་བྱ་བ་ནི། སྟོན་པའི་ཐུགས་ཡཱ་ཤེས་ཀྱི་སེམས་ཅན་གྱི ་དགོས་འདོད་རེ་བ་ཡིད་བཞིན་སྐོང་བས་ནོར་བུ་འཛིན་ཞེས་བརྗོད་པའོ།། དེ་ལྟར་སྟོན་པས་སེམས་ཅན་གྱི་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པས་དེའི་ཕྱིར་པདྨོ་འཆང་ལ་འདུད་ཅེས་པའོ།། དེ་ལྟར་ཕྱི་ནང་གི་དོན་གང་ལ་ཡང་མ་འགག ་པས་དོན་ཡོངས་སུ་གྲུབ་སྟེ། སྣ་ཚོགས་ལས་ལ་ཕྱག་འཚལ་འདུད་ཅེས་སྡུད་པ་པོས་སྟོན་པ་ལ་གསོལ་བ་བཏབ་པོ།། དོན་དམ་པའི་བདེན་པའོ།། འཁོར་གྱི་རྟོག་པ་དེ་གསལ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ ་བསྟན་ཏེ། སྟོན་པ་ཐུགས་སྤྲོས་པ་མེད་པའི་དབྱིངས་སུ་སྐུ་གནས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བསམ་ཡས་པར་དགྱེ་བའི་ཕྱིར། དེ་བཞིན་ཉིད་ལ་དམིགས་ནས་ཅང་མི་སྨྲ་བར་བཞུགས་སོ།། ཞེས་པ་སྟེ། ཐུགས་སྤྲོས་པ་མེད་པའོ།། དེ ་ལྟར་སྟོན་པས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དགྱེ་བོ་དེའི་ཚེ་རིགས་ལྔ་བདེ་བར་གཤེགས་པ་ཐམས་ཅད་དང་འཁོར་རྒྱ་མཚོ་དང་བཅས་པ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་སྤྲུལ་པ་དེ་གྱེ་བ་ལ་འདི་ལྟར་གཟིགས་པའི་ཕྱིར། འདུལ་བའི་ཐབས ་ནི་སྣ་ཚོགས་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། འདུལ་བའི་ཐབས་སྣ་ཚོགས་ཞེས་བྱ་བ་ནི། འགྲོ་བ་རིགས་དྲུག་ལ་སོགས་པའི་འདུལ་ཐབས་སྣ་ཚོགས་པས་འདུལ་ཏེ་དེའི་ཕྱིར། འགྲོ་རྣམས་སྣ་ཚོགས་འདུལ་བར་འགྱུར་ཞེས་གསུངས ་པ་ཡིན་ནོ།། ལ་ལས་སྐུའི་དོན་མཛད་འགྱུར་ཞེས་པ་ནི་སོ་སོའི་འདུལ་སྐལ་གྱིས། སྐུ་ཡིས་དོན་མཛད་པར་འགྱུར་རོ།། འགྲོ་རྣམས་ཀུན་ལ་སྡིག་སྤོང་གཟུགས་ཞེས་བྱ་བ་ནི། འགྲོ་བ་རིགས་དྲུག་ཆར་ལ་དོན་མཛད་ཀྱང་ལོག་པའི་སྤྱོད་པས་དོན ་མ་མཛད་དོ།། ཕྱིན་ཅི་མ་ལོག་ཅིང་སྡིག་པ་ཐམས་ཅད་སྤངས་ནས། ཡང་དག་པའི་ཡེ་ཤེས་དང་ལྡན་པའི་སྒོ་ནས་དོན་མཛད་དོ།། སྤྲུལ་པས་སོ་སོར་འདུལ་བ་རྣམས་ནི་ཞེས་པ་ནི་སོ་སོར་ལས་ཀྱིས་མཐོང་བ་བཞིན་འདུལ་ལོ།། དེ་ཡང་སྐུས་སོ་སོར ་འདུལ་བ་བསྟན་པའི་ཕྱིར། དམྱལ་བ་རྣམས་ལ་གཤེད་པོས་འདུལ་ཞེས་པ་ནས། འཐུན་བྱས་སྐུ་ནི་སྣ་ཚོགས་འདུལ་ཞེས་བྱ་བས་བསྟན་ཏེ་གོ་སླའོ།། དེ་ནས་གསུང་སྤྲོས་པ་མེད་པའི་སྒོ་ནས་དོན་མཛད་པ་བསྟན་པའི་ཕྱིར། ཆོས་ཀྱི་འཁོར་ལོ ་སྣ་ཚོགས་ནི་ཞེས་པ་ནས། དེ་སྙིད་སྒྲ་སྐད་ཐ་དད་སྟོན་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། དེ་ནས་ཡང་སྐུ་ལྟམ་པ་ལ་སོགས་པས་འདུལ་བར་བསྟན་པའི་ཕྱིར། ལ་ལར་ལྷུམས་སུ་གཤེགས་པའི་ཚུལ་ཞེས་པ་ནས་བྱིན་བརླབ་ཆོ་འཕྲུལ་དེ ་ལྟར་བསྟན་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། དེ་ནས་ཡང་སོ་སོར་འདུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱིན་གྱིས་བརླབས་ཀྱི་སེམས་ཅན་རྣམས་ཇི་ལྟར་མོས་པར་འགྱུར་བ་བསྟན་པའི་ཕྱི་རོ།། དེ་ཚེ་འགྲོ་རྣམས་ཐམས་ཅད་དང ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྟོན་པས་སྐུ་གསུང་གི་ཆོ་འཕྲུལ་རྣམ་པའི་བྱེ་བྲག་གིས། འགྲོ་བ་རྣམས་ལ་སོ་སོར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ། འགྲོ་བ་རིགས་དྲུག་ཐམས་ཅོད་ཀྱང་ཡང་དག་པའི་བྱང་ཆུབ་ལ་དད་པར ་མ་དད་པ་གང་ཡིན་ཞེ་ན་དེ་བསྟན་པའི་ཕྱིར། ལས་ཀྱི་སྟོབས་ཀྱིས་དབང་སྒྱུར་བ།། ལོག་པ་ཅན་གྱི་རུ་ཏྲ་རྣམས།། ལོག་ལྟའི་མཐུ་སྙོམས་མ་རྟོགས་པ་ཞེས་པ་བསྟན་ཏོ། སྔོན་གསང་བའི་ཟབ་མོ་ནི་ཐོས་ཡང ་ལྟ། མས་ཀྱི་སྟོབས་ཀྱིས། དབང་གིས་ཚེ་འདི་ཉིད་ལ་ལྡོག་པ་ལ་དགའ་བ་ཡང་དག་པའི་དོན་ལ་སྨོད་པའི་རུ་ཏྲ་རྣམས་ནི་ལོག་པར་ལྟ་བ་འཇིག་རྟེན་འདིར་ནི་མཐུ་ཆེ་བ་ངག་གཏུམ་ཚིག་ཏུ་སྨྲ་བ་དེ་ནི་མ་རྟོགས་པ། ་གས་པར་བསྟན་པར་འཁོར་རྣམས་ཀྱིས་གཟིགས་པས་གོང་གི་ཐེ་ཙོམ་སྐྱེས་པའི་རྟོགས་པ་གསལ། ལྷག་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་པར་འགྱུར་ཏེ། བྱང་ཆུབ་སྤྱོད་པའི་སྒོ་ཇི་སྙེད་པའི་སྒོ་ནས་སྤྱོད་པས ་ཁམས་གསུམ་ཀྱི་སེམས་ཅན་དེ་སྙེད་འབྲས་བུ་བདེ་ལ་འགོད་དེ། ཡང་དག་པའི་ས་ལ་གནས་པར་འགྱུར་རོ།། དེ་ལྟར་སོ་སོའི་སྒོས་འདུལ་བའི་ཆོ་འཕྲུལ་སྣ་ཚོགས་པར་བསྟན་པར་འཁོར་རྣམས་ཀྱིས་གཟིགས་པས་གོང་གི་ཐེ་ཙོམ་སྐྱེས ་པའི་རྟོག་པ་གསལ་ཏེ། གཉིས་སུ་མེད་པའི་དོན་ལ་སེམས་ནས་གནས་སོ།། དེ་ནས་འདུལ་བའི་འཁོར་ཚོགས་རྣམས་ཀྱིས་སྡུད་པ་པོ་ལ་བསྟན་པའི་ཕྱིར། དེ་ནས་འཁོར་ལོ་དེར་འདུས་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། སྟོན ་པའི་ཆོ་འཕྲུལ་འཁོར་རྣམས་ལ་བསྟན་ཟིན་པའི་དེ་མ་ཐག་པ་དེ་ནས་སྟོན་པའི་འཁོར་དེར་འདུས་པ་རྣམས་སྡུད་པ་པོ་ཡང་ཀུན་ཏུ་བཟང་པོས་སྟོན་པ་ལ་བསྐུལ་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་དེ་ལ་ངོ་མཚར་དུ ་འགྱུར་ཏེ། སྡུད་པ་པོས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་འཁོར་རྣམས་ཀྱིས་འོག་ནས་འབྱུང་བའི་དོན་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ་ཞེས་པ་ནི་ངོ་མཚར་བའི་ཚིག་གོ།། ཨེ་མའོ་རྡོ་རྗེ་ཀུན་ཏུ་བཟང་ཞེས་བྱ་བ་ནི། སྟོན་པའི་སྤྲུལ་པར་གྱུར་ཅིང་སྟོན ་པ་ཉིད་སྡུད་པ་པོ་ཡིན་འཁོར་རྣམས་ཀྱང་རྟོགས་ཏེ་དེའི་ཕྱིར་ཀུན་བཟང་ཞེས་བོས་པའོ།། ངོ་མཚར་ཁྱོད་ལ་ཕྱག་འཚལ་འདུད་ཅེས་བྱ་བ་ནི། སྟོན་པ་ལས་ཐ་མི་དད་པར་གྱུར་པ་ནི་ངོ་མཚར་ཏེ་ཁྱོད་ལ་ངེད་འཁོར་རྣམས་ཀྱང་ཕྱག་འཚལ་ལོ་ཞེས་སོ།། ། ་ཨེ་མ་གསང་སྔགས་ཡ་མཚན་ཆེ་ཞེས་བྱ་བ་ནི། གང་བའི་སྔགས་ནི་གསང་སྔགས་ཏེ། ཡང་དག་པའི་ཡེ་ཤེས་སོ།། ཨེ་མའོ་སྟོན་པ་ཆོ་འཕྲུལ་ཆེ་ཞེས་པ་ནི། ཐེ་ཚོམ་སྐྱེ་བ་བསམ་པས་ངོ་མཚར་བའོ།། ཨེ་མའོ་སྔགས་ཀྱིས་མི་འདུལ ་མེད་ཅེས་བྱ་བ་ནི། ཉོན་མོངས་པ་ལྔའི་གཉེན་པོར་མཛད་པའོ།། འདི་ནི་ངོ་མཚར་ཡ་མཚན་ནོ།། ཞེས་བྱ་བ་ནི་གོང་དུ་སྟོན་པས་མཛད་པ་འདི་ནི་ཤིན་ཏུ་ངོ་མཚར་ལགས་སོ།། ཞེས་འཁོར་རྣམས་ཀྱིས་སྡུད་པ་པོ་ལ་གསོལ་པ་དང་། དེ ་ནས་སྡུད་པ་པོས་འཁོར་གྱི་བྱང་ཆུབ་སེམས་དཔའ་དེ་ཐོས་པའི་ཐེ་ཚོམ་སྐྱེས་པའི་རྒྱུ་བསྟན་པའི་ཕྱིར། རྡོ་རྗེ་ཡིད་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་བུ་ཁྱོད་ཚུར་ཉོན་ཅིག་ཅེས་བྱ་བ་ནི། འདུས་པའི ་འཁོར་ཚོགས་ཡང་དག་པ་བྱང་ཆུབ་སེམས་ཀྱི་རིགས་ཀྱི་བུ་རྣམས་ཉོན་ཅིག་ཅེས་བསྐུལ་བའི་ཚིག་གོ། གསང་བའི་ཐེག་པ་འདི་ཉིད་ལ་སུ་ཞིག་ལ་མོས་པའི་སྐྱེས་བུ་དེས་ཞེས་བྱ་བ་ནི་གསང་བའི་ཐེག་པ་བླ་ན་མེད་པ་དེ་ལས་རྣལ་འབྱོར་པ ་གང་སུ་ཡང་རུང་བ་ཞིག་མོས་པས་འཇུག་ན་རྣལ་འབྱོར་པ་དེས་མི་བྱ་བ་ནི་གང་ཡང་མེད་དེ། མི་འགྲུབ་པ་ནི་གང་ཡང་མེད་ཅེས་བྱ་བ་ནི་གསང་བའི་རྡོ་རྗེ་ཐེག་པ་འདི་ལ་ཞུགས་པའི་རྣལ་འབྱོན་པས་ནི་འོག་ནས་འབྱུང་བའི་ལས ་འདི་རྣམས་བྱ་བའོ།། དེ་ཡང་ལྡེམ་པོ་ངག་གི་སྒོ་ནས་གསུངས་ཏེ། དོན་དམ་པའི་བདེན་པ་བསྟན་པའི་ཕྱིར། རྟག་ཏུ་གསོད་ལ་བརྩོན་པ་དང་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ།། དེ་ཡང་ཇི་ལྟར་ཞེན་རྟག་ཏུ་གསོད་ལ་བརྩོན་པ་དང་ཞེས་བྱ་བ་ནི། བདག ་ཉིད་ཀྱི་སྙིང་ལ་རྩའི་དངས་མ་བརྒྱད་གནས་ཏེ། དེ་ཡང་གསུམ་ཆོས་ཀྱི་རྩའོ།། གཅིག་ཡེ་ཤེས་ཀྱི་རྩའོ།། གསུམ་ནི་རང་རྒྱུད་ཀྱི་རྩའོ།། གཅིག་ནི་ཡོན་ཏན་གྱི་རྩའོ།། དེ་ལྟར་རྩཝ་འཕྲ་མོ་བརྒྱད་ཡོད་དོ།། ཆོས་ཀྱི་རྩ་ལ་ནི། འོད་སེར་པོ་གཅིག ་གནས་སོ།། དབྱིབས་ཅི་འདྲ་ན་ཟླུམ་པོའོ།། ཚུལ་ནི་དངུལ་ཆུ་ཞུན་མ་ལ་གཞོལ་མར་གྱི་ཟོལ་སོང་བ་དང་འདྲའོ།། སྙིང་པོ་ནི་ཨོཾ་མོ།། ས་བོན་སུ་དང་ཏྲིའོ།། དེ་གསུམ་གྱི་ཁ་དོག་ནི་ཟ་འོག་གུར་ཕུབ་པ་འདྲའོ།། ཡེ་ཤེས་ཀྱི་རྩ་ལ་ནི་འོད་མཐིང་ག ་ཞིག་གནས་ཏེ། དབྱིབས་ཅི་འདྲི་ཞེ་ན་ཞགས་པ་འམ་སྦྲུལ་འཁྱིལ་བ་ལྟ་བུའོ།། ཚུལ་ནི་དར་སྐུད་ལེ་བརྒན་ལ་ཤེལ་སྒོང་བརྒྱས་པ་ལྟ་བུའོ།། སྙིང་པོ་ནི་ཧཱུཾ་ངོ་། ས་བོན་ནི་ཨ་དང་ནིའོ།། རང་རྒྱད་ཀྱི་རྩ་ལ་ནི་འོད་དམར་པོ་གཅིག་གནས་ཏེ། དབྱིབས ་ནི་ཟླ་གམ་དམར་པོ་ལྟ་བུའོ།། ཚུལ་ནི་སོས་ཀའི་ཆུ་ལ་མིག་རྒྱུ་བ་འམ། རྩི་སྐྱ་བའི་ཁ་ལ་ཟིལ་པ་ཆགས་པ་ལྟ་བུའོ།། ཁ་དོག་ནི་ཟངས་མའི་ཞུན་མ་ལ་ར་གན་གྱི་ཟོལ་སོང་བ་ལྟ་བུའོ།། སྙིང་པོ་ནི་ཨའི་ས་བོན་ནི་བྲེ་དང་དུའོ།། དེ་ཡང་མ ་རྟོགས་པའི་དུས་ན་འཁོར་བའི་རྒྱུ་སྟེ། ཨ་དང་ནི་ལ་སོགས་པའོ།། རྟོགས་པའི་དུས་ན་ཡེ་ཤེས་ཏེ། ཨོཾ་ལ་སོགས་པའོ།། དེ་ཡང་ཇི་ལྟར་སྲོག་ཅེ་ན། འོད་སེར་པོ་ལ་ཀུན་གཞི་རྣམ་པར་ཤེས་པ་གནས་པ་དང་། འོད་མཐིང་ག་ལ ་ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་དང་། འོད་དམར་པོ་ལ་ཉོན་མོངས་པ་ཅན་གྱི་ཡིད་གནས་སོ།། དམར་ནག་ལ་སྒྲོ་ངའི་རྣམ་པར་གནས་སོ།། དེ་ཡང་ལྷ་མི་གཉིས་སུ་སྐྱེ་བའི་ཁ་འཛིན་ནི་ཡིད་ཀྱི་རྣམ་པར་ཤེས་པས་བྱས་ནས་ཨ་དང་། ་ནི་ལ་སོགས་པའོ།། ལྷ་མ་ཡིན་དང་བྱོལ་སོང་དུ་སྐྱེ་བའི་ཁ་འཛིན་ནི་ཀུན་གཞི་རྣམ་པར་ཤེས་པས་བྱས་ནས་ས་བོན་སུ་དང་ཏྲི་གཉིས་ལ་སོག་གོ། ཡི་དགས་དང་དམྱལ་བར་སྐྱེ་བའི་ཁ་འཛིན་ནི་སྒོ་ངའི་རྣམ་པར་ཤེས་པ་དང་། ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བྱས་ནས་པྲེ་དང་དུ་ལོས་སོག་གོ།། དེ་ལྟར་གནས་པ་འདི་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་རང་ཆས་སུ་ཡོད་པའོ།། དེ་ལྟ་བུའི་རྩ་འཕྲ་མོ་བརྒྱད་པོ་དེ་ཡང་ཐག་པ་ཁུག་པ་བཞིན་གནས་པའོ།། དེ་ལྟ་བུ ་བརྒྱད་འདོམ་པའི་དབུས་ན་རྩའི་མདངས་མའི་ཡང་དངས་མ་དར་གྱི་སྐུད་པ་ལྟ་བུ་ལ་དབྱིབས་པ་ཐག་ཁུག་པ་འདྲ་བ་གཅིག་ཡོད་དོ།། དེའི་སྒྲོམ་འཕྲ་ནི་རྟ་རྔ་བཅུ་རུ་བཤགས་པ་ཙམ་གྱིས་འབྲེལ་དར་དཀར་གྱི་སྐུད་པ་ལྟ་བུ་དེ་ལ། དབུག ་ཀྱི་དངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཅིག་རྒྱུའོ།། དབུགས་ཀྱི་དངོས་མ་དེ་ལ་ཁ་དོག་རྣམ་པ་སྣ་ཚོགས་པ་གནས་སོ།། དེའི་དཀྱིལ་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོར་བཞུགས་སོ།། དེའི་ད་པེ་ཇི་ལྟ་བུ་ཞེ་ན ་གསེར་ཞུན་མའི་སྦུབས་ཀྱི་ནང་ནོར་བུ་རིན་པོ་ཆེའི་ཀེ་ཀེ་རུ་ཞེས་བྱ་བ་བཅུག་པ་ལྟ་བུའོ།། ཁ་དོག་ནི་ཉི་མ་ཤར་བའི་དཀྱིལ་འདྲ་བའོ།། དེ་ནི་ཆོས་ཀྱི་དབྱིངས་སོ།། རྩའི་དངས་མའི་ཡང་དངས་མ་དར་དཀར་གྱི་སྐུད་པ་ལྟ ་བུ་ལ་གདོད་མ་ནས་ཕུང་པོ་རྟེན་བྱེད་པས་ན། འབྱུང་བའི་དངས་མ་དེ་ས་ལྟར་སྣང་བ་ཡུམ་སངས་རྒྱས་སྤྱན་དུ་གསོལ་བ་ཡོད་པའོ།། དེའི་སྟོང་པ་ཆེན་པོའི་ཡེ་ཤེས་ཏོ།། ཁམས་ཐམས་ཅད་དབྱིངས་རྣམ་པར་དག་པའི་དང་དུ་གྱུར་པ ་མེད་པའི་རྟེན་བྱེད་པའི། དར་དཀར་གྱི་སྐད་པ་ལྟ་བུ་དེ་ལ་ཁྲག་གི་དངས་མ་མཚལ་ལྕོག་ལ་མ་ལྟ་བུ་གནས་པོའི་གདོད་མ་ནས་ཕུང་པོ་ལོང་འདོགས་པས་འབྱུང་བའི་མདངས་མ་ཆུ་ལྟར་སྣང་བ་སྟེ། ཡུམ་མཱ་མ་ཀཱིའོ།། དེ་ཉིད་མཉམ་པ་ཉིད ་ཀྱི་ཡེ་ཤེས་ཏེ། ཐམས་ཅད་བཀོལ་བ་མེད་པའི་དབྱིངས་གཅིག་ཏུ་བསྡུས་པས་སོ།། དེ་ཉིད་ལ་དབུགས་ཀྱི་དངས་མ་གསེར་ས་ལེ་སྦྲམ་སྭ་འོག་ན་གནས་པའི་རླངས་པ་ཙམ་ཞིག་གནས་པའི་གདོད་མ་ནས་ཕུང་པོ་ཡང་ཞིང་གཡོ་བའི ་རྒྱུ་བྱེད་པས་འབྱུང་བ་རླུང་དུ་སྣང་བའོ།། དེ་ནི་བྱ་བོ་གྲུབ་པའི་ཡེ་ཤེས་ཏེ། བྱ་བ་ཐམས་ཅད་ལ་གཡོ་བས་ནའོ།། བྱང་ཆུབ་ཀྱི་སེམས་དེ་ནི་ཐབས་དང་ཤེས་རབ་སྙོམས་པ་ཡང་ཡོད་ལ། ཁམས་གསུམ་པར་ཡང་ཡོད་དེ། ཐིག ་ལོ་དེ་ལ་ཨ་ནི་ལ་སོགས་པའི་ཡི་གེ་རྣམས་བསྡུས་ཤིང་བྱང་ཆུབ་ཀྱི་སེམས་ཐིག་ལེའི་ངོ་བོར་བརྟགས་པས། སངས་རྒྱས་ཀྱི་ཡེ་ཤེས་ནམ་མཁའི་རང་བཞིན་ལྟ་བུ་སྐྱ་ཞིང་འགྲོ་བ་རིགས་དྲུག་རྒྱུན་གཅོད་པའོ།། དེ་ཡང་ཇི་ལྟར་གཅད ་ཅོན་ཐོག་ལོ་བྱང་ཆུབ་ཀྱི་སེམས་ལས་སུ་རུང་ནས། འོད་དང་ལྡང་བའི་ངོ་བོར་གྱུར་ཙམ་ན། ཨོཾ་གི་གོང་དང་འོག་ན་སུ་དང་ཏྲི་གནས་པ་དང་། ཧཱུ~ཾ་ག~ཾ་གོང་འོག་ན་ཨ་དང་ནི་གནས་པ་དང་། ཨའི་གོང་འོག་ན་པྲེ་དུ་གཉིས་གནས་པ་འོད་དུ་འབར་ཏེ། ་ཐིག་ལེ་ལ་རང་བཞིན་མེད་པར་ཐིམ་ཞིང་སོང་བས། ཐིག་ལེ་ཡང་རང་བཞིན་མེད་པར་དར་གྱི་སྐུད་པ་ལྟ་བུར་རྟ་རྔ་བཅུ་རུ་བཤགས་པ་ཙམ་ལ་ཐམ་ནས་མཚལ་ཅོག་ལ་མའི་དང་ས་མ་ཙམ་དུ་གནས་པ་སྟེ། བདེ་བ་ཆེན་པོ་ཆགས་པར་བྱེད་པ ་ཡིན་ནོ།། དེ་ཡང་འོང་དུ་འབར་ཞིང་འབར་བས་དབུགས་ཀྱི་དངོས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཞིག་གནས་པ་དེ་བདེ་བ་ཆེན་པོར་གཡོ་སྟེ་འབར་བར་བྱེད་དོ།། དེའི་འོག་ཏུ་འབར་བས་དེར་དྲོད་ཀྱི་དངས་མ་མེ་ལོང་ཉི་མ་ལ་བཞག ་བའི་ངང་ཙམ་ཞིག་གནས་པ་དེ་གདོང་མ་མེད་པ་ནས་ཕུང་པོ་སྨིན་པར་བྱེད་པའི་རང་བཞིན་འབྱུང་བ་མེ་ལྟར་སྣང་བའི་རང་བཞིན་ཏེ་འོད་ཁ་དོག་ལྔ་པའོ།། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཐམས་ཅད་བདེ་བ་ཆེན་པོའི་དབྱིངས་སུ་རྟོགས་པའི་སྒྲོན་མའོ།། ་འོད་དེའི་དཀྱིལ་ན་ཡི་གེ་མེད་པའི་ཐིག་ལེ་ཆེན་པོའི་བྱང་ཆུབ་སེམས་བཞུགས་པ་དེ་ནི་དངས་མ་ཆེན་པོའོ།། དེའི་གདོང་མ་ནས་ཕུང་པོ་གསལ་བར་བྱེད་པའི་རྟེན་བྱེད་པའི་འབྱུང་བའི་དྭངས་མ་དེ་རྩ་བུག་རྣམས་དང་། ནམ་མཁའ་ལྟར་སྣང་བའོ།། ་དེ་ནི་ཁྱབ་པ་ཆེན་པོའི་ཡེ་ཤེས་ཡུམ་ཀུན་ཏུ་བཟང་མོར་གསལ་བ་སྟེ། ཐམས་ཅད་ཡང་དག་པའི་དབྱིངས་སུ་གསལ་བའི་གོ་སྐབས་འབྱེད་པའོ།། དེ་ལྟར་ཐིག་ལེ་གསེར་ཞུན་མ་ལྟ་བུ་ནི་ཤེས་རབ་སྟེ། ཡུམ་ཐམས་ཅད་ཀྱི་ངོ་བོའོ།། དེ་རེ་རིན་པོ་ཆེ ་ཀེ་ཀེ་རུ་བཅུག་པ་དང་འདྲ་བ་ནི། ཐབས་ཀྱི་རྒྱལ་པོ་སྟེ། ཀུན་ཏུ་བཟང་མོ་ལ་སོགས་པ་ཡབ་རྣམས་ཀྱིའོ།། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་ང་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ལྟ་བ་ནི་མཐོང་བ ་མེད་པའི་ཚུལ་དུ་མཐོང་བའོ།། དེའི་ཡབ་གང་ཡིན་པ་ཡུམ་ཡིན་ལ་ཡུམ་གང་ཡིན་པ་ཡབ་ཡིན་ཞིང་། འོད་ཀྱི་གོང་བུ་དེར་ཐ་དད་པ་མ་ཡིན་པར་མཐོང་ངོ་།། དངས་མ་ཆེན་པོའི་ཐིག་ལ་ཉིད་ཀྱང་རང་བཞིན་མེད་པར་སོང་སྟེ། ཡེ་ནས་ལྷུན་གྱིས ་གྲུབ་པ་ནམ་མཁའི་གཟུགས་སུ་བྱུང་བ་དེ་ཉིད་ནི་ཐིག་ལ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཆོས་ཉིད་ཀྱི་སྐུའོ།། དེ་ལྟར་གྱུར་པའི་ངང་ལ་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྩད་གཅད་པ་ཞེས་བྱའོ།། དེ་ལ་རྟག་པར་ཏིང་ངེ་འཛིན་གནས་པ་ནི། ་རྟག་ཏུ་བསོད་ལ་བརྩོན་པ་དང་ཞེས་གསུངས་པའོ།། མ་བྱིན་ལེན་དང་མི་ཚངས་སྤྱོད་ཅེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དེ་ནི་མ་བྱིན་པར་ཡང་དག་པར་བླང་བར་བྱ་བའོ།། ཡང་དག་པའི་དོན་དེ་དུས་རྟག་ཏུ་སྤྱད་པར་བྱ་བའོ།། རྫུན་དང་ཚིག་རྩུབ་སྨྲ། ་བ་དང་། ཞེས་པ་ནི། རྫུན་ཡང་སྨྲ་བར་བྱ་བ་མ་ཡིན་ཏེ། བརྗོད་དང་བྲལ་བའི་དོན་འདི་ལྟ་བུ་ཡིན་ནོ།། ཞེས་སྟོན་པ་ནི་རྫུན་དུ་སྨྲ་བའོ།། ངག་རྩུག་པ་སྨྲ་བ་གང་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པ་མེད་པས་ངག་རྩུབ་སྨྲ་བའོ།། དེ་ནས་བདུད་རྩི་ལྔ ་བཟའ་བ་བསྟན་ཏེ། ཟས་སུ་ཤ་དང་། བཤང་གཅི་དང་། རྣག་ཁྲག་དྲོན་མོ་འཐུང་བ་དང་ཞེས་བྱ་བ་ནི། ཤ་ཆེན་དང་བཤང་བ་སྟེ། དྲི་ཆེན་དང་གཙེ་བ་སྟེ། དྲི་ཆུང་དང་རྣག་སྟེ། བྱང་ཆུབ་ཀྱི་སེམས་ཁྲག་སྟེ། པདྨ་རཀྟ་ཏེ་བདུད་རྩི་ལྔའི་ངོ་བོ་རུ་བཟའ ་ཞིང་བཏུང་བའོ།། ངན་ཟོས་ངན་སྤྱད་ཐམས་ཅད་ཀྱིས།། གསང་བ་འདི་ཉིད་འགྲུབ་པར་འགྱུར། ཞེས་བྱ་བ་ནི། བདུད་རྩི་ལྔ་ནི་ཟོས་ཤིང་སྤྱད་པས་གསང་བའི་དོན་འདི་ཉིད་འགྲུབ་པར་འགྱུར་ཏེ། དམ་ཚིག་གོ། ཕ་དང་ཁུ་བོ་མེས་པོ་དང་། ་བུ་དང་སྤུན་དང་ཚ་བོ་རྣམས། ཞེས་བྱ་བ་ནི་ཕ་སྟེ་འདོད་ཆགས་དང་། ཁུ་བོ་སྟེ་ཞེ་སྡང་དང་། མི་ས་པོ་སྟེ་གཏི་མུག་དང་། བུ་སྟེ་ང་རྒྱལ་དང་། སྤྱན་ཏེ་ཕྲག་དོག་དང་ལྔའོ།། ཚ་བོ་རྣམས་ནི་དེ་ཀུན་གྱི་སྤྱིའི་མཚན་ཉིད་དོ།། ཞེ་སྡང་སེམས་ཀྱིས ་གསང་བྱས་ན།། རྡོ་རྗེ་རིགས་ཀྱི་ཞིང་དུ་འཁྲུས། ཞེས་བྱ་བ་ནི་ཉོན་མོངས་པ་ལྔ། སྤྱིའི་མཚན་ཉིད་དང་། དྲུག་པོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་སྟོང་པ་ཆེན་པོའི་ཡེ་ཤེས་དང་དྲུག་གི་ངང་དུ་ཞེ་སྡང་ཆེན་པོའི་ཏིང་ངེ་འཛིན་གྱིས ་གསང་ན་གཉིས་སུ་མེད་པའི་ཡེ་ཤེས་མ་བཅོས་པ་རྡོ་རྗེ་རིགས་སུ་འགྱུར་རོ།། དོན་དམ་པའི་བདེན་པའོ།། དེ་ནས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཕོ་བྲང་ནས་བསྐྱོད་པ་ལ་རྐྱེན་གཉིས་ཏེ། ཏིང་ངེ་འཛིན་གྱིས་བསྐྱོད་པ་དང་ཤེས་རབ་མའི ་རྐྱེན་གྱིས་བསྐྱོད་པའོ།། དེ་ལ་ཏིང་ངེ་འཛིན་གྱི་རྐྱེན་གྱིས་བསྐྱོད་པའི་ལེའུ་འདི་ཉིད་ཀྱི་སྟོད་ནས་གསུངས་སོ།། ཤེས་རབ་མའི་རྐྱེན་གྱིས་དབབ་པ་བསྟན་པའི་ཕྱིར། མོ་དང་བུ་མོ་སྲིང་མོ་དང་གདོལ་བ་མོ་ཕྱལ་བ་ལ་ཞེས་པས་བསྟན་ཏེ། མ་ནི། ་རྡོ་རྗེ་རིགས་མའོ།། བུ་མོ་ནི་འཁོར་ལོའི་རིགས་མའོ།། སྲིང་མོ་ནི་རིན་པོ་ཆེའི་རིགས་མའོ།། གདོལ་པ་མོ་སྟེ་ལས་ཀྱི་རིགས་མའོ།། ཕྱལ་བ་སྟེ་པདྨའི་རིགས་རྣམས་ལ་བྱང་ཆུབ་ཀྱི་སེམས་རྟོགས་པར་འདོད་པའི་རིགས་ཀྱིས་སྦྱར་ན་འབྱུང་བ་བཞིའི ་རྐྱེན་གྱིས་དྲངས་ནས། དགའ་བ་དང་མཆོག་ཏུ་དགའ་བ་དང་། བྲལ་བའི་དགའ་བ་རྣམས་ནི་ཉམས་སུ་བླང་བར་བྱ་བ་མ་ཡིན་ཏེ། ཁུ་བ་དང་ལྷན་ཅིག་སྐྱེས་པ་ཤེས་བྱ་བ་རང་བཞིན་དགའ་བ་དེ་ཉམས་སུ་མང་པར། ་ངཡང་གནས་གང་དུ་ཉམས་སུ་བླང་ཞེ་ནཱ། རྡོ་རྗེའི་བུམ་པའི་དབུས་སུ་སྭཱ་ཡི་གཱ་བཞིའི་དབུས་སུའོ།། འོ་ན་ཡི་གེ་བཞིའི་དབུས་སུ་ནི་བཟུང་ལ་གཞན་དུ་མི་གཟུང་བ་ཅི་སྟན་ཡ་གེ་བའིའི་དབུས་སུ་གཟུང་སྟེ་ཡི་གེ་གསུམ་པར་མ་འདས་ན ་ནི་ཁུ་བ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེ་ལ་ཡི་གེ་བཞི་ལ་སླེབས་ན་ནོ་མི་ཟིན་པའི་སྐྱོན་ཡོད་པས་དབུས་སུ་བཟུང་བར་བྱ་བ་ཁོ་ན་ཡིན་ནོ།། འོ་ན་ཡི་གེ་བཞི་རང་གང་ཡིན་ཞེ་ན། ཡི་གོ་ནི་འདི་རྣམས་སོ།། ཨོཾ་ཨོཾ་ཧཱུཾ་ཕཊཅས་པ ་རྣམས་སོ།། འོ་ན་ཡི་གེ་ལྔ་འདུག་ན་བཞི་ཞེས་བྱ་བ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། འབྱུང་བ་བཞི་དང་སྦྱར་ན། ཨོཾ་ནི་སའི་རང་བཞིན་ཡིན་པ་དང་། ཧཱུཾ་ནི་མེའི་རང་བཞིན་ཡིན་པ་དང་། ཨོཾ་ནི་ཆུའི་རང་བཞིན་ཡིན་པ་དང་། ཕཊ ་ནི་རླུང་གི་རང་བཞིན་བྱང་ཆུབ་ཀྱི་སེམས་ནི་ནམ་མཁའི་རང་བཞིན་པའི་ཕྱིར་མི་འགལ་བའི་ཕྱིར་རོ།། འོ་ན་འབྱུང་བ་ལྔ་དེ་སྨོས་ནས་ཅི་དགོས་ཤེ་ན། དགོས་པ་མེད་པ་མ་ཡིན་ཏེ། རྡོ་རྗེའི་རྩེ་མོའི་ནང་ནས་ཀྱང་། བྱང་ཆུབ་སེམས ་ནི་རབ་ཟ་བ།། བདེ་བའི་གནས་ནས་སྤྱན་དྲངས་ནས།། རིན་པོ་ཆེ་ཡི་གནས་སུ་ནི།། འབྱུང་བ་གསུམ་གྱིས་གཟུང་བར་བྱ། ཞེས་གསུངས་ཏེ་མི་འགལ་ལོ།། དེ་ལྟར་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པའི་དུས་ན་ཡང ་དག་པའི་ཡེ་ཤེས་སུ་འགྱུར་ཏེ། འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སུ་ངེས་པར་སྐྱེ་ཞེས་གསུངས་པ་ཡིན་ནོ།། དེ་ལྟ་བུའི་དོན་ལ་དགོངས་ཏེ་གསུངས་པའི་ཚིག་དེ་ལ་འཁོར་བྱང་ཆུབ་ཏུ་སེམས་སྐྱེ་བ་རྣམས་བཅོམ་ལྡན ་འདས་འདི་ལྟ་བུའི་ཚིག་ངན་པ་སྨྲ་བ་སྙམ་ནས། བྱང་ཆུབ་སེམས་དཔའ་རྣམས་བསྒྲག་སྟེ། རོབ་ཏུ་བརྒྱལ་ནས་ས་ལ་འགྱེལ་བར་འགྱུར་རོ།། དེ་ནས་ཡང་འཁོར་དེ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིརརོ། དེ་ནས་ཡང་རྡོ་རྗེ ་ཡིད་ཀུན་ཏུ་བཟང་པོས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་བལྟས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་རྣམས་སྔོན་གྱི་འདུ་ཤེས་ངན་པ་ཡིད་ལ་དྲན་ནས་བརྒྱལ་ནས་འགྱེལ་ན་འདི་དགེ་སླར ་གསོ་བར་གསོལ་ཞེས་གསོལ་བ་བཏབ་པ་དང་། དེ་བསླང་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་འོདི་ཟེར་གྱི་ཞིང་འཁྱིལ་པས་འཁོར་དེ་དག་བསྟིམས་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་མཛད ་དོ།། བྱང་ཆུབ་ཀྱི་སེམས་བསྟིམས་ཤིང་བྱིན་གྱིས་བརླབས་པ་དེས། བྱང་ཆུབ་སེམས་དཔའ་རྣམས་སླར་དྲན་པ་རྙེད་དེ། ས་ལས་ལངས་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོའི་ཞལ་དུ་མིག་མི་འཛུམ ་པར་ལྟ་སྟེ་འཁོད་དོ།། དེ་ནས་འཁོར་གྱི་ཐེ་ཚོམ་དེ་བསལ་བའི་ཕྱིར། དེ་ནས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ།། དེ་ནས་ཡང་ལུང་བསྒོ་བའི་ཕྱིར། རིགས་ཀྱི་བུ་རྣམས་རང་རང་གི་འདུ་བྱེད་ངན་པ་དེ་རྣམས་ཐོང ་ཞིག་ཅེས་གསུངས་ཏེ། ཐོང་ཞེས་པ་ནི་ཟློག་པ་སྟེ། ཁྱེད་རྣམས་ཀྱི་བསམ་པ་མང་པོས་ཅི་ཞིག་བྱ། བཅོམ་ལྡན་འདས་ངས་དགོངས་པ་བཤད་པའི་ཚིག་ལ་ཁྱེད་རྣམས་ཀྱིས་དྲང་པོར་བཟུང་བས་ཚིག་ངན་པ ་འགྲོ་སྟེ། དེའི་བསམ་པ་ངན་པ་རྣམས་མ་སྨྲ་བར་ཐོང་ཞིག་པའོ།། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན་ཞེས་པ་ལ་སྟོན་པ་ཡིས། འཁོར་རྣམས་ཀྱི་ཐེ་ཙོམ་བསལ་བའི་ཕྱིར་ཚིག་གོ།། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན་ཏེ་ཞེས་བྱ་བ་ནི། ་བྱང་ཆུབ་སྤྱོད་པ་དེའི་གནས་ན་བདེ་བ་ཆེན་པོའི་གནས་དེ་ཉིད་ཡིན་ནོ།། ཐམས་ཅད་ནམ་མཁའི་རང་བཞིན་ཏེ་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་དོན་དེ་ཐམས་ཅད་ནམ་མཁའི་མཚན་ཉིད་ཡིན་ཏེ། མཚན་ཉིད་དེ་ལ་ཡང་མི་གནས་པའི ་ཕྱིར། ན་མོ་མཁའ་ལ་ཡང་མཚན་ཉིད་མེད་ཅེས་བརྗོད་པ་ཡིན་ནོ།། དེ་ཉིད་འཇིག་རྟེན་སྣ་ཚོགས་ཏེ་ཞེས་བྱ་བ་ནི། མཚན་ཉིད་མེད་པ་དེ་ཉིད་འདི་ལྟར་རྣམ་པ་སྣ་ཚོགས་པར་སྣང་ཏེ། སྣང་བ་དེ་ཉིད་ཀྱང་གཟུགས་སུ་སྣང་བ་ཐམས ་ཅད་དེ། དེ་བཞིན་གཤེགས་པའི་སྐུའི་རང་བཞིན་ཡིན་པ་དང་། སྒྲ་རུ་གྲགས་པ་ཐམས་ཅད་དེ་བཞིན་གཤེགས་པའི་གསུང་གི་རང་བཞིན་ཡིན་པའི་ཕྱིར་ཏེ། ཕྱག་རྒྱའི་ཚོགས་ཆེན་དེ་ཉིད་དོ།། ཞེས་གསུངས་པ་ཡིན་ནོ།། དེ་ལྟར ་ཕྱི་དང་ནང་དུ་སྣང་བ་ཡང་སྒྱུ་མ་ཙམ་དུ་སྣང་ལ་དོན་དམ་པར་དེ་བཞིན་གཤེགས་པའི་ཐུགས་སྤྲོས་པ་མེད་པ་ཡིན་པའི་ཕྱིར། ཆོས་སྐུ་སྒྱུ་མར་དབང་སྒྱུར་བ།། དེ་ལ་དངོས་པོ་ག་ལ་ཡོད་ཅེས་གསུངས་པ་ཡིན་ནོ།། ཅི་སྤྱོད ་བསྒྲུབ་ཅི་བསྒོམས་ཀྱང་། བྱང་ཆུབ་ཉིད་དེ་ལྷུང་གནས་མེད་ཅེས་བྱ་བསྒོམ་བསྒྲུབ་ལ་སོགས་པ་ཇི་ལྟར་སྤྱད་ཀྱང་དོན་དམ་པའི་དབྱིངས་ལས་མ་གཡོས་པར་ཤེས་ན་བྱང་ཆུབ་ཉིད་དེ་ལྷུང་གནས་མེད་དོ།། ལྷུང་གནས་ཉིད་ཡང་དག ་པའི་ཡེ་ཤེས་སུ་འགྱུར་བ་བསྟན་པའི་ཕྱིར། དམྱལ་བའི་གནས་ཉིད་བླ་མེད་གནས་ཞེས་གསུངས་ཏེ། དམྱལ་བའི་གནས་སུ་གདགས་པའི་གནས་མེད་དེ། ཡེ་ནས་རྣམ་པར་དག་པའི་གནས་སོ།། དེ་ནས་ཡང་ཁམས ་གསུམ་གྱི་སྡུག་བསྔལ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར། སྡུག་བསྔལ་ཉིད་ལ་བྱང་ཆུབ་ལྟ།། འཁོར་བ་ཉིད་ནཱ་མྱ་ངན་འདས།། སྒྲིབ་པ་ཉིད་ན་མངོན་སང་སྒྲ་རྒྱས་ཞེས་གསུངས་པ་ཡིན་ཏེ། ཁམས་གསུམ ་གྱི་སྡུག་བསྔལ་ནི་ཡིད་དག་པའི་ཡེ་ཤེས་ཡིན་ཏེ། མ་བཅོས་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་ངོ་བོ་ཉིད་ཀྱིས་སངས་རྒྱས་པའི་རང་བཞིན་ལ་འཁོར་བ་ཞེས་བྱ་བ་ག་ལ་ཡོད་དེ་མྱ་ངན་ལས་འདས་པའོ།། དེ་ལྟར་ངེས་པའི ་དོན་དེ་ལ་སེམས་རྩེ་གཅིག་ཏུ་གནས་པའི་བྱ་བའི་ཕྱིར། ངེས་དོན་དེ་ལ་འདུད་པར་སྦྱོར་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པས། བྱང་ཆུབ་སེམས་དཔའ་དེ་སོམ་ཉི་དང་བྲལ་ནས་རང་རང་གི་དེ་བཞིན་ཉིད་ལ་དམིགས་ནས། བརྗོད ་པ་ལས་འདས་ཏེ། ཅང་མི་སྨྲ་བར་འཁོད་དོ།། ཞེས་དོན་དམ་པའི་བདེན་པའོ།། ཐུགས་རྗེས་འདུལ་བའི་སྟོན་པའི་ལེའུ་ལ་ཐུགས་རྗེས་འདུལ་བའི་ལེའུའོ།། བདུད་རྩིའི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས། བདེན་པ ་གཉིས་ཀྱིས་བཤད་པའི་ལྡེའུ་སྟེ། དྲུག་པའོ།། །། དེ་ལྟར་ཐུགས་རྗེས་འདུལ་བ་བསྟན་ཀྱང་ལོག་པའི་ལམ་པ་དྲེགས་པས་མྱོས་པ་དེ་ཞི་བས་མི་འདུལ་ཏེ། དེ་ལ་ཁྲོས་པའི་ཚུལ་གྱིས་འདུལ་བར་འཁོར ་རྣམས་ཀྱིས་སྟོན་པ་ལ་བསྐུལ་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་རིགས་ལྔའི་བདེ་བར་གཤེགས་པོ་ལ་སོགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ཏེ་ཞེས་བྱ་བ་ནི་རིགས ་ལྔའི་བདེ་བར་གཤེགས་པའི་འཁོར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་པ་ཆོས་ཀྱི་དབྱིངས་གཅིག་ཏུ་གྱུར་ཏེ་སོ་སོ་མ་ཡིན་པའོ།། ལོག་པའི་ལམ་པ་དངོས་པོ་ལ་མངོན་པར་འཆེལ་བ། མངོན་པའི་ང་རྒྱལ་གྱི་མཐུ ་བསྙེམས་ནས། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པས། འཇིག་རྟེན་ཕུང་བར་བྱེད་པ་རྣམས་ཞེས་བྱ་བ་ནི། སྔོན་གསང་སྔགས་ཟབ་མོའི་དོན་དང་ལྷ་སྤྱོད་ལ་སོགས་པ་ཐོབ་ཀྱང་ཡང་དག་པའི་ཤེས་རབ་ཀྱིས་མ་ཟིན་པས་དེ ་བཞིན་གཤེགས་པའི་སྐུ་མདོག་དང་ཕྱག་མཚན་རང་རྒྱུད་དུ་གཟུང་བས་སྐྱེ་བ་ཕྱི་མ་ལ་གཟུགས་འཇིག་པ་ལག་ཆ་གདུག་པའི་རུ་ཏྲར་གྱུར་ཏེ། ཤིན་ཏུ་ང་རྒྱལ་གྱི་མཐུ་བསྙེམས་ནས་གནས་པའོ།། སྔལས་ཧཱུཾ་ཧཱུཾ་ཕཊ་ཕཊ་ལ་སོགས ་པའི་དོན་གསུང་རྣམ་པར་དག་པར་མ་རྟོགས་པས། ངག་གཏུམ་ཚིག་སོད་ཅོད་ལ་སོགས་པའི་སྒྲས་སེམས་ཅན་བརྒྱལ་བར་བྱེད་པ་སྒྲོགས་པའོ།། ཐུགས་སྤྲོས་པ་མེད་པར་མ་རྟོགས་པས། ཞེ་སྡང་མནར་སེམས་དང་ལྡན་པའི་རུ་ཏྲ ་དྲེགས་པས་མྱོས་པས་དངོས་པོ་ལ་འཆེལ་བ་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་ཡང་མ་དད་པ་དེ་ལ་ཞི་བས་འདུལ་བའི་སྐབས་ལ་མ་བབ་སྟེ། དེ་བཞིན་གཤེགས་པའི་མཛད་སྤྱོད་ཀྱིས་འདུལ་བར་འཁོར་རྣམས་ཀྱང་གཟིགས་ནས། ་བཅོམ་ལྡན་འོངས་གསང་བ་མཆོག་གི་བདག་པོ་ལ་འོག་ནས་འབྱུང་བའི་དོན་འདི་སྐད་ཅེས་འཁོར་རྣམས་ཀྱིས་གསོལ་བ་བཏབ་བོ།། ཨེ་མའོ་ལྡོག་པའི་ལམ་གྱིས་མནར་པ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ། ཞེས་པ་ལ་སོགས ་པ་གསུངས་ཏེ། ལོག་པར་ལྟ་བས་མནར་བ་དེ་ལ་ཞི་བས་ཕན་པར་འདི་ཉིད་ལ་མི་འགྱུར་ཏེ། ཕྱིས་ཀྱང་ངུ་འབོད་ཀྱི་གནས་སུ་ལྷུང་བའི་ཕྱིར། འོ་དོད་འབོད་པ་ལྷུང་བར་འགྱུར་ཞེས་གསུངས་ཏེ། ལུས་ངག་ཡིད་གསུམ་གྱི ་སྒོ་ནས་ཁྲོ་ཞིང་གཏུམ་པར་གནས་པའི་ཕྱིར། ཤིན་ཏུ་ཁྲོ་གཏུམ་གཏུམ་པ་ལ་ཞེས་གསུངས་པ་ཡིན་ཏེ། དེ་ལ་ནི་གང་གིས་ཀྱང་འགྱུར་བར་མི་འགྱུར་ཏེ། ཡེ་ཤེས་ཁྲོས་པས་འདུལ་བར་འགྱུར་བ་དེ་བས་ན། སངས་རྒྱས་བཅོམ ་ལྡན་འདས་ཀྱི་འཁོར་རྣམས་མངོན་པར་འདུ་བར་མཛད་པར་རིགས་ཞེས་འཁོར་རྣམས་ཀྱིས་གསོལ་བ་དང་། གདུག་པ་ཅན་དེ་ཁྲོ་བས་འདུལ་བར་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་ནས་འཁོར་རྣམས་ལ་སྤྱན་གཟིགས་ཏེ། ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་རིགས་ལྔ་བདེ་བར་གཤེགས་པ་ལ་སོགས་པའི་འཁོར་ཐམས་ཅད་སྟོང་པ་ཉིད་ཀྱི་བ་སྤྱིར་བུ་ག་ནས་ཞུགས་ནས་ཐུགས་ཀར་ཐིམ་བསྡུས་ཏེ་གཉིས་སུ་མེད་པའི་དབྱིངས་སུ་མི་སྣང་བར་མཛད་དོ།། དེ ་ནས་གནས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད། བཅོམ་ལྡན་ཉིད་ཀྱི་སྐུའི་དབྱིབས་ལ་བསྡུས་ཏེ་དངོས་པོ་མི་སྣང་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་ཡང་དག་པར་དབྱངས་སུ་ཐམ་སྟེ། ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གནས་པར་འགྱུར་རོ།། དེ་སྐད་ཅི་མངོན་ཞེ་ན། དཔལ་བདུད་རྩི་རྒྱུད་ལས། ཞི་བས་མའི་དུལ་ལྔས་འདི་ལ།། དྲག་པོས་ཁྲོས་པས་འདུལ་འགྱུར་ཏེ།། ཏིང་འཛིན་གསུམ་ལ་རབ་གནས་ནས།། དེ་བྱུང ་ཁྲོས་པའི་གཟུགས་བརྟག་གོ་ཞེས་གསུངས་སོ།། ཏིང་ངེ་འཛིན་གསུམ་ཇི་ལྟར་ཡིན་ཞེ་ནི། ཇི་སྐད་དུ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། མཚན་ཆེན་སྔོན་པོ་འབར་བ་ནི།། ན་མཁའི ་དཀྱིལ་ནས་ཐིགས་པ་ཤར་ཞེས་གསུངས་སོ།། བཅོམ་ལྡན་འདས་དེ་བཞིན་ཉིད་ལ་གནས་པའི་དུས་ན་རྡོ་རྗེ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ་རྒྱུའི་རྣམ་པའོ།། དེ་ལ་དྲེགས་པ་ཅན་འདུལ་བར་དགོངས་པའི་ཏིང་ངེ་འཛིན ་གྱིས་གཡོས་པ་ནི། ཀུན་ཏུ་སྣང་བའི་ཏིང་འཛིན་ཏེ། རྐྱེན་ནི་དེ་ལ་ནི་ལྟོས་པས་ཞེ་སྡང་གཅོད་པའོ།། དེ་ནས་འབྲས་བུའི་ཏིང་འཛིན་ཁྲོས་པས་བསྐུལ་བ་ནི། ཡི་གེ་ཧཱུཾ་སྔོན་པོ་འབར་བྱེ་འབྱུང་སྟེ་དེ་ནི་ཁྲོས་པའི་རྒྱལ་པོའི ་ཐུགས་མཚོན་པས་ཆེན་པ་སྟྭཾ། མཾ་གེ་ལ་འོད་རྣམ་པ་ལྔ་འཕྲོས། ཡི་གེ་ཡོངས་སུ་གྱུར་པ་ལས། ཉིད་ཀྱི་སྐྱེ་ཁྲོ་བོར་འང་བར་མཛད་པའི་ཕྱི་རི་ཧཱུ~ཾ་བཛྲ་ཀྲོ་ཏ་མ་ཧེ་རི་ཙི་ཕཊ་ཅེས་པའི་སྒྲ་བརྗོད་ཅིང་། རྡོ་རྗེ་ཁྲོ་བོའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི་སྔགས་ཀྱི་སྒྲ་གྲགས་པ་ནི་ཤིན་ཏུ་ཁྲོས་པས་བསྐུལ་ཏེ་རྡོ་རྗེར་གྱུར་པ་དེ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་ཅན་ལ་ནི་སྙོམས་པར་ཞུགས་པའོ།། རྡོ་རྗེ་ཡོངས་སུ་གྱུར་གྱུར་པ་ལས་སྔགས་ཀྱིས ་བསྐུལ་ཏེ་བསླང་བས། ཁྲོས་པའི་སྐུ་མངོན་པར་འདུ་མཛད་དེ། དབུ་དང་ཞབས་དང་ཕྱག་སྟོང་ཁམས་ཀྱི་རྡུལ་སྙེད་རབ་ཏུ་འཇིགས་པ་མཐའ་ཡས་པར་སྣང་བར་མི་ཟད་པར་འཐོན་པར་འགྱུར་རོ།། དེ་ནི་ཡོངས་སུ་རྫོགས ་བིའི་འབྲས་བུའི་ཏིང་འཛིན་ཏོ།། དེ་ནས་གཞལ་ཡས་ཁང་བྱིན་གྱིས་བརླབས་པ་བསྟན་ཏེ། དེའི་ཕྱིར་ཐུགས་ཀ་ནས་ཞེས་གསུངས་པ་ཡིན་ཏེ། ཁྲོས་པའི་རྒྱལ་པོའི་ཐུགས་ཀ་ནས། ཧཱུཾ་འཕྲོས་ཏེ་ཧཱུཾ་ལས་རྡོ་རྗེར་གྱུར་ཏེ་ཕྱོགས ་དང་མཚམས་ཀུན་རྡོ་རྗེར་གཏམ་པའི་སྟེང་དང་འོག་དང་རྡོ་རྗེ་ས་གཞི་དང་གུར་རོ།། དེའི་དབུས་སུ་ཡི་གེ་ཨེ་ལས། ཆོས་འབྱུང་བའི་ཕྱག་རྒྱ་ཡུམ་ཀུན་ཏུ་བ་ཟང་མོའི་མཁའ་གྲུ་གསུམ་པ་སྟེ། ཡོངས་སུ་བརྟག་པར་བྱ ་བའི་དབུས་སུ་སུམ་བཞིའིརི་ངོ་བོར་ཇི་ལྟར་རྒྱས་པར་གཞན་ནས་བསྟན་པ་སྟེ། རིམ་པ་ཇི་ལྟར་སྦྱོར། དེ་ནས་རྐེང་ནུས་ཀྱི་རི་རབ་ཀྱི་སྟེང་དུ་རིག་པའི་བྲུཾ་སྨུག་ནག་ཡོངས་སུ་གྱུར་པ་ལས་འབྱུང་བའི་གཞལ་ཡས་ཁང་སྟེ། ་ཡང་རླུང་ནག་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་པ་དང་ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ་ན། རྐང་རུས་ཆེན་པོ་རི་རབ་འབར་བའི་སྟེང་ན་དྲག་པོ་ཨའི་གཞལ་ཡས་ཁང་བྲུཾ་གྱི་དབུས་སུ་བྱུང་སྟེ། དེ་ཡང་རྒྱན་ནམ་མཁའི ་རྒྱ་དང་མཉམ་པ་རྡོ་རྗེའི་གུར་ལས་ཀྱང་འབར་བའི་འཕྲོ་བས་འཁྲུག་པ་གཞལ་ཡས་ཁང་ལས་ཀྱང་འོད་ཟེར་ལྔ་འཕྲོས་ཞིང་འཁྲིལ་བར་འགྱུར་རོ།། དེ་ནས་ཁྲོས་པའི་རྒྱལ་པོའི་ཡུམ་བསྐྱེད་པའི་ཕྱིར། ་དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། ཨོཾ་བཛྲ་མ་ཧ་ཀྲོ་ཏི་ཞེས་ཁྲོས་པའི་རྒྱལ་པོ་བརྗོད་པས། དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང་ཕྱུག་མ་མངོན་པར་ཕྱུང་སྟེ། ཐབས་དང་ཤེས་རབ་འཇུག་པའི་ཕྱིར། ཨོཾ ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། ཞེས་པ་སྟེ། ཆགས་པའི་རང་བཞིན་ནོ།། དེ་ནས་ཡང་པདྨ་དང་། རྡོ་རྗེ་ཡང་དག་པར་ལྡན་པ་ལས། གཉིས་སུ་མེད་པ་བྱང་ཆུབ་ཀྱི་སེམས་བྱུང་བ་ལས། ཧཱུཾ་ཧཱུ~ཾ་ཧཱུཾ་ཧཱུཾ་བྷི་ཤ ་ཀྲོ་ཏྟ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧཾ་ལ་ཧ་ལཾ་ཧཱུཾ་ཕ་ཊ་ཅེས་ཁྲོས་པའི་རྒྱལ་པོས་བརྗོད་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྔོན་གྱི་སྨོན་ལམ་བསྐུལ་བ་ཡིས། ཞེ་སྡང་རྡོ་རྗེའི་སྐུ་རྗེས་སུ་དྲན་ནས་དབུ་སྟོང་ཕྱག ་སྟོང་མངའ་བ་དང་། སྤྱན་སྟོང་མངའུ་བ་ཕྱག་ནི་གདུག་པའི་མཚོན་ཆ་ཁ་ཊྭཱཾ་ག་ལ་སོགས་པ་བསྣམས་ནས། འཇིག་རྟེན་དྲུག་ཏུ་འཐོན་པར་འགྱུར་རོ།། ཁྲོ་བོ་རྣམས་ཀྱི་ཞལ་ནས་ཀྱང་། ཧཱུ~ཾ་ཧཱུཾ་ཕཊ་ཕཊ་ད་ཧ་ན་དཾ་ཧ་ལ ་སོགས་པའི་སྒྲ་མང་པོ་བརྗོད་པ་དེའི་ཚེ། འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་གཡོས་རབ་ཏུ་གཡོས་སོ།། ཀུན་ཏུ་རབ་ཏུ་གཡོས་པར་འགྱུར་རོ།། ཞབས་ས་ལ་བརྡབས་པས་ཀྱང་། འཁྲུག་རབ་ཏུ་འཁྲུག ་ཀུན་ཏུ་འཁྲུགས་སོ།། སྤྱན་གྱི་འོད་ཟེར་གྱིས་ཀྱང་ཚིག་རབ་ཏུ་ཚིག་ཀུན་ཏུ་ཚིག་གོ།། ཤངས་ཀྱི་རླུང་གིས་ཀྱང་འཐོར་རབ་ཏུ་འཐོར་རོ།། ཀུན་ཏུ་རབ་ཏུ་འཐོར་རོ།། དེ་ལྟར་ཁྲོ་བོའི་བྱིན་བརླབས་བྱུང་བ་དེའི་ཚེ། འཇིག་རྟེན་འཕུང་བར་བྱེད ་པའི་དྲེགས་པ་ཆེན་པོ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་འཇིག་རྟེན་གྱི་མེས་པོ་ཚངས་པ་དང་། ལྷ་མ་ཧཱ་དེ་བ་དང་། ལྷ་ཁྱབ་འཇུག་རྣམས་རང་རང་མཐུ་དང་སྟོབས་དང་ཆེ་བ་སྟོན་ཅིང་ཤིན་ཏུ་ཁྲོ་གཏུམ་མོ།། དེ་ནས་ཡང་ལས་ཀྱི་ལྷ ་སྲས་མཆོག་རྡོ་རྗེ་གཞོན་ནུས་དྲེགས་པ་ཇི་ལྟར་བསྒྲལ་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། འཇིག་རྟེན་དྲུག་གི་ཕྱོགས་མཚམས་གཡོས་པའི་དེ་མ་ཐག་པ་དེ་ནས་འཇིགས་བྱེད་ཆེན་པོས་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀྲོ་ཏ། ་སརྦ་བིག་ནན་ཕཊ་ཧཱུཾ་ཞེས་གོང་དུ་སྤྲོས་པའི་ཁྲོ་བོ་དབུ་དང་ཕྱག་སྟོང་མངའ་བའི་ཁྲོ་བོ་ཚོལ་པ་དེ་དག་གིས་ཕྱོགས་བཅུ་ནས་གནས་པའི་དྲེགས་པ་བསྒྲལ་ལོ་དེ་ནས་ཡང་ཧཱུཾ་ཧཱུཾ་ཞེས་འཇིགས་བྱེད་ཆེན་པོས་བརྗོད་པས་ཁྲོ་བོ་དེ་དགེ་སླར ་འདུས་ཏེ་ཁྲག་འཐུང་ཆེན་པོའི་མདུན་དུ་སྲས་མཆོག་རྡོ་རྗེ་གཞོན་ནུའི་སྐུ་མཐིང་ནག་དམར་ནག་དེ་དབུས་མཐིང་ནག་གཡས་ལྗང་ནག་གཡོན་དམར་ནག་གི་ཚུལ་གྱིས་ཞལ་རྔམ་པ་ཕ་རོལ་དུ་ཕྱིན་པ་དྲུག་གི་རྟགས་སུ་ཕྱག་དྲུག་ཞབས ་བཞི་ཤིན་ཏུ་བགྲད་པས་སྟངས་ཚུལ་དུ་བཞུགས་པས། རྡོ་རྗེ་གཤོག་པས་གཏམས་པས་སངས་རྒྱས་ལྔ་དབུ་ལ་རྫོགས་ཤིང་སྐྲ་ཁམ་ནག་གྱེན་དུ་འཁྱིལ་ཞིང་སྐུ་ལ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། སྟོང་རྡོ་རྗེའི་ཚེ་ལག་པ་སྨད ་རྡོ་རྗེའི་ཕུར་པས་གཏམས་པས་དུར་ཁྲོད་ཀྱི་མེ་འབར་བའི་དཀྱིལ་ན་ཡུམ་རལ་ཅིག་མ་དང་འཁྲིལ་པའི་ཚུལ་གྱིས་གནས་པ་ཅིག་དུ་གྱུར་ཏེ། བཀའ་ནོད་པའི་ཚུལ་དུ་ཁྲག་འཐུང་ཆེན་པོ་ལ་ཕྱོགས་ནས། ་གནས་ཤིང་དྲེགས་པ་ཀུན་ཞབས་འོག་དུ་བརྫིས་ཏེ་གནས་པ་ལས། ཁྲག་འཐུང་གི་རྒྱལ་པོས་ཕྱོགས་བཅུ་ནས། སྲས་མཆོག་རྡོ་རྗེ་གཞོན་ནུ་ལ། དབང་བསྐུར་བའི་ཕྱིར་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་ཕྱོགས་བཅུ་དུས ་གསུམ་གྱི་སངས་རྒྱས་ཐམས་ཅད་ཞེ་སྡང་རྡོ་རྗེས་བསྐུལ་ཏེ་བཀུག་ནས་མདུན་གྱི་དཀྱིལ་འཁོར་ན་གནས་པ་ལས། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། རྡོ་རྗེ་གཞོན་ནུའི་རིགས་འཛིན་རྣམས།། སྲིད་པའི་ཕུར་བུ་གྲུབ ་མཛོད་ཅིག། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་མོ་མི་ཟད་པ།། སྐུ་ཡི་དབྱིངས་སུ་རྫོགས་གྱུར་ཅིག། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།། བྱམས་དང་སྙིང་རྗེས་གང་འདུལ་བ།། ་ས་རྒྱས་འཕྲིན་ལས་རྫོགས་བྱས་ནས།། དབང་དང་བྱིན་བརླབསོ་འདིར་སྩོལ་ཅིག་ཅེས་པས་དབང་བསར་བར་མེཛད་དོ།། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་དབང་བསྐུར་ཏེ། ཕྱི་ནང་གསང་བའི་དབང་རྫོགས་པར་བསྐུར ་ཏེ་དེའི་ཕྱིར། ཁྲོས་པའི་རྒྱལ་པོ་དབང་བསྐུར་བའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། དབང་ཐོས་པའི་རྟགས་སུ་ཧཱུཾ་བཛྲ་ཀྲོ་ཏ་ཛྙཱ་ན་བཛྲ་ཞེས་བརྗོད་ནས། ལས་ཀྱི་རྡོ་རྗེ་རྩེ་དགུ་པ་ནི་ཕྱེག་གཡས་དང་པོར་བྱིན། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པཾ ་ནི། གཡས་བར་མར་བྱིན་ནས། དབང་སྟེ་རང་བཞིན་གྲུབ་པའི་གནས་སུ་གཤེགས་སོ།། དེ་ནས་སྲས་རྡོ་རྗེ་གཞོན་ནུ་ཉིད་ཀྱིས་གོང་དུ་བཏུལ་བའི་དྲེགས་པ་དེ་དག་ལ་ཁཱ་ཊྭཱཾ་ག་ཕྱག་གཡོན་གྱི་བར་མར་འཕྲོས་ནས། ལོག་པའི ་ལམ་པ་ལས་རྒྱལ་པོའི་རྟགས་སུ་བསྣམས་པའོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོས་སྨྲས་ཕུར་པ་ལྔ་བསྐྱེད་ནས་དྲེགས་པ་ཅན། ཉོན་མོངས་པ་ལྔ་བསྒྲལ་བའི་ཕྱིར། དེ་ནས་ཡང་ཁྲག་འཐུང་ཆེན་པོས་ཞེས་པ་ལ ་སོགས་པ་གསུངས་ཏེ། ཁྲག་འཐུང་ཆེན་པོས། ཐུགས་ཀ་ནས་འཕྲོས་འོད་ཟེར་འཕྲོས་ཏེ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཞེ་སྡང་རྡོ་རྗེ་གཞོན་ནུ་དང་། ང་རྒྱལ་རྡོ་རྗེ་གཞོན་ནུ་དང་། འདོད་ཆགས ་རྡོ་རྗེ་གཞོན་ནུ་དང་། ཕྱག་དོག་རྡོ་རྗེ་གཞོན་ནུ་དང་། གཏི་མུག་རྡོ་རྗེ་གཞོན་ནུ་ལ་སོགས་པ་བཀུག་སྟེ་བྱང་ཆུབ་སེམས་ཀྱི་ལམ་ནས་ཕྱུང་ནས་དེ་ནས་ཧཱུཾ་ལྡེར་གྱུར་ཏེ། ཡོངས་སུ་གྱུར་པ་ལས་སྲས་ཕུར་པ་ལྟར་གྱུར་ཏེ། ་དེ་བསྟན་པའི་ཕྱིར། རྡོ་རྗེ་ལས་འཐོན་ཏེ་ཞེས་པ་ནས་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་དང་ལྡན་པ་ཞེས་པ་བར་གྱིས་བསྟན་ཏི་དཀྱུས་ཉིད་གསལ་ལོ།། དེ་ནས་ཡུམ་གྱི་མཁའ་ལ་གདོན་པ་བསྣུན་པའི་ཕྱིར། རྡོ ་ལས་འཐོན་ཏེ་ཞེས་པ་ནས་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་དང་ལྡན་པ་ཞེས་པའི་བར་གྱིས་བསྟན་ཏེ་དཀྱུས་ཉིད་གསལ་ལོ།། དེ་ནས་ཡང་ཡུམ་གྱི་མཁའ་ལ་གདོན་པ་བསྟན་པའི་ཕྱིར། ཨོཾ་གདན་ལ་ཞེས་པ ་བསྟུན་ཏེ། ཤེས་རབ་མ་ལ་འབྱུང་བའི་ཕྱིར། ཨེའི་གདན་ལ་སྲས་མཆོག་རྡོ་རྗེ་གཞོན་ནུའི་སྤྱན་མངའ་ནཱ་བཀའ་ནོད་པའི་ཚུལ་དུ་བཞུགས་སོ།། དེ་ནས་སྲས་མཆོག་རྡོ་རྗེ་གཞོན་ནུའི་ཞབས་འོག་ནས ་གཟིར་བའིརི་དྲེགས་པ་ཅན་དེ་རྣམས་བསྒྲལ་བའི་ཁྲག་འཐུང་ཚོན་པོས་བསྐུལ་བ་ནི། ཧཱུཾ་མཐིང་ནག་གྲུ་གསུམ་ཞོས་པའི་ཚིག་བཞིས་བསྟན་ཏེ། ཐོབ་ཅེས་པའི་བར་དུའོ།། དེ་ནས་སྲས་མཆོག་རྡོ་རྗེ་གཞོན་ནུས་ཀྱང ་བསྒྲལ་བ་བསྟན་པའི་ཕྱིར། ཁྲོ་བོ་ལས་ཀྱི་སྐྱེ་གནས་བཟུང་།། དེ་ཞེས་པ་ནས་རིམ་པ་ཇི་ལྟ་བར་ཁྱབ་འཇུག་ཕོ་མོ་འཁོར་དང་བཅས་པ་བསྒྲལ་ལོ།། ཞེས་པའི་བར་གྱིས་བསྟན་ཏེ་དཀྱུས་ཉིད་གསལ་ལོ།། དེ་ནས་ཡང་ཁྲག ་འཐུང་ཆེན་པོས་སྲས་མཆོག་རྡོ་རྗེ་གཞོན་ནུ་ལོ་སྐུ་ཟ་བྱེད་ཆེན་པོར་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ཕྱིར། ཁྲག་འཐུང་ཆེན་པོསྭ་ཛྭ་ལ་རཾ་ཞེས་བརྗོད་པས་མེ་དཔུང་དུ་ཁ་འབར་ཞིང་འཕྲོ་བ་སྲས་མཆོག་རྡོ་རྗེ་གཞོན ་ནུ་ཕྱག་གཡས་དང་པོར་ཕུལ་ཏེ་བསྒྲོལ་བའི་དབང་བསྐུར། དྲེགྲ་པ་ཅན་བསྒྲལ་བའི་ཉོན་མོངས་པ་ཐམས་ཅད་བསྲེགས་སྦྱངས། སྙིང་དང་ནང་གྲོལ་དང་ཕུང་པོ་རྣམས་ཧེ་ཧ་ཞེས་ཞལ་དུ་གསོལ་ནས་ཕུང་པོ་ལྷག་མ ་དང་བཅས་པར་མཛད་དོ།། དེ་ནས་ཡང་སྲས་མཆོག་རྡོ་རྗེ་གཞོན་ནུའི་ཕྱོགས་བཅུའི་ཁྲོ་བོ་དང་། ཁྲོ་མོ་བཅུ་མཐོན་ནས་ཁྲོ་མོས་བསྒྲལ་བར་བསྟན་པའི་ཕྱིར། དེའི་ཚེ་ཞེས་པས་བསྟན་ཏེ། ཁྲག་འཐུང་ཆེན་པོས་སྲས ་མཆོག་རྡོ་རྗེ་གཞོན་ནས་དབང་བསྐུར་བ་དེའི་ཚེ། སྲས་མཆོག་རྡོ་རྗེ་གཞོན་ན་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་གསང་བའི་པདྨ་ལ་འོད་ཟེར་འཕྲོས་འོད་ཟེར་ལས་ཡི་གེ་ཧཱུཾ་ཧཱུཾ་ལ་སོགས་པ་བཅུ་རུ་གྱུར ་ཛཿདང་ཧཱུཾ་དང་བཾ་དང་ཧོཿརྣམསྡེ་གསལ་བར་འགྱུར་ཏེ། ཡི་གེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དྲིལ་བ་དང་། ལྕགས་ཀྱུ་ཞགས་པ་ལྕགས་སྨུག་དང་དྲིལ་བུ་རྣམས་སུ་གྱུར་ཏོ།། ཕྱག་མཚན་དེ་རྣམས་ཡོངས་སུ ་གྱུར་པ་ལས་གཙོ་བོས་སྔགས་ཀྱིས་ལྕེའུ་ནས་བྱུང་བའི། ཨོཾ་བཛྲ་ཀྲ་ཏ་ཧཱུཾ་ཀ་ར་ཧཱུ~ཾ་ཞེས་བྱ་བ་ལ་སོགས་ཅུའི་བསྐྱེད་པའི་སྔགས་བརྗོད་པས་སོ།། སོ་སའི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་དེ་ཡང་ཇི་ལྟ ་ཞེ་ན། ཁྲོ་བོ་ཧཱུཾ་ཀ་ར་ཞེས་བྱ་བ་ནི་ཁྲོ་བོ་ཆེན་པོ་ཧཱུཾ་ཀ་ར་དབུ་གསུམ་ཕྱག་དྲུག་པ་དབུ་གསུམ་པ་སྐུ་དང་དབུས་པ་སྔོ་སྐྲ་གཡས་དཀར་གཡོན་དམར་བའི། ཕྱག་དྲུག་ལ་གཡས་གཡོན་དང་པོ་གཉིས་ན་རྡོ་རྗེ་དུང་ཆེན ་དམར་གྱིས་བཀང་བ་འཁྲུག་ཅིང་གསོལ་བའོ།། བྱར་མ་གཉིས་ན་མདའ་གཞུ་འགེངས་པ། ཐ་མ་གཉིས་ན་ར་རབ་ཕུར་བུ་འདྲལ་བའོ།། རྣམ་པར་རྒྱལ་བ་དང་ཞེས་པའི་ཞལ་དབུས་དཀར་བའོ།། གཡས་སྔོན་པོ་གཡོན ་ལྗང་སེར་ཕྱག་བར་མ་གཉིས་རྡོ་རྗེ་དང་འཁོར་ལོའོ།། དབྱུག་པ་སྔོན་པོ་ཞེས་བྱ་བ་ནི་སྐུ་དང་ཞལ་དབུས་སྔ་སྐྲ་གཡས་དཀར་གཡོན་དམར་སྐྱའོ།། ཕྱག་བར་མ་གཉིས་ན་དབྱུག་པ་རིན་པོ་ཆེ་དང་། མེ་དཔལ ་བསྣམས་པའོ།། གཤིན་རྗེ་གཤེད་པོ་དང་ཞེས་པ་ནི་སྒྲ་དང་ཞལ་དབུས་སྟོན་དྲོ་གཡས་སོ་སྐུ་གཡོན་ལྗང་ནག་ཕྱག་བར་མ་གཉིས་ན་དབྱུག་པ་མམག་ཅན་དང་། དགྲ་སྟ་བསྣམས་པའོ།། མི་གཡོ་མགོན་པོ་དང ་ཞེས་པ་ནི། སྐུ་དང་གཞལ་དབུས་ལྷུང་གཡས་སྔོན་པོ།། གཡོན་སྐྲག་ནག་ཕྱུག་པར་མ་གཉིས་ནི་རྡོ་རྗེ་དང་ཞགས་པའོ།། རྟ་མགྲན་དང་ཞེས་པ་ནི་སྐུ་དང་ཞལ་དབུས་དམར་ནག། གཡས་དཀར་བ་གཡོན་སྔོན་པོ་ཕྱག་བར་མ་གཉིས ་ནརལ་གྲི་དང་སྦྲུལ་གྱི་ཞགས་པའི།། གཞན་གྱིས་མི་ཐུབ་པ་དང་ཞེས་བྱ་བོ་ནི་སྒྲ་དང་ཞལ་དབུས་དམར་སྐྱ་གཡས་སེར་པོ་གཡོན་ལྗང་གུ་ཕྱག་བར་མ་གཉིས་ན་བན་དྷ་དང་རྔ་ཡབ་བོ།། བདུད་རྩི་འཁྱལ་པོ་ཞེས་བྱ་བ་ནི། སྐུ་ད ་ཞལ་དབུས་མ་ལྗང་ནག་གཡས་སེར་པོ་གཡོན་དུད་ཀ་ཕྱག་བར་མ་གཉིས་ན་རྡོ་རྗེ་རྒྱ་གྲམ་དང་རིན་པོ་ཆེ་དབྱུག་པའོ།། ཁམས་གསུམ་རྣམ་པར་རྒྱལ་བ་དང་ཞེས་བྱ་བ་ནི། སྐུ་ཞལ་དབུས་སེར་པོ་གཡས་དཀར། གཡོ་ན ་ལྗང་གུ་ཕྱག་བར་མ་གཉིས་ན་འཁོར་ལོ་དང་མདའ་གཞུའོ།། སྟོབས་པོ་ཆེ་རྣམས་སོ།། ཞེས་བྱ་བ་ནི་སྐུ་དང་ཞལ་དབུས་དུད་ཀ་གཡས་ནག་པོ་གཡོན་དམར་པོ་ཕྱག་བླ་མ་གཉིས་ན་ཞགས་པ་དང་ཐོ་བ་བསྣམས་པའོ།། ཁྲོ་མོ ་རྡོ་རྗེ་སྒྲ་འབྱིན་མ་རྣམས་དང་། ཞེས་པ་ལ་སོགས་པ་སྐུ་མདོག་ཡབ་དང་འདྲ་ཁྱད་པར་ནི་ཕྱག་གཉིས་ན་དྲིལ་བུ་ཐོགས་ནས་མགུལ་པ་ནས་འཁྱུད་ནས་གནས་པའི་ཕྱིར། འཁྱིལ་བའི་ཚུལ་གྱིས་འཐོན་ཏེ་ཞེས ་གསུངས་ཏེ། གསང་བའི་དཀྱིལ་འཁོར་ནས་འཐོན་ཏེ། ཕྱོགས་བཅུར་སེམས་ཅན་གྱི་དོན་ལ་སྐྱེ་སྟེ། ཕྱོགས་སྐྱོང་འོག་ནས་འབྱུང་བ་ཡང་སྐབས་འདི་ཉིད་དུ་བསྐལ་བར་རིག་པར་བྱའོ།། སླར་འདུས་ནས་ཕྱི་རོལ་གྱི་དཀྱིལ་འཁོར ་དུ་རང་རང་སོ་སོའི་གདན་འོག་ནས་གསུངས་པ་རྣམས་ལ་བཞུགས་སོ།། ཚུལ་ཇི་ལྟར་བཞུགས་ཤེ་ན་དེ་བསྟན་པའི་ཕྱིར། དབུ་གསུམ་ཕྱག་དྲུག་ཞབས་ཐུར་དུ་གཏམས་པ་གདག་པའི་ཞེས་པ་ལ་སོགས་པ་ཤ་སྟག་སྟེ། ཞེས་པའི ་བར་གྱིས་བསྟན་ཏེ་དེ་ལྟར་ཞུགས་སོ།། དེ་ནས་འཁོར་གྱི་འཕྲ་མེན་མ་སྐྱེད་པར་བྱ་སྟེ། ཕྱོགས་བཅུའི་ཁྲོ་བོ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལས་སྤྲུལ་པ་ལྕམ་དྲལ་བསྐྱེད་དེ། ཐབས་དང་ཤེས་རབ་ཀྱི ་ཆ་སོ་སོར་སྨིན་པར་འགྱུར་ཏེ། མཆེ་བ་ཅན་གཡས་སུའོ།། གཤོག་པ་ཅན་གཡོན་དུའོ།། དེ་ལྟར་སྤྲུལ་པ་ལྷམ་དྲུལ་བསྐྱེད་ནས་འཁོར་གནས་པ་བསྟན་པའི་ཕྱིར། དེ་དག་གི་འཁོར་ནོ་ཞེས་པ་ནས་རླུང་ཡང་མི་ཤོར་བར ་གཏམས་ནས་ཞེས་བྱ་བའི་བར་གྱིས་བསྟན་ཏོ།། ཁྲོ་བོ་རྣམས་ཀྱི་གདན་བསྟན་པའི་ཕྱིར། ཉི་ཟླ་དང་ཞེས་པ་ནས་གོང་མ་ལྷོར་བསྒྲལ་ལོ།། ཞེས་པའི་བར་གྱིས་བསྟོན་ཏེ། ཉི་མ་དང་ཟླ་བ་ནི་ཐབས་ཀྱི་ཤེས་རབ་བརྟགས་སོ།། ཕྱོགས ་སྐྱོང་བ་བཅུ་ཡིས་ནི་གདན་མཛད་པ་ནི་མོ་དགེ་བ་བཅུ་རྣམ་པར་དག་ནས་དགེ་བ་བཅུ་ལ་གནས་པའི་རྟགས་སོ།། དེ་ཡན་ཆད་དུ་ནི་རྩ་བའི་དཀྱིལ་འཁོར་གསུངས་ཏེ། སྐྲ་གའི་མགོ་ཅན་ལ་སོགས་པ་བཞི་ཡན་ཆད་དོ།། ་ད་ནི་ལས་ལ་བཏང་བའི་ལྷ་བསྐྱེད་པར་བྱ་སྟེ། དེའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དཔལ་ཁྲག་འཐུང་ཆེན་པོས་གསང་བ་རོལ་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི་བསོད ་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ངང་ཚུལ་ཅན་དེ་ནི་དཔལ་དེའི་ངང་དུ་ཁམས་གསུམ་གྱི་ཉོན་མོངས་པ་སྡུད་པའི་རྟགས་སུ། ཁྲག་འཐུང་བས་ཁྲག་འཐུང་གཞན་ལས་ཁྱད་པར་དུ་འཕགས་པས་ཆེན་པོ། ་དེའི་ཐབས་དང་ཤེས་རབ་ཀྱི་རྗེས་སུ་ཆགས་པའི་གསང་བ་གཉིས་སུ་མེད་པར་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ཉིད་དུ་ཡང་ཁམས་གསུམ་ཐམས་ཅད་མཉམ་ཉིད་ཀྱིས་རྒྱས་བཏབ་པར་འགྱུར་རོ།། ་དེ་ནས་དྲེགས་པ་ཆེན་པོའི་མ་དང་བུ་མོ་དང་ཆུང་མ་རྣམས་དབང་དུ་བསྡུ་བའི་ཕྱིར། འོད་ཟེར་ལྕགས་ཀྱུར་འཕྲོ་བས་སྤྲོས་ཤིང་ཧཱུཾ་ཧཱུཾ་ཨ་ཨ་ར་ལི་རུ་ལུ་རུ་ལུ་ཧཱུ་ཛ། ཞེས་ཁྲག་འཐུང་ཆེན་པོས་བརྗོད་པས་དྲེགས་པ་ཆེན་པོའི ་མ་དང་བུ་མོ་དང་ཆུང་མའི་ཚོགས་ཀྱི་གཙོ་མོ་ནི་ཉི་ཤུ་རྩ་བརྒྱད་འཁོར་གྲངས་མྱེད་པ་དང་བཅས་ནས་ཁྲག་འཐུང་ཆེན་པོའི་ཐང་དྲི་ཡུད་ཙམ་གྱིས་འདུས་པར་འགྱུར་རོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོས་ཨེ་ཨཱ་ར་ལི་ཧོ ་ཞེས་བརྗོད་པ་འདུས་པ་རྣམ་གཉིས་ཀྱི་སྐུ་ལ་འཁྱིལ་ཏེ། དགྱེས་པའི་སྤྲིན་ལ་ཧོ། ཞེས་བརྗོད་པས་རྫོགས་པའི་ཚུལ་དུ་སྐད་ཅིག་རེ་རེ་ལ་སལ་སལ་བསྐྱེད་དེ། སྐུ་མདོག་དང་ཕྱག་མཚན་ནི་སྒྱུ་འཕྲུལ་ལས་ཇི་སྐད ་གསུངས་པ་བཞིན་ནོ།། དེ་ནས་ཡང་སེང་གདོང་མ་ལ་སོགས་པ་བསྐྱེད་དེ། དགྱེས་པའི་སྤྲིན་ལས་ཧེ་ཧཱུཾ་ཞེས་བརྗོད་པས་བརྗོད་པའི་དེ་མ་ཐག་པ་དེ་ཉིད་དུ་སྐུ་རྫོགས་པར་གསལ་བྱ་སྟེ། དཀྱིལ་འཁོར་གྱི་ཕྱི་མཚམས་སུ་འཁོད ་དོ་དེ་ནས་ཡང་དེ་འདྲེན་པར་བྱེད་པ་ལ་སོགས་པའི་ཕོ་ཉ་འགྱེད་པའི་ཕྱིར། ཡང་དགྱེས་པའི་སྤྲིན་ལས་ཕཊ་ཅེས་བརྗོད་པས་སྐད་ཅིག་མ་ལ་རེ་རེ་ལ་གསལ་བར་བྱས་ལ་སྒོ་སྒོར་འཁོད་དོ།། དེ་རྣམས་ནི་ལས་ཀྱི་ལྷ་ཡིན་པར་ཤེས་པར ་བྱའོ།། དེ་ནས་ཡང་མ་མོ་དེ་རྣམས་རང་གི་གནས་སུ་བགྲང་བའི་ཕྱིར། ཁྲག་འཐུང་ཆེན་པོ་རབ་ཏུ་ཁྲོས་པའི་ཏིང་ངེ་འཛིན་གྱིས་ཕཊ་ཞེས་པས་བསྐྲད་དེ། མ་མོ་དེ་རྣམས་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་དགྱེའོ། ་དེ་ནས་སྔར་གྱི་དྲེགས་པ་རྣམས་མྱོས་ནས་ཡོད་པ་དེ་རྣམས་སླར་མྱོས་པར་བྱ་བའི་ཕྱིར། དེ་ནས་ཁྲོ་བོ་རྣམས་ཕྱག་བྲང་ལ་བསྣོལ་ཏེ་བཙིར་བས་མི་གཙང་བའི་ཕྱག་རྒྱ་རྒྱ་མཚོར་འཁྱིལ་ཏེ། དྲན་པ་མེད་པར་བྱས་སོ།། དེ་ནས་ཡང ་དྲན་པ་མེད་པ་དེ་རྣམས་གསོ་བར་བྱ་བའི་ཕྱིར། ཁྲག་འཐུང་ཆེན་པོས་ཐུགས་རྗེས་བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྣམས་ནས་ཁྲོ་མྱོ་སླེ་ཤ་འཐོན་ཏོ་དེས་མི་གཙང་བའི་རྒྱ་མཚོ་བརྔུབས་པས་རྒྱམ ་དེ་དྲེགས་པ་དདུག་སླར་དྲན་པ་ཐོབ་སྟེ། ཀུན་རྫོབ་ཀྱི་བདེན་པ་མཐོང་། དེ་ནས་ཕྱོགས་སྐྱོང་དེ་དག་གིས་ཀྱང་དཔལ་ཆེན་པོ་འབངས་སུ་མནའ་བོར་ཏེ་ཁས་བླངས་སོ།། དེ་ནས་ཡང་ལུས་ཁྲོ་བོ་རྣམས་ཀྱི་གདན་ཁྲིར་ཕུལ་ཏེ། བདག ་གི་ལུས་ཉོན་མོངས་པ་འདི་ཁྲོ་བོ་རྣམས་ལ་གདན་དུ་དབུལ་གྱིས་བཞེས་སུ་གསོལ།། བདག་གི་སྣརུམས་ཀྱིས་ཕྱི་རབས་ཀྱི་རྣལ་འབྱོར་བ་ཕྱོགས་སྦྱོང་བར་བགྱིད་ལགས་སོ།། ཞེས་ཁས་ཐང་ཞིང་དམ་བཅས་སོ།། དེ་ལྟར ་བཏུས་ཤིང་དབང་དུ་བསྡུས་པས། དེའི་ཚེ་གདོན་ཕྱོགས་སྐྱོང་བ་རྣམས་ཁྲོ་བོ་རྣམས་ཀྱི་ཞབས་འོག་དུ་བཞག་པ་ཡིན་ནོ།། དེའི་དུས་ན་མ་དང་བུ་མོ་དང་ཆུང་མ་རྣམས་ཀྱང་དཔལ་ཆེན་པོའི་འཁོར་དུ་ཕུལ་ཏེ། དཔལ་ཁྲག་འཐུང་གི ་རྒྱལ་པོས་ཀྱང་མ་དང་བུ་མོ་རྣམས་ལ་ལྕེ་ལ་བདུད་རྩི་བཞོག་སྟེ། དམ་ཚིག་ཕོག་སྟེ་ཕྱི་རབ་ཀྱི་རྣལ་འབྱོར་པས་ཅི་བསྒོ་བའི་ལས་བྱ་བར་ཁས་བླངས་ནས་དམ་ཡང་བཅའོ།། དེ་ནས་ལས་ཀྱི་ལྷ་རུ་དབང་བསྐུར་ཏེ། གཞལ་ཡས་ཁང ་གི་མུ་རན་ལ་བཞག་གོ།། དྲེགས་པ་ཅན་བཏུལ་བའི་ལེའུའོ།། །། བདུད་རྩི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས་ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་གིས་བཤད་པའི་ལེའུ་སྟེ། བདུན་པའོ།། ། དེ་ལྟར་བདུག་པ་ཅན་བཏུལ་བ་དང་། ་ཕུར་བ་གདབ་པ་བསྟུན་པ་ཡང་ལས་དང་པོ་པས་བསྟན་པའི་དཀྱིལ་འཁོར་ལ་བརྟེན་ནས་བཏུབ་དགོས་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ལས་ཕྱུང་ཞེས་པར་བྱ་བར་འབྲེལ་ཏེ་ཅི ་བྱུང་ཞེ་ན་ཉིད་ཀྱི་དཀྱིལ་འཁོར་འདི་ཕྱུང་ངོ་།། གང་ནས་ཕྱུང་ཞེ་ན། སྐུ་གསུང་ཐུགས་ལས་ཕྱུང་ངོ་ཞེས་བྱའོ།། ཅིའི་ཕྱིར་ན་གདུག་པ་ཅན་བསྒྲལ་བའི་ཕྱིར་ཕྱུང་བའོ།། དེ་ནས་དཀྱིལ་འཁོར་བྱ་བའི་གནས་བསྟན་པའི་ཕྱིར། ་དུར་ཁྲོད་དང་ནཱི་ངམ་གྲོག་གནས། ཞེས་པ་ལ་སོགས་པས་བསྟན་ཏེ། དུར་ཁྲོད་ནི་མ་མོ་འདུལ་བའི་གནས་ཡིན་པས། དྲག་པོ་བསྒྲུབ་པའི་ལས་ལ་ཤིས་པའོ།། ངམ་གྲོག་གི་གནས་ནི་ཀླུ་བཙན་གདུག་པ་ཅན་གནས་པ་དེར་བྱ་བའོ།། ་རྐང་གཅིག་ཤིང་ནི་རྐང་གཅིག་སྟེ། ཐེ་རང་གི་འདུ་བའི་གནས་ཡིན་པས། དེར་ཤིས་པའོ།། སུམ་མདོ་ནི་ལམ་གྱི་སུམ་མདོ་སྟེ། ཐེ་རང་གི་ལྷ་འདྲེ་ཐམས་ཅད་རྒྱུ་བའི་སྲང་ཏེ་དེར་བསྒྲུབ་པའོ།། ཁང་སྟོང་ནི་བུད་མེད་འདྲོ་བའི ་གནས་ཏེ། དེར་བསྒྲུབ་པར་བྱ་བའོ།། གནས་དེ་རྣམས་སུ་རྡོ་རྗེ་དྲག་པོའི་དཀྱིལ་འཁོར་བྱའོ་དེའི་དབྱིབས་ཇི་ལྟར་བྱ་ཞེ་ན། དེ་བསྟན་པའི་ཕྱིར། འབར་བའི་འཁོར་ལོ་རྩིབས་བརྒྱད་པ། ཞེས་པ་ལ་སོགས་པས་བསྟན་ཏེ། ་དཔལ་ཁྲག་འཐུང་ཆེན་པོའི་ཐུགས་ལས། རྣམ་པར་ཐར་པ་བརྒྱད་ཀྱི་སྒོ་ནས་ཉོན་མོངས་པ་བསྒྲལ་བའི་ཕྱིར། འཁོར་ལོ་རྩིབས་བརྒྱད་པར་ཕྱུང་བའོ།། གྲུ་ཆད་བཞི་ནི་འཁོར་ལོའི་ཕྱི་རོལ་ཁྱམས་ཀྱི་ནང་གང་ཡིན་པའོ།། གྲུ ་བཞིའི་སྒྲ་ཁྱུད་བཞི་དང་ལྡན་ཞེས་བྱ་བ་ནི་ཁྱམས་ཏེ། ལྷ་སྣུམ་མོ།། སྒོ་ཁྱུད་བཞི་ནི་ཕྱོགས་བཞིའོ།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས་ཞེས་བྱ་བ་ནི་སྒོའི་ཕྱི་རོལ་ཏུ་ཁྱམས་གཉིས་བྱ་བ་སྟེ། དེར་ཡང་མེ་རི་བྲི་བའོ།། ་དབུས་ཀྱི་ལྟེ་བ་ཟླུམ་པོ་ལ་ཞེས་བྱ་བ་ན་འཁོར་ལོའི་ལྟེ་བ་ཟླུམ་པ་སྟེ། དེ་ལ་ཐིག་བཞི་བཏབ་པས་ལེ་ཚེ་བརྒྱད་དུ་འགྱུར་ཏེ། དེའི་ལེའུ་ཚེ་དབུས་དང་ཕྱོགས་གཉིས་ཏེ། ཤར་ཕྱོགས་ནུབ་ཕྱོགས་དབུས་དང་གསུམ་པོ ་དེ་དག་ལ་ནི་མཐིང་ནག་གི་གྲུ་གསུམ་པ་ལ་མཐའ་མོ་རི་འོད་འབར་བ་བྲི་བ་སྟེ། འཁོར་ལོ་རྩིབས་རྣམས་ལ་ཡང་བྲི་བར་བྱའོ།། དྲ་བ་དང་དྲ་བ་ཕྱེད་པ་རིན་པོ་ཆེ་ཕ་གུ་ལ་སོགས་པའི་རྒྱན་ཐམས་ཅད་རྒྱས་པར། ་བྲི་བ་ནི། རྒྱུད་གཞན་དག་ལས་ཇི་ལྟར་རྒྱས་པར་བསྟན་པ་བཞིན་བྲི་བར་བྱའོ།། དེ་ནས་ལྷ་དགོད་པའི་རིམ་པ་བསྟན་པ་སྟེ། དེའི་ཕྱིར་དབུས་སུ་དྲེགས་པའི་གདན་དག་ལ། ཞེས་པ་ལ་སོགས་པ་བསྟན་ཏེ། དབུས་སུ ་དྲེགས་པའི་གདན་ལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དགོད་ཅེས་བྱ་བ་ནི། བསྙོན་པའི་དཀྱིལ་འཁོར་ལ་ཡང་དགོད་པར་བྱ་བ་ཡིན་ལ། དྲེགས་པ་བསྒྲལ་བའི་འོག་དུས་སུ་ཡང་གནས་པའོ།། སྤྱན་ང་ཉིད་དང་ཕྱོགས་བཞི་རུ ་གྲུ་གསུམ་མེ་འོད་འབར་བ་ལ།། སྲས་མཆོག་ཕུར་པ་ལྔ་པོ་དགོད་ཅེས་བྱ་བ་ནི་སྤྱན་ངའི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་མདུན་ཉིད་དོ།། ཕྱོགས་ནི་ཤར་ཕྱོགས་ལ་སོགས་པ་བཞིའོ།། དེའི་གནས་རྣམས་སུ་གྲུ ་གསུམ་པའི་ཕྱི་རོལ་ནས་མེ་འབར་བས་བསྐོར་བ་དེ་ལ་སྲས་མཆོག་ཕུར་པ་ལྔ་དགོད་པ་སྟེ། སྔོན་དྲེགས་པ་ཅན་བསྒྲལ་བའི་དུས་སུ་བཀོད་ལ། བསྒྲུབ་པའི་སྐབས་སུ་བགེགས་བསྐྲད་པའི་ཆེད་དུ་བྱ་བ་སྟེ། ་རྗེ་གུར་བྱས་པོའི་དེ་མ་ཐག་པར་རོ།། འཁོར་ལོ་རྩིབས་བརྒྱད་པ་ལ་ནི། རྣམ་རྒྱལ་ཅེས་པ་ནས་གདན་ལ་བརྐྱང་བསྐུམ་ཚུལ་དུ་གནས་ཞེས་པའི་བར་གྱིས་བསྟན་ཏེ། དཀྱུས་ཉིད་གསལ་ལོ།། ནང་དང་ཕྱིའི ་གྲཝ་རྣམས་སུ་ཞེས་པ་ནི་ནང་གི་འཁོར་ལོའི་ཕྱི་རོལ་དུ། ཕྱི་ནི་ལྷ་རྣམས་ལ་ཇི་ལྟར་དཀྱུས་ནས་གསལ་བར་བསྟན་པའི་ལྷ་ནི་ལས་ལ་གཏོང་བའི་ལྷ་སྟེ་ལས་ཀྱི་དུས་སུ་ཤེས་པར་བྱའོ།། ཕྱི་རོལ་མེ་འཁྱམས་དང་པོ་ལ་ཞེས ་བྱ་བ་ནི་སྒོའི་ཕྱི་རོལ་གྱི་ཁྱམས་དང་པོ་ལ། ཕོ་ཉ་དྲུག་ཅུ་གནས་པར་བརྟག་པ་སྟེ། དེ་ཡང་ལུས་ཀྱི་དུས་སུ་སྦྱོར་ཅིག་བསྒྲུབ་པའི་དུས་ཉིད་དུ་ཐབས་ཀྱི་གཡས་ཤེས་རབ་གཡོན་གང་ཡིན་པ་ནས་ལས་བྱེད་པ་སྟེ། སྐོར་ལས་འབྱུང་བའི ་ཏིང་ངེ་འཛིན་ནོ།། སྒོ་བཞི་དོག་ཏུ་སྒོ་སྲུངས་ཀྱིས་དགོད་ཅེས་བྱ་བ་ནི། སྒོ་ནི་ཤར་ཕྱོགས་ལ་སོགས་པ་བཞིའོ།། སྒོ་སྲུངས་ནི་ལྕགས་ཀྱུ་མ་ལ་སོགས་པ་བཞིའོ།། ཕྱི་རོལ་མེ་ཁྱམས་པར་མ་ལ་ཞེས་པ་ནི་སྒོའི་ཕྱི་རོལ་གྱི་ཁྱམས ་གཉིས་པ་ལ། སྲས་དང་བྱི་མོའི་ཚོགས་ཀྱིས་གཙོ་བོ་བཅུ་དང་བརྒྱད་ཀྱིས་སྐོར་ཞེས་བྱ་བ་ནི། བཅུ་པ་གཉིས་ལ་ཉི་ཤུ་ཐིམ་པ། དེའི་སྟེང་དུ་བརྒྱད་ཀྱིས་བསྣུན་པས་ཉི་ཤུ་རྩ་བརྒྱད་དགོད་པར་བྱ་སྟེ། དེ་ཡང་ལས་ཀྱི་དུས་སོ།། དེའི ་དེའི་ཕྱི་རོལ་གྱི་ཁྱམས་ལ་དམ་ཅན་ལྷ་མོ་འཁོར་དང་བཅས་པ་དང་། བདག་ཉིད་ཆེན་མོ་ཡང་ཤོ་ན་མུ་ཀ་ཡང་བསམ་པར་བྱ་བ་སྟེ། ལས་དུས་སུ་དེ་ནས་ཡང་དཀྱིལ་འཁོར་ལ་རྒྱན་གྱིས་བརྒྱན་པའི་ཕྱིར། དུར་ཁྲོད་ཐོད་པ་དགུ་ནང་དུ ་ཞེས་པ་ལ་སོགས་པ་བསྟན་ཏེ། དུར་ཁྲོད་ཐོད་པ་དགུ་ནང་དུ་ཞེས་བྱ་བ་ནི། ཐོད་པའི་ལེ་ཆེ་དགུའི་ནང་དུ་ཚིལ་ཆེན་གྱི་མེ་མར་དགུ་བྱས་ལ་དུར་ཁྲོད་ཀྱི་རས་ལ་སྡོང་བུ་བྱས་ལ། མེ་མར་ཁ་དགུ་གཏང་སྟེ། ཐོད་པ་ནི་ང་དང་བདག་མེད་པོའི་རྟགས་ལ། མར་མེ་ནི་ཡེས་ཀྱི་དབྱིངས ་རྟོགས་པའི་རྟགས་སོ།། རྡོ་རྗེ་ཤ་ཆེན་ཐང་མར་བརྡལ་དམར་གྱི་རག་ཏུ་རྒྱ་མཚོ་དཀྱིལ། ཞེས་བྱ་བ་ལ་སོགས་པ་གསུངས་པ། ཤ་ཆེན་ཐང་མར་བརྡལ་བ་ནི། མ་མོ་དང་མཁའ་འགྲོ་མའི་ངམ་རྫུས ་ཏེ། དམར་ལ་སོགས་པའི་ཡང་དེ་བཞིན་དུ་ཤེས་པར་བྱའོ།། ཕྱོགས་བཞི་མཚམས་བཞི་སྟེ། བརྒྱད་དུ་ཡང་སྟག་གི་རྒྱལ་མཚན་དང་ཤུན་ཆེན་བསེའི་རྒྱལ་མཚན་ཏེ། ཆུ་སྲིན་གྱི་རྒྱལ་མཚན་ཞིང་གི་རྒྱལ་མཚན་ཏེ་རེ་རེ ་ལ་གཉིས་གཉིས་ཏེ་བརྒྱད་གཟུགས་པར་བྱའོ།། ཞི་ལྤགས་གཡང་གཞི་སྤྲིན་ལྟར་གཏིབས་ཞེས་བྱ་བ་ནི། བློ་བྲེ་ཞིང་གི་གཡང་གཞིས་བྲི་བར་བྱའོ།། དེ་ལ་སོགས་པའི་རྒྱན་གྱི་རྣམས།། ཅི་རིགས་པར་ནི་བྲེ་བར་བྱའོ།། ་ཞེས་བྱ་བ་ནི་དར་མཐིང་ནག་གི་ཡོལ་བུ་བྲེ་བ་དང་། ཞིང་གི་ཕན་ཕྱོགས་ནས་གདགས་པ་དང་། བནྡྷ་བྱཱ་གེགོས་པ་ཕྱོགས་ནས་བཞག་པ་ཡང་ངོ་།། དེ་ནས་ཡང་དཀྱིལ་འཁོར་ལ་ལྷ་རྣམས་ཀྱི་རང་རང་མཚན་མར་ཛྙཱས་བཞག་པས ་བསྟན་པར་བྱ་བའི་ཕྱིར། འབར་བའི་ཚོགས་ཀྱི་ཞེས་པ་ལ་སོགས་པ་གསུངས་ཏེ། འབར་བའི་ཚིགས་ཀྱི་བདག་པོ་རྣམས།། རང་རང་སྐོས་སུ་བཞག་པར་བྱ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རང་རང་རྫས་སུ ་བཞག་པར་བྱ་བ་ནི། མགོ་ནས་འབྱུང་བའི་འདིའོ།། མཚན་ལྡན་བན་དྷ་ཅང་ལོ་ཅན།། དབང་པོ་ལྔ་དང་ལྡན་པ་ནི།། གཙོ་བོ་ཡབ་ཡུམ་མཚན་མར་བཞག་ཅེས་བྱ་བ་ནི་མཚན་དང་ལྡན་པའི་བན་ད་གླིང་གསུམ་པ་འམ་བུ་གཅིག ་པ་སྟེ། དེའི་ནང་དུ་དབང་པོ་ལྔ་བླུགས་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག་པར་བྱའོ།། དུར་ཁྲོད་རྐང་གི་ཕུར་པ་ལྔ།། སྲས་མཆོག་ཕུར་བའི་མཚན་མར་དགོད་ཅེས་བྱ་བ་ནི། བགེགས་གདོན་པའི་དུས་སོ།། དུར་ཁྲོད་ཀྱི་ཕུར་པ་ལྔ་ལ་སྲས ་མཆོག་ཏུ་བྱིན་གྱིས་བརླབས་ནས་མཆོད་པ་ཕུལ་ཕྱོགས་བཞི་དང་དབུས་དང་ལྔར་གཟུགས་པར་བྱ་སྟེ། བསྒྲུབ་པ་འདི་མ་ཐོན་གྱི་བར་དུ། བར་ཆོད་ཀྱི་བགེགས་མ་བཏང་ཞེས་བརྗོད་ལ་མཚམས་གཅད་དོ།། ཐོད་པའི་དུམ་བུ་བཅུ ་དྲུག་གི། ཞེས་བྱ་བ་ནི་ཐོང་པའི་ལྡེའུ་ཚེ་བཅུ་དྲུག་ནི། འཕྲ་མེན་མ་བཅུ་དྲུག་ནི་མཚན་མར་དགོད་པ་སྔོ་ལས་ཀྱི་ལྷའོ།། ཡན་ལག་ནི་སེམས་ཅན་ཐམས་ཅད་ནི། ཁྲོ་བོ་ཁྲོ་མོ་རྣམས་ཀྱི་རྫས་ཞེས་བྱ་བ་ནི་སོར་མོ་ཉི་ཤུ་ནི་ཁྲོ་བོ་དང་ཁྲོ ་མི་རྣམས་ཀྱི་རྗེས་སོ།། སོ་དང་ནེའུ་རྩེག་འབར་བ་འབུར་རྣམས་ཕོ་ཉ་རྣམས་ཀྱི་མཚན་མར་བཞག་ཅེས་བྱ་བ་ནི། རུས་པའི་མགོ་ཀུན་བཞག་པར་བྱའོ།། རྒལ་ཚིགས་ལ་སོགས་རྣམས་ཀྱི་རྫས།། ཅི་བགྱི་ཚོགས་ཀྱི་རྫས་སུ ་ཅེས་བྱ་བ་ནི། རྒལ་ཚིགས་ཉི་ཤུ་རྩ་བརྒྱད་ནི་སླས་དང་བྱི་མོའི་རྫས་སུའོ།། ཡན་ལག་བཞིའི་མཚན་མ་ནི་ཞེས་བྱ་བ་ནི། ལག་གཉིས་རྐང་པ་གཉིས་བཞི་ནི་སྒོ་བཞིར་བཞག་པ་སྟེ། དེ་ཡང་རྫས་རྣམས་ལ་བྲི་བར་བྱ་བའི་ཐབས ་བསྟན་ཏེ། སོ་སོ་གསུང་གི་ཡི་གེ་འབྲུ་རྣམས་ནི།། རང་རང་རིགས་ཀྱི་མཚན་མ་ལ།། ཡབ་ཡུམ་བྱང་ཆུབ་སེམས་ཀྱི་བྲི་ཞེས་བྱ་བ་ནི། ཡིག་འབྲུ་ཧཱུཾ་ཧཱུཾ་ལ་སོགས་པའི་སོ་སོ་རང་རང་གི་མཚན་མ་གང་ཡིན་པ་ལོ་བྱང་ཆུབ ་སེམས་ཀྱིས་བྲི་བར་བྱ་སྟེ། དུར་ཁྲོད་ཀྱི་སྡུག་གུས་སོ།། དེ་ནས་ཡང་ཏིང་ངེ་འཛིན་བསྟན་ཏེ། བླ་མ་ལུང་ལྡན་དེས་ཀྱང་ནི།། ཁྲོས་པས་དྲག་པོའི་རྣལ་འབྱོར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་ལས་གཉིས་ཀའི་དུས ་སུ་ཤིན་ཏུ་ཁྲོས་པའི་ཏིང་ངེ་འཛིན་བྱ་བ་ཡིན་གྱི། བསྙེན་པའི་དུས་སུ་མ་ཡིན་ནོ།། དེ་ནས་དྲག་པོའི་དཀྱིལ་འཁོར་བསྟན་ཏེ། དབང་ལྡན་ཕྱོགས་ཀྱི་གྲཝ་ལ་ཡང་། ཞེས་བྱ་བ་ནི། སྲས་ཕུར་པོའི་དཀྱིལ་འཁོར་གྱི་བྱང་ཤར་གྱི ་མཚམས་སུ་བྱའོ།། ཅི་བྱ་ཞེ་ན། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི་ཞེས་བྱ་བ་ནི། གང་བཟླས་པ་པོ་དེ་བརླག་བྱའི་བྱ་བཱིའི་གནས་ལ། འབྲུབ་ཁུང་ཞེས་བྱའོ།། དབྱིབས་ཇི་ལྟར་ཞེ་ན། དྲག་པོའི་ཧོམ་ཁུང་དབྱིབས་འདྲ་ལ་ཞེས ་གསུངས་ཏེ། ཟུར་གསུམ་བསྐོར་བ་བྱ་བ་སྟེ། ཕྱོགས་རེ་རེ་ལ་སོར་ཉི་ཤུའོ།། ཟབས་སུ་སོར་བཅུ་བསྐོར་བའོ།། དེའི་ཕྱོགས་རེ་རེ་ལ་སོ་རེ་ཉི་ཤུ་ཉི་ཤུའོ།། ཟབས་སུ་སོར་བཅུ་བསྐོར་བའོ།། དེ་ཀྱོགྲ་ལྟ་སྒོ་ཞེ་ན། ཙམ་དྷི་དྷོས་སུ་བསྟན་ཐེགས་ཏུ། ་མོ་ནི་ལྷོའི་ཕྱོགས་སུ་བསྟན་ལ་བསྐོའོ།། བཽ་ན་དེ་ལ་བརྒྱན་པར་བྱ་བ་མེད་དམ་ཞེ་ན། ཧཱུཾ་ཧཱུཾ་དང་ཕཊ་གྱིས་བསྐོར་བར་བྱ་ཞེས་གསུངས་ཏེ། གྲུ་གསུམ་ཉིད་ནག་པོས་བྱུག་པའི་མཁའ་ལ། ཧཱུཾ་དང་ཕཊ་ཀྱས་སྤེལ་ལ་བྲི་བར་བྱའོ།། དེའི ་ནང་དུ་གཞུག་པར་བྱ་བའི་རྫས་བསྟན་པའི་ཕྱིར། དུས་ལ་བབ་ཅིང་ཞེས་པ་ལ་སོགས་པས་བསྟན་ཏེ། དུས་ལ་བབ་པའི་སེམས་ཅན་དོ།། ལས་ལ་བབ་པའི་རྣལ་འབྱོར་པས།། མཚན་མ་མིང་དུ་བཅས་པར་བྱ། ཞེས་བྱ་བ་ནི། བསྒྲལ ་བྱ་བའི་དུས་ལ་བབ་པའི་སེམས་ཅན་དེ་ཉམས་དང་ལྡན་པའི་རྣལ་འབྱོར་པ་དེས། མཚན་མ་དང་བཅས་པར་བྱ་བ་ཡིན་ཏེ། དེའི་རྒྱུ་ནི་སྲབ་མའི་ལོ་མ་དང་གྲོག་མཁར་གྱི་ས་དང་། བྲེ་དང་ཆུ་མེའི་ཕུབ་མ་དང་བ་རུ་དང་། གླང་རུ ་དང་། རྟ་རུ་མིག་རྣམས་ནི་བོང་བུའི་བདུད་རྩིས་སྦྲུས་ལ་གཟུགས་བྱས་ཏེ། ཞིང་གི་རས་མ་འམ་ཤུན་ལ་ཞིང་གི་བམ་ཁྲག་གིས་བཛྲེ་ཀཱི་ལི་ཡ་ཆེ་གེ་མོ་མཱ་ར་ཡང་ཕཊ་ཅེས་བྱ་བ་བྲིས་ལ་སྙིང་གར་བླན་པ་དེའི་ཕྱིར། མཚན་མའི་མིང ་དུ་བཅས་པར་བྱ་ཞེས་གསུངས་སོ།། འོ་ན་དེ་ལ་ཇི་ལྟར་བཞག་ཅེ་ན། དེ་བསྟན་པའི་ཕྱིར། མགོ་ནི་ལྷོ་ནུབ་མཚམས་སུ་བཞག། རྐང་པ་བྱང་ཤྭར་མཚམས་སུ་བསྟན། ཧོམ་ཁུང་ནང་དུ་བཞག་པར་བྱ་ཞེས་གསུངས་ཏེ། མགོ་ལྷོ ་ནུབ་མཚམས་སུ་བསྟན་པ་ནི། སྲིན་པོ་ཡོད་པའི་གནས་ཡིན་པས་སོ།། རྐང་པ་བྱང་ཤར་མཚམས་སུ་བསྟན་པའི་ཕྱིར་བསྣོལ་བ་ལས་ཀྱི་བདག་མོའི་གནས་ཡོད་པའི་ཕྱིར་བསྟེན་པའོ།། ཧོམ་ཁུང་གི་གནས་གན་དུ་བཞག་པ ་ནི་བསྒྲལ་བའི་གནས་ཡོན་པས་གཞུག་པའོ།། འོ་ན་ཧོམ་ཁུང་གྲུ་གསུམ་ནི་བསྒྲལ་བའི་གནས་ཡིན་ལ་གཞན་ནི་མ་ཡིན་པ་ཅི་ཞེ་ན། ལན་དུ་ཧོམ་ཁུང་གྲུ་གསུམ་ནི་བསྒྲལ་བར་བྱ་བ་ཁོ་ནའི་གནས་ཡིན་ཏེ། ཟུར་གསུམ་དུ་འབྱུང ་བ་ནི། ལོག་པར་ལྟ་བ་སྒྲོལ་བའི་རྟགས་སུ་འབྱུང་བ་དྲག་པོའི་གནས་སོ།། འོ་ན་ཅི་ཟུར་གསུམ་དུ་བྱ་བ་ཐམས་ཅད་བསྒྲལ་བའི་གནས་ཡིན། ཆོས་འབྱུང་བའི་ནང་དུ་རྟེན་གྱི་དཀྱིལ་འཁོར་བསྒོམ་པ་དེ་ཡང་འགལ་ཏེ། ཆོས ་འབྱུང་བ་བསྒྲལ་བའི་གནས་སུ་འགྲོ་བའི་སྐྱོན་ཡོད་དེ་འགལ་ལོ།། ལན་དུ་མི་འགལ་ཏེ་ཆོས་འབྱུང་ཉིད་དུ་བསྒྲལ་པའི་གནས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་འབྱུང་བའི་དབྱིབས་ཡིན་པའི་ཕྱིར། ཁམས ་གསུམ་གྱི་སེམས་ཅན་དེའི་དབྱིངས་སུ་བསྒྲལ་བས། ཆོས་འབྱུང་བའི་བསྒྲལ་བར་བྱ་བའི་གནས་ཁོ་ན་ཡིན་ཞེས་གསུངས་སོ།། དེ་ནས་རྣལ་འབྱོར་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་པོ་བསྟན་པའི་ཕྱིར། དེ་ནས་ཞེས ་པ་ལ་སོགས་པས་བསྟན་ཏེ། གདེང་དང་ལྡན་པའི་རྣལ་འབྱོར་དེས་ཞེས་བྱ་བ་ནི། བདག་ཉིད་དམ་ཚིག་སེམས་པའི་དཀྱིལ་འཁོར་དུ་གྱུར་པ་དེས་སོ།། རྡོ་རྗེ་སྤྱུགས་པ་བླངས་ནས་ནི་ཞེས་བྱ་བ་ནི་ཧཱུཾ་རིང་པོ་ནི་རྡོ་རྗེ་སྤྱུགས་པ ་སྟེ། ཐུགས་ཀའི་ཧཱུཾ་ལས་ཧཱུཾ་བྱུང་བའོ།། ཁྲག་འཐུང་ཚོགས་ཀྱི་སྤྲིན་ཕུང་རྣམས་ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བཅོམ་ལྡན་འད་ས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྟེན་དང་རྟེན་དུ་བྱས་པ་གནས ་པའོ།། རྡོ་རྗེའི་གཡབ་མོས་སྤྱན་དྲངས་ཏེ། ཞེས་བྱ་བ་ནི། རྡོ་རྗེའི་བུམ་པའི་ནང་ན་ཧཱུཾ་གནས་པ་དེ་ལས་འོད་ཟེར་འབྱུང་བ་ནི་རྡོ་རྗེའི་གཡབ་མོའོ།། དེ་ལས་ལྷ་མོ་ལྕགས་ཀྱུར་མར་གྱུར་ཏེ། དེར་རང་བཞིན་གྲུབ་པའི་གནས ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བྱོན་པར་ལྟའོ།། དེ་ནས་ཡང་དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམ་པར་བསྟན་པའི་ཕྱིར། གཉིས་མེད་བརྟན་པར་གཏིམས་ནས་ནི་ཞེས ་གསུངས་ཏེ། ཞགས་པ་མ་དང་ལྕགས་སྒྲོག་མ་དང་དྲིལ་བུ་མས་རིམ་པ་ཇི་ལྟ་བར་བསྟན་པ་བྱས་ནས། དེ་ནས་ཡང་ལྷ་ལ་དབང་བསྐུར་བའི་ཕྱིར། བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འོད ་ཟེར་ལྷ་མོའི་ཚོགས་སུ་གྱུར་ཏེ། ཕྱོགས་བཅུའི་བདེ་བར་གཤེགས་པའི་སྐུ་ལ་ཐིམ་ནས་གསང་བའི་མཆོད་པ་ཕུལ། དབང་བསྐུར་ཅིག་པར་བསྐུལ། སླར་ལ་ཕྱོགས་བཅུར་བདེ་བར་གཤེགས་པའི་ཐུགས་ཀ་ནས་ལྷ ་མོའི་ཚོགས་མང་པོ་བྱུང་སྟེ། ལ་ལ་ནི་སྐྲ་སྒྲོལ། ལ་ལ་ནི་བྱུག་པ་བྱེད། ལ་ལ་ནི་ཙན་དན་གྱི་ཆར་འབེབས། ལ་ལ་ནི་གདུགས་དང་རྒྱལ་མཚན་འ་ཛིན། ལ་ལ་ནི་བུམ་པ་ཐོགས་ཏེ་སྤྱི་བོར་བླུགས་པ་ནི་དབང་གི་རྒྱུའོ།། ་དབང་གི་འབྲས་བུ་ནི་སོ་སོ་རིགས་ཀྱི་དབུ་བརྒྱན་པའོ།། སློབ་དཔོན་ལ་ལ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟིམ་པས་ཡོངས་སུ་རྫོགས་པར་འགྱུར་བས་དེས་ཆོ་ག་གསུང་ངོ་།། དེ་ནས་ཡང་ཡོངས་སུ་རྫོགས་པའི་དཀྱིལ་འཁོར ་དེ་ལ་མཆོད་པ་དབུལ་བ་བསྟན་པའི་ཕྱིར། རྨད་དུ་བྱུང་བའི་མཆོད་པ་བརྩམ།། འདོད་པའི་ཡོན་ཏན་ལྔ་ཡིས་མཆོད་ཅེས་གསུངས་ཏེ། རྨད་དུ་བྱུང་བའི་མཆོད་པ་ནི། བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་རྣམ་པ་ལྔ་འཕྲོས ་པས། འོད་ཟེར་ལྔ་ལས་ལྷ་མོའི་ཚོགས་མང་པོ་འབྱུང་བ་སྟེ། བདེ་བར་གཤེགས་པའི་སྐུ་ལ་བཞུགས་པས་མཆོད་པའི་རྒྱུད་བསྐུལ། བདེ་བར་གཤེགས་པའི་ཐུགས་ཀ་ནས་ལྷ་མོ་མང་པོ་སླར་འཐོན་ཏེ། བདག་གི ་དཀྱིལ་འཁོར་ལ་བསྐོར་ནས་ཕྱི་མཆོད་པའི་རྣམ་པ་དང་། ནང་མཆོད་པའི་རྣམ་པ་དང་། གསང་བའི་མཆོད་པའི་རྣམ་པ་རྣམས། བདག་ལ་གནས་ཕུལ་སྟོད་པ་འདི་སྐད་བརྗོད་དོ།། ཧཱུཾ་བསྐལ་པ་མེ་ལྟར་འབར ་བ་ཡིས་འོད་ཟོར་འདུ་འཕྲོའི་ཀློང་དཀྱིལ་ན།། ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ།། སྐུ་ནི་ཛིར་ཡང་འགྱུར་བའི་གཟུགས།། ཧཱུཾ་དབུ་སྐྲ་ཁམ་ནག་རལ་པ་ཅན།། གྱེན་དུ་འཁྱིལ་ཅིང་སྲིད་རྩེར་འབར།། མི་ཉམས་ཁྲོ་གཉེར་སྣང་མིག་ནི།། ་ལོག་པར་ལྟ་བ་འདུལ་བ་རི་སྤྱན།། ཧཱུཾ་མཆེ་བ་ཟང་ཡག་གཙིགས་པ་ནི།། སྐྱེ་ཤི་རྩད་ནས་གཅོད་པའི་ཚུལ།། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ལས།། ཕྱག་མཚན་སྣ་ཚོགས་ཅིར་ཡང་སྣང་།། ཧཱུཾ་ཐུགས་རྗེའི་བྱིན་བརླབས ་སྤྲིན་ལྟར་གཏིབས།། བྱམསོ་པའི་འོད་ཟེར་གློག་བཞིན་འཁྱུག། རྔམ་པའི་སྒོ་སྐད་འབྲུག་ལྟར་སྒྲོགས།། སྤྲུལ་པའི་ཐོག་ཐོག་ཆར་ལྷོར་འབེབས།། ཧཱུཾ་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། བདག་ལ་བྱིན་གྱིས་བརླབས ་མཛད་ཅིང་།། བདག་གི་ལྷག་པའི་བསམ་པ་རྣམས།། གྲུབ་པར་བྱིན་གྱིས་བརླབ་དུ་གསོལ།། ཧཱུཾ་འཁྱིལ་ཅིང་རྒྱན་དང་འཁྱིལ་པ་ཡི།། སེམས་ལ་བརྗོད་མེད་སྐུ་མི་མངའ།། སྒྲ་ལས་འདས་པའི་སྦྱོར་བ་སྟེ།། བསམ་དང་། ་བྲལ་བའི་ཡེ་ཤེས་ལགས།། ཧཱུཾ་སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད།། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་བསྟོད།། ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་འདུ་འཕྲོ་ཚོགས་ལ ་ཕྱག་འཚལ་སྟོད་ཅེས་གསུངས་ཏེ། དེ་ནས་སྒྲའི་ཚུལ་དུ་ལྷ་མོའི་ཚོགས་རྣམས་མི་སྣང་བར་གྱུར་ཏོ།། དེ་ལྟར་ཡང་ནས་ཡང་དུ་བསྒྲུབས་པ་དང་། གྲུབ་པའི་རྟགས་འོང་སྟེ། དེ་ཡང་རབ་འབྲིང་གསུམ་ལས། བསྙེན་པ་གསུམ་ནི ་ལྷའི་དཀྱིལ་འཁོར་གསལ་བ་དང་། ཞལ་འཛུམ་པ་དང་བཞད་པའོ།། དེ་ལྟ་བུའི་མཆིན་མ་མཐོང་ན་གདོང་བསྒྲུབ་པ་ལ་འཇུག་པར་བྱའོ།། བསྒྲུབ་པའི་རྟགས་གསུམ་ནི་ཕུར་པ་ལས་འོད་འབྱུང་བ་དང་། ཕུར་བུ་ལྡེག་པ་དང ་འཕར་བ་གསུམ་མོ།། དེ་ལྟར་རྟགས་བྱུང་ཞིང་ལས་སུ་རུང་བ་ནི་མཉེས་ན་ཉེ་བར་འགྱུར་བ་དང་། ཞེས་གསུངས་པ་ཡིན་ནོ།། དེ་ནས་འགྲུབ་པའི་རྟགས་བྱུང་བ་དང་། དྲག་པོའི་ལས་ལ་འཇུག་པར་བྱ་སྟེ། དེ་གང་ལ་དམིགས ་བར་བྱ་བ་བསྟན་པའི་ཕྱིར། རྡོ་རྗེ་སློབ་དཔོན་བརྙས་བྱེད་དང་། ཞེས་པ་ནས། རྣལ་འབྱོར་ཅིའི་དགྲར་གྱུར་པ། ཞེས་པའི་བར་གྱིས་བསྟན་ཏེ། དཀྱུས་ཉིད་གསོལ་ལོ།། དེ་ནས་དམིགས་པར་བྱ་བ་དེ་གནོས་ནས་དུས་ཅི་ལྟར་དགུག ་བ་བསྟན་པའི་ཕྱིར། བརྣག་པའི་ནན་ཐུར་བྱ་བ་ནི་ཞེས་པ་ལ་སོགས་པ་བསྟན་ཏེ། ཁྲོ་བོ་གསུམ་པའི་སྦྱོར་བའམ། ཞེས་པའི་ཁྲོ་བོ་ལྕགས་ཀྱུ་ཐོགས་པས་བཟས་པ་པོ་གང་ཡིན་པ་དེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག ་ནས་རླུང་གི་ལྕགས་ཀྱུས་གཟུང་ནས་དྲངས། ཁྲོ་བོ་ལ་ལ་ཕྱག་ན་རྡོ་རྗེ་དང་ཐོ་བ་ཐོགས་ནས་རང་དབང་མེད་པར་རྟོག་ཅིང་འདོད་དེ། རྣལ་འབྱོར་པ་ཀྱང་བསྔགས་བཟླས་པས་བྱ་བའི་སྔགས་ནི་འདིའོ།། ཧཱུཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲིཧྞ་གྲིཧྞ ་ཧཱུཾཿགྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཨཱ་ན་ཡ་ཧོ་བྷ་ག་བན་བིདྱཱ་རཱ་ཙ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་། བདག་ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་རྡོ་རྗེ་རྡོ་རྗེའི་ནང་ན་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་གནས ་པ་དེ་ལས་ཁྲོ་བོ་དམར་པོ་རྒྱུད་མར་ཕྱུང་ལ་དགུག་པ་བྱ་སྟེ། གཟུགས་ལ་བཾ་སྟིམས་པའི་ལས་བྱའོ།། ཡང་ལྕགས་ཀྱུ་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་འོན་ཏེ་ཁྲོ་བོ་སུམ་བྷ་ནིའི་སྦྱོར་བ་མི་བྱེད་ན་ཡང་འདི་ཡིས་དགུག་སྟེ། བདག་ཉིད་ཀྱི ་ཧཱུཾ་ལས་ཛ་བརྩེགས་མར་ཕྱུང་ཏེ། དེ་ལས་ལྷ་མོ་ལྕགས་ཀྱུ་ཅན་དུ་གྱུར་ཏེ། ཕོ་ཡིན་ན་ཁ་ནས་སྦུབས་ནས་ཞོན་ནས་སྙིང་དཀར་ནག་མཚམས་ན་ཤེས་པ་དེ་དགུག། མོ་ཡིན་ན་མཚན་མ་ནས་ཡར་པདྨའི་རྩ་བའི་བུ་གུ་ནས་ཞུགས ་ནས་རྣམས་དགུག་པ་བྱ་སྟེ་བསྟིམ་ཨ་བསྒྲལ་བའོ།། ཡང་ན་ཡུམ་གྱི་པདྨ་ལ་ཛ་བརྩེགས་གཅིག་བཞག་ལ། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་བསྐུལ་བས། ཛ་ལས་འོད་འཕྲོས་འོད་ལ་འཕྲ་མེན་མས་ལྕགས་ཀྱུ་ནན་ཏན་དུ་གྱུར ་ཏེ། རྩའི་བུ་ག་ནས་ཤེས་པ་དྲངས་ཏེ་བསྟིམ་པ་བྱ་བའོ།། དགུག་པའི་དུས་བསྟན་པའི་ཕྱིར། ཉིན་མཚན་གུང་ལ་རབ་བཀུག་སྟེ་ཞེས་གསུངས་ཏེ། ཉིན་མོ་དང་མཚན་མོའི་གུང་ལ་ཤེས་པ་ཉམས་ནས་ཡོད་པ་དེར་དགུག་པར ་བྱའོ། ཡང་ན་ནམ་སྟོད་དང་ཉི་མ་དྲོས་འབྱམ་ཙམ་ན། ཤེས་པ་ཉམས་ནས་ཡོད་པས་དུས་དེ་རུ་སུ་བཟླས་པ་ནི་ཤི་ག་ལ་བྱའོ།། དེའི་རྣམ་ཤེས་རླུང་འདྲ་བ།། མཚན་མའི་མིང་དུ་བཅས་པ་ལ།། སྲིན་བུ་མེ་ཁྱེར་འདྲར་བཅུག་སྟེ།། ་གཟུགས་ལ་ཕབ་ཅིང་སྒྲོག་གིས་བཅིང་ཞེས་བྱ་བ་དེ་བཟས་པ་པོ་གང་ཡིན་པ་དེའི་རྣམ་པར་ཤེས་པ་སྙིང་གི་དབུགས་ཀྱུ་གསུམ་པའི་དབུས་གང་ཡིན་པ་དེ་ན་ཤེས་པ་གནས་ཏེ། ཤེས་པ་དེའི་བརྡར་ནཱི་རླུང་ཡིན་ཏེ། རླུང་དེ་ལ་བསྐྱོད་པ་བཀུག ་སྟེ་དེའི་དུས་ཉིད་ན་ཡང་ཐོགས་པ་མེད་པའི་གཟུགས་དང་དབང་པོ་ཚང་བ་སྟེ། མཚན་མ་མིང་དུ་བཅས་པར་དགུག་གོ། དེ་ཡང་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། ཐོགས་པ་མེད་པར་དགུག་པ་ནི། སྲིན་བུ་མེ་ཁྱེར་བ་བཞིན་དུ་དགུག ་སྟེ། གཟུགས་ལ་ཕ་བ་སྟེ་དེ་ཡང་བདག་ཉིད་ཀྱི་སྔགས་བཟླ་ཞིང་ཞགས་པའི་སྒྲོག་གིས་བཅིང་བར་བྱའོ།། དེ་ནས་རི་རབ་ལ་སོགས་པ་ཕྱག་རྒྱ་བཞིའི་རྒྱས་གདབ་པར་བྱ་སྟེ། ཏིང་ངེ་འཛིན་ནང་སྔགས་ཀྱིས་སྦྱོར་བ་བྱ་སྟེ། བླ་མའི་བཀའ་ལས ་ཤེས་པར་བྱའོ།། དེ་ནས་ཡང་འགོ་བའི་ལྷ་དང་དབྲེལ་བའི་ཕྱིར། ལྕེ་པོག་ནག་པོའི་དུད་པས་དགུག། འགོ་བའི་ལྷ་དང་དཔྲལ་བར་བྱ་ཞེས་གསུངས་ཏེ། ལྕེ་པོག་ནག་པོའི་ནི་གུ་གུལ་ནག་པོའི་དུད་པས་འགོ་བའི་ལྷ་ཡང་ཡིན་པ་དེ། དུད ་པས་བདུག་ཅིང་དེས་བརྒྱལ་བར་འགྱུར་ཏེ་བྲལ་ནས་འགྲོའོ།། དེ་ཡང་སྔགས་ཀྱི་སྦྱོར་བ་བྱ་བའོ།། དེའི་ལུས་ཚ་བ་བསྐྱེད་པའི་ཕྱིར་ལུས་ངན་སྐྱེ་ཚེ་ཚ་བ་དུག་གི་དགང་ཞེས་གསུངས་ཏེ། བཟས་པ་པོ་དེའི་ལུས་ཀྱི་ནང་དུ་ཚ་བ་བསྐྱེད་དེ།། ་དུག་གི་གཏོར་མར་བྱིན་གྱིས་བརླབས་ལ་ཁོང་དུ་འཐུང་ངུ་གཞུག་པར་བྱའོ།། དུག་དེ་འཐུང་བས་རྩའི་བུ་གུ་ནས་རྒྱས་ཏེ་ཤེས་པོ་མ་ཉམས་ཀྱི་བར་དུ་ཚ་བ་དང་ན་བའི་སྡུག་བསྔལ་བསམ་པ་འབྱུང་བར་བསམ་སྟེ། དེ་ནས་ཤེས་པོ་ཉམས ་ན་རང་གི་མི་རིགས་པའི་ལས་བྱས་པ་དྲན་ནས་འགྱོད་པ་དྲག་པོ་བྱེད་པར་བསམ་པར་བྱའོ།། དུག་གིས་བསྒྲལ་ཞིང་ཤེས་པར་བྱ་བ་ཇི་ལྟར་བསྡུ་བ་ནི་གབ་པའི་འཁོར་ལོ་ལས་ཤེས་པར་བྱའོ།། དེ་ནས་ཕུར་པ ་རྫས་ཀྱི་དཀྱིལ་འཁོར་ལས་བསྐྱེད་དེ་གདབ་པར་བྱའོ།། དེ་ནས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི།། གྲུབ་པའི་རྟོགས་བྱུང་བ་དང་། ཕུར་པ་རྫས་ཀྱི་དཀྱིལ་འཁོར་བཞེངས་སུ་གསོལ་བར་བྱ་བ་ཡིན་ཏེ། དེ་ཡང་དབུས་ཀྱི་ཕོ་བྲང་ནས་གྲུ ་གསུམ་མཐིང་ནག་ཉི་ཤུ་རྩ་གཅིག་ཏུ་བྲི་བར་བྱའོ།། ཐ་མའི་རྒྱན་རྣམས་ནི། བསྒྲུབ་པའི་དུས་ཉིད་དང་འདྲའོ།། བྱང་ཤར་གྱི་མཚམས་རྡོ་རྗེ་གུར་གྱི་ནང་དུ་དྲག་པོའི་དཀྱིལ་འཁོར་གོང་དུ་གསུངས་པ་བྲི་བར་བྱ་བ་སྟེ། དྲག་པོའི་དཀྱིལ ་འཁོར་དེའི་གྲཝའི་ཕྱོགས་སུ་སྤུངས་ཏེ་བཞག་ཅེས་གོང་ནས་གསུངས་ཏེ། ཁྲོ་བོའི་ཕུར་པ་མང་པོ་ཀུན་ཞེས་བྱ་བ་ནི། སྲས་ཕུར་པ་སོ་སོའི་རིགས་ཏེ། སྐུ་གསུང་ཐུགས་ཀྱི་རིགས་ལས་བྱུང་བ་ཉི་ཤུ་རྩ་གཅིག་གོ།། དེ་ལ་ནི ་མང་པོ་གུན་ཞེས་གསུངས་སོ།། གྲཝའི་ཕྱོགས་ཞེས་བྱ་བ་ནི། ཕོ་བྲང་ན་བཞུགས་པའོ།། སྤུངས་ཏེ་བཞག་ཅེས་པ་ནི། ལས་ཀྱི་བཟླས་པའི་དུས་སུ་ཕུམ་གེ་ཟི་བྱིན་བསྐྱེད་པར་བྱ་བ་སྟེ། ཕུར་པ་དེ་རེ་རེ་ལཾ་ཀཱི་ལི་ཀཱི་ལི་ཞེས་བྱ་བ ་སྔགས་ཉི་ཤུ་རྩ་གཅིག་བཟླས་པར་བྱ་བ་སྟེ། དེ་བཟླས་ཤིང་ཕུར་པ་དྲིལ་བས་བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་ཏུ་འཕྲོས་ཕུར་པ་ལས་ཀྱང་འོད་ཟེར་འཕྲོས་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ ་དྲག་པོའི་དུས་ལས་བབ་པོ་བར་བསྐུལ་བས། དེ་དག་གི་ཐུགས་ཞེ་སྡང་རྗེས་སུ་དྲན་ཐུགས་ཀ་ནས་ཁྲོ་བོ་གདུག་པ་ཅན་དང་བཅས་པ་མང་པོ་འཕྲོ་ཞིང་ཕུར་པ་ལ་ཐིམ་པས། ཕུར་པ་ཤིན་ཏུ་དྲག་པོའི་འོད་ཟེར་འབར་ཞིང་བསྒྲལ་བའི་མཐུ་དང ་ལྡན་པར་གྱུར་པ་དེ། ཕུར་པ་ཀུན་ལ་བྱ་བ་ཡིན་ཏེ། རང་རེ་ལས་ཀྱི་སྔགས་དང་བསྒྲགས་ཤིང་། དེ་ནི་ཕུར་པ་གཟི་བྱིན་བསྐྱེད་པ་དེ་ཕུར་པ་གསོ་བའོ།། དེ་ནས་གདབ་པའི་གནས་ཀྱི་གཙོ་བོ་རྣམས་བསྟན་པའི་ཕྱིར། རྡོ་རྗེ་དྲག་པོའི ་ཕུར་པ་ཡིས།། ལྟེ་བུ་སྙིང་མགྲིན་དཔུང་མགོ་དང་།། གསང་གནས་ཡན་ལག་ལྔ་ལ་གདབ་ཅེས་གསུངས་ཏེ། ལྟེ་བོ་སྙིང་ག་དང་མགྲིན་པ་དང་། དཔུང་མགོ་དང་གསྡང་གནས་ལྔ་རྣམས་ནི་གནས་ཀྱི་གཙོ་བོ་ལྔའོ།། ཡན་ལག་གི ་རྣམ་པར་ཤེས་པ་ནི་ཚགས་གཞན་དག་གོ།། གདབ་པ་ནི་མགོ་ནས་གསལ་ལོ།། ཡུངས་དཀར་མཚོན་ཆའི་ཆར་གྱིས་དབྱེབ་ཅེས་པ་ནི། འཕྲུ་མེན་དྲུག་པའི་སྔགས་ཀྱིསྣ་ཡུངས་ཀེར་བརྒྱབ་པས། ཡུངས་ཀཱར་ལས་མཚན་ཆ ་གདུག་པ་མང་པོར་གྱུར་ཏེ། གཟས་པ་པོའི་ལུས་ལ་ལྷག་པར་ཡང་གཟེར་ནས་བསྒྲལ་བར་བྱའོ།། དེ་ནས་མཚན་མའི་དངོས་པོ་བཞི་སྟེ། མཚོན་ཆའི་རབ་ཏུ་བརྩོན་པ་ཡིས།། རྐང་པ་གཡས་གཡོན་གང་ཡིན་ནས།། རྡུལ་དུ ་གཏུབ་ཅིང་སྦྱིན་སྲེག་བྱའོ།། ཞེས་བྱ་བ་ནི། གཏུབ་པའི་ལས་བསྟན་ཏེ། ཕུར་པ་གདེབ་པའི་མཚན་མའི་དངོས་པོ་ཞིག་དེ་ལ་ཁྲོ་བོ་རབ་ཏུ་འབར་བས་མཚོན་ཆའི་ཆར་བརྩོན་པར་རབ་ཏུ་ཕབ་སྟེ། ཕོ་ཡིན་ན་གཡས་ནས་བཏུབས། ་མོ་ཡིན་ན་གཡོན་ནས་རྡུལ་དུ་གཏུབ་པར་བསམས་པའོ།། གཏུབས་པའི་དུམ་བུ་དེ་བསྲེག་པར་བསྟན་ཏེ་དེའི་ཕྱིར། དྲག་པོ་ཧོམ་གྱི་དཀྱིལ་འཁོར་དུ།། ཚེར་མ་ཅན་གྱི་མེ་སྦར་ཏེ།། ལྷའི་ཚོགས་ལ་ཐིམ་པར ་དབུལ་ཞེས་གསུངས་པ་ཡིན་ཏེ། དྲག་པོ་ཧོམ་གྱི་ནང་དུ་ཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ཏེ། དེར་དྲག་པོའི་སྐབས་ནས་འབྱུང་བའི་ཏིང་ངེ་འཛིན་བྱས་ཏེ་ལྷ་ལ་ཕུལ་ན། སངས་རྒྱས་ཉིད་ཀྱང་འཇིག་པར་འགྱུར་ན། སེམས་ཅན ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་དགོས་སོ་ཞེས་སྟོན་པས་གསུངས་སོ།། དྲག་པོའི་དཀྱིལ་འཁོར་སྟོན་པའི་ལེའུ་ལ་ནི། དྲག་པོའི་དཀྱིལ་འཁོར་སྟོན་པའི་ལེའུའོ།། །། བདུད་རྩི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར ་བཤད་པ་ལས། ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་བཤད་པའི་ལེའུ་བརྒྱད་པའོ།། །། དེ་ལྟར་དྲག་པོའི་དཀྱིལ་འཁོར་བསྟན་ཀྱང་སྔགས་དང་ཕྱག་རྒྱུ་མ་བསྟན་པར་མི་འགྲུབ་པས་དེ་བསྟན་པའི་ཕྱིར། དེ་ནས ་ཞེས་པ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་དེས་བཤད་དོ་ཞེས་སྦྱར་རོ།། དེ་ཡང་སྔོན་ལ་ཁྲག་འཐུང་ཆེན་པོའི་སྔགས་དང་། ཕྱག་རྒྱ་བསྟན་ཏོ་དེའི་ཕྱིར། ཨོཾ་ཤྲཱི་བཛྲ་ཀུ་མ་ར་ཡཀྵ་ཧཱུཾ། ཞེས་པ་ལ་སོགས་པས ་བསྟན་ཏེ་བདག་ཉིད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་རྡོ་རྗེའི་ནང་ན་ཟློ་བ་ཉི་མ་ཁ་སྦྱར་གྱི་དབུས་ན། ཧཱུཾ་ལས་སྔགས་ཀྱི་འཕྲེང་བ་གཡོན་བསྐོར་དུ་བསྐོར་ནས་གནས་པ་ལ། ཟླ་བ་དང་ཉི་མ་ནི་འབྱུང་བ་བཞིའི་རང ་བཞིན་ཡིན་པས་དེས་བསྐྱེད་དེ། རྩ་གཡས་ནས་འགྲོ་སྟེ། ཇི་ལྟར་སྤྲོ་བ་དང་བསྡུ་བ་བསྟན་པའི་རིམ་པར་འགྱུར་བ་འམ། ཡང་ན་བསྔགས་མང་པོ་བཟས་པས་ཡི་གེ་མངོན་པར་མཐོང་བ་འམ། ཡང་ན་ཡི་གེའི ་འཕྲོ་འདུ་བྱས་ཤིང་སྔ་གོས་བཟླས་པས། གྲུབ་པའི་ཚད་མེ་ཏོག་ལ་སྔ་གུས་རྡོ་སྨྲས་ནས་ནམ་མཁའ་ལ་བསྒྱུར་བ་དང་སླར་ལ་མི་ལྟུང་བར་ནམ་མཁའ་ལ་འདུག་པ་ནི། འགྲུབ་པའི་ཚང་ངོ་།། དེ་ལྟར་འགྲུབ་པ ་བ་དང་། ལས་འདི་ལྟར་འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་བཅས་ནས་གང་ཡིན་པ་ལ་གོདང་ནས་སྔགས་བཟླས་པ་དང་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་སྟེ། སྔགས་ཀྱི་གྲུབ་མཐར་ཕྱིན་པའོ།། ཇི་ལྟར་རྒྱས་པར་བཤད ་པ་བཞིན།། འོག་མ་རྣམས་ལའང་ཤེས་པར་བྱའོ།། ཁྲོས་པའི་སྟངས་སུ་གནས་ནས་ཀྱང་ཞེས་བྱ་བ་ནི་རབ་ཏུ་སྤྱན་ཟློག་པ་ལ་བྱའོ།། གཡས་པ་རྡོ་རྗེ་གདེངས་པའི་ས།། ཞེས་བྱ་བ་ནི། ལག་པ་གཡས་པས་རྡོ་རྗེ ་གཟུང་སྟེ་འཕྱར་བའོ།། ལག་པ་གཡོན་པ་ཕུར་པ་འདེབས་ཚུལ་དུ་ཞེས་བྱ་བ་ནི། ལག་པ་གཡོན་པས་བུར་པ་འདེབས་ཚུལ་དུ་བུ་ཚུར་བཅངས་ལ་ཕར་གཏད་པའི་ཚུལ་དུ་བྱ་བའོ།། ཞབས་གཉིས་ནི་གཡས ་བ་བརྐྱང་གཡོན་པ་བསྐུམ་པའི་ཚུལ་དུ་གནས་པར་བྱ་བ་ནི། དཔལ་ཁྲག་འཐུང་ཆེན་པོའི་སྔགས་དང་ཕྱག་རྒྱ་ཡིན་པར་བཤད་དོ།། གོང་དུ་གསུངས་པའི་སྔགས་དང་ཕྱག་རྒྱ་གྲུབ་པའི་དུས་འདི་ཡིས་ནི། སངས ་རྒྱུས་རྡོ་རྗེ་འཛིན་པ་ཡང་རབ་ཏུ་བསྒྲལ་ཏེ། འཆི་བར་འགྱུར་ན། ཁམས་གསུམ་གྱི་སྐྱེ་བོ་སྨོས་ཀྱང་ཅི་དགོས་ཏེ། འཆི་བར་འགྱུར་རོ་ཞེས་པའི་ཐ་ཚིག་གོ།། དེ་ཡང་ཁྲོས་པའི་རྒྱལ་མོའི་སྔགས་དང་བྱུག་རྒྱ ་བསྟན་ཏེ། ཨོཾ་བཛྲ་ཀྲྀ་ཏ་ཨ~ཾ་ཀྲ་བཛྲཱ་ཧཱུཾ་ཡ་ཞེས་བྱ་བ་ནི། ཁྲོ་མོའི་སྔགས་སོ།། ཕྱག་རྒྱ་ཉིད་དཀྱུས་ཉིད་གསོལ་ལི།། དབང་དུ་འགྱུར་བར་ངེས་ཞེས་བྱ་བ་ནི་རྡོ་རྗེ་གསང་བ་བཀཱར་ནོད་པའི་ནང་ནས་ཀྱང་། མོ་གཟུགས་འཇིག་རྟེན ་དབང་དུ་འགྱུར་ཞེས་གསུངས་ཏེ། མོ་རི་གཟུགས་དེས་སེམས་ཅན་འདོད་ཆགས་ཅན་དབང་དུ་འདུ་བའོ།། དེ་ནས་སྲས་ཕུར་པའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཞེས་པ་ནས། ཁམས་གསུམ་སྐྱེ་བོ་སྨོས་ཅི ་དགོས་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། དེ་ནས་ཧཱུཾ་ཀ་རའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཧཱུཾ་ཞེས་བསྐྱེད་པ་རྐྱེན་གྱི་སྔོགས་སོ།། གརྫ་གརྫ་ཧཱུཾ་ཕཊ། ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་སོ།། སྔགས ་འདི་ལས་ཀྱི་དུས་སུ་རྩ་བ་རིབ་སྔགས་དང་འགྲོགས་ཏེ། བཟླས་པ་ལས་བ~ཾ་ཧཱུ~ཾ་ཀཱ་ར~ཾ་ཥཱ་རྒྷཾ་ལས་སྐུ་གསུང་ཐུགས་ཀྱི་ཁྲོ་མོ་མང་པོ་རྒྱུད་པར་བྱུང་ནས་ལག་ན་ལྕགས་ཀྱུ་ཐོགས་ནས་དགུག་པར་བྱེད་པའོ།། དེའི་ཕྱག་རྒྱ་ནི་ག ་སླའོ།། དེ་ནས་རྣམ་པར་རྒྱལ་པོའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། ཨོཾ་བཛྲ་ཀྲོ་ཏ་བི་ཙི་ཡ་ཧཱུཾ་ཞེས་པ་ནི་བསྐྱང་བའི་རྐྱེན་གྱི་སྔགས་སོ།། ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་བསྔགོས་སོ།། བསྔགས་འོང་བཟླས ་ཤིང་གནས་ན་གྲུབ་པའི་དུས་ན་ཅི་ཡང་བཟློག་པར་བྱེད་དོ།། དྲག་པོའི་དུས་སུ་སྔགས་བཟླས་པས་གཟས་པ་པོ་ལ་གྲོགས་བྱེད་པའི་ལྷ་ཀླུ་གང་ཡིན་པ་དེ་བཟློག་པར་བྱེད་པ་སྟེ། དང་ནས་འགྲོ་བའོ།། དེ་ནས་དབྱུག་པ་སྔོན ་པོའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ་ཞེས་བསྐྱེད་པ་རྐྱེན་གྱི་སྔགས་སོ།། ད་ཧ་ད་ཧ་ཧཱུཾ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་ཏེ། བསྡོགས་འདི་བཟླས་པའི་དུས་ན་དབྱུག་པ་སྔོན་པོ་ལས ་ཁྲོ་བོ་འཆོས་པ་མང་པོ་འཐོན་ཏེ། གཟས་པ་པོ་གང་ཡིན་ཏེ་གསོད་པོའོ།། ཕྱག་རྒྱ་དཀྱུས་ཉིད་གསལ་ལོ།། དེ་ནས་གཤིན་རྗེ་གཤེད་པོའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ཨོཾ་བཛྲ་ཡ་མཱནྟ་ཀ་ཧཱུཾ་ཞེས་པ་ནི་བསྐྱེད ་པ་རྐྱེན་གྱི་སྔགས་སོ།། པ་ཙ་པ་ཙ་ཧཱུཾ་ཕཊ་ཅེས་པ་བཟླས་པ་ལས་ཀྱི་སྔགས་སོ།། སྔགས་འདི་བཟླས་ཤིང་ཕྱག་རྒྱ་བཅིངས་པའི་དགུག་པར་བྱ་བའི་དུས་ན་ལྕོགས་ཀྱུ་ཅན་དུ་འཕྲོ་བ་དང་བསད་པར་བྱ་བའི་དུས་ན་མཚས ་ཆས་གདུག་པ་ཅན་ཐོགས་པ་འཕྲོ་བ་དང་དབྱེ་བའི་དུས་ལ་གདུག་པ་ལ་སོགས་པ་སྤྲོ་བ་དང་། སྐུད་པའི་དུས་ན་རྔ་མོ་ལ་སྐྱོན་ནས་དེང་ནས་འགྲོ་བའི་ལས་བྱེད་པའོ།། དེ་ནས་ཡང་མི་གཡོ་མགོན་པོའི་སྔགས་དང ་ཕྱག་རྒྱ་བསྙེན་ཏེ། ཨོཾ་བཛྲ་ཀྲོ་ཏྲ་ཨརྱ་ཨ་ཙེ་ལཽ་ཙྪ་ཞེས་པ་ནི། བསྐྱེད་པ་རྐྱེན་གྱི་སྔགས་སོ།། གཱ་བྲྀཊ་ཕཊ་ཅེས་པ་བཟླས་པ་ལས་ཀྱི་སྔགས་སོ།། སྔགས་འདི་བཟླས་ཤིང་ཕྱག་རྒྱ་བཅས་པས། ལྷ་དང་ཀླུ་དང ་གནོད་སྦྱིན་ཐམས་ཅད་མི་བསྒོ་བའི་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། བགེགས་གསལ་བྱེད་ཅིང་བརྒྱལ་བར་འགྱུར་རོ།། དེ་ནས་ཡང་རྡོ་རྗེ་རྟའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ཨོཾ་བཛྲ་ཀཱ་ཏ་ཧ་ཡ་གྲཱི་བཛྲ། ་བསྐྱེད་པ་རྐྱེན་གྱི་སྔགས་སོ།། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཅེས་པ་ནི། བཟླས་པ་ལས་ཀྱི་སྔགས་སོ།། སྔགས་བཟླས་ཕྱག་རྒྱ་བཅིངས་ཏེ། གཏད་པར་དུག་འཇོམས་པར་འདོད་པའི་དུས་རྟ་མགྲིན་ཡབ་ཡུམ་གྱི་བདུད་རྩི་དུག་གིས ་ཟིན་པའི་བུ་གར་དྲུངས་ཞིང་བསྟིམ་པས་དུག་སེལ་བར་གྱུར་ཏོ།། སེར་བ་བཟློག་པའི་དུས་ན་བ་སྤྲེར་བུ་ག་ནས་ཀྱང་ཁྲོ་བོ་རལ་གྲི་ཐོགས་པ་མང་པོ་བྱུང་སྟེ། སྤྲིན་རལ་བར་བསམ་མོ།། བདག་ཉིད་ཀྱིས་ཀྱང་མིག་བཟློག་ལ ་སྔགས་བཟླས་སོ།། ནད་པ་བསྲུང་བ་འདོད་ན། བདུད་རྩིའི་ཆུ་རྒྱུན་སེང་གེའི་སྒོ་ནས་དྲངས་ལ་ནད་པ་ལ་བསྟིམ་སྟེ་ནད་ཐམས་ཅད་བྱང་བཀྲུས་པར་བསམ་མོ།། ཡང་གཞན་གྱིས་མི་ཐུབ་པའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ་ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙཱི་ཏ་ཧཱུཾ། བསྐྱེད་པ་རྐྱེན་གྱི་སྔགས་སོ།། ཏཾ་སྟ་ཏི་སྟ་ཧཱུཾ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་སོ།། སྔགས་བཟླས་ཕྱུག་རྒྱ་བཅིངདྷ་ནས་གཏད་པས་གདོན་ལ་སོགས་པ་ཐམས་ཅད་གཟིར་བར་བྱེད་པའོ།། ་དེ་ནས་ཡང་བདུད་རྩི་འཁྱིལ་པའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ཨོཾ་བཛྲི་ཀྲོ་ཏ་ཧཱུཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཞེས་པ་ནི་བསྐྱེད་པ་རྐྱེན་གྱི་སྔགས་སོ།། ཆེན་ཆེན་ཧཱུཾ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་བསྔགས་སོ།། བསྡོགས་བཟླས ་ཕྱག་རྒྱ་གཏད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་བསྐྱོད་པར་ནུས་ན་གཞན་ལ་སྐུད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ།། དེ་ནས་ཡང་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ཨོཾ ་བཛྲ་ཀྲྀ་ཏ་ཏྲེ་ལོ་ཀྱ་བི་ཙ་ཡ་ཧཱུཾ་ཞེས་བསྐྱོད་པ་རྐྱེན་གྱི་སྔགས་སོ།། བིནྡྷ་བིནྡྷ་ཧཱུཾ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་སོ།། སྔགས་བཟླས་ཕྱག་རྒྱ་བཅིངས་ཏེ། བདག་གི་ཐུགས་ཀ་ནས་ཁྲོ་བོའི་ཞགས་པ་ཐོགས་པ་བཅིང ་བར་བྱེད་དོ།། དེ་ནས་སྟོབས་པོ་ཆེའོ་སྔགས་དང་ཕྱག་རྒྱ་བསྟན་ཏེ། ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་མ་ཧཱ་པ་ལ་ཧཱུཾ་ཞེས་པ་ནི་བསྐྱེད་པ་རྐྱེན་གྱི་སྔགས་སོ།། སྥོ་ཏ་ཡ་སྥོ་ཏ་ཡ་ཧཱུཾ་ཕཊ་ནི་བཟླས་པ་ལས་ཀྱི་སྔགས་སོ།། སྔགས་བཟླས་ཕྱག་རྒྱ ་གཏོད་པས་ཐན་པ་བྱུང་བའི་དུས་ན་ཀླུ་ཐམས་ཅད་བྲེད་ཅིང་བརྒྱལ་ནས་ཆར་འབེབས་པར་བྱེད་དོ།། ཧ་ཅང་ཡང་ཆར་ཆེས་ན་དུར་ཁྲོད་ཀྱི་རས་ལ་འདུག་ནས་སྔགས་མཇུག་ནས་བཟློག་སྟེ་བཟླས་ན་ཆར་པོ་འཆད་པར་འགྱུར ་རོ། དེ་ནས་ཡང་ཁྲོ་མོ་རྣམས་ཀྱི་མཚན་ཉིད་ཐབས་ཀྱི་ལས་ཇི་ལྟར་ཡིན་པ་ལྷུར་ཤེས་པར་བྱའོ།། དཀྱུས་ནི་དགྲོལ་མི་དགོས་སོ།། གཞན་ཡང་སྤྲུལ་པའི་ཕོ་ཉ་དང་ཞེས་པ་ལ་སོགས་པ་རྣམས་ནི། ངེས་པ་མེད་པར་རྒྱལ ་བས་གསུངས་སོ།། སྔགས་དང་ཕྱག་རྒྱའི་ལེའུ་ལོས་ནི་སྔགས་དང་ཕྱག་རྒྱའི་ལེའུའོ།། །། བདུད་རྩི་ཐིགས་པའི་རྒྱ་ཆེར་བཤད་པ་ལས་ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་གིས་བཤད་པའི་ལེའུ་སྟེ། དགུ་པའོ།། ་དེ་ལྟར་སྔགས་དང་ཕྱག་རྒྱ་ལ་སོགས་གསུངས་ཀྱང་སྐས་བསྐྱེད་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རིམ་པར་ཆེ་བ་མེད་ན་ལས་ཀྱི་གོ་སྐབས་ཀྱིས་མི་ཕྱེད་པས། ཏིང་ངེ་འཛིན་རིམ་པར་ཕྱེ་བ་བསྟན ་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ།། ཞེས་བྱ་བར་སྦྱརོ།། གང་གསུངས་ཤེ་ན། ཐབས་འོག་ནས་འབྱུང་བ་འདི་གསུངས་སོ།། ནམ་མཁའི་དབྱིངས་ཀྱི་དབུས ་གནས་པར།། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ནི། ནམ་མཁའི་དབྱིངས་ནི་ཆོས་ཀྱི་འབྱུང་གནས་ཏེ། དེའི་ནང་དུ་ཡི་གེ་བསམས་ལ་དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་མོ།། དེ ་དབུས་བདག་པོའི་གཟུགས་བསམ་སྟེ། ལས་རྣམས་ཐམས་ཅད་བརྩམ་པར་བྱ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཡི་གེ་ཧཱུཾ་ཧཱུཾ་དེ་ལས་རྡོ་རྗེ་རྩེ་དགུ་པ་དེ་ལས་བདག་པོའི་གཟུགས་སུ་བསྐྱེད་དེ། སྐུ ་ཡོངས་སུ་རྫོགས་པ་དང་། ལས་ཐམས་ཅད་བརྩམ་པར་བྱའོ།། ནམ་མཁའི་འཁོར་ལོ་རབ་བསྒྱུར་བས་ཞེས་བྱ་བ་ནི།། ནམ་མཁའི་གཉིས་མེད་པའི་ཡེ་ཤེས་སྟོང་པ་ཉིད་ཡིན་ལ། དེའི་འཁོར་བཅོམ་ལྡན་འདས་རྡོ་རྗེ ་གཞོན་ནུས་བསྒྱུར་བ་ལས་རྣམས་ཐམས་ཅད་བྱེད་པར་འགྱུར་ཏེ། མི་བྱ་བ་གང་ཡང་མེད་དོ།། དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ།། དེ་ནས་སྲས་ཕུར་པ་བསྐྱེད་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ ་སོགས་པ་གསུངས་ཏེ། ཕུར་པ་རྒྱུན་གྱི་ཏིང་འཛིན་འདི་གསུངས་སོ།། ཞེས་བྱ་བ་ནི། མགོ་ནས་འབྱུང་བ་འདི་རྣམས་སོ།། གདེང་དང་ལྡན་པའི་རྣལ་འབྱོར་པས། ཞེས་བྱ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་དང་དུས་རྟག་ཏུ་མི་འབྲལ ་ཞིང་། སེམས་བདེ་བའི་ཉམས་ཡོད་པ་ནི། གདེང་ལེན་པའི་རྣལ་འབྱོར་པས། དེས་བསྒོམ་པར་བྱ་བ་ནི། འདི་སྟེ་དང་པོ་དངོས་མེད་བྱང་ཆུབ་སེམས།། སྟོང་པ་ཆེན་པོའི་ཏིང་འཛིན་ལས། ཞེས་བྱ་བ་ནི། དང ་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཉམས་སུ་བླངས་ནས་བསྒོམས་ཏེ། དངོས་པོ་ཅི་ཡང་མེད་པའི་ངང་ལ་རྫས་ཀྱི་ཕུར་པ་ཁྲོ་བོའི་གཟུགས་སུ་བསྟན་ཏེ། དེ་ཡང་ཇི་ལྟར་རྟག་ཅེ་ན། རྒྱ་མདུད་སྟེང་དུ ་གཞལ་ཡོས་ཁང་།། ཁྲག་འཐུང་ཚོགས་ཀྱིས་རྣམ་པར་བསྒོམ། ཞེས་པའི་བར་གྱིས་བསྟན་ཏེ། རྒྱ་མདུད་དབུ་མའི་སྟེང་རིན་པོ་ཆེ་ཟུར་བརྒྱང་བའི་ནང་དུ་གཞལ་ཡིས་ཁང་བསྒོམ་པར་བྱའོ།། རྒྱན་ལ་སོགས་པ ་གཞུང་གཞན་ལས་གསུངས་པ་ཇི་བཞིན་པའི་རིམ་པའོ་གཞལ་ཡས་ཁང་དེའི་ནང་དུ་ཞིང་རྣམས་ཀྱི་གདན་སྟེངས་སུ་གསལ་བའི་སྟེང་སྟེ། ཉི་མ་དང་ཟླ་བ་གཉིས་བརྩེགས་པའི་སྟེང་དུ་ཁྲག་འཐུང་གི་ཚོགས་འོད ་ཟེར་གྱིས་སྤྱན་དྲངས་ནས། གཞལ་ཡས་ཁང་གི་ནང་དུ་རྒྱས་པར་བསྒོམ་མོ།། དེ་ལ་ཏིང་ངེ་འཛིན་གྱི་མཆོད་པ་དབུ་ལ་ལོ།། དེ་ལས་སྲས་མཆོག་ལ་ཡང་ཞེས་བྱ་བ་ནི། རྟེན་དང་རྟེན་ཅན་དུ་དེ་ལས་སྲས་མཆོག་ཀཱི་ལ ་ཡ་ཞེས་བྱ་བ་ནི། རྟེན་དང་བརྟེན་ཅན་དུ་བཅས་པའི་ཕུར་པ་དེ་ལས་ཏེ་རྟེན་དང་བརྟེན་ཅན་དུ་བཅས་པའི་བདག་གི་ཞལ་དུ་ཐིམ་ནས་ལྟེ་བའི་དབུས་སུ་ཡེ་ཤེས་ཀྱི་མས་བཞུ་ནས། ཡུམ་གྱི་པདྨ་ལ་གསང་བ ་རྡོ་རྗེ་ཡིད་འཕྲོས་པས་སྲས་ཕུར་བུ་བསྙེན་བསྒྲུབ་གཉིས་ལ་ནི་གཅིག་དུ་འགྱུར། ལས་ཀྱི་དུས་སུ་ཉི་ཤུ་རྩ་གཅིག་གོ།། དེ་ཡང་འོད་དཔུང་ལས་ཕྱག་མཚན་ལས་བསྐུར་བསྐྱེད་དོ།། ཞལ་ཅིག་ཕྱག་བཞི་པའོ།། དབུ་སྐྲ་ཁམ ་ནག་གྱེན་དུ་འབར་བ་སྤྱན་གསུམ་པ་ཅན། དེ་ལས་སྲས་མཆོག་ཀཱི་ལ་ཡ་ཞེས་བྱ་བའོ།། རྒྱུ་མདུང་མན་ཆད་ཁྲོ་བོའི་གཟུགས་ཞེས་བྱ་བ་ནི། ཟུར་གསུམ་པར་གནས་པའོ།། ཕུར་པའི་ལྷ་ཉིད་གསལ་བར་བསྒོམ ་ཞེས་བྱ་བ་ནི། ཕུར་པའི་ཐུགས་ཀ་ནས་ཧཱུཾ་ལས་ཡི་གེའི་ཕྲེང་བས་བསྐོར་བར་གནས་ཏེ། ཡིད་ཀྱིས་གསལ་བར་བྲིས་ལྟ་བར་བྱའོ།། དེ་ཉིད་བྱིན་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། སྲས་ཕུར་པ་དེ་ཉིད་བྱིན་དང་ཡང ་ལྡན་པར་བྱ་བའི་ཕྱིར། ཨོཾ་ཧྲིཾ་ཕཊ་ཅེས་ཡིག་འབྲུ་བསམ་ཞེས་བྱ་བ་ནི་ཡི་གེ་གསུམ་པོའོ།། ཡོངས་སུ་བསམ་པར་བྱ་བའོ།། དེ་གང་དུ་བསམ་ཞེ་ན། སྤྱི་བོ་རྒོང་པ་རྩེ་མོ་ལ་ཞེས་གསུངས་ཏེ། སྤྱི་བོ་ཨོཾ་དཀར ་པོའི་རྐེང་པོ་ཧྲི་དམར་པོ།། རྩེ་ལ་ཕཊ་མཐིང་ནག་གོ། དེ་ལྟར་བཀོད་པ་ཇི་ལྟར་བསྒོམ་ཞེ་ན། སྐུ་གསུང་ཐུགས་སུ་བསྒོམ་པར་བྱ་ཞེས་གསུངས་ཏེ། ཨོཾ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐུའི་རྡོ་རྗེ ་བསྒོམ་མོ།། ཧྲི་ལས་པདྨ་འདབ་བརྒྱད་པའི་སྟེང་དུ་གསུང་གི་རྡོ་རྗེ་བསྒོམ་མོ།། ཕཊ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་ཀྱི་རྡོ་རྗེ་བསྒོམ་སྟེ། སྐུས་སྐུ་རྣམ་པར་དག་ཅང་བརྗོད་པར་བྱིན་གྱིས་བརླབ་པ་དང་། ་གསུང་གི་གསུང་རྣམ་པར་དག་ཅིང་དྲག་པོའི་གདངས་སྒྲ་དང་ལྡན་པར་བྱིན་གྱིས་བརླབ་པ་དང་། ཐུགས་ཀྱིས་ཐུགས་རྣམ་པར་དག་ཅིང་ཞེ་སྡང་ཆེན་པོ་ས་སྦྲེལ་བའི་མཐུ་དང་ལྡན་པའོ།། དེ་ནས་ཡེ་ཤེས་ལྔ་དང་ལྡན ་བར་བྱིན་གྱིས་བརླབ་སྟེ། ཡེ་ཤེས་ལྔའི་ཡི་གེ་ལྔ་ཞེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སྩོགས་པ་ལས་བྱུང་བའི་ཡི་གེ་འོག་ནས་འབྱུང་བ་འདི་ལྔའོ།། ཨོཾ་ཨཾ་ཧཱུཾ་སཱ་ཧ། ལྔ་པོ་འདིའོ།། དེ་གང་དུ་བསྒོམ་ཞེ་ན། ་སྤྱི་བོ་ལྕེ་དང་སྙིང་ག་དང་རྐེད་པ་ཡན་ལག་དག་ལེ་སྟྭཾ། ཞེས་བྱ་བ་ནི། སྤྱི་བོ་སྟེ། སྟེང་གི་སྒོར་ཨོཾ་བསྒོམ་མོ།། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བ་སྟེ། དེ་དང་ལྡན་པར་བྱིན་གྱིས་བརླབ་པའོ།། ལྕེ་ལ་ཨཾ་སྟེ ་ས་སོར་རྟོག་པའི་ཡེ་ཤེས་ལས་བྱུང་བ་སྟེ། དེ་དང་ལྡན་པར་བྱིན་གྱིས་བརླབ་པའོ།། རྐེད་པར་སོ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་འབྱུང་། དེ་དང་ལྡན་པར་བྱིན་གྱིས་བརླབ་པའོ།། སྙིང་གར་ཧཱུཾ་སྟེ་མེ་ལོང་ལྟ་བུའི ་ཡེ་ཤེས་ལས་བྱུང་བ་སྟེ། དེ་དང་ལྡན་པར་བྱིན་གྱིས་བརླབ་པའོ།། ཡན་ལག་གི་རྐེང་མཚན་དུ་ཧ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ལས་བྱུང་བ་སྟེ། དེ་དང་ལྡན་པར་བྱིན་གྱིས་བརླབ་པའོ།། དེ་ལྟར་ཡེ་ཤེས་ལྔ་དང ་ལྡན་པར་བྱིན་གྱིས་བརླབས་ནས། ད་ནི་སྤྲོ་སྤུའི་ཡི་གེ་ཐུགས་ཡེ་ཤེས་རྩེ་གཅིག་པར་བྱིན་གྱིས་བརླབས་ཏེ། དེ་བསྣུན་པའི་ཕྱིར། སྤྲོ་དང་བསྡུ་བའི་ཡི་གེ་སྟྭཾ། ཧཱུཾ་གསུམ་དང་ནཱི་ཕཊ་གསུམ་གྱིས། གསུངས ་ཏེ་སྤྲོ་བར་བྱ་བ་སྟེ་ཕཊ་ཏོ།། བསྡུ་བ་རཱི་ཡི་གེ་ཧཱུཾ་ངོ་།། དེ་ལྟ་བའི་ཡི་གེ་དྲུག་པོ་གང་དུ་བཀོད་ཅེ་ན། ངོས་གསུམ་དང་ཟུར་གསུམ་ལ་རྩེ་མོ་གཅིག་ཏུ་བསྒོམ་པར་བྱའོ་ཞེས་གསུངས་ཏེ། དུས་གསུམ་ལ་ཧཱུཾ་གསུམ། ཟུར་གསུམ་ལ ་ཕཊ་གསུམ། ངོས་ཀྱི་ཧཱུཾ་གསུམ་ནི། ཐུགས་ཀྱི་རང་བཞིན་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་གསུམ་མངའ་བས་ཧཱུཾ་གསུམ་སྟེ། དེས་ཉོན་མོངས་པ་འཇོམས ་པའི་རྟགས། ཟུར་གསུམ་ལ་ཕཊ་གསུམ་དུ་བྱུང་བའོ།། དེ་ནས་གསང་བའི་དཀྱིལ་འཁོར་ནི། སྐུ་ཤིན་ཏུ་རྟས་པ་དེའི་ཕྱི་རོལ་གྱི་ཨེའི་གདན་ལ་གདོན་པར་བྱ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིབ་ཏ་ཙཀྲ་ཧཱུཾ་ཛ་ཞེས་བརྗོད་པ། ་གསང་བའི་གནས་ནས་ཨེའི་གདན་ལ་བཞུགས་སུ་གསོལ་ལོ།། བཞུགས་པ་དེ་ལ་དབང་བསྐུར་བར་བྱ་སྟེ། དེ་བསྟན་པའི་ཕྱིར་རིགས་ཀྱི་དབང་མཆོག་ཐོབ་བྱའི་ཕྱིར། ཞེས་པ་ལ་སོགས་པ་གསུངས་ཏེ། རང་གི་རིགས་ཀྱི། ་དབང་བསྐུར་ཏེ། ཞེས་བྱ་བ་ནི་རང་གི་རིགས་སོ་སོའི་དབང་བསྐུར་ཏེ། དེ་ཡང་ཇི་ལྟར་ཞེ་ན། འཚོལ་བར་སྤྲོས་ལ་སོ་སོརི་བསྟི་མོ་ཞེས་གསུངས་ཏེ། འཆོལ་བར་སྤྲོས་པ་ནི་སྐུའི་རིགས་ལ་ཡང་སྐུ་གསུང་ཐུགས་སྤྲོས་ལ་སྐུ ་གསུང་ཐུགས་ལས་ཡང་དེ་བཞིན་ནོ།། དེ་ལྟར་འཆོལ་བར་སྤྲོས་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ་ནས། སྐུ་གསུང་ཐུགས་སུ་དབང་བསྐུར་ཅིག་པར་བསྐུར། ཁམས་གསུམ་གྱི་ཉོན་མོངས ་པ་སྦྱངས་སླར་ལ་རང་རང་གི་རིགས་མ་འཆོལ་བར་བསྡུས་ནས་བསྟིམ་པས། སོ་སོའི་དབང་ཐོབ་སྟེ། བྱིན་དང་ལྡན་པར་འགྱུར་རོ།། དེ་ནས་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ཞིང་། བྱིན་དང་ལྡན་པར་བྱ་བའི ་ཕྱིར། གཡས་གཡོན་ཐབས་དང་ཤེས་རབ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། ལག་པ་གཡས་པ་ཐབས་ཀྱི་རང་བཞིན་ཏེ། དེའི་མཐིལ་དུ་མ་བསམས་ལས། དེ་ལས་ཉི་མོའི་དཀྱིལ་འཁོར་དེའི་སྟེང་དུ། ཨ ་བསམ་ཨ་ལས་ཀུན་ཏུ་བཟང་པོའི་སྐུར་བསྐྱེད་དེ། ལག་པ་གཡོན་པ་ཤེས་རབ་ཀྱི་རང་བཞིན་ཏེ། དེའི་མཐིལ་དུ་ཨ་བསམ། དེ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ། ཨ་བསམ་དེ་ལས་ཀུན་ཏུ་བཟང་མོའི་བསྐུར ་བསྐྱེད་དོ།། དེའི་རྗེས་ལས་གཡས་གཡོན་གཉིས་ཀའི་སོར་མོའི་མཐིལ་བཅུ་ལ་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ།། དེ་ནས་ཐལ་མོ་མཉམ་པོར་སྦྱར་ལ་སུ་རཾ་ཏཱ་སྙོམ་ཞེས་བརྗོད་པས། ཀུན་ཏུ་བཟང་པོ་ཡབ ་ཡུམ་སྦྱོར་བ་མཛད་པས། བྱང་ཆུབ་ཀྱི་སེམས་འོད་ཟེར་དུ་འཕྲོས་ཏེ། ཟླ་བའི་དཀྱིལ་འཁོར་དག་གི་སྟེང་དུ་གནས་པར་གྱུར་ཏེ། གཡས་པའི་ལྔ་ལ་གུང་མོ་ལ་ཨཾ་མཐེ་བོང་ལ་ཧཱུཾ་མཛུམ་མོ་ལ་ཏྲཾ། སྲིན་ལག་ལ་སྲི ་མཐེ་ཆུང་ལ་ཧ་བསམ་པར་བྱའོ།། གཡོན་པ་རྣམས་ལ་ཡད་དེ་རྣམས་བསམ་པར་བྱའོ།། དེ་ལས་སྐུ་ཡོངས་སུ་རྫོགས་པར་བསྐྱོད་དེ་ལས་སོར་མོ་ཡབ་ཡུམ་བཅུར་སྐོམ་ཞེས་གསུངས་པའོ།། ཡབ་ཡུམ་བཅུ་པོ ་སྦྱོར་བའི་བརྡའ་བསྐུལ་ཏེ། ཨོཾ་བཛྲ་ཨ་ཙ་ལ་ཧཱུཾ་ཞེས་བརྗོད་པས། ཡབ་ཡུབ་རྡོ་རྗེ་དང་པདྨ་ཕྲད་པ་སྟེ། སོར་མོ་ཅུང་ཟད་བསྣོལ་ལ་ཨོཾ་བཛྲ་བན་ཧཱུཾ་ཞེས་བརྗོད་པས་ཡབ་ཡུམ་སྟོང་སྨད་འཁྱུད་པ་སྟེ། སོར་མོ་རྒྱབ་ཏུ་བསྣོལ་ཏེ་བསྡམ ་པོ་འོ་དེ་ནས་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་གནས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཙ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧི་ཞེས་བརྗོད་པས། ཡུམ་གྱི་བ་སྤུའི་བུ་ག་ནས་བྱང་ཆུབ་ཀྱི་སེམས་འཕྲོས་ཏེ། དུས་གསུམ་གྱི་བདེ་བར ་གཤེགས་པ་ལ་མཆོད་པ་ཕུལ། སྲས་ཕུར་པ་འདི་ལ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཅིག་པའི་བྱིན་པ། རླབས་འོད་འཕྲོས་པས། ཞེས་གསུངས་པ་ཡིན་ནོ།། དེ་ནས་ཕུར་པ་ལག་པས་བླངས་ལ་ས་མ་ཡ་སྟྭཾ་ཞེས་བརྗོད ་ལ་ཐུང་། མཐེ་བོང་དང་སྟན་ལག་གུང་མོ་ནི་སྐུ་གསུང་ཐུགས་ཀྱི་དབུས་སུ་གཙུག་ལ་ལོག་པའི་རྟིང་པ་ཕྱི་སྟེ། སོར་མོ་རྣམས་ཀྱིས་ཕུར་པ་དྲིལ་ཞིང་། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཞེས་བརྗོད་པས། དུས་གསུམ་གྱི་བདེ་བར ་གཤེགས་པ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར། སྲས་ཕུར་པ་ལ་ཐིམ་སྟེ། ཐིམ་པས་བྱང་ཆུབ་སེམས་ཀྱི་དབང་ཐོབ་ནས་ཤིན་ཏུ་འོད་འཕྲོས་པར་འགྱུར་རོ།། དེ་ལ་ནི་འདུ་བྱེད་ལས་ཀྱིས ་བྱིན་གྱིས་བརླབས་ཞེས་གསུངས་ཏེ། ལག་པ་གཡས་གཡོན་གྱི་ཐབས་ཤེས་རབ་གཉིས་ཀྱི་འདུ་བྱེད་ཀྱིས་བསྐུལ་ཏེ་བྱིན་གྱིས་བརླབས་པའོ།། ཕྱོགས་བཅུ་རྒྱལ་བ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་སྲས་དེ་ལ་བསྟིམས་པས ་དེདོ་ལ་ནི། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས་དཔར་མ་ཆུད་པར་དེ་ལ་བསྟིམས།། ཞེས་གསུངས་ཏེ། སྒྲས་ཕུར་པ་དེ་ལ་བར་མ་ཆད་པར་བསྟིམ་ཞིང་དབང་བསྐུར་བའོ།། དེས་ཀྱང་བྱིན་ཆེན ་འདུས་པོར་འགྱུར་ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་དེས་ཀྱང་དུས་གསུམ་གྱི་བདེ་བར་གཤེགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་བྱིན་བརླབས་ཐམས་ཅད་སྲས་ཕུར་པ་ལ་འདུས་པར་གྱུར་ཏོ།། དེ་ནས་ཡང་སྐྱོ ་གསུང་ཐུགས་དབང་སྟེ། དེའི་ཕྱིར་དེ་ནས་སྐུ་གསུང་ཐུགས་ཉིད་དུ།། བྱིན་གྱིས་བརླབ་ཅིང་བསྟན་བྱ་སྟེ། ཞེས་གསུངས་ཏེ། སྔོན་ལ་ཐུགས་སུ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་བསྟན་ཏེ། བདག་ཉིད་ལས་ཐུགས་ཕྱག་མཚན ་མང་པོ་སྤྲོས་པས་ལས་གཉིས་བྱས་ཏེ་སེམས་ཅན་གྱི་ཀུན་གཞི་ལ་གནས་པའི་བག་ཆགས་སྦྱངས། བདེ་བར་གཤེགས་པས་སྲས་ཕུར་པ་ལ། ཐུགས་རྗེས་བྱིན་གྱིས་རློབས་ཤིག་པར་བསྐུལ་ནས། ཕར་འཕྲོས་པས་སླར་འདུས ་པབ་དང་དུས་གསུམ་གྱི་བདེ་བར་གཤེགས་པའི་ཐུགས་ཀ་ནས་ཀྱང་ཕྱག་མཚན་མང་པོ་སྲས་ཕུར་པ་ལ་གཉིས་སུ་མེད་པར་བསྟིམས་པས་སྲས་ཕུར་པའི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་ཤིན་ཏུ་ཐུགས་བསྟན་ཞིང་འོད་འཕྲོ་བར་འགྱུར ་ཏེ། ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་སྭ་ཏཱ་ར་ཙཧཱུཾ་ཞེས་བརྗོད་ཅིང་བསྟིམ་པའོ།། དེས་ནི་ཐུགས་ཉིད་རྡོ་རྗེར་འགྱུར་ཞེས་གསུངས་ཏེ། བརྟན་པའི་ཕྱིར་རྡོ་རྗེའོ།། དེ་ནས་གསུང་གིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་ཏེ ་ལག་གཉིས་སོར་མོ་རྩེ་སྤྲད་དོ་ཞེས་བྱ་བ་ནི། ལག་པའི་སོར་མོ་ཀུན་སྤྲད་ཅིང་མ་སྦྲིད་ལ་ཁང་པ་ཙམ་བྱ་སྟེ། པདྨ་ལྟ་བུར་བྱས་པའི་ཕུར་པ་ལག་པའི་རྟིང་པའི་བར་དུ་བཅུག་སྟེ། རྟིང་པས་ཕུར་བུ་དྲིལ་བར་བྱ་ཞིང་། རྣལ ་འབྱོར་རྡོ་རྗེའི་ཚིག་ཏུ་བརྗོད་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཕུར་བུ་བྷ་ཏེ་ཕཊ། ཅེས་བརྗོད་པས་བདག་ཉིད་ཀྱི་ཐུགས་ཀ་ནས་ཧཱུཾ། མང་པོ་འཕྲོས་ཏེ་ལས་གཉིས་བྱས་ཏེ། སེམས་ཅན་ངག་གི་མི་དགེ་བ་ཐམས་ཅད་སྦྱངས་དུས ་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ལ་སྲས་ཕུར་པ་ལ་གསུང་གིས་དབང་བསྐུར་ཞིང་བྱིན་གྱིས་རློབས་ཤིག་པར་བསྐུལ་བས། ཧཱུ~ཾ་འཕྲོས་པ་ཉིད་དང་བདེ་བར་གཤེགས་པའི་ཐུགས་ཀ་ནས་གསུང་ཡིག་འབྲུ་མང་པོ ་སླར་འདུས་ནས་སྲས་པོའི་གསུང་གི་གནས་སུ་བྱིན་གྱིས་བརླབ་ཅིང་བསྟིམ་མོ།། དེ་ནི་གསུང་ཉིད་རྡོ་རྗེར་འགྱུར་ཞེས་ཏེ། དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་གསུང་བསྟན་ཞིང་ཁྲོས་པའི་གདངས་དང་ལྡན་པའོ།། དེ་ནས ་ཡང་སྐུའི་དབང་བསྐུར་ཞིང་བྱིན་བརླབ་པ་སྟོན་ཏོ།། ལག་གཉིས་སོར་མོ་རྒྱབ་བསྣོལ་ཏེ། མཐེ་བོང་གཤིབས་པའི་ཆུང་བ་རུ་ཞེས་བྱ་བ་ནི། ལག་པ་གཉིས་བསྣོལ་ཐལ་མོ་སྦྱར་ལ་སོར་མོ་རྣམས་བརྒྱབ་ཏུ་བསྣོལ་ཏེ། མཐེ་བོང ་གཉིས་གཞིབས་ཏེ། དེའི་བར་དུ་ཕུར་པ་བཅུག་ལ་རྡོ་རྗེ་བཅུག་ལ་རྡོ་རྗེ་ཕུར་བུ་དེ་འདྲིལ་བར་བྱས་ཤིང་རྣལ་འབྱོར་པས་ཀྱང་། རྡོ་རྗེའི་ཚིག་ཏུ་བརྗོད་པའི་སྔགས་འོག་ནས་འབྱུང་བ་འདིའོ།། ཨོཾ་ཧ་ན་ཧ་ན་སྟི་སྟ་ཙཀྲ་ཧཱུ~ཾ་ཕཊ་ཅེས་བརྗོད ་པས་བདག་ཉིད་ཀྱི་ཐུགས་ཀྭ་ནས་སྐུ་མང་པོ་སྤྲོས་པ་ལས་གཉིས་བྱས་ཏེ། སེམས་ཀྱི་ལུས་ཀྱི་མི་དགེ་བ་ཐམས་ཅད་སྦྱངས། བདེ་བར་གཤེགས་པས་སྲས་ཕུར་པ་ལ་དབང་བསྐུར་ཅིག་པར་བསྐུལ་བས། སྐུ་འཕྲོས་པ་དེ་ཉིད ་དང་བདེ་བར་གཤེགས་པའི་ཐུགས་ཀ་ནས། སྐུ་མང་པོ་བྱུང་ནས་སྲས་ཕུར་པ་ལ་ཐིམ་པས་སྐུའི་གནས་གང་ཡིན་པ་དེ་ལ་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་དེས་ནི་ལུས་ཉིད་རྡོ་རྗེར་འགྱུར། དེ་ནས་སྲས་ཕུར་པ་དེ་ལ ་མཆོད་པ་བྱ་བ་བསྟན་ཏེ། དེའི་ཕྱིར་དེ་ནས་ཕུར་བུ་རྒྱན་གྱི་ཏི་ང་ངེ་འཛིན་འདི་གསུངས་སོ།། ཞེས་བྱ་བ་ནི། སྲས་ཕུར་པ་ལ་དབང་བསྐུར་བའི་དེ་མ་ཐག་པ་དེ་ནས་མཆོད་པར་བྱ་བ་འོག་ནས་འབྱུང་བ་འདི་གསུངས་སོ།། ཨེ་ཡི ་གདན་ལ་བཞུགས་པ་ཡི།། ཁྲོས་པའི་རྒྱལ་པོ་དེ་ཉིད་ལ། ཞེས་བྱ་བ་ནི། ཨེའི་གདན་ལ་བཞུགས་པ་ནི་ཤེས་རབ་ལས་བྱུང་བའི་རྟགས་ཏེ། ཁྲོས་པའི་རྒྱལ་པོས་དེ་ཉིད་ལ་མཆོད་པར་དབུལ་བར་བྱ་བ་ཡིན་ཏེ། བདག་ཉིད ་ཀྱི་ཐུགས་ཀ་ནས་དུ་བ་ལ་སོགས་པའི་ལྷ་མོ་རྣམས་སྟོན་ནས། དེས་ཕྱིའི་མཆོད་པ་དབུལ་བའོ།། ས་ལེ་ལ་སོགས་པས་ནང་གི་མཆོད་པ་དབུལ་བའོ།། ཡུངས་ཀར་རྒྱལ་པོས་བརྡེག་བྱ་ཞིང་། ཞེས་པ་ནི། ལག ་མཐིལ་གཉིས་ལ་ཉི་མ་དང་ཟླ་བ་བསམས་ལ། ཉི་མ་དང་ཟླ་བ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཏེ། གཉིས་ཀྱི་དབུས་སུ་ཡུངས་ཀར་བཞག་པས་ཐབས་དང་ཤེས་རབ་ཀྱི་མཐུས་ཡུ་ཀར་ཁྲོ་ཆུང་ངུ་གྱུར་ཏེ། དེས ་ཕར་པ་ལ་བརྡེགས་པས་ཁྲོ་ཆུང་ཕུར་པ་ལ་ཐིམ་པས་ཤིན་ཏུ་རྣོ་ཞིང་དཔལ་དང་ལྡན་དེ་འོད་ཟེར་འབར་ཁར་གྱུར་ཏེ། རྩེ་གཅིག་རྡོ་རྗེར་བྱིན་གྱིས་བརླབས་ཞེས་གསུངས་སོ།། ལག་མཐིལ་གཡས་སུ་སྦྱར་བ་ཡི།། གུ་གུལ་དུད་པ ་སྤྱན་ཕུང་གིས།། གཏུག་ཆེན་མཆོད་པས་མཆོད་པར་བསྒོམ་ཞེས་བྱ་བ་ནི། ལག་མཐིལ་གཡས་སུ་ཡི་གེ་ཧོ་བསམ་ལ། ཡི་གེ་ཡོངས་སུ་གྱུར་པ་ལས་མེ་དཔུང་འབར་བར་བསམས་པ་དེ་ལ་གུ་གུལ་བསྲེགས་ཏེ། སྲས ་ཕུ་ར་པ་ལ་གཏུགས་པས་གུ་གུལ་གྱི་དུད་པས་མཆོད་པ་ཕུལ་བར་བསམ། ཧོ་ལས་འབྱུང་བ་མེའི་དུར་ཁྲོད་ཀྱི་མེ་དཔུང་གི་དཀྱིལ་ན་བཞུགས་པར་བསམ་མོ།། ཕྱི་ནང་མཆོད་པ་ཅི་འབྱོར་པས། མཆོད་དེ་ལས་གང་བསྒོམ ་པར་བྱ་ཞེས་བྱ་བ་ནི། ཕྱི་ནང་གི་མཆོད་པ་ནི་གོང་དུ་གསུངས་སོ།། དེ་ལྟར་མཆོད་པ་བྱས་པའི་རྗེས་ལ་བ་སྟོད་པ་ནི།། ཧཱུཾ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར ་དུ་ཨོཾ་བཛྲ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ཐུགས་རྗེ་མཉམ་པའི་དབྱིངས་ནས་སྤྲུལ་པ་འགྱེད།། ཞེ་སྡང་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད།། བསྐལ་པ་མ་ལྟར་འབར་བའི་གླིང་དཀྱིལ་ནས།། མཐིང་ནག་གྲུ ་གསུམ་འབར་བའི་དཀྱིལ་འཁོར་དུ།། བྷཱུད་ཏ་འདུས་པཱ་འི་སྲས་མཆོག་ཀཱི་ལ་ཡ།། སྐུ་མཆོག་རྫོགས་པརཱི་སྐུ་ལ་འོད་ཟེར་འཕྲོ།། གཏི་མུག་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད།། བསྐལ་པ་མེ་ལྟར་འབར་བ་འི་ཀློང ་དཀྱིལ་ནས།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ།། རང་ན་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ཡོན་ཏན་རྒྱ་མཚོར་འཁྱིལ་ཞིང་དབྱིངས་ནས་གསལ།། ང་རྒྱལ་བདུད་འདུལ་སྐུ་ལ་ཕྱག་འཚལ ་བསྟོད།། བསྐལ་པ་མེ་ལྟར་འབར་ཀློང་དཀྱིལ་ནས།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ།། པདྨ་འདུས་པའི་སྲས་མཆོག་ཀཱི་ལྀ་ཡ།། གསུང་མཆོག་བསྒྲགས་པས་འགྲོ་བ་མཐའ་དག ་འདུལ།། འདོད་ཆགས་བདུད་འདུལ་ལ་ཕྱག་འཚལ་བསྟོད།། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ།། ཀཱར་མ་འདུས་པའི་སྲས་མཆོག་ཀཱི་ལ ་ཡང་འཕྲིན་ལག་དྲག་པོས་ལོག་སྟེ་ངུལ་མཛད་ཅིང་།། ཕྲག་དོག་བདུད་འདུལ་སྐུ་ལ་ཕྱག་འཚལ་ལོ།། ཞེས་བསྟོད་ནས་བདག་གི་བསྣག་པའི་ལས་འདི་ལྟ་བུ་གྲུབ་པར་མཛོད་ཅིག། ཅེས་བསྒོ་བའོ།། དེ་ནས ་ཡང་སྟོན་པས་བཟླས་མཆོག་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། བདག་ཉིད་དང་པོ་རྣལ་འབྱོར་དུ་འདུག་སྟེ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ། ཞེས་བྱ་བ་ནི། བདག་ཉིད་དང་པོ་བདག་ལ་མཆོད་པ ་དང་བསྟོད་པ་བྱས་པའི་དེ་མ་ཐག་པར། ལྷའི་རྣལ་འབྱོར་ལས་མ་འཕོས་པར།། བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་རྡོ་རྗེའི་ནང་ཉི་མའི་དཀྱིལ་འཁོར་བསྒོམ་མོ།། དེའི་སྟེང་དུ་མཐིང་ནག ་འབར་བའི་ཧཱུཾ་བསྒོམ་མོ།། ཧཱུཾ་དྭེ་ལ་ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ།། ཧཱུཾ་ཕཊ། ཅེས་པ་ནི་བསྙེན་པའི་དུས་སུ་བསྐོར་ལ་བྱའོ།། བསྒྲུབ་པའི་དུས་སུ་ཤར་ལ་འབྱུང་བ་བྱའོ།། ལུས་ཀྱི་དུས་སུ་ཞར་ལ་འབྱུང་བ་བྱེ་བའི།། ལས ་ཀྱི་རུས་སུ་གང་གོས་སྤྲོས་པའོ།། དེ་ལ་བསྐོར་བ་ལ་ནི། སྔགས་ཀྱི་ཡི་གེ་རབ་བསྐོར་ཞེས་གསུངས་པའོ།། ཕུར་པ་ལ་ཡང་དེ་བཞིན་ཏེ་ཞེས་བྱ་བ་ནི། ཕུར་པ་ལ་ཡང་གོང་དུ་བསྟན་པ་བཞིན་དུ་བྱ་བའོ།། རང་སྔགས ་ཚིགས་སུ་བརྗོད་པ་ལས་ཞེས་བྱ་བ་ནི། ཡི་གེ་བསྐུལ་བ་དང་སྤྲོ་བའི་སྔགས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་པ་རྡོ་རྗེའི་ཚིག་དུ་བརྗོད་པས།། ཧཱུཾ་ཡན་ཆད་ནི་བསྐུལ་བའོ།། ཕཊ་ཀྱིས་བསྐུལ་བ་ནི་སྤྲོ་བའོ།། དེ་ལྟར ་སྔགས་དྲག་དལ་ཕྱེད་པར་བཟླས་པས། ཡི་གེ་ལས་འོད་དུ་འཕྲོས་པས། འོད་དེ་རྩ་གཡས་ནས་ཞུགས་སྣའི་བུ་ག་གཡས་ནས་འཐོན། སྲས་ཕུར་པའི་སྣ་གཡོན་ན་ས་ཞུགས་སྙིང་གའི་ཡི་གེའི་རྣམས་བསྐུལ ་སྲེས་ཕུར་པ་ཉིད་ཤིན་ཏུ་འོད་ཟེར་འཕྲོ་བ་བྱས། རྩ་དབུས་མ་ནས་མར་ཞུགས་ལྟེ་བའི་དབུས་ནས་འབྱུང་བདག་ཉིད་ཀྱི་ལྟེ་བའི་སྦུ་གུ་ནས་ཞུགས་བདག་གི་ལུས་འོད་ཟེར་ཅན་དུ་བྱས་སྙིང་གའི་ཡི་གེ་བསྐུལ་རྩ་གཡས ་པ་ནས་འོད་དུ་འབར་དེ་བཞིན་དུ་མགལ་མེ་ཆད་པ་ལ་བསྐོར་བ་ཇི་བཞིན་ཏེ། སྤྲོ་བ་དང་བསྡུ་བའི་ཡི་གེའི་ལས་ཀྱི་སྐབས་ཀྱིས་འཁོར་རོ།། དེའི་ཞར་ལ་བྱུང་བའི་ཏིང་ངེ་འཛིན་བསྙེན་པའི་དུས་སུ་འོད་ཟེར་ཕར་འཕྲོ་བ ་ཙམ་ན། དེ་ལ་འོད་ཟེར་མགར་བའི་ཚེ་ཆ་བཞིན་དུ་ཕྱོགས་བཅུར་འཕྲོས་པ་དེའི་ལས་གཉིས་བྱས་ཏེ། ཁམས་གསུམ་གྱི་སེམས་ཅན་ལོག་པར་ལྟ་བ་རྣམས་བསྒྲིལ་བདེ་བར་གཤེགས་པ་རྣམས་ལ་དྲག་པོའི་ཕུར་པ་འདི་བྱིན་གྱིས ་རློབས་ཤིག་པར་བསྐུལ་བས། དུས་གསུམ་གྱི་བདེ་བར་གཤེགས་པའི་ཐུགས་ཀ་ནས། ཕུར་པ་ཕྲ་མོའི་སྐུར་འཕྲོས་ཏེ། སྲས་ཕུར་བུ་རབ་ཏུ་ཁྲོས་པའི་སྙིང་གར་བསྟིམ་ལ་བྱས་ནས་གཟི་བྱིན་བསྐྱེད་ཅིང་མཐུ་བསྐྱེད་པར ་བྱ་བའོ།། སྒྲུབ་པའི་དུས་སུ་ཞོར་ལས་བྱུང་བའི་ཏིང་ངེ་འཛིན་ཏེ་འོད་ལས་ཁྲོ་ཆུང་ལྕགས་ཀྱུ་ཅན་དུ་གྱུར་ཏེ། དེས་གཟས་པ་པོ་གང་ཡིན་པའི་རྣམ་ཤེས་དེ་བཀུག་ནས་སྲས་ཕུར་བུའི་འོག་ཏུ་ཆུད་པར་བསམས་པའོ།། ་ལས་ཀྱི་དུས་ནི་བདག་དང་ཕུར་བུ་གཉིས་དང་། ཕྱོགས་བཅུའི་ཁྲོ་བོ་མདུན་གྱི་ཐུགས་ཀ་ནས། སྤྲོ་ཞིང་དགུག་པར་བྱ་བའོ།། གྲངས་ཀྱི་བསྙེན་པའི་དུས་སུ་ནི་ས་ཡའོ།། བསྒྲུབ་བྱའི་དུསུ་ནི་འབུམ་མམཉིས་འབུམ་མཾ། སུམ་འབུམ་མོ།། ་དུས་སུ་ནི་རེ་རེ་ལ་བརྒྱ་རྩ་བརྒྱད་བརྒྱད་དོ།། དེ་ལྟ་བུའི་གྲངས་ཀྱི་བསྙེན་པོ་ཚང་བ་ནི། མཚན་མ་དབྱུང་བ་རེ་གདོན་མི་ཟ་ཞེས་བྱ་བའི་མཚན་མ་རྣམ་པ་ལྔ་སྟེ། དང་པོ་དུ་བེ་འདྲ་བ་དང་གཉིས་པ་མར་མེ་འདྲ་བ་དང་། ་ཞེས་པ་ལ་སོགས་པ་འབྱུང་ངོ་།། མདོར་ན་རྟགས་སྐུའི་མཚན་མ་བྱུང་ནའོ།། དྲག་པོའི་རྟགས་གསུམ་ནི།། རབ་ཀྱིས་མངོན་དུ་ཁུགས་པ་དང་། འབྲིང་གཱིས་ལིང་གར་ཁུགས་པ་དང་། ཐ་མས་མཚན ་མ་རྟག་ཏུ་འོང་སྟེ། དེ་ལྟ་བུའི་མཚན་མ་བྱུང་སྟེ། བསྙེན་པ་གྲངས་ཚད་ནའོ།། དུས་ཀྱི་མཚན་མ་ནི་ཟླ་གྲངས་དང་ལོ་གྲངས་ཞག་གྲངས་ཀྱི་དུས་སུའོ།། མཚན་མའི་བསྙེན་པ་ནི་མཚན་མ་ནམ་བྱུང་གི་བར་དུ་སྟེ། མཚན་མ ་མཐོང་བ་ན་བསྙེན་པ་ཚང་བའོ།། དེ་ལྟར་བསྙེན་པ་དང་བསྒྲུབ་པ་དང་ལས་ཀྱི་མཚན་མ་བྱུང་བ་དང་། གདོད་ལས་འོག་ནས་འབྱུང་བ་ལ་སྦྱར་བའོ།། དེ་ནས་ཕུར་པ་གདབ་པའི་ཏིང་ངེ་འཛིན་པ་སྙན་ཏེ། དེའི་ཕྱིར་དེ་ནས ་གདབ་པར་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ཞེས་པ་ལ་སོགས་པས་བསྟན་ཏེ། ཏི་བ་ཏ་ཙཀྲ་ཕུར་པའི་ལྷ་ཞེས་བྱ་བ་ནི། སྲས་ཕུར་པ་ཉིད་ལ་བྱ་སྟེ། རྫས་ཀྱི་ཕུར་པའི་ལྷའོ།། ཁྲོས་པ་མི་ཟད་འབར་བ་ཡི།། ་སྲས་ཕུར་པོ་དེ་ཤིན་ཏུ་ཡང་ཁྲོས་པ་མི་ཟད་པའི་འོད་ཟེར་འབར་བའོ།། རྐེད་ནས་ལག་གཡོན་འདེབས་ཚུལ་དུ་ཞེས་བྱ་བ་ནི། ཕུར་པའི་རྐེད་པ་ནས་ལག་པི་གཡོན་པས་བཟུང་སྟེ། འདེབས་པའི་ཚུལ་དུ་གཟས་པ ་པོའི་གཡས་པའི་ཐོ་བས་རྡེག་ཚུལ་དུ་བྱ་ཞེས་པ་ནི། གཡས་པའི་ཐོ་བས་འབྱར་ཚུལ་གྱིས་བརྡེག་པ་སྟེ་འབྱོར་པའོ།། རྡོ་རྗེ་སྡེར་མོའི་སྔགས་འདི་ཡིས།། བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་ཞེས་བྱ་བ་ནི། འདེབས་པའི་དུས ་དུས་སུ། སོ་སོའི་སྔགས་དང་སྒྲོགས་ལ་གྲངས་ནི་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་པས་གདབ་པའོ།། རྡོ་རྗེ་སྡེར་མོའི་སྔགས་འདིའོ།། ཨོཾ་ན་མཿས་མནྟ་ཀ་ཡ་བཀྵིཏྟ་ནན། ཨོཾ་གྷ་གྷ་གྷ་ཏ་ཡ་སརྦ་དུ་སྟན་མཱ་ར་ཡ་ཕཊ། ་ཀཱི་ལི་ཀཱི་ལི་ཡཱ་སརྦ་པཱ་པཾ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་ཏ་རོད་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་བཀྲྀཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། དྲག་ཏུ་བརྗོད་ཅིང་གདབ་པར་བྱ་ཞེས་བྱ་བ་ནི། སྔགས་སོ་སོ་དང་སྒྲོགས་པ་སྟེ་ཅི་དྲུག་ཏུ་བརྗོད་ལེ་གནས་སུ་གདབ་པ ་སྟྭཾ། སྔོན་ལ་སྙིང་ལ་གདབ་པ་སྟེ། སྐབས་དེ་རུ་ཚེ་ལུང་ཁྲུས་ལུང་གཉིས་བྱ་བ་སྟེ། སྔགས་འོག་ནས་འབྱུང་བས་བྱའོ།། དེ་ནས་གཟུགས་དེ་ཉིད་བཀུག་ཅིང་བསྟན་པར་བྱའོ།། བསྟན་པར་བྱ་ཞིང་གདབ་པའི་ཕྱིར། ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། གཟུགས་ལྔ་བསྡུ་ཞིང་མཚན་མར་གདབ་པར་བྱ་བའི་ཕྱིར། རྡོ་རྗེ་ཚིག་ཏུ་འོག་ནས་འབྱུང་བ་འདི་བརྗོད་དོ།། དམ་ཚིག་ཅན་གྱི་དུས་ལ་བྱབ་ཅེས་བྱ་བ་ནི། བདགོ་ཉིད་ཆེན་མོའི་སྔོན་བཅོམ་ལྡན ་འདས་ཀྱི་སྤྱན་སྡེ་རུ་རང་གི་སྲོག་གི་སྙིང་པོ་མདོང་སོལ་དུ་ཕུལ་ནས་རྣལ་འབྱོར་པའི་གྲོགས་བྱ་བར་ཁས་བླངསེ་ཤིང་དམ་བཅས་པའི་དམ་ཚིག་ཅན་དང་། ཤོ་ན་མུ་ཀ་སྔོན་གདུག་པ་ཅན་འཇོམས་པའི་དུས་ན་ཟངས་ཀྱི ་ཝ་མོ་ལ་ཟངས་ཀྱི་མི་མོ་ཞོན་ནས་ལྕགས་ཀྱི་སྤྱང་གི་བརྒྱད་ནི་གཡོན་ན་ཁྲིད་དཔལ་གྱི་ཁྱི་བརྒྱད་ནི་གཡས་ན་ཁྲིད་ནས་ཁྲག་འཐུང་གི་རྒྱལ་པོ་ཅི་བགྱི་བཀའ་བསྩལ་དུ་གསོལ་ཞེས་ཟེར་ཞིང་འོང་བའི་དུས་སུ་དམ ་ཚིག་ཕོག་ཅིག་དམ་ལ་བཏགས་པའི་དམ་ཚིག་ཅན་དང་། ས་བདག་ཆེན་མོའི་ཕུར་བུའི་སྲུང་མར་ཁས་བླངས་ཤིང་ངམ་བཅས་ཏེ། དབང་བསྐུར་བས་མོས་པའི་ས་ལ་དབང་བས་ས་བདག་སྟེ་དེའི་དུས་སུ ་དམ་ལ་བཏགས་པའི་དམ་ཚིག་ཅན་དང་། དེ་རྣམས་ཀྱི་སྲོག་གི་སྙིང་པོའི་དམ་ལ་མ་འདའ་བར་ལས་གྱིས་ཤིག་པ་སྟེ། དགུག་པའི་ལས་བསྐུལ་ཞིང་བཏང་བའོ།། དེ་ཡང་ཇི་ལྟར་བཏང་ཞེ་ན། བདག་ཉིད་ཆེན་མོ་ནི་མཐུའི ་བདག་ཉིད་དུ་གྱུར་པ་རེ་མ་ཏི་བསྐལ་ཏེ། བསྒྲུབ་པའི་དུས་སུ་ཤ་ཆེན་དང་གསུར་ཆེན་དང་ནལ་གྱི་ཤ་དང་ཁྲག་ཆེན་དང་གླ་བ་ཤིང་ཀུན་ཅན་དྲན་དཀར་དམར་རྣམས་ཀྱི་མཆོད་པ་དབུལ་ཞིང་། གཞུང་གཞན་ནས ་བྱུང་བའི་ཚིག་བཤད་ཀྱིས་བཅོ་ལ་བ་བྱ་ཞིང་སྲོག་གི་སྙིང་པོ་ནས་དྲང་ཞིང་ལས་ལ་བཏང་ངོ་།། དེ་ནས་ཡང་ཤོ་ན་མུ་ཀའི་བསྐུལ་བ་ནི། ཉི་མའི་མཆོད་པ་ཕུལ་ལ་ལས་བཅོལ་བ་ནི། དེ་ཡང་ཅིའི་ཕྱིར་ཞེ་ན། བཤད ་པའི་རྒྱུད་ཀྱི་རྗེས་འབྲངས་ནས། ཤོ་ན་མུ་ཀ་བསྐུལ་པ་ནི། ཉི་མའི་མཆོད་པ་ཕུལ་ལ་བསྐུལ་ཞེས་པ་སྟེ། དེ་ཡང་སྲོག་གི་སྙིང་པོ་ནས་དྲངས་ཤིང་ལས་བཅོལ་ལོ།། དེ་ནས་ཡང་ས་བདག་ཆེན་མོ་ལ་ལས་བཅོལ་ཏེ། ་སྣོད་ཀྱི་ཁྲག་སྣོད་ཀྱི་ཤ་ལས་གཞི་བླངས་པའི་གཏོར་མ་བྱིན་ལ་སྔོན་གྱི་ལོ་རྒྱུས་དང་། དམ་ཇི་ལྟར་གསལ་བ་ཡང་བརྗོད་ལ་སྲོག་གི་སྙིང་པོ་ནས་དྲངས་ལ་ལས་བཅོལ་ལོ།། དེ་ནས་འཕྲ་མེན་མ་ལས་ལ་བསྐུལ་ཏེ། ་སྙིང་སྣ་མང་པོ་དང་། ཁྲག་སྣ་མང་པོ་དང་། གཏོར་མ་བྱས་ཏེ། མིང་ནས་བོས་ལ་འཕྲ་མེན་མ་བཅུ་དྲུག་ལས་ལ་བཏང་ངོ་།། དེ་ནས་ཡང་སྲིན་མོའི་ཚོགས་ལ་ལས་བཅོལ་ཏེ། སྙིང་གི་རྩ་བ་ནི་སྲོག་པ་རྩ་སྟེ། དེ་ལས ་གཞི་བླངས་ཏེ་གཏོར་མ་བྱས་ལི་མཚན་ཚིག་ནས་བོས་ལ་གཏོར་མ་བྱིན་ལ་ལས་བཅོལ་བ་སྟེ། གཏོར་མོ་བྱིན་གྱིས་བྱིན་གྱིས་བརླབ་པ་བདུད་རྩིར་བྱིན་གྱིས་བརླབ་པ་སྟེ། གོང་ནས་གསུངས་པའི་རིམ་པའོ།། དེ་ནི ་བསྒྲུབ་པའི་དུས་སུ་སྦྱོར་ཅིག། དྲག་པོའི་དུས་སུ་ནི་ལས་ཀྱི་སྔགས་བཟླས་ཤིང་ཁྲག་སྤངས་ཀྱི་བརྡེག་པའོ།། བསྙེན་པའི་དུས་སུ་ནི་གཏོར་མེ་བྱིན་གྱི་ལས་བཅོལ་བ་ནི་མ་ཡིན་ནོ།། དེ་ལྟར་གཏོར་མ་བྱིན་ནས་ལས ་བཙལ་བ་ནི། ཅི་ལ་དགོས་ཤེ་ན། དེ་བསྟན་པའི་ཕྱིར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཞེས་པ་ལ་སོགས་པ་བསྟན་ཏོ།། དེ་ཡང་ཆོས་ཀྱི་དབྱིངས་སུ་བསྒོམ་པའི་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པ་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། དུས་གསུམ་གྱི་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་གདུང་འཚེབ་ཅིང་བདེ་བར་གཤེགས་པའི ་སྐུའི་རིགས་དང་། གསུང་གི་རིགས་དང་ཐུགས་ཀྱི་རིགས་དང་། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་གྱི་ས་འཛིན་ཅིང་བསྒོམ་པའི་རྣལ་འབྱོར་པ་བདག་ཅག་རྣམས་ལ་ནི། བདག་གི་སྒོ་མ་ལ་གནོད་ཅིང་ལུས་དང ་ཚེ་ལ་གདུག་པའི་སྒྲ་དང་བགེགས་སམ་གང་ཡིན་པ་དང་། འོན་ཏེ་བདུད་དང་། སྲོག་གི་བར་དུ་གཅོད་པ་དང་། དགྲ་སྟེ་དགེ་བ་ལ་བར་དུ་གཅོད་པ་རྣམས་ནི། བསྒྲལ་བའི་གནས་དེའི་བདུད་ཀྱིས་ནི་དངོས་གྲུབ་འཕྲོག་པར ་བྱེད་ལ། དགྲས་ནི་རྣམ་པར་འཚེ་བར་བྱེད་དེ། དེ་རྣམས་དབང་དུ་བསྡུ་བའི་ཕྱིར། ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས། ཡུད་ཙམ་གྱིས་ནི་དེ་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུང་དག་རྡུལ་དུ་བཤག ་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་མ་བར་མཛོད། ཅེས་གསུངས། ཁྲོ་མོ་ཆེན་མོ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་བྱིན་བརླབས་ཀྱིས་བདག་ཉིད་ཆེན་མོ་དང་། ཤོ་ན་མུ་ཀ་དང་། ས་བདག་ཆེན་མོ་དང་། འཕྲ་མོན་མ་དང ་ཟ་བྱེད་མ་དང་། མཆེ་བ་ཅན་དང་གཤོག་པ་ཅན་ལ་སོགས་པའི་ཕོ་ཉིའི་ཚོགས་ཀྱིས་སེ་གོལེ་གཏོགས་པ་ཙམ་ཐང་ཙོག་ཡུད་ཙམ་གྱིས་འདུལ་བར་བྱ་བའི་ཞིང་གང་ཡིན་པ་དེ་གནས་ནས་འདིར་བཀུག་ནས། དབང ་པོ་མངོན་སུམ་དུ་དྲག་པོའི་ལས་ཀྱི་མངོན་སྤྱོད་ཀྱི་ཚུལ་བཞིན་དུ་བསྒྲལ་ནས། ཀུན་གཞི་རྣམ་པར་ཤེས་པ་རྒྱལ་བའི་སྲས་སུ་བྱ་བ་དང་། ཉོན་མོངས་པའི་བག་ཆགས་ཉེ་བར་ལེན་པའི་ཕུང་པོ་བཤིག་པའི་ཕྱིར ་འབྱུང་བ་བཞེས་བསྐྱེད་པའི་ལུས་ངག་ཡིད་གསུམ་རྡུལ་དུ་མི་ཤིག་ནས་ཀྱང་། ལས་དང་ཉོན་མོངས་པའི་བསྒྲིབ་པ་སྦྱངས་པའི་ཕྱིར། མནན་ཅིང་གཟིར་བའི་སྡུག་བསྔལ་གཟས་པ་པོ་གང་ཡིན་པའི་ལུས ་ངག་ཡིད་གསུམ་གྱིས་ཉམས་སུ་མྱོང་བར་མཛོད་ཅིག། ཅེས་པ་ལས་བཅོལ་ཏེ། འོན་ཏེ་ལས་བྱེད་དུ་མ་འདོད་ན་བདག་ཉིད་ཀྱིས་བསྙེན་ཕུར་དྲིལ་ཞིང་བདག་ཉིད་ཀྱི་ལྕེ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དེ་ལས་རྡོ་རྗེ་བུམ་པའི ་ནང་ན་ཧཱུཾ་གནས་པ་དེའི་འོད་ཟེར་གདུག་པ་དེ་བདག་ཉིད་ཆེན་པོ་ལ་སོགས་པའི་སྟེང་གི་སྒོ་ནས་རྩའི་བུ་ག་ཀུན་ནས་ཕར་ཟུག་སྟེ། འོད་ཟེར་དེས་བདག་ཉིད་ཆེན་མོ་ལ་སོགས་པའི་སྙིང་ཁྲག་ཞལ་དུ་རྔུབས་པས་བདག་ཉིད་ཆེན ་མོ་ལ་སོགས་པ་རབ་ཏུ་མྱོས་ནས་འགྱེལ་བར་བསམ་མོ།། དེའི་ཕུར་པ་དང་གཉི་ག་ལས་འོད་འཕྲོ་བའོ།། དེ་ནས་ཡང་ཕུར་པའི་རྩེ་མོ་དམ་ཅན་རྣམས་ལ་གཏད་དེ་དྲིལ་ཞིང་བདག་ཉིད་བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་དུ ་ཞུགས་ཏེ། དམ་ཅན་རྣམས་གན་རྒྱལ་དུ་དགྱེལ་བའི་སྙིང་ཀར་གཏད་པས་ཕུར་པ་ལས་བདུད་རྩི་དཀར་ལ་དག་པའི་ཆུ་རྒྱུན་འབྱུང་བས་མེ་མོ་རྣམས་ཀྱི་ལུས་བསོས་ཏེ། གཟི་མདངས་ཅན་དུ་བྱས་ནས། བདག་གི ་དམ་ཚིག་ནི་གང་ལགས་ལས་ནི་ཅི་བགྱི་ཞེས་ཟེར་ཞིང་འདུག་པར་སྨྲ་བའོ་དེ་ལས་བདག་ཉིད་ཀྱི་ལས་ནི་དམ་ཅན་རྣམས་ཀྱི་ཁི་རུ་བདུད་རྩི་བླུད་དེ། ཨོཾ་ཨ་མྲྀ་ཏ་མ་མ་ཡ་ཧ་ཧ་ནན་ར་གན་ཞེས་བླུད་པས་སྔོན་ཇི་ལྟར་དམ ་བཅས་ཤིང་ཁས་བླངས་པ་དེ་རྗེས་སུ་དྲན་ནས་རྣལ་འབྱོར་པ་ཇི་ལྟར་འདོད་པའི་ལས་བྱེད་པར་འགྱུར་རོ།། དེ་ནི་དམ་ཅན་རྣམས་ཐུགས་ངམ་གནས་ལ་ཕབ་ལ་དྲག་པོའི་ལས་ལ་བསྐུལ་བའོ།། དེ་ནས་མནན་པར་བྱ་བའི ་སྙིང་པོ་གསུངས་ཏེ་དེའི་ཕྱིར། ཨོཾ་ལཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཨོཾ་ལཾ་ཞེས་གསུངས་པ་ནི། གཟས་པ་པོ་གང་ཡིན་པའི་སྤྱི་བོ་ཡི་སྟེང་དུ་ལཾ་བསམ་པར་བྱའོ།། ལཾ་དེ་ཡོངས་སུ་གྱུར་པ ་ལས། གསེར་གྱི་རི་རབ་ཤིན་ཏུ་བརྗིད་ཆེ་ཞིང་ལྕི་བ་ཞིག་བསྐྱེད་པ་སྟེ། དོན་ཨོཾ་ལཾ་སྟེ་རྡོས་པོ་རི་རབ་བོ།། རྡོས་པོ་དེ་ཡང་བཅོམ་ལྡན་གྱི་ཐུགས་རྣམ་པར་མི་རྟོག་པ་ལས་མ་གཡོས་པའི་ཕྱིར་ཧཱུ~ཾ་ལཾ་མོ།། དེ་ལྟ་བུ་དང་ལྡན་པའི ་རི་རབ་དེས་གཟས་པ་པོ་གང་ཡིན་པ་གཟིར་བའི་ཕྱིར་ན་བསྟན་པ་ནི་ཞེས་པས་གཟིར་ཅིག་པའོ།། རྟོས་པའི་རི་རབ་དེ་རྡོས་ལྷང་དེ་སྣང་བ་སྐུའི་རང་བཞིན། དེ་ལས་འོད་འཕྲོ་བ་གསུང་གི་རང་བཞིན། དེ་ལས་དོན་དམ་པར ་རང་བཞིན་མེད་པ་ཐུགས་ཀྱི་རང་བཞིན་དེའི་ཕྱིར་མོ་ཧ་ག་བྷ་ག་བན་ང་ཞེས་གསུངས་པ་ཡིན་ཏེ། མོ་ཧྱ་ན་སྐུ་དང་ལྡན་པའི་རི་རབ། ག་ཡ་ན་གསུང་འོད་ཟེར་དང་ལྡན་པའི་རི་རབ། བྷ་ག་བཱན་ངན་ཐུགས་སྤྲོས་པ་དང་བྲལ ་པ་བཅོམ་ལྡན་འདས་དང་ལྡན་པའི་རི་རབ་བོ།། སྐུ་གསུང་ཐུགས་དང་ལྡན་པའི་རི་རབ་དེས་གཟས་པ་པོ་ལས་དང་ཉོན་མོངས་པ་གཟིར་བའི་ཕྱིར། པྲི་ཀྲི་བི་ཀྲི་ཞེས་གསུངས་པ་ཡིན་ཏེ། ལས་གཟིར་བ་ནི་ཤྲི་ཀྲི། ལས ་ཀྱིས་བསྐྱེད་པའི་ཉོན་མོངས་པ་གཟིར་བ་ནི་བི་ཀྲིའོ།། དེ་ཡང་གཟིར་བའི་ལས་ལ་བྱིན་ཅན་དུ་བྱ་བའི་ཕྱིར་བཛྲ་ཧཱུཾ་ཀ་ར་སྟེ་རི་རབ་དེའི་སྟེང་དུ་མོ་བསམ་སྟེ་དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དོའི་སྟེང་དུ་ཧཱུཾ་བསརྨ ་ཏེ། ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྒྱ་གྲམ་དུ་གྱུར། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྟེ་དེ་ལས་ནཱི། ཧཱུཾ་ཀ་རའི་སྐུ་ཡོངས་སུ་གྱུར་པར་བསྐྱེད་དེ། བསྐྱེད་པའི་སྔགས་བཛྲ་ཧཱུཾ་ཀ་ར ་ཧཱུཾ་ཞེས་པས་སྐུ་གསལ་བར་བསྐྱེད་དེ། དེའི་ཞལ་ནས་གདུག་པའི་སྔགས་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་སྒྲོགས་ཤིང་། གཟས་པ་པོ་གང་ཡིན་པ་དེ། འབྲོས་སུ་མི་གནང་བྱར་ཟིལ་གྱིས་གནོན་པའོ།། དེ་ནས་ཡང ་འདྲེན་པར་བྱེད་པའི་སྔགས་སྒྲསོ་བསྟན་ཏེ་དེའི་ཕྱིར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡེ་ཛཾཿཧཱུཾ་བཾ་ཧོཿཞེས་གསུངས་ཏེ། འཁོར་བའི་གནས་ནས་དྲང་བའི་ཕྱིར་སྔགས་འདི་བརྗོད་པས། བདག་གི་ཐུགས་ཀ་ནས་ཡེ་ཤེས ་སེམས་དཔོའི་ཧཱུཾ་ལས་རྡོ་རྗེ། རྩེག་མར་བྱུང་སྟེ་དེ་ལས་འཕྲ་མེན་མ་ལྕགས་ཀྱུ་ཐོགས་པ་དང་། རྒྱུད་མར་བྱུང་ནས་དཀྲུག་པ་སྟེ་ལེའུ་བརྒྱད་པ་ནས་འབྱུང་བ་དང་སྦྱར་རོ།། དེ་ནས་ཡང་ཚེ་ལུམ་དང་ཁྲུས་ལུང་བསྟན་ཏེ ་དེའི་ཕྱིར་རྡོ་རྗེའི་ཚིག་ཏུ་བརྗོད་ནས་ནི། བཀླ་ག་དང་གིཟི་མདངས་བདག་ལ་བསྟིམ་ཞེས་པ་ལ་སོགས་པ་གསུངས་ཏེ། ཚིག་ཏུ་འོག་ནས་འབྱུང་བའི་སྔགས་འདྲི་བརྗོད་ནས་ཁོའི་བཀྲ་གབ་མདངས་ཕྲོགས་ནས ་བདག་ལ་ཐིམ་པར་བྱ་སྟེ། དེ་ཡང་སྙེན་ཕུར་གདབ་པས་ཕུར་པའི་འོད་ཟེར་གྱིས་གཟས་པ་པོའི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་ཚེ་རབས་ཐོག་མ་མེད་པའི་དུས་ནས་ཀུན་བག་ཆགས་ངན་པ ་བསགས་པ་སྟེ་ཕུར་པའི་འོད་ཟེར་གྱིས་བསྲེགས་པར་བསམ་མོ།། དེའི་སྐབས་ལས་ནི་རྣམ་པར་བྱུང་བའི་བྱང་ཆུབ་སེམས་ཞེས་བྱ་སྟེ་ཁྲུས་ལུང་ངོ་།། དེ་ནས་ཀུན་གཞིའི་རྣམ་པར་ཤེས་པ་ཤེལ ་དག་པའི་རང་བཞིན་དུ་གནས་པ་སྟེ། ཕུར་པའི་འོད་ཟེར་གྱིས་བཞུ་ནས་དངུལ་ཆུ་ཞུན་མ་བཞིན་དུ་གནས་པ་སྟེ། ཕུར་པའི་རྩེ་མོ་ལ་འུབ་ཀྱིས་འདུས་ནས་ཨའི་རང་བཞིན་གནས་ཏེ་དེའི་དུས་སུ་རི་རབ་ཀྱི་སྟེང་ན་བཞུགས་པའི ་ཁྲོ་བོ་ཧཱུཾ་ཀ་ར་བཞེངས་ནས་གནས་པ་དེ་ལ་བདག་ཉིད་ཀྱི་ཕུར་པ་དམ་ཚིག་གི་ཕྱག་རྒྱས་བཏོན་ནས། ཨོཾ་སརྦ་བིགྷྣཱན་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པ་ནི་གཞན་དུ་མན་ངག་གིས་སྦྱར་བར་བྱའོ།། ཨོཾ་བཛྲ་ཧཱུཾ་ཀ་རེ་ཧཱུཾ་ཨ་ཞེས ་བརྗོད་ནས། ཧཱུཾ་ཀ་ར་ལ་གཏད་པས་ཧཱུཾ་ཀ་ར་བཞེངས་པ་དེས་བླངས་ནས་བདག་ཉིད་ཀྱི་སྟེང་གི་སྒོ་ནས་མར་ཐིམ་པར་བྱ་སྟེ། གཟས་པ་པོའི་ཚྭ་ཕྲོགས་ནས། བདག་གི་ཚེར་གྱུར་པར་བསམ་མོ།། དེ་ནི་ཡང་དག་པའི་ཡེ ་ཤེས་ཞེས་བྱ་སྟེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ།། ལུང་ལས་ནི་ཚེ་ལུང་ཞེས་བྱའོ།། དེ་ཡང་དཀྱུས་ཉིད་ལས.ཻ་ཉིད་བྱང་ཆུབ་སེམས་ཀྱི་ཁྲུས།། ཕུར་པ་ཉིད་ཀྱང་གཟི་བྱིན་བསྐྱེད། འོད་དང་མཐུ་དཔུང་ལྷག་པར ་བསྐྱེད། ཅེས་གསུངས་ཏེ། བདག་ཉིད་ཀྱི་སྙིང་གི་དཀྱིལ་ན་ཡེ་ཕྱི་མོ་ནས་གྲུབ་པའི་ཡེ་ཤེས་ཨ་ནི་ཀུན་གཞིའི་རང་བཞིན་ཏེ་ཡེ་ནས་རྣམ་པར་དག་པར་གནས་པ་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་ཁྲུས་ཡིན་པར་བསྟན་ཏེ། དེ ་ཕུར་པ་ལ་འདུས་པ་ནི་བྱང་ཆུབ་སེམས་དབང་དུ་བསྡུ་བ་སྟེ། ཕུར་པ་ཉིད་ཀྱང་གཟི་བྱིན་ཅན་དུ་གྱུར་པའོ།། དེ་ནས་ཡང་དབུ་ཞབས་ཀྱི་ཚིག་གསལ་བར་བསྟན་པའི་ཕྱིར། དེ་ནས་ཕྱོགས་བཅུའི་ཁྲོ་བོ་ལ་ཞེས་པ་ལ་སོགས ་བས་བསྟན་ཏེ། རྡོ་རྗེའི་ཚིག་གིས་འོག་ནས་འབྱུང་བ་འདི་སྐད་བསྐུལ་ལོ།། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། བདུག་ཅིག་སྡང་སེམས་ལྡན་པ་རྣམས་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ ་གནས་ཤིང་མི་གནས་པའི་ཡེ་ཤེས་ཆེན་པོའི་དངོས་གྲུབ་བསྒྲུབ་པ་འི་བར་དུ་གཅོད་པའི་བགེགས་དང་ཡང་དག་པའི་ཏིང་ངེ་འཛིན་ལེ་གནས་པའི་ཞེ་སྡང་གི་སེམས་ཀྱིས་གདུག་ཅིང་ཕྲག་དོག་གི་སེམས་ཀྱི་སྡང་བའི ་སེམས་དང་ལྡན་པའི་གཟས་པ་པོ་དེ་འཁོར་བའི་གནས་ནས་དྲང་བའི་ཕྱིར་ཟུང་ཞིག་པ་དེ། ཁྲོ་བོ་རྣམ་པར་རྒྱལ་བའི་བྱིན་བརླབས་ལས་བསྐུལ་བ་སྟེ། ཛ་དང་སྦྱར་རོ།། གཟས་པ་པོ་དེ་རང་གི་བདེ་བའི་གནས་ནས ་བསྐུལ་བའི་ཕྱིར། རྒྱོབ་ཅིག་པ་དེ་རྣམ་པར་རྒྱལ་བའི་རིགས་དབྱུག་པ་སྔོན་པོ་ཅན་གྱིས་བརྒྱབ་ནས་རྒྱོབ་ཅིག། དབང་པོའི་ཡུལ་ལ་མི་གཏོང་བ་དང་། ཡན་ལྷག་འཁུམ་མི་ནུས་པར་བྱ་བའི་ཕྱིར། རྣམ་པར་ཆིངས་ཤིག ་ཅེས་པ་སྟེ། ཁྲོ་བོ་གོཤིན་རྗེ་གཤེད་པོའི་བྱིན་གྱིས་བརླབས་ལས་བསྐུལ་བ་སྟེ་ཧཱུཾ་དང་སྦྱར་དེ་ནས་ཡང་བག་ཆགས་ཀྱི་ཕུང་པོ་ཕུར་པ་བཏབ་ནས་ཡང་དག་གི་ཤེས་པ་དང་ནི་བྲལ་ལོག་པའི་ཤེས་པ་བསྒྲལ་བ་དེ་མཚོན ་གྱིས་བཏུབ་པའི་ལས་བྱས་ནས་གནས་པ་དེ་བརླག་པར་བྱ་བའི་ཕྱིར། གཏོགས་ཤིག་པ་སྟེ། གཤིན་རྗེ་གཤེད་པོའི་རིགས་ཅན། ཁྲོ་བོ་མི་གཡོ་མགོན་པོ་ཡིས། ཕུང་པོ་གཏུམ་ཞིང་འཕྲག་གིས་བརྡུངས ་པ་སྟེ། ཁ་ཐཾ་དང་སྦྱར་བའོ།། གཟས་པོ་དེ་ལ་སྟོང་པ་དང་། གྲོགས་བྱེད་སྲོག་ལ་སྐྱོབ་པའི་ལྷ་འདྲེ་གང་ཡིན་པ་དེ་དང་འབྲལ་བའི་ཕྱིར། གྲོགས་དང་འབྲལ་བར་གྱིས་ཞེས་གསུངས་པ་སྟེ། རྟ་མགྲིན་གྱི་རིགས་གཞན་གྱིས་མི ་ཐུབ་པའི་བྱིན་གྱིས་བརླབ་པའི་གྲོགས་དང་བྲེལ་བ་སྟེ། ཛ་ས་ཡ་ར་ན་དང་སྦྱར་རོ།། མྱུར་དུ་བསྒྲལ་ཞིང་དབང་དུ་འདུས་ནས་རིགས་གང་ཡིན་མིན་སྨྲ་རུ་གཞུག་པའི་ཕྱིར་རིངས་པར་ཁུག་ལ་སྨ་རུ་ཆུག་ཅིག། ཅེས་པ་སྟེ། ཁྲོ ་བོ་བདུད་རྩི་འཁྱིལ་པའི་བྱིན་གྱིས་བརླབས་ལས་སྨྲར་གཞུག་པ་སྟེ། ཛྭ་ལ་པ་ཡ་དང་སྤྱིར། གཟིས་པ་པོའི་ཤེས་པ་སྲིན་བུ་མ་ཁྱེར་བཞིན་དུ་བཀུག་པ་སྟེ་གཟུགས་དང་རི་མོ་ལ་དབབ་པའི་ཕྱིར། ཕོབ་ཅིག་ཅེས་པ་སྟེ། ཁྲོ་བོ ་རྟ་མགྲིན་གྱི་བྱིན་གྱིས་བརླབས་ལས་ཕྱུང་བའི་བཾ་སྟེ། ཨ་བེ་ཤ་དང་སྦྱར། གཟས་པ་པོའི་ལས་དང་ཉོན་མོངས་པ་གཟིར་བའི་ཕྱིར། རྣམ་པར་གཟིར་བར་བྱོས་ཞེས་གསུངས་ཏེ། ཧཱུཾ་ཀ་རའི་བྱིན་བརླབ་ལས་བྱུང་བ་སྟེ། ཨོཾ་ལཾ་དང ་སྦྱར་རོ།། གཟས་པ་པོ་དེའི་དཀྱིལ་འཁོར་དུ་ཆུང་ངེས་པར་བྱ་བའི་ཕྱིར། ངའི་དབང་དུ་གྱུར་ནས་ནི་ཞེས་གསུངས་ཏེ་རྡོ་རྗེའི་རིགས་ཁྲོ་བོ་སྟོབས་པོ་ཆེའི་དབང་དུ་བྱས་ནས། དེའི་རིགས་ཁམས་གསུམ་རྣམ་པར་རྒྱལ་བ་ཡིས། ་སྒོ་བའི་བཀའ་རྣམས་ཉན་པར་གྱིས་ཞེས་པ་ལ་སོགས་པ་བསྟན་ཏེ། དྲག་པོ་སྤྱིའི་ཚིག་གོ།། དེ་ནས་གསོད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། ཧཱུཾ་པ་ར་བི་དན་ཞེས་པ་ལ་སོགས་པ་གསུངས་ཏེ། ཧཱུཾ་པ་ར་བིད་ཏན་ཞེས་བྱ་བ ་ནི། རྡོ་རྗེ་གཞོན་ནུས་བསོད་པའི་ལས་ཀྱི་བསྔགས་ཏེ། ཀཱི་ལཾ་ཡཱ་བཅོ་བརྒྱད་དོང་སྦྱར་ཏེ། ཀུན་གཞི་ནད་ནས་ཕྱུང་བའི་དུས་སུ་སྦྱར་བར་བྱའོ།། ཚིན་དྷི་ཚིན་དྷ་བཛྲ་ཧཱུཾ་ཕཊ། ཅེས་བདུད་རྩི་འཁྱིལ་པའི་བསོད་པའི་ལས་ཀྱི་བསྟག ་ཏེ་བསྔགས་འདི་བརྗོད་ཅིང་ལྟེ་བའི་དཀྱིལ་དུ་བརྒྱབ་པས་བདུད་རྩི་འཛག་པའི་སྒོ་གཅད་དེ། དེ་ཡང་ཡེ་ཤེས་སུ་བྱས་པའོ།། བནྡྷ་བིནྡྷ་བཛྲོ་ཕཊ་ཅེས་པ་ནི་ཁམས་གསུམ་རྣམ་རྒྱལ་གྱི་བསོད་པའི་ལས་ཀྱི་སྔགས་ཏེ། སྔགས ་བཟློས་ཤིང་ཁམས་གསུམ་རྣམ་པར་རྒྱལ་བའི་ཆ་ལས་བྱུང་བའི་ཕུར་བས་པུས་མོའི་ལྟུང་པོའི་ལྷག་ན་སྟོབས་བསྐྱེད་པའི་རྩེ་ཡོད་པ་ལ་བཏབ་སྟེ། རྩའི་སྦུབས་ནས་སྟོབས་འཕྲོག་སྟེ། ཡེ་ཤེས་སུ་བྱ་བའོ།། དེ་ནས་ཡང ་གྲིན་གྷི་ནཱ་བཛྲ་ཧཱུཾ་ཕཊ་ཅེས་བྱ་བ་རྡོ་རྗེ་རྟའི་གསོད་པ་ལས་ཀྱི་བསྡོགས་ཏེ། སྔགས་འདི་བརྗོད་ཅིང་རྡོ་རྗེ་རྟའི་ཆ་ལས་བྱུང་བའི་ཕུར་པ་དེས། མགྲིན་པ་དགྲ་གཱི་ག་ནས་སུ་བཏབ་པས། རོའི་ལོངས་སྤྱོད་ཐམས་ཅད་ཕྲོགས་ནས ་ཡེ་ཤེས་སུ་བྱས་པའོ།། དེ་ནས་ཡང་ཧ་ན་ཧ་ན་བཛྲ་ཧཱུཾ་ཕཊ་རྣམ་པར་རྒྱལ་བའི་ཆ་ལས་བྱུང་བའི་ཕུར་པ་དེས་སྔགས་འདི་བརྗོད་ཅིང་མིག་ལ་བཏབ་པས་མིག་གི་རྣམ་པར་ཤེས་པ་དབང་དུ་བསྡུས་ཡེ་ཤེས་སུ་བྱའོ།། དེའི་རྣམ ་བར་རྒྱལ་བའི་གསོད་པའི་ལས་ཀྱི་ཕྱག་རྒྱའོ།། དེ་ནས་ཡང་མི་གཡོ་མགོན་པོའི་བསོད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། བནྡྷ་བནྡྷ་བཛྲ་ཧཱུཾ་ཕཊ་ཅེས་གསུངས་པ་སྟེ། སྔགས་འདི་བཟླས་ཤིང་མྱི ་གཡོ་མགོན་པོའི་ཆ་ལས་བྱུང་བའི་ཕུར་པ་བླངས་ནས་ལྷོའི་དབུས་ཟླ་བ་ཁམ་པ་འདྲ་བའི་དབུས་སུ་བཏབ་བྱས་ལྕེའི་རྣམ་པར་ཤེས་པ་ཕྲོགས་ཏེ་ཡེ་ཤེས་སུ་བསྐྱེད་པའོ།། དེ་ནས་ཡང་སྟོབས་པོ་ཆེའི་ས་གསོད ་པའི་ལས་ཀྱིས་བསྔགས་བསྟན་པའི་ཕྱིར། ཏདྱ་ཐཱ་བཛྲ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ་སྔགས་འདི་ཟོས་ཤིང་སྟོབས་པོ་ཆེའི་ཆ་ལས་བྱུང་བའི་ཕུར་པ་རྐང་མཐིལ་ན་བསྐྱོད་པར་བྱེད་པའི་རྩ་ལ་སྟོབས་བསྐྱོད་པའི་སྟོབས ་ཕྲོགས་ནས་ཡེ་ཤེས་སུ་བསྐྱེད་པའོ།། དེ་ནས་ཡང་དབྱེ་བ་བྱེད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར་ཧ་སེ་ཡ་ར་ནི་ཧྲི་དན་ཧཱུཾ་ཕཊི། ཅེས་བྱ་བ་ཡིན་ཏེ། སྟོང་གྲོགས་དང་བྲལ་བར་བྱ་བའི་དུས་སུ་སྦྱོར་ཅིག། དེ་ནས ་ཡང་བཅིང་བར་བྱེད་པ་ལས་ཀྱི་བསྔགས་བསྟན་པའི་ཕྱིར། ཤྲཱི་ཀྲིན་ཨ་ན་ཡེ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། འཆིང་བར་བྱེད་པའི་སྐབས་གོང་ཡིན་པའི་དུས་སུ་སྦྱོར་ཅིག། དེ་ནས་ཡང་སྨྲ་བར་བྱེད་པའི་སྙིང་པོ ་བསྣུན་པའི་ཕྱིར། ཛྭ་ལ་པ་ཡ་ཛྭ་ལེ་ཡ་ཧཱུཾ་ཕཊ། ཅེས་པ་ཡིན་ཏེ། ཡུངས་ཀར་ལི་བསྔགས་ལ་རྡོ་རྗེ་སྤྱན་དམིག་རྣོལ་གཏོར་ལ་གོང་དུ་གསུངས་པའི་རིག་ས་ལ་སོགས་པའི་གང་ཡིན་པ་འདྲ་བའོ།། དེ ་ནས་འབེབས་པར་བྱེད་པའི་སྙིང་པོ་བསྟན་པའི་ཕྱིར། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ནི་འབེབས་པའི་སྐབས་གང་ཡིན་པར་སྦྱར་རོ།། གཟུགས་དང་གཉིས་སུ་མེད་པར་བྱའོ་དེ་ནས་ཞལ་དབྱེ་བའི་སྔགས ་བསྟན་པའི་ཕྱིར། བི་ད་ཡཱ་བི་ད་ཡ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། གཏུང་བའི་ཕུང་པོ་དེ་ཞལ་དུ་བསྡབས་པའི་ཕྱིར་ཞལ་ཕྱེ་ཞིག་པ་སྟེ། བསྟན་པའི་དུས་སུའོ།། དེ་ནས་ཡང་རྡོ་རྗེ་འཕྲ་མྱོན་ཚོགས་རྣམས་ལ་བསྐུལ ་བར་བསྟན་པའི་ཕྱིར། རྡོ་རྗེ་འཕྲ་མེན་ཚེགས་རྣམས་ལ། ཞེས་པ་ལ་སོགས་པ་བསྟན་ཏེ། རྡོ་རྗེ་ལས་བྱུང་བས་རྡོ་རྗེ་འཕྲ་མེན་མའོ།། མངག་པའི་ཕྱིར་ཚོགས་རྣམས་ལ་རྡོ་རྗེའི་ཚིག་གིས་བསྐུལ་བར་བྱ་སྟེ། ་ཐབས་དང་ཤེས་རབ་ལས་བྱུང་ཞིང་། ཐབས་ཀྱི་བཅོལ་ཞིང་སེམས་ཅན་གྱི་དོན་ལ་བརྩོན་པར་འབད་པའི་ཕྱིར་ན་བྲན་ཞེས་བྱ་ལ། ཐེག་ཆེན་ཆོས་ཀྱི་དབྱིངས་ལས་འབྱུང་ཞིང་རིམ་པ་ནས་སྤྲུལ་ཞིང་མངག ་པར་བྱ་བའི་ཕྱིར་གནས་སུ་ཕྱིན་པར་འགྲོ་བའི་ཕྱིར་ནཱ། ཕོ་ཉ་གཙོ་བོ་རྣམས་ཀྱིས་ཇི་ལྟར་བཅོལ་ཞིང་བཀའ་སྩལ་ནས་ཞི་བ་དང་རྒྱས་པ་དང་། དབང་དུ་བྱ་བ་དང་། བསྐྱེད་པར་བྱ་བ་དང་། བིསད་པར་བྱ་བ་དང་། ་བསྒོ་བ་ཉེན་པས་བཀའ་ཉན་ཏོ།། ལས་ཀྱེ་ལྷ་རྣམས་ཀྱིས་མངོན་སྤྱོད་ཀྱི་འཕྲིན་ལས་བྱ་བའི་དུས་ལ་བབ་ཅེས་བྱ་བའོ།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ་ཅེས་པ་ནི། ལས་ཀྱི་ལྷོ་ཁྱེད་ཀྱི་དམ་ཚིག་དུས་ལ་བའོ ་ཅེས་པའོ།། ཐ་ཚིག་ཇི་ལྟར་བཅས་པ་བཞིན་ཞེས་བྱ་བ་ནི། སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ་ཇི་ལྟར་དམ་བཅས་ཤིང་ཁས་བླང་བཞིན་དུ་དྲུག་པོའི་འཕྲིན་ལས་མྱུར་དུ་བྱོས་ཞེས་བཅོལ་བའོ།། ་གལ་ཏེ་འམ་འོན་ཏེ་ལས་བྱེད་དུ་མི་འདོད་ཅིང་ཐ་ཚིག་ལས་འདས་པར་གྱུར་ན། རྡོ་རྗེ་ཆུ་ཡིས་བརྡེག་པ་ངེས་ཞེས་བྱ་སྟེ། ལས་ཀྱི་ལྷ་ལ་ཕུར་པ་གཏད་ཅིང་དྲིལ་ལ་གནད་ལ་དབབ་པ་སྟེ། གོང་དུ་གསུངས ་པའོ།། དེ་ནས་ཡང་གཞན་གྱིས་མི་ཐུབ་པའི་སྔགས་བསྟན་པའི་ཕྱིར། ཧ་ན་ཧ་ན་བཛྲི་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། སྔགས་འདི་བཟླས་ཤིང་གཞན་གྱིས་མི་ཐུབ་པའི་ཆ་ལས་བྱུང་བའི་ཕུར་པཾ་དེ་བླངས་ཏེ་དྲིལ་ནས ་བུད་པའི་རྩཝ་གྱེན་དུ་འགྲེང་བ་སྟེ། གཡས་ཀྱི་རྩེ་དང་གཡོན་གྱི་རྩེ་གཉིས་ལ་བཏབ་པས་ཐབས་དང་ཤེས་རབ་རྒྱུ་བ་རྒྱུན་གཅད་དེ་ཡེ་ཤེས་སུ་བྱ་བའོ།། དེ་ནས་ཡང་དབྱུག་པ་སྔོན་པོའི་ལས་ཀྱི་བསྔགས ་བསྟན་པའི་ཕྱིར། ད་ཧ་ད་ཧ་བཛྲཱི་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ་འདི་བཟློས་ཤིང་དབྱུག་པ་སྟོན་པོའི་ཆ་ལས་བྱུང་བའི་ཕུར་པ་བླངས་ཏེ་དྲིལ་ནས་རྣམ་པར་ཤེས་པ་ལ་བཏབ་པས་རྣ་བའི་རྣམ་པར་ཤེས་པ་དབང་དུ ་བསྡུས་ནས། ཡེ་ཤེས་སུ་བྱ་བའོ།། དེ་ནས་ཡང་གཤིན་རྗེ་གཤེད་ཀྱི་གསོད་པ་ལས་ཀྱི་སྔགས་བསྟེན་པའི་ཕྱིར། པ་ཙ་པ་ཙ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། སྔགས་འདི་བཟློས་ཤིང་གཤིན་རྗེ་གཤེད་གྱི་ཆ་ལས ་བྱུང་བའི་ཕུར་པ་བླངས་ཏེ་དྲིལ་ནས་རྣ་བའི་རྣམ་པར་ཤེས་པ་དབང་དུ་བསྡུས་ནས་བཏབ་པས་རྣ་བའི་རྣམ་པར་ཤེས་པ་དབང་དུ་འདུས་ནས་ཡེ་ཤེས་སུ་བྱ་བའོ།། དེ་ནས་ཡང་བདག་ཉིད་ཆེན་མོ་གསོད་པའི་ལས་ཀྱི ་སྔགས་བསྟན་པའི་ཕྱིར། མ་ཏ་མ་ཏ་བཛྲ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། བ་ག་ཉིད་སྐུ་ལ་སྔགས་འདི་བཟླས་ཤིང་ཁྲག་དང་ཉུང་ནག་གིས་བརྒྱབ་ནས་གཟུགས་དཔུང་ཐལ་བར་བརླག་པར་བསམ་སྟེ། མ ་མོའི་ཐུན་ནོ།། དེ་ནས་ཡང་ཤོ་ན་མུ་ཀའི་གསོད་པའི་ལས་ཀྱི་བསྔགས་བསྟན་པའི་ཕྱིར། ཛྭ་ལ་ཛྭ་ལ་བཛྲ་ཧཱུཾ་ཕཊ། ཅེས་པ་ཡིན་ཏེ། ཤོན་མུ་ཀ་བསྐུལ་ལ་སྔགས་འདི་བཟློས་ཤིང་བཟླས་ཤང་ཡུངས ་ནག་གིས་བརྒྱབ་པས། གཟུགས་ཀྱི་ཕུང་པོ་དེ་ལ་འཕར་སྤྱང་ལ་སོགས་པ་མང་པོ་སྟོད་ཅིང་ཟ་བར་བསམ་པའོ།། དེ་ནས་མཆེ་བ་ཅན་གྱི་གསོད་པའི་ལས་ཀྱི་བསྔགས་བསྔགས་བསྟན་པའི་ཕྱིར། ་སུ་རུ་སུ་བཛྲ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། སྔགས་འདི་བཟློས་ཤིང་མཆེ་བ་ཅན་བསྐུལ་ནས། ཡུངས་ནག་གཟུགས་ལ་བརྒྱབ་པས་མཆེ་བ་ཅན་གྱི་ཚོགས་གྲངས་མེད་པས་གཟུགས་ལ་སྟོད་ཅིང་ཟ་བའོ།། ་དེ་ནས་ཡང་གི་ཤོག་པ་ཅན་གྱི་གསོད་པའི་ལས་ཀྱི་བསྔགས་བསྟན་པའི་ཕྱིར། མུ་རུ་མུ་རུ་བཛྲ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། བསྐུལ་ལ་སྔགས་འདི་བཟློས་ཤིང་ཡུངས་ནག་བརྒྱབ་པས་གཟུགས་ཀྱི ་ཕུང་པོ་དེ་ལ་གཤོག་པ་ཅན་གྱི་ཚོ་གས་རྟོད་ཅིང་ཟ་བར་བསམ་མོ།། དེ་ནས་ཡང་དཔལ་ལྷ་མོ་དབང་གི་གསོད་པ་ལས་ཀྱི་བསྔགས་བསྟན་པའི་ཕྱིར། ཀཱ་ཏ་ཀ་ཏེ་ཞེས་པ་ཡིན་ཏེ། དཔལ་ལྷ་མོ ་དབང་བསྐུར་ལ་སྔགས་བཟློས་ཤིང་ཡུངས་ནག་གི་བརྒྱབ་པས་གཟུགས་ཀྱི་ཕུང་པོ་དེ་ལ་ཐོ་བའི་ཆར་ཕབ་པར་བསམ་མོ།། དེ་ནས་ཡང་ལྷ་མོ་དབང་གི་གསོང་པོ་ལས་ཀྱི་བསྔགས་བསྟན་པའི་ཕྱིར། ཛ་ཡ་བི ་ཛ་ཡེ་ཞེས་གསུངས་པ་ཡིན་ཏེ། ལྷ་མོ་དབང་བསྐུར་ལ་སྔགས་བཟླས་ཤིང་ཡུངས་ནག་གི་བརྒྱབ་པས་གཟུགས་ཀྱི་ཕུང་པོ་དེ་ཡང་ལྷག་པ་འི་དུམ་བུ་དུམ་བུར་གྱུར་པར་བསམ་མོ།། དེ་ནས་ཡང་ཀླུ་མོ་དབང་གིས ་བསོད་པ་ལས་ཀྱི་སྔགས་བསྟན་པའི་ཕྱིར། ཨ་ཙིན་ཏེ། ཨེ་པ་ར་ཙ་ཏ་མ་ར་ས་ན་ཞེས་པ་ཡིན་ཏེ། ཀླུ་མོ་དབང་དབང་བསྐུར་ལ་བསྔགས་འདི་བཟློས་ཤིང་ཡུངས་ནག་གིས་འཕངས་པས་གཟུགས་ཀྱི་ཕུང་པོ་དེ ་ལྷག་པར་ཡང་ཐལ་བར་འགྱུར་བར་བསམ་མོ།། དེ་ནས་ཡང་ལེགས་མོ་དབང་གིས་གསོད་པ་ལས་ཀྱི་སྔགས་བསྟེན་པའི་ཕྱིར། པྲ་མར་ཏ་ན་ཡ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། ལེགས་མོ་དབང་བསྐུར་ལ་སྔགས་འདི ་བཟླས་ཤིང་ཡུངས་ནག་གིས་བརྒྱབ་པས་གཟུགས་ཀྱི་ཕུང་པོ་དེ་ལྷག་པར་ཆུ་སྲིན་བྱེད་པས་གཉིས་པར་བསམ་མོ།། དེས་ཀྱང་བསྟན་པའི་ལས་སུ་འགྱུར་ཞེས་བྱ་བ་ནི་ཕུར་པ་བཏབ་པའི་ལས་ཀྱིས་བསྒྲིལ་ནས། ་དེའི་ཏིང་ལ་ཁྲག་དང་ཡུངས་ནག་དང་། ལས་ཀྱི་ལྷའི་སྒྲོལ་སྔགས་ཀྱིས་བརྒྱབ་པས་ལྷག་པར་ཡང་གསོད་པའི་ལས་ཏེ་བརྟེན་པར་འགྱུར་རོ།། དེ་ནས་ཡང་གཟུགས་དེ་གདབ་པར་བྱ་བའི་ཕྱིར། དེ་ནས་སྲས་མཆོག ་བསྐུལ་བར་བྱ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་སྲས་མཆོག་བསྐུལ་བར་བྱ་བ་ནི། སྲས་མཆོག་སྤྲུལ་པ་བསྐུལ་བར་བྱ་བ་ཡིན་ཏེ། བདག་ཉིད་དཀྱིལ་འཁོར་གྱི་ལྷ་འཁོར་དང་བཅས་པའི་ཐུགས་ཀ། ་ནས། ཁྲོ་བོ་མང་པོ་འཕྲོས་ཏེ། དེ་རྣམས་ཀྱི་ལག་ན་རལ་གྲི་དང་དགྲ་སྟ་དང་། འཁོར་ལོ་དང་བེ་ཅན་ལ་སོགས་པའི་མ་ཚོན་ཆ་གདུག་པ་མང་པོ་ཐོགས་ཏེ་ལུས་དུམ་བུ་དུམ་བུར་བཏུབ་པར་བྱ་བའི་ཕྱིར། རྡོ་རྗེ ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། གླད་པ་ཚལ་པ་རྒྱ་རུ་ཁོས།། ཞེ་པ་གསུངས་ཏེ། རྡོ་རྗེ་གཞོན་ནུའི་གསང་བའི་བཀའ་ལས་ནི་མི་དགེ་བཅུ་བྱེད་པའི ་སྡིག་ཅན་དང་། མཚམས་མེད་ལྔ་བྱེད་པའི་ཕ་གསོད་པོ་དང་། མ་གསོད་པ་དང་། རྣལ་འབྱོར་གྱི་སྐུ་ལ་འཚང་འདོད་པ་དང་། གཙུག་ལག་ཁང་གི་སྐུ་འཁོར་ལ་སྐུ་བ་དང་། མཐུན་པའི་བར་དུ་དབྱེན་འཇུག ་པ་ལ་སོགས་པའི་ལས་བྱེད་ཅིང་ཐུགས་རྗེ་སྤྱང་ཐག་ཆད་ཅིང་ངན་གསུམ་དུ་སྐྱེ་ངེས་པའི་སྡིག་ཅན་གང་ཞིག་འདའ་བར་བྱེད་པ་དང་། བཅོམ་ལྡན་འདས་དཔལ་རྡོ་རྗེ་གེ་ཞོན་ནུ་འཁོར་དང་བཅས་པ་རྣམས་ཀྱི་ཡེ ་ཤེས་ཀྱི་སྟོབས་དང་། དབྱིངས་ཀྱི་དོན་ཆེན་པོ་དང་ལྡན་པའི་ཁྲོ་བོ་ཆེན་པོ་ལས་ཉོན་མོངས་པའི་བག་ཆགས་སྦྱངས་ཤིང་མ་རིག་པའི་རྒྱ་མོ་དྲལ་བའི་ཕྱིར་ཡེ་ཤེས་ལྔའི་མཚོན་ཆའི་ཆར་ཕབ་ནས ་ཀླད་པ་ཚལ་བ་བརྒྱ་རུ་བཀྲས་པ་དང་། ལུས་དུམ་བུ་སྟོང་དུ་བཏུབས་ཤིག་པའོ།། ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས།། རྡོ་རྗེ་བཀའ་ལས་འདའ་མ་བྱེད་ཅེས་བྱ་བ་ནི། རྡོ་རྗེ་གཞོན་ནུའི་བྱིན་གྱིས་བརླབས་ཀྱིས ་ལས་དང་ཉོན་མོངས་པའི་བག་ཆགས་བྱང་ནས་ཆོས་ཐོས་པའི་སྐལ་བ་དང་ལྡན་པའི་ཕྱིར། རྣ་བའི་དབང་པོས་ཉོན་ཅིག་དགེ་བ་དང་སྲོག་གི་བར་དུ་གཅོད་པའི་བགེགས་དང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ ་བསྒྲུབ་པ་ལ་རྣམ་པར་འཚེ་བར་བྱེད་ཅིང་ལོག་པར་འདྲེན་པའི་དགྲ་བོའི་ཚོགས་རྣམས་བཅོམ་ལྡན་རྡོ་རྗེ་གཞོན་ནུ་ངའི་བཀའ་ལ་འདའ་བར་མ་བྱེད་ཅིག་ཅེས་བརྗོད་ཅིང་། རྣལ་འབྱོར་པ་བདག་ཉིད་ཀྱིས་ཀྱང་ཕྱག ་ཏུ་ར་ལ་གྲི་ཐོགས་ནས་སྔགས་འདི་བརྗོད་ཅིང་བཏུབ་བོ།། ཧཱུཾ་མ་མེ་བ་ཤི་ཀུ་རུ་མ་ཏཾ་ཛྙཱ་ན་ཀ་ར་ཨི་དེ་ན་ད་མ་མ་ཀ་རེ་མེ་ཤྲི་ཀྲྀ་རཱི་སྭཱ་ཧཱ། ཞེས་པ་ནརྀ་མ་མོ་རྣམས་ཀྱི་གདུག་པའི་སྔགས་ཏེ། སྔགས་འདི་བརྗོད་ཅིང་ལིང ་ག་དུམ་བུ་དུམ་བུར་བཏུབ་པར་བྱའོ།། དེ་ནས་ཡང་སྟོང་གྲོགས་བྱེད་པའི་ལྷོ་དང་དཔྲལ་བ་བསྟན་པའི་ཕྱིར། དེ་ནས་དབྱེ་བ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ཞེས་པ་ལ་སོགས་པ་བསྟེན་ཏེ། གསུང་ངོ་ཞེས་བྱ་བ ་ནི་འོག་མ་འདིའོ།། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷ་འམ་འོན་ཏེ་བདུད་ཀྱང་རུང་།། དེ་ཡི་མཐུ་དཔུང་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་མཛོད་ཅེས་བྱ་བ་ནི། ལོག་པར་ལྟ་བའི་སེམས་ཅན་དེའི་ལུས་ཀྱི ་སྒོ་དང་ངག་གི་སྒོ་ནས་གདུག་ཅིང་ཡིད་ཀྱི་སྒོ་ནས། ཞེ་སྡང་གི་སེམས་བྱེད་པའི་གདུག་པ་ཅན་གྱི་ཚོགས་ཚངས་པ་དང་། བརྒྱ་བྱིན་དབང་ཕྱུག་ཆེན་མོ་མ་ཧཱ་དེ་བ་དང་ཁྱབ་འཇུག་ཆེན་པོ་དང་། སྲིན་པོ་ལང་ཀ ་མགྲིན་བཅུ་ལ་སོགས་པའི་འཇིག་རྟེན་པའི་བདུད་དམ་འོན་ཏེ་ལྷ་ཡང་རུང་བ་འམ། འཇིག་རྟེན་འདི་ན་མཐུ་ཆེ་བ་སྟོན་པ་སུ་ཡང་རུང་བ། སྒྲུབ་པ་པོ་བཀའ་གཞུང་བཞིན་དུ་བྱེད་པའི་རྣལ་འབྱེར་པ་ང་ལ་བར་ཆད ་བྱེད་པའི་དགྲ་བགེགས་རྣམས། གཞན་ལ་གནོད་པ་བྱེད་པ་དེའི་མཐུ་དཔུང་བྱེད་པ་རྣམས་ཀྱི་ཕ་རོལ་པོས་ཉམས་སུ་བླང་དུ་མི་འདོད་པའི་རྫུ་འཕྲུལ་སྟོན་པ་དེ་གཉིས་མེད་པར་གྱིས་ཤིག་ཅེས་པ་སྟེ། ཏ་ས་ར་རྡི་ན ་ཞེས་པ་དང་སྦྱར་རོ།། རྫུ་འཕྲུལ་དབྲོག་པའི་སྙིང་པོ་ནི། ཏདྱ་ཐཱ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། སྔགས་འདི་བརྗོད་ཅིང་གོང་དུ་གསུངས་པའི་བདུག་པས་བདྲུག་པའོ།། དེ་ནས་ཡང་ཧཱུཾ་ཀ་རའི་གསོད་པ་ལས་ཀྱི་སྔགས ་བསྟན་པའི་ཕྱིར། སརྦ་མ་ན་ཡ་བཛྲ་ཧཱུཾ་ཕཊ་ཅེས་པ་ཡིན་ཏེ། ཧཱུཾ་ཀ་རའི་ཆ་ལས་བྱུང་བའི་ཕུར་པ་བླངས་ཏེ་དྲིལ་ཏེ། སྔགས་འདི་བརྗོད་ཅིང་ཚངས་པའི་བུ་གར་གདབ་པས་ལུས་མགོ་མཇུག་བཅུ་དང་བྲལ་ཞེས ་ཡང་དག་པའི་ཡེ་ཤེས་སུ་བྱས་སོ།། དེ་ནས་ཡང་བཏུབས་པའི་ཕུང་པོ་བཏུང་བའི་ཕྱིར་རོ།། དེ་ནས་བཏུང་བ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ཞེས་པ་ལ་སོགས་པ་བསྟན་ཏེ། གསུང ་ཞེས་བྱ་བ་ནི་འོག་མ་འདིའོ།། ཁྲོ་མོ་རྣམས་ཀྱི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི། ཁྲོ་མོ་རྣམས་ཀྱི་མཁའ་གྲུ་ག་སུམ་པའི་ནང་དུའོ།། རྡོ་རྗེ་ཐོ་བ་བསྒོམ་བྱ་ཞིང་ཞེས་བྱ་བ་ནི་རྡོ་རྗེ་ཐོ་བ་ནི་ཐབས་ཀྱི་གསང་བའི་རྡོ་རྗེའོ།། ་དངོས་པོར་གྱུར་པའི་གནས་ཆེན་ཀུན་ཞེས་བྱ་བ་ནི་བཏུབ་པའི་དངོས་པོ་མ་ལུས་པ་ཀུན། རྡུལ་ཕྲན་བཞིན་དུ་བརྡུང་བར་བྱ་ཞེས་གསུངས་པ་སྟེ། རྡོ་རྗེ་ཚིག་གོས་བསྐུལ་བར་བྱ་བ་ནི། འོག་ནས་འབྱུང་བ ་འདིའོ།། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་མང་པོ་འབྱོངས་པར་ཡོད་པ་དེ་སྦྱངས་ཤིང་བག་ཚོགས་ཀྱི་ཕུང་པོ་བཤིག་པའི་ཕྱིར། གང་ཡིན་པའི་ཕུང་པོ་དེ། རྡོ་རྗེ ་ཐོ་བས་བརྡུངས་ཤིང་། ཡེ་ཤེས་ཀྱི་རྡོ་རྗེ་དེ་ལའོ།། འབར་བ་དང་ཁྲོ་མོའི་དབྱིངས་ལ་འོད་འབར་བའི་གཏུན་དུ། བརྡུང་བར་བྱ་བ་ནི་དུས་གསུམ་གྱི་བདེ་བར་གཤེགས་པའི་བཀའ་ལས་འདའ་བར་བྱེད་ཅིང ་ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་བྱེད་པའི་སྡིག་ཅན་རྣམས་ཡང་དག་པོའི་གསང་བའི་རྡོ་རྗེ་ལས་བྱུང་བའི་མེ་དཔལ་དང་ཆེས་པའི་རྡོ་རྗེ་གཟས་པ་པོ་གང་ཡིན་པའི་གདུག་པའི་སྙིང་བསྲེགས་ནས་རྣམ ་པར་རྟོག་པས་རྟགས་པའི་སྒྱུ་མའི་ལུས་ངག་རྡུལ་ཕྲན་བཞིན་དུ། བརྡུངས་ཤིག་པའོ།། འོན་ཏེ་གང་དུ་བརྡུང་ཞེ་ན། དེ་བསྟན་པའི་ཕྱིར། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུང་བྱས་ཏེ། ཞེས་བྱ་བ་གསུངས ་ཏེ། ཁྲོ་མོ་ཁམས་གསུམ་གྱི་གཏུན་དུ། ཐབས་ཁྲོ་བོ་གསང་བའི་རྡོ་རྗེ་ཐོ་བས་བརྡུང་བར་བྱས་ནས། ལྷ་ཡང་རུང་སྟེ་བརླག་པར་བྱ་ཞེས་གསུངས་ཏེ། འཇིག་རྟེན་གྱི་ལྷ་ཚངས་པ་དང་རྒྱ་བྱིན་ལ་སོགས་པ་ཡང་བརླག ་པར་འགྱུར་ན། གཞན་སེམས་ཅན་ལྟ་སྨོས་ཅི་དགོས་ཏེ་བརླག་པར་འགྱུར་རོ།། ཞེས་པ་འདི་བརྡུང་བར་བྱེད་པའི་སྙིང་པོ་ནི་འདི་ཡིན་ཏེ། ཁ་ཐི་ཁ་ཐཾ་ཁ་ཐཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་གསུངས་ཏེ། སྔགས་དེ་ཡང ་གསུམ་གདེབས་སུ་བྱས་ནས་བཟླས་ཤིང་། རྣལ་འབྱོར་པས་དངོས་སུ་ཡང་གཏུན་གྲུ་གསུམ་དུ་ཐོ་བས་བརྡུང་བར་བྱ་བའོ།། དེ་ནས་ཡང་བརྡུང་བའི་ལྷག་རོལ་དེ་ཁྲོ་མོ་རྣམས་ཀྱི་ཞལ་དུ་བསྒྲུབས་པ་བསྟན་པའི་ཕྱིར ་བསྟབས་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། རྡོ་རྗེ་ཁྲོ་བོ་འབར་བ་དང་། ཞེས་བྱ་བ་ནི། རྡོ་རྗེ་ནི་ཡང་དག་པའི་རྡོ་རྗེ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ།། དེ་ལས་བྱུང་བའི་ཁྲོ་བོ ་ནི་རྡོ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་ལ་འོད་འབོར་བ་སྟེ། དེའི་ཞལ་དུ་བསྟབས་པའོ།། རྡོ་རྗེ་ཟ་བྱེད་སྲིན་མོ་དང་ཞེས་བྱ་བ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་བྱིན་བརླབས་ལས་བྱུང་བའོ།། ཁྲོ་བོ ་རབ་ཏུ་རྔམ་པའི་མི་བཟད་པ་མཆེ་བ་གཙིགས་པ་ལོག་པར་ལྟ་བ་ཟ་བར་བྱེད་པ་དེའི་ཞལ་དུ་སྟབས་པར་བྱ་བ་སྟེ། དེ་ཡང་ཁྲོ་མོ་དང་ཟ་བྱེད་ཕོ་ཉ་བཅུ་སྤྲུལ་པ་དང་ལྷམ་དྲལ་རྣམས་ལ་བསྟབ་པར ་བྱའོ།། རྡོ་རྗེ་གནོད་སྦྱིན་ཞལ་གདངས་པར་ཞེས་བྱ་བ་ནི། གཉིས་མེད་པའི་ཡེ་ཤེས་ལས་མ་གཡོས་པ་ནི་རྡོ་རྗེ་སྟེ། དེ་ལས་འབྱུང་བའི་བདག་ཉིད་ཆེན་མོ་དང་། ས་བདག་ཆེན་མོ་ལ་སོགས་པའི་ཞལ་དུ ་བསྟབས་པའོ།། མཚན་མའི་དངོས་པོ་བསྟིམས་པར་བསྒོམ་ཞེས་བྱ་བ་ནི། མཚོན་གྱིས་གཏུབས་པའི་དུམ་བུ་མཚུན་མར་སྣང་བའི་དངོས་པོ་དེ་ཁྲོ་བོ་དང་ཁྲོ་མོ་དང་འཕྲ་མེན་མའི་བདག་ཉིད་ཆེན་མོའི་ཞལ་དུ ་བསྟབས་པས། དེ་རྣམས་ཀྱིས་ཐིམ་པར་གསོལ་བར་བསམ་མོ།། དེ་ཡང་ཞལ་དུ་བསྟབས་པའི་དུསྭཱ་སུ། རྡོ་རྗེ་ཚིག་འོག་ནིས་འབྱུང་བ་འདིས་བསྐུལ་བར་བྱ་སྟེ། ནམ་མཁའི་ཁྲོ་མོའི་ཞལ་གདངས་སུ། ་ཞེས་བྱ་བ་ནི། ཆོས་ཉིད་མ་བཅོས་པའི་དོན་གྱིས་ངོ་བོ་དེ་ནི་ནམ་མཁའ་སྟེ། དེ་ལས་བྱུང་བའི་ཁྲོ་བི་མི་བཟད་པ་ཞལ་གདངས་པ་རུ་ཁམས་གསུམ་གྱི་སེམས་ཅན་ཉོན་མོངས་པ་ལྔ་ཡིས་བཅིངས་ནས ་ངན་སོང་གསུམ་དུ་འཁོར་བ་དེ་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། ཐང་ཅིག་ཡུད་ཙམ་ལ་འགྲོ་བ་ཀུན་ཞལ་དུ་འཕྲ་མེན་མ་ངས་བསྟབས་པས། ཁྲོ་བོ་རོལ་པའི་ཚོགས་ཁྱོད་ཀྱི་ཞལ་དུ་ཡུད་ཙམ་ལ ་བཏིམས་པར་མཛོད་ཅིག་པའོ།། དེ་ནས་ཞལ་དུ་འཁོར་བ་མཐའ་དག་གསོལ་བའི་གཏིང་ལ། དགྱེས་ནས་དཀྱིལ་འཁོར་དུ་བཅས་པ་དུས་གཅིག་ཏུ་བཞད་པ་དེའི་ཕྱིར། རོལ་པས་དགྱེས་པའི་གད་རྒྱངས་སྒྲོགས ་ཞེས་གསུངས་པ་ཡིན་ནོ།། སྡུས་ཤིང་སྲེགས་ལ་མྱུར་དུ་ཟོ་བྱ་བ་ནི། ཁམས་གསུམ་གྱི་འཁོར་བ་མ་ལུས་པར་སྡུས་ཤིག། འོད་ཟེར་གྱི་བསྲེགས་ལ་མྱུར་དུ་ཟའོ།། ཞེས་པ་སྟེ། སྟབས་པར་བྱ་བའི་བསྔགས་ནི ་འདི་ཡིན་ཏེ། བཱི་ད་ཡིའི་སྔགས་བརྗོད་པའི་རྗེས་ལཱྀ་བཛྲ་ཀྲོ་ཏ་ཡག་ཤ་རག་ཤ་ཀྲོ་ཏ་ཁཱ་ཧི་ཁཱ་ཧི། ཞེས་པས་ཞལ་དུ་གསོལ་ནས། གསོལ་བའི་གཏིང་ལ་དགྱེས་པའི་གད་མོ་འདི་ཡིན་ཏེ། ཧ་ཧོ་ཧཽ་ཞེས་གཞེད་ནས། ་དེ་ནས་གནས་ཕྱི་མོ་དང་ཕྲེང་བའི་ཕྱིར། ཧཱུཾ་ཧཱུཾ་ཧཱུཾ་ཞེས་པས་རྣམ་པར་ཤེས་པ་ཧཱུཾ་དུ་བསྡུས་ནས་ལྟེ་བའི་དབུས་སུ་ཡེ་ཤེས་ཀྱི་མེ་ཤུ་ནས་ཕཊ་ཕཊ་ཕཊ་ཅེས་པས་ཡུམ་གྱི་པདྨ་ལ་སྤྲོས་པས་ཡུམ་གྱི་པདྨ་དཱ་ནི ་གནས་ཕྱི་མོ་སྟེ། དེ་ནི་གནས་ཕྱི་མོ་དང་ཕྲ་བི་འོ།། དེའི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་འཛིནྡ་པར་བསྐྱེད་དེ། དེ་ལ་དབང་ཚང་བར་བསྐུར་ནས་འཇིག་རྟེན་གྱི་ཁམ་སུ་སེམས་ཅན་གྱི་དོན་ལ་བཏང་ངོ་།། ་དེ་ནི་ལས་བྱ་བ་ལ་འབྲས་བུ་ཡོད་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་སྲས་སོ།། དེ་ལྟར་བྱས་པའི་གནས་ཀྱི་མན་ངག་སྟེ། ལས་མ་གྲུབ་བར་དུ་བྱེ་བ་མ་ཡིན་ནོ།། བྱས་ན་སྐྱོན་ཅི་ཡོད་ཅེ་ན། བྱང་ཆུབ་སེམས་ཀྱི ་འཁོར་ལ་དབང་བསྐུར་བས། རྣལ་འབྱོར་དམ་པ་ཡིན་པའི་གྲལ་དུ་འགྲོ་བས་རྣལ་འབྱོར་པ་ཉིད་དམ་ཚིག་ཉམས་པ་དང་། ལས་མི་འགྲུབ་པའི་སྐྱོན་ཡོད་དོ།། འགྲུབ་ངེས་པ་དང་གྲནས་ཀྱི་མན་ངག་དེ ་ལྟར་ལས་མཐར་ཕྱིན་པར་བྱ་བའོ།། དེ་ནས་ཡང་དེ་ལྟར་མ་ཡིན་ནས་ཕུང་པོ་ལྷག་རོལ་དེ་སྲེག་པ་ཞིག་ཡིན་ན། ཧོམ་གྱི་ལསྣ་བསྟན་པའི་ཕྱིར་དེ་ནས། བསྲེག་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ཞེས ་པ་ལ་སོགས་པ་བསྟན་ཏེ། འདི་གསུངས་སོ།། ཞེས་པ་མི་བསྲེག་པར་བྱ་བའི་དོན་སྟོན་པའི་ཞལ་ནས་འོག་ནས་འབྱུང་བ་འདི་གསུངས་སོ།། ཀློང་ཡངས་འཁྱིལ་པོའི་ཧོམ་ཁུང་དུ། ཞེས་བྱ་བ་ནི། ཆོས་ཀྱི ་དབྱིངས་དང་མཉམ་པའི་ཧོམ་ཁུང་དུ། ཆོས་འབྱུང་བའི་ཕྱག་རྒྱ་སྟེ། དབྱིངས་རྣམ་པར་དག་པའི་ངང་དུ་འཁྱིལ་པའི་ཧོམ་ཁུང་དུ། འབར་བ་རབ་ཏུ་འཁྲུག་པ་གདུག་པ་ཅན་གྱི་མེ་སྦར་ཏེ། བསྐྱེད་པ་མེ ་ལྷོ་དང་ཡེ་ཤེས་དང་དབྱེར་མེད་པར་བྱིས་པའི་འབར་བའི་མོ་དཔུང་གི་དངོས་པོར་འགྱུར་བ་གཟུགས་དུམ་བྱ་རྣམས་ཡེ་ཤེས་མོའི་ནང་དུ་སྲེག་པར་བྱ་སྟེ། རྡོ་རྗེ་ཚིག་ཏུ་བསྒྲལ་བར་བྱ་བ་ནི། འོག་ནས་འབྱུང་བ ་འདིའོ།། རཾ་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། མཚན་མར་གྱུར་པའི་དངོས་པོ་འདི།། བསྲེག་པས་དངོས་པོ་ཀུན་བརླག་སྟེ། སླར་མི་ལྡོག་པར་བསྲེག་པར་འགྱུར་ཞེས་གསུངས་ཏེ། རཾ་ཞེས་པ་ནི་དང་པོའི་མེ་ལྷའི ་ས་བོན་ནོ།། དེ་ལ་ཡང་སྐུ་ཡོངས་སུ་རྫོགས་པའི་དུས་ན། སྐུ་ལས་འོད་འབར་བས་མེ་དཔུང་འབར་བ་སྟེ། དེ་ལྟ་བུརི་མཱཾ་ལྷའི་ཀློང་དཀྱིལ་དུ། བརྡུངས་པའི་ཕྱེ་མར་སྣང་བའི་དངོས་པོ་འདི། བསྲེགས་སམ་ཕྱེ་མར་སྣང་བ ་ཀུན་བརླག་ནས་སླར་མི་ལྡོག་པར་བསྲེགས་པས་ཐལ་བར་གྱུར་པ་རྟག་གོ།། མེ་སྦར་བར་བྱ་བའི་སྔགས་ནི་འདི་ཡིན་ཏེ། རཾ་ཛྭ་ལ་ཛྭཱ་ལ་པ་རཱ་ན་ཧཱུཾ་ཕཊ་ཅེས་པས་མེ་སྦྱར་ལ། ཚར་མ་ཅན་གྱི་སྲེག་ཤིང་གི་ནང ་དུ་གཞུག་པར་བྱའོ།། དེ་ནས་བསྲེགས་པའི་ཐལ་བ་དེ་གཏད་ཁྲམ་བྱ་ཞིང་མནན་པར་བྱ་བར་བསྟན་པའི་ཕྱིར། དེ་ནས་མནན་ལ་རྒྱུན་གྱི་ཏིང་ངེ་འཛིན་གསུངས་སོ།། ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། ནམ་མཁའི ་རྡོ་རྗེ་དཀྱིལ་འཁོར་དུ་ཞེས་བྱ་བ་ནི། ནམ་མཁའ་ནི་འབྱུང་བ་སྟེ། གྲུ་གསུམ་དུ་གནས་པའོ།། དེ་ལྷ་འམ་ཀླུ་འམ་གནོད་སྦྱིན་ནམ་ཐེའུ་རང་ངམ། མ་མོ་ལ་སོགས་པ་གང་ལ་འདོད་པའི་གནས་སུ་ཆོས་འབྱུང་བ ་དགོས་པ་དེའི་ནང་དུ་གཞུག་པའོ།། དེ་གང་གཞུག་ཅེ་ན་གཟས་པ་པོ་དེ་གཞུག་པའོ།། ཇི་ལྟར་གཞུག་ཅེ་ན། གང་ལ་གཏོད་པའི་གཞུག་གི་རྒྱུ་བདུན་ལ་གཟུགས་བྱས་ལ་གཞུག་པ་སྟེ། དེ་ཡང་རེ་བ་ནི་དྲག་པོའི ་ལས་ལ་ཤིས་པ་ཡིན་པས་དེའི་ནང་དུ་བཏུམས་ལ་ར་རོ་ག་དང་ཁྱི་དཀར་པོའི་སྤུ་ལ་བསྒྲིལ་བ་ཡི་དཀར་ནག་གིས་བཅིངས་ལ། རྡོ་རྗེ་རྒྱ་གྲམ་གྱིས་ནི་དྲག་པོའི་ལས་ཀྱི་རྒྱ་སྟེ། དེས་རྒྱས་བཏབ་ལ་ཧོམ་ཁུང་དུ ་གཞུག་པར་བྱ་བའོ།། དེའི་སྟེང་དུ་གཡམ་པ་སྔོན་པོ་ཡང་རྡོ་རྗེ་རྒྱ་གྷུམ་བྲིས་ལ་ཁ་བཅད་ལ་བཞག་པར་བྱ་སྟེ། རླུང་གི་དཀྱིལ་འཁོར་རྟག་པར་བྱ་བྱའོ།། དེ་འི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་རྟག་པར་བྱ ་བའོ།། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་བརྟག་གོ།། དེའི་སྟེང་དུ་སུཾ་ལས་སའི་དཀྱིལ་འཁོར་བསྐྱེད་དེའི་ཕྱིར་དབང་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། གསུངས་སོ།། དབང་ཆེན་དཀྱིལ་འཁོར་སྟེང་དུ་ལཾ་ལས་རི་རབ་ཟུང ་བརྒྱད་པ་ཤིན་ཏུ་བརྗིད་ཅིང་བརྟ་ནུ་པཱ་ཅིག་བསྐྱེད་དོ།། དེའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པ་རོ་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྒྱུ་གྲམ་དུ་གྱུར། རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཡང་ཉི་མའི་དཀྱིལ་འཁོར་བརྟག་པ ་བྱ་བྱོ་སྟེ། དེའི་མཐའ་མ་ཡང་མེ་ལྕེའི་ཕྲེང་པོས་བསྐོར་ནས་གནས་པའོ།། དེའི་ཕྱིར། རི་རབ་སྟང་དུ་རྡོ་རྗེ་བསྐྱེད། རྒྱ་གྲ་མི་སྟེང་དུ་བསམ་བེ་ནི་ཞེས་གསུངས་པ་ཡིན་ནོ།། ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཧཱུཾ་བསམ ་ཧཱུཾ་ཡོངས་སུ་གྱུར་པ་ལས།། རྡོ་རྗེ་བསྒོམ་པར་བྱའོ།། ལས་ཀྱི་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དེ་བསྐྱེད་པར་བྱའོ།། བཅོམ་ལྡན་འདས་དེའི་འཁོར་ན་ཡང་གྲངས་མེད་པ་མི་དཔུང་གི་ནང ་ནི་བཞུགས་པར་བསྒོམ་སྟེ། དེ་ལྟར་བསྒོམ་པ་དེས་སྐྱེ་འགྲོ་གདུག་པ་ཅན་གྱི་ལས་དང་ཉོན་མོངས་པ་མནན་ནམ། བསྐལ་པ་མཐོའི་བར་དུ་ཐར་པའི་དུས་མེད་པར་བརྟག་པའི་ཕྱིར། ལས་ཀྱི་རྡོ་རྗེ་དཀྱིལ་འཁོར་བསྒོམ། ་སྐྱེ་འགྲོ་ཐམས་ཅད་མནན་པར་བསམ་ཞེས་གསུངས་སོ།། དེ་ནས་ཡང་གནོན་པའི་དུས་དེ་ཉིད་དུ། རྡོ་རྗེ་ཚིག་ཏུ་བརྗོད་པ་ནི། འོག་ནས་འབྱུང་བའི་འདིའོ།། ཧཱུཾ་ལས་ཀྱི་རྡོ་རྗེ་འཁོར་དང་བཅས།། འཇིག་རྟེན་ཁམས་ནི ་རབ་འབྱམས་ན།། ལོག་པར་ལྟ་བའི་སེམས་ཅན་རྣམས།། སྐད་ཅིག་ཡུད་ལ་མནན་པར་ཤོག་ཅེས་བརྗོད་པར་བྱ་བ་སྟེ། ལས་ཀྱི་རྡོ་རྗེའི་དཀྱིལ་དང་འཁོར་དུང་བཅས་པ་ཡིས། ཁམས་གསུམ་གྱི་ཉོན་མོངས་པ ་ཐམས་ཅད་ཐད་ཅིག་ཡུང་ལ་གནོན་ཅིག་པའོ།། དེ་ཡང་རི་རབ་བསྐྱེད་པའི་སྔགས་ནི་འདིའོ།། ཨོཾ་བཛྲ་སུ་མེ་ཧཱུཾ་ཞེས་པས་བསྐྱེད་པའོ།། ལས་ཀྱི་རྡོ་རྗེ་བསྐྱེད་པའི་སྔགས་འདིའོ།། ཧཱུཾ་ས་མ་ཡ་ཏཱི་ཞེས་པ་སྟེ། ལས་ཀྱི ་རྡོ་རྗེ་བསྐྱེད་དོ།། དེ་ནས་ཏིང་ངེ་འཛིན་ཡོངས་སུ་གསལ་ཞིང་གོམས་པའི་ནུས་མཐུ་བསྟན། དེའི་ཕྱིར། དཀྱིལ་འཁོར་དག་ནི་ཐམས་ཅད་དུ།། ཏིང་འཛིན་དཀྱིལ་འཁོར་མཐའ་ཡས་མཆོག། ལས་སུ་རུང་བའི ་རྣལ་འབྱོར་པས།། དེ་ཡིས་མི་འགྲུབ་གང་ཡང་མེད།། མི་བྱ་བ་ནི་གཅིག་ཀྱང་མེད་ཅེས་བྱ་བ་འདི་གསུངས་ཏེ། བསྟན་པའི་དཀྱིལ་འཁོར་ཐམས་ཅད་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཐའ་ཡས་པ་མེད་ན། ་དོན་མི་འགྲུབ་སྟེ། རྟག་པའི་ནང་དུ་འགྱུར་རོ།། ཏིང་ངེ་འཛིན་ཏེ་དཀྱིལ་འཁོར་དེའི་ངང་དུ་ཡང་ནས་ཡང་དུ་འདྲིས་ཤིང་སེམས་ལས་སུ་རུང་བའི་རྣལ་འབྱོར་པ་དེས་ལས་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པ་གང ་ཡང་མེད་དེ། ཤྲཱི་བ་དང་རྒྱས་པ་དང་དབང་གིས་ལས་དང་། བསྐྲད་པ་དང་། གསང་པའི་ལྷས་མི་བྱ་བ་ནི་གཅིག་ཀྱང་མེད་དོ།། དེ་ནས་ཡང་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་དེ་བདེ་བར ་གཤེགས་པ་ཡིན་པར་བསྟན་པའི་ཕྱིར། ཏིང་འཛིན་ཀློང་དུ་འདྲིས་པ་ཡིས།། མི་ཞེས་བྱ་བ་བདེར་གཤེགས་ཡིན།། སངས་རྒྱས་ཞེས་ནི་གུད་ན་མེད། ཅེས་གསུངས་ཏེ། ཏིང་ངེ་འཛིན་ལ་དུས་རྟག་ཏུ་གནས་ཤིང་ཀློང ་དུ་གྱུར་པའི་མི་དེ་ནི་བདེ་བར་གཤེགས་པ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བདེ་བའི་གནས་ནི་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ཡིན་ལ། ཏིང་ངེ་འཛིན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ལ་གནས་པ་ནི ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་རྒྱུ་ལས་བཞུགས་པ་དེའི་ཕྱིར་བདེ་བར་གཤེགས་པའོ།། དེ་ལྟར་གཉིས་སུ་མྱོང་པའི་ཤེས་པ་དེ་ལ་གནས་ཤིང་གནས་པས། དུས་ནམ་ཞིག་ན་སྤྲོས་པ་དང་བྲལ་བ་མངོན ་དུ་རྟོགས་པར་འགྱུར་ཏེ། དེའི་དུས་ན་ཉོན་མོངས་པ་ཐམས་ཅད་ནི། ཡེ་ཤེས་ཀྱི་ངོ་བོར་གྱུར། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ནི་ཡོངས་སུ་རྒྱས་པ་དེ་ཉིད་ལ། སངས་རྒྱས་ཞེས་ནི་གླུད་ན་མེད་ཅེས ་སྟོན་པ་དཔལ་ཀུན་ཏུ་བཟང་པོས་གསུངས་སོ།། དེ་ནི་དོན་དམ་པའི་བདེན་པའོ།། །། རྒྱུན་གྱི་ཏིང་ངེ་འཛིན་རིམ་པར་ཕྱེ་བས་སོ་སོར་བསྟན་པའི་ལེའུ་ལ་ནི། རྒྱུན་གྱི་ཏིང་ངེ་འཛིན་རིམ ་བར་ཕྱེ་བའི་ལེའུའོ།། །། བདུད་རྩིའི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་ཀྱི་བཤད་པའི་ལེའུ་སྟེ། བཅུ་པའོ།། །། དེ་ནས ་རྒྱུན་གྱི་ཏིང་ངེ་འཛིན་ལ་སོགས་པ་གསུངས་ཀྱང་། འཕྲིན་ལས་བཞིའི་བྱེ་བྲག་འདི་མ་བསྟན་ན། སེམས་ཅན་གྱི་དོན་མི་འགྲུབ་པས་དེ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ ་དེས། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱི་རྣམ་པར་སྦྱོང་བ་འདི་གསུངས་སོ།། ཞེས་པ་སྟེ། གསུངས་པའི་དོན་ནི་འོག་ནས་འབྱུང་བ་འདི། ཀུན་ཏུ་སྣ་ཚོགས་ལས་ཀྱི་རྣམས་ཞེས་བྱ་བ་ནི། ཞི་བ་བསྒྲུབ་པ་སྟེ། ་སངས་རྒྱས་འཁོར་ལོ་ཅན་གྱི་བསྒྲུབ་པའི་གཞུང་གང་ཡིན་པ་བསྒྲུབས་ཞི་བའི་ལས་བྱ་བ་དང་། རིན་པོ་ཆེའི་བསྒྲུབ་པ་བྱས་ལ། རྒྱས་པའི་ལས་བྱ་བ་དང་། པདྨའི་ལས་བྱ་བ་དང་དབང་གི་ལས་བྱ་བ་དང་། ་གདོན་མི་ཟིའི་བསྒྲུབ་པ་བྱས་ལ་དྲག་པོའི་ལས་བྱ་བ་དང་། ཀུན་ཏུ་སྣ་ཚོགས་རྣལ་འབྱོར་གྱིས་ཞེས་བྱ་བ་ནི། ཀུན་ཏུ་སྣ་ཚོགས་ཀྱི་དཀྱིལ་འཁོར་སྤྱིའི་ཁ་དོག་ཇི་ལྟ་བ་བཞིན་དུ། ཏིང་ངེ་འཛིན་དུ་བདག ་གནས་ནས། སེ་མས་ཅན་གྱི་དོན་དུ་ཞི་བ་དང་དབང་དང་མངོན་སྤྱོད་ལ་སོགས་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱིའོ།། དེ་ལྟར་སྤྱིའི་ཚིག་བསྟན་ནས། འདི་ནས་མར་ནི་འཕྲིན་ལས་སོ་སོའི་གཞུང ་བསྟན་ཏེ། སྔོན་ལེ་ཕྱི་དང་ནང་དུ་སྣང་བའི་རྣམ་པར་རྟོག་པ་སྦྱང་ཞིང་ཞི་བར་བྱ་བའི་ཕྱིར། ཞི་བའི་ལས་སྟོན་ལས་བསྟན་པའི་ཕྱིར། འཇིག་རྟེན་ཁམས་ནི་རབ་འབྱམས་ན་ཞེས་པ་ལ་སོགས ་པ་བསྟན་ཏེ། འཇིག་རྟེན་ཁམས་གསུམ་གྱི་སེམས་ཅན་རབ་ཏུ་རྨུགས་ཤིང་ཡིད་ཐིམ་པར་ཡོད་པོ་དང་གལ་ཏེ་ཕ་རོལ་གནོད་པ་བྱེད་པ་ཅིང་ཡིད་རྨུགས་པར་བྱེད་པའི་སེམས་ཅན་ལ། དེ་གསལ ་བར་བྱ་བའི་ཕྱིར། སྣ་ཚོགས་ལས་ཀྱིས་ཞི་བ་སྦྱར་བ་བྱའོ།། དེ་ཡང་ཇི་ལྟར་ཞེ་ན། བཀྲ་ཤིས་དབེན་པའི་གནས་དག་ཏུ་ཞེས་བྱ་བ་ནི། ལེའུ་གསུམ་ལས་གསུངས་པོའི་སངས་རྒྱས་འཁོར་ལོ་ཅན་གྱི ་གནས་གང་ཡིན་དོ་རུ་བསྒྲུབ་པར་བྱའོ།། བཀྲ་ཤིས་མཚན་ལྡན་ཡུམ་མཆོག་གཟུངས་ཞེས་བྱ་བ་ནི། དང་པོ་བསྒྲུབ་པའི་དུས་སུ་བཀྲ་ཤིས་པའི་ཡུམཱ་ནི་ཤ་དཀར་ལ་སྲབ་པ་རྐང་པ་ཕྲལ། མིག ་ད་ཀྱུས་རིང་ལ་སྨིན་མ་བར་མ་ཆད་པ་སོར་མོ་འཕྲ་ལ་རིང་བཱ། སྨད་ཞས་པ་རིང་ཐུང་གཉིས་སྤངས་པའི་ཡུམ་མཆོག་དེ། གཟུང་བར་བྱ་བའོ།། ལས་ཀྱི་དུས་སུ་ནི་གཡོན་ཕྱོགས་སུ་བཞག་པ་ལས ་བརྩོམ་པར་བྱའོ།། རྣམ་སྣང་མཛད་ཀྱི་རྣལ་འབྱོར་རམ། མི་བསྐྱོད་ཕྱག་རྒྱར་བདག་གནས་ལ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གསལ་བར་བསྒྲུབ་པོ་འམ། ཡང་ན་མི་བསྐྱོད ་པའི་དཀྱིལ་འཁོར་བསྒྲུབས་ལ། འོད་ཟེར་དཀར་པོ་བདུད་རྩིའི།། རྒྱུན་འབབ་ཅིང་སེམས་ཅན་གང་ཡིན་པ་ལ་སྙིམས་པས། དེའི་བག་ཆགས་ངན་པ་བྱང་ནས་སོ་སོའི་ལས་གང་ཡིན་པ་དེ་གསལ་བར་འགྱུར ་རོ་དཀར་ལ་ཟླུམ་པའི་དཀྱིལ་འཁོར་ལ་ཞེས་བྱ་ནི། ཞི་བའི་ཐུབ་ཁུང་ནི་ཁ་དོག་དཀར་པོར་བྱུག་པའོ།། དབྱིབས་ནི་ཟླུམ་པོའོ།། ཆེ་ཆུང་ནཱིནི་ཁྲུ་གང་དུ་བྱ་བའོ།། ཟབས་སུ་ནི་ཁྲུ་ཕྱེད་བརྐོ་བའོ།། ཁ་ཁྱེར་སོར ་བཞི་བསྐོར་བྱར་བྱ་སྟེ། དབུས་ཀྱི་ཁ་ཁྱེར་ལ། རྡོ་རྗེ་འོད་འཕྲོ་བས་བརྒྱན། ཞེས་བྱ་བ་སྟེ། རྡོ་རྗེ་ར་བ་གཏོང་བར་བྱའོ།། དེའི་ཕྱི་རོལ་གྱི་རྒྱ་སོར་བཞི་ཡོད་པ་ལ་དཔངས་སུ་སོར་ཅིག་ཡོད་པའི་ཆ་ག ་དེ་ལ་འཁོར་ལོས་བསྐོར་བར་བྱའོ།། དེ་ནི་མི་ཐབ་བཅའ་ཐབས་སོ།། དེ་ནས་ཡང་ཕུར་པ་དགོད་པའི་རིམ་པ་ནི། ཞི་བའི་ཕུར་པ་གཞུང་ངུ་བྱེད་ན། ལྷའི་མཚན་ཉིད་ཀུན་ཀྱང་སྐུ་མདོག་དཀར་པོ་ཞལ ་གཅིག་ཕྱུག་གཉིས་པ་བསྒྲུབ་པའི་དུས་སུ་བསྙེན་ཕུར་ཡང་དཀར་པོ་ལ་བྱ་བ་སྟེ། དེ་བསྟན་པའི་ཕྱིར། རིན་ཆེན་ཁ་དོག་དཀར་པོའོ།། དཀོར་པོའི་ཤིང་ལས་བྱས་པའི་ཞེས་པ་ནི། རིན་ཆེན་ཁ་དོག ་དཀར་པོ་ནི་དངུལ་ལ་བྱས་པ་སྟེ། དེ་ལ་ཕུར་པ་བྱ་བ་འམ་ཡང་ན་དེ་མེད་ན་འོ་མ་ཅན་གྱི་ཤིང་དཀར་པོ་ལ་བྱ་སྟེ། དེ་ལ་ཕུར་པ་བྱས་ལ་འོད་ཟེར་ཡང་དཀར་པོར་སྤྲོ་བར་བྱ་བའོ།། དཾ་ནི་བསྒྲུབ་པའི་དུས་སུ ་ནི་ཕུར་པ་ཟླུམ་པོ་དྲུག་གདབ་སྟེ། ཞེས་བྱ་བ་ནི། སྲས་ཕུར་པ་ཟླུམ་པོའི་རྩེ་མོ་ཟླུམ་པོ་དྲུག་གདབ་སྟེ་ལས་བྱའོ།། གང་དུ་གདབ་ཅེ་ན། བདེ་བར་གཤེགས་པའི་སྒོ་དྲུག་ཏུའོ།། དེར་བཏབ ་པས་ཅིར་འགྱུར་ཞེ་ན། ཕུར་པའི་འད་ཟེར་དཀར་པོ་ཡིས་བདེ་བ་ཆེན་པོའི་སྒོ་དྲུ་ག་ནས་ཞུགས་ནས། སེམས་ཅན་གྱི་ཉོན་མོངས་པས་འཐིབས་ནས་རྨུགས་པ་དེ་དང་། ནད་པ་ལ་སོགས་པ་ནད་རྣམ་པ ་མང་པོ་གང་ཡིན་པ་དང་། སེམས་ཅན་གདུག་པ་ཅན་ཡིན་ན་སེམས་ལ་གདུག་པའི་ཞེ་སྡང་ཡོད་པ་དེ། ཡེ་ཤེས་ཀྱི་ཆུས་བཀྲུས་ནས། ཡང་དག་པའི་ཤེས་པ་དང་ལྡན་པར་བྱས་པའོ།། དེ་ནི་ལས་ཀྱི། ་དུས་སུ་སྦྱར་བའོ།། དེ་ནས་མེ་ལྷ་བསྐྱེད་པའི་རིམ་པ་སྟོན་པ་ཏེ། དེ་ལ་ཡང་གཉིས་ལས་ཐབ་ཁུང་ཉིད་གཞལ་ཡས་ཁང་དུ་བྱས་ནས། འཇིག་རྟེན་པའི་མེ་དེ་མྨེ་ལྷའི་སྐུར་བསྐྱེད་ནས། དེ་ལ་རང་བཞིན་གྲུབ་པའི ་གནས་ནི་ས་ཡེ་ཤེས་ཀྱི་མེ་ལ་སྨན་དངོས་ཏེ་བསྟིམས་ནས། མཆོད་པ་ཕུལ་ནས་ཞི་བའི་ལས་བཅོལ་ལོ།། ཡེ་ཤེས་ཀྱི་མེ་ལྷོ་གཤེགས་སུ་གསོལ་ལ། དམ་ཚིག་གི་མཾ་ལྷའི་ཐུགས་ཀར་ཞི་བའི་ལ་གཉིས་ཀྱི ་གཞུང་གང་ཡིན་པ་བསྐྱེད་དེ། དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམ་པའི་ཕྱིར། ཞི་བའི་ལྷ་ཚོགས་སྤྱན་ཡང་དྲངས་ཞེས་གསུངས་སོ།། ཡང་ཐབ་ཁུང་གོང་མ་འདྲ་བར་གཞལ་ཡས་སུ ་བྱས་ལ་དེའི་ནང་དུ་དམ་ཚིག་སེམས་དཔའི་དཀྱིལ་འཁོར་གཞུང་གཉིས་གང་ཡིན་པ་བསྐྱེད་པ་ལ། ལྷ་རྣམས་ཀྱི་ཞལ་ཉིད་འཇིག་རྟེན་པའི་མེ་ཡིན་པར་བསམས་ལ། དེ་ནི་མེ་ལྷ་ཞལ་དུ་བྱ་བ་ཡིན་ཏུ་དེ་ལས ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། བསྟིམ་ལ་མཆོད་པ་དབུལ་བར་བྱའོ།། སྙིང་རྗེ་བྱམས་པའི་མཆོད་སྦྱིན་བྱ་ཞེས་བྱ་བ་ནི། ཁམས་གསུམ་གྱི་སེམས་ཅན་རྨུགས་པ་ལ་སོགས་པ་ལ་སྙིང་རྗེ་བསྐྱེད་དེ། ་དེ་ལ་བྱམས་པས་མཆོད་པ་བྱེ་བ་དང་། མི་དགེ་བཅུ་སྤངས་ནས་དགེ་བ་བཅུ་ལ་གནས་པའི་ཕྱོགས་སྐྱོང་བཅུ་ལ་ལས་བཅོལ་བའི་ཕྱིར། བསྲེག་རྫས་སྦྱིན་པར་བྱའོ།། ཡམ་ཤིང་དཀར་ལ་སྦྱར་བའི་མེ་ཞེས་བྱ་བ ་ནི། ཡཽམ་ཤིང་གི་རིམ་པ་སྟོན་ཏེ། རློན་ལ་སྦྲམ་དང་བཅས་རྩེ་མོ་ཆ་ལས་བྱུང་བ་ཆུར་མཛུབ་གང་ཡོད་པོ། སྦམས་སུ་ཆག་པ་གང་ཡོད་པ། མངར་ཞིང་འོ་མ་ཡོད་པའི་ཤིང་ལ་བྱའོ།། ཤིང་དེ་མ་གས་མི་འཁྱོག ་པ་འབུས་མ་ཟོས་པ་ལ་བྱའོ།། འོ་ན་གས་པ་ལ་སོགས་པ་ལ་བྱུང་ན་སྐྱོན་ཅི་ཡོད་ཅེ་ན། ཡོད་དེ་གས་པར་གྱུར་ནཱ་ཤ་ཀླུ་ཅན་དུ་སྐྱེ་བ་དང་། ཡོན་པོར་སོང་ན་དབང་པོ་མུ་ཚང་བར་སྐྱེ་བ་དང་། འབུས་ཟོས་ན་ཡོན ་ལག་མ་ཚང་བར་སྐྱེ་བསོ་སྐྱོན་ཡོད་པས། གཟབས་ལ་ལེགས་པར་བྱའོ།། འོན་ཏེ་འཁྱོགས་པ་ལས་མ་རྙེད་པ་ཞིག་ཡིན་ན། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་བྱའོ།། དཀོར་ལ་སྦར་བ ་མེ་ཞེས་པ་ནི་དངུལ་ལཾ་དཀར་པོའི་གནོད་སྦར་པར་ཤིང་དཀར་པོ་ལེགས་མོ་བླུགས་བཙུགས་པ་འམ། དཀོན་པའི་གནས་ནས་མེ་བླངས་ལ། ཤོང་བའི་ཤིང་ནང་དུ་བླུགས་ལ་གོངྒ་དུ ་གསུངས་པའི་སྔགས་ཀྱིས་མེ་སྦྱར་བར་བྱ་སྟེ། རླུང་ཡབ་ཀྱིས་བུད་པར་བྱའོ།། དེ་ལྟར་མེ་ལེགས་པར་སྦྱར་ནས་བུད་ཤིང་གི་ནང་དུ་མེ་བླུགས་པར་བྱའོ།། དཀར་ལ་མངར་བའི་རྫས་རྣམས་ཀྱིས། ཞི་བའི ་ཚུལ་དུ་སྦྱིན་སྲེག་བྱ། ཞེས་བྱ་བ་ནི། ཞི་བཽ་ལ་སྔོན་ལ་མཱར་དབུལ་བར་བྱ་བ་ཡིན་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཞེས་དབུལ་བར་བྱའོ།། གཞུང་གཅིག་ཏུ་བྱ་བ་ཡིན་ན། ཨོཾ་ན་མ་ས་མནྟ ་བུདྡྷ་ནཾ་རུ་རུ་པུ་རུ་ཛྭ་ལ་ནརི་ཏཱི་ཏ་ལོ་ཚ་ནི་སརྦ་ཨ་ཏོ་ནེ་ཡེ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཟློས་པས་མར་དབུལ་བར་བྱ་བ་ཡིན་ཏེ། གཞུང་གཉིས་སོ།། ཨོཾ་སརྦ་སཾ་བ་དི་སྭཱ་ཧཱ་ཞོ་ཟན་གྱིའོ།། ཨོཾ་སརྦ་ག་ག་དཱ་ཧ་ནི་བཛྲ་ཡ་སྭཱ་ཧཱ། ་ཞེས་པ་ནི་ཏིལ་ལོ།། ཨོཾ་བཛྲ་ཨཱ་ཡུ་ཤེ་སྭཱ་ཧཱ། ཞེས་པ་ནི་ངུར་བའི་འོ། ཨོཾ་བཛྲ་པུ་ཤ་ཡེ་སྭཱ་ཧཱ། ཞེས་པ་ནི་འབྲས་སོ་བའི་འོ།། ཨོཾ་པྲ་ཏི་ཧ་ནཱ་ཡ་བཛྲ་སྭཱ་ཧཱ། ཞེས་པ་ནི་ཀུ་ཤ་དབུལ་བའོ།། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ་འབྲས་ལག་པར་དབུལ་བའོ།། ཨོཾ་མ་ཧི་བི་ག་ཡ་སྭཱ་ཧཱ་ཞེས་པ་ནས་ཆན་ནོ།། ཨོཾ་མ་ཧ་པེ་ལི་སྭཱ་ཧཱ་ཞེས་པས་འབྲས་ཅན་ནོ།། ཨོཾ་ཀས་མ་རི་སྭཱ་ཧཱ་གྲྀ་ཅན་ནོ།། ཨོཾ་བཛྲ་ཨ་ཛྙཱ་པྲ་ད་ཡ་ཤ་ན་ག་ཡ་སྭཱ་ཧཱ་ཡ་མི་ཤི ་གིའོ།། རྫས་རྣམས་ཐམས་ཅད་གཡས་སུ་དགྲམ། མཆོད་རྫས་རྣམས་ནི་གཡོན་དུའོ།། རྫས་དང་མཆོད་རྫས་ཀུན་ལ་མངར་གསུམ་བླུགས་པར་བྱའོ།། ཁ་དོག་ཀུན་ཀྱང་དཀར་པོར་བྱུག། དངུལ་ཕྱེ་འབྲས་ཅན་དཀར་པོ ་ལ་གཏོར་མ་བྱས་ཏེ་སྦྱིན་པར་བྱའོ། ཞེས་བྱ་བ་ནི། དངུལ་ཕྱེ་དང་འབྲས་ཅན་དྲང་འོ་མ་མར་ཀར་ལ་གཏོར་མ་བྱས་ཏེ་ལས་གྱི་ལྷ་ལ་བྱིན་ལ་ལས་བཅོལ་ཏེ། བསྒྲུབ་པའི་དུས་སུ་ཡང་ངོ་།། བཾ་གྱི་ཚོགས་ཀྱི་དཀྱིལ ་འཁོར་དུ།། གཏི་མུག་ལས་ཀྱིས་འཆལ་བ་རྣམས་ཞི་བོས་གྱུར་པར་དབྱིངས་སུ་རོལ་ཞེས་བྱ་བ་ནི། བ~ཾ་ནི་ཟླུམ་པོར་སྟེ་ཟླུམ་པོར་བྱས་པའི་དཀྱིལ་འཁོར་དུ་ཞི་བའི་ལྷ་ཚེགས་སྤྱན་དྲངས་ཤིང་། མཆོད་པ ་ཕུལ་ཞིང་ལོ་སེར་གྱིས།། གཏི་མུག་ལས་ཀྱིས་འཆལ་བ་རྣམས། བསལ་ཞིང་སྦྱངས་པས་རྨུགས་པ་ལ་སོ་གས་པའི་སེམས་ཅན་ཉོན་མོངས་པའི་སྦྱངས་ཤིང་། ཞི་བར་གྱུར་པོ་ཡང་དག་པའི་དོན་རྟོགས ་ཤིང་རྣམ་པར་རྟོག་པ་མེད་པར་འགྱུར་རོ།། དེ་ནི་ཞི་བའི་འབྲས་བུ་སྟེ་དོན་དམ་པའི་བདེན་པའོ།། ཡམ་ཤིང་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ།། དོན་དམ་པའི་འབྲས་བུ་སྐྱེ་བ་མི་སླུ་བའི་བདེན ་པའོ།། དེ་ནི་ཞི་བའི་ལས་སོ།། དེ་ནས་རྒྱས་པའི་ལས་བསྟན་པའི་ཕྱིར་འཇིག་རྟེན་ཁམས་ནི་རབ་འབྱམས་ན། ཞེས་པ་ལ་སོགས་པ་བསྟན་ཏེ། འཇིག་རྟེན་ཁམས་ནི་ཁམས་གསུམ་གྱི་སེམས་ཅན་ལོག ་འཕོངས་པར་གྱུར་པ་གཉིས་ཡོད་པ་ལས། ཆོས་འཕོངས་པ་དང་ཟས་ནོར་གྱིས་འཕོངས་པའོ།། ཆོས་འཕྱོངས་པ་ལ་གཉིས་རང་གི་ཆོས་འཕོངས་པ་དང་བུ་ཚྭའི་ཆོས་འཕོངས་པའོ།། དེ ་ལྟར་འཕོངས་པ་ཡོད་པ་དེ་ལ་ནི་འཕོངས་པར་འགྱུར་བའི་འགྲོ་གང་ལ་ཞེས་པ་གསུངས་པ་ཡིན་ཏེ། དེ་ལྟ་བུའི་ཆེད་དུ། སྣ་ཚོགས་ལས་ཀྱིས་རྒྱས་པར་སྦྱར་བྱར་བྱ་བ་ཡིན་ཏེ། དེ་ཡང་གང་དུ་བྱ་ཞེ་ན། ཙན ་དན་ནགས་ཚལ་མེ་ཏོག་དང་། ཉམས་དགའ་སྐྱེད་མོ་ཚལ་དུ་ཞེས་བྱ་བ་ནི། ཙན་དན་གྱི་ནགས་ཚལ་དེ་དྲི་ཞིམ་པོ་སྣ་ཚོགས་པ་ཡོད་པའི་གནས་སམ། མེ་ཏོག་དྲི་ཞིམ་པོ་ཡོད་པའི་གནས་སམ། ཉམས ་དགའ་ཞིང་སྐྱེད་མོས་ཚལ་མང་པོ་ཡོད་པའི་གོནས་སུ་བྱའོ།། གནས་ཀྱི་དམ་པ་དེར་ལྷག་ཕྲན་མ་ཡུམ་མཆོག་གཟུངས། ཞེས་བྱ་བ་ནི། ལྷོ་བཅུ་དྲུག་མའི་ཡུམ་མཆོག་གཟུང་ལ་བསྒྲུབ་པར་བྱའོ།། ་ལས་ཀྱི་དུསོ+ོ་སུ་ནི་གཡོན་དུ་གཞག་པར་བྱའོ།། རིན་ཆེན་སེམས་དཔར་བདག་གནས་བཻ་ར། ཞེས་བྱ་བ་ནཾ། རིན་ཆེན་སྙོམས་མའི་དོཀྱིལ་འཁོར་གསིལ་བར་བརྟག་ཅིང་རྒྱས་པོའི་ལྷས་བསྒྲུབ་པོར་བྱའོ།། ་དེ་ཡང་འོད་ཟེར་ཡང་སེར་པོ་འཕྲོས་པ་ཚེའི་གནས་སུ་བསྟིམ་པ་དང་། ནོར་ཟས་ལ་སོགས་སོ།། སའི་གནས་སུ་བསྟིམ་པར་བྱའོ།། སེར་པོ་གྲུ་བཞི་དཀྱིལ་འཁོར་ལ་ཞེས་བྱ་བ་ནི། མེ་ཐབ་བྱ་བ་བསྟན། ་ཏྱེ་ཁ་དོག་སེར་པོར་བྱུགྷྲ། ཁྲུ་དོ་གྲུ་བཞི་པ་སྟེ་ཁྲུ་གང་ཟབས་སུ་བརྐོ་བའོ།། བརྐོས་པའི་ས་ལས་འཕང་སོར་བཞིར་བསྐྱེད་ལ། ཁ་ཁྱེརརྱ་སོར་བཞི་པར་བྱའོ།། ཞེང་དང་དཔངས་གཉིས་ཀྱི་སོར་བཞི་བཞིར་བྱའོ།། ་རིན་ཆེན་ཆུ་སྐྱེས་དག་གིས་བརྒྱན་ཞེས་བྱ་བ་ནི། དབུས་ཀྱི་ཁ་ཁྱེར་ལ་རིན་པོ་ཆེ་གཏང་བྱར་བྱའོ།། ནང་དུ་པདྨའི་འབྲུས་བུའོ།། ཕྱི་རོལ་གྱི་སོར་བཞི་པདྨས་བསྐོར་བར་བྱའོ།། སློབ་དཔོན་ཁ་ཅིག་གཱི་གཞུང་ནས ་བརྒྱད་པར་བྱེད་པ་ཡིན་ལ། དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་ར་བ་གཏང་བར་བྱ་བ་ཡིན་ན། ཕྱི་རོལ་སོར་བཞི་ལ་ཡང་འཁོར་ལོའི་འཕྲེང་བ་བཏང་བར་བྱ་བ་ཡིན་ཞེས་གསུངས་ཏེ། དེ་ལས་ཀྱི་བྱེ་བྲག་གིས་བརྒྱན ་བྱ་ཡིན་ནོ།། དེ་ནས་ཡང་ལས་གཉིས་པའི་གཞུང་བསྟན་པའི་ཕྱིར། རིན་ཆེན་ཁ་དོག་སོར་པོ་འམ་ཞེས་བྱ་བ་ནི། རིན་པོ་ཆེ་གསེར་ཏེ་དེ་ལ་ཕུར་པའི་རྒྱུ་བྱས་ཏེ། བསྒྲུབ་པའི་དུས་སུ་ལྷ་རྣམས་ཀྱང་ཁ་དོག་སེར ་པོར་བྱ་བ་ཡིན་ནོ།། འོད་ཟེར་ཡང་སེར་པོར་སྤྲོས་ལ་དེ་ལས་གང་ཡིན་པ་དེ་བྱ་བ་ཡི། སེར་པོའི་ལས་བྱས་པའི་ཕུར་པ་ཟུར་བཞི་པ་བཞི་བཏབ་སྟེ་ཞེས་བྱ་བ་ནི་ལས་ཀྱི་དུས་སུ་ནི་བྱ་བ་སྟེ། སྲས་ཕུར་པའི་ཤིང་ལས་བྱུང་བ ་བཞིན་ནི་ཆ་ལས་འབྱུང་བ་སྟེ། བདེ་བ་ཆེན་པོའི་གནས་ཀྱི་སྒོ་བཞིར་བཏབ་པས། ཕུར་པ་ལས་འོད་སེར་པོ་འཕྲོས་དེའི་ཚེའི་གནས་གང་ཡིན་པ་དེ་རུ་ཟླ་བ་དང་ཉི་མ་ག་བུར་གནས་པའི་ནང་དུ་ཚེ་བསྟི་མ་ཞིང ་བསྟན་པར་བྱས་ཤིང་རྒྱས་པར་ལྟའོ།། སྤྱོད་པ་རྒྱས་པར་འདོད་ན་ཕུར་པ་ལ་འོད་འཕྲོས་པས་འཇིག་རྟེན་གྱི་ཁམས་ཁོངས་པའི་ནོར་ཕྱུགས་ཀུན་བཀུག་ཅིང་རང་རང་གི་གནས་ཀྱི་ནོར་ཕྱུགས་ལ་བསྟམ ་ཏེ། ཕུར་པ་ཡང་ཁང་པའི་ཕྱོགས་བཞིར་གདབ་བོ།། བུ་ཚ་འཕེལ་བར་འདོད་ན་ཕུར་པ་ལས་འོད་འཕྲོས་པ་ལས་ཚངས་རིགས་མན་ནི་གདབ་ཀྱི་ཕོའི་མཚན་ཅན་ཐམས་ཅད་འགུགས་ཏེ། ཕོའི་སྐྱེ་གནས་ལ ་བསྟིམས་པ་བུ་ཚ་འཕེལ་བར་འདོད་དོ།། རྒྱས་པའི་ལྷ་ཚོགས་སྤྱན་དྲངས་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པའི་རིམ་པ་སྟེ། ཚོགས་ཀྱི་དཀྱིལ་འཁོར་གྱི་རིམ་པ་དང་། དམོ་ཚིག་གི་མེ་ལྷུ ་ད་པའི་གཞུང་གཉིས་ཀ་གོང་དུ་གསུངས་པའོ།། ལས་ཁ་དོག་སེར་པོར་ཡོད་པའོ།། དེ་ནས་ཡེ་ཤེས་ཀྱི་མེ་ལྷ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམ་ལ་མཆོད་པ་ཕུལ་ལ། དེའི་རྗེས ་ལ་དོང་བའི་སེམས་ཀྱིས་མཆོད་དེ། དཀྱིལ་འཁོར་གྱི་ལྷ་ལའོ།། སྦྱིན་ཞེས་བྱ་བ་ནི། ཕྱོགས་སྐྱོང་ལ་སྦྱིན་པར་བྱས་ནས་རྒྱས་པའི་ལས་བཅོལ་བའོ།། སེར་པོའི་ཤིང་ལས་སྦྱར་བའི་མེ་ཞེས་བྱ་བ་ནི། སེར ་པོའི་ཤིང་ལ་ཡམ་ཤིང་ལ་བྱ་བ་ཡིན་ཏེ། གྲུ་བཞི་པ་ཆུར་ཁྲུ་གང་པ་སྦོམ་དུ་ཆོག་པ་གང་ཡོད་པོ་དབུས་ཀྱི་ཆ་ལས་བྱུང་བའོ།། མེ་སྦར་བའི་མེ་ཞེས་བྱ་བ་ནི་གསེར་རམ་སེར་པོའི་ཤིང་སྣོད་སར་པོར་སེར་པོའི་ཤིང ་ལེགས་མོ་བླངས་ལ། ཤར་རྒྱལ་པོའི་ཁྱིམ་ནས་མེ་བླངས་ཏེ་སྦར་བར་བྱ་བའི་མེ་དེ་བུད་ཤིང་གི་ནང་དུ་བླུགས་པར་བྱའོ།། ཁུ་བའི་རོ་ལྡན་སེར་པོའི་རྫས་རྒྱས་པའི་ཚུལ་དུ་སྦྱིན་བསྲེག་བྱ་ཞེས་བྱ་བ་ནི། རོ་ཁྱང ་པ་ཡོད་པ་ཁ་དོག་རྫས་ཐམས་ཅད་སེར་པོར་བྱས་པའོ།། རྒྱས་པའི་ཚུལ་དུ་སྦྱིན་བསྲེག་བྱ་ཞེས་བྱ་བ་ནི། རྒྱས་པའི་སྣ་དྲ་བའི་ནི་ཞོའི་ས་དྲངས་ལ་ལྷག་མ་རྣམས་ནི་རོམ་བཞིན་དུ་དབུལ་བའོ།། སྔགས་ནི་ཨོཾ ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཱ་བྷྱཱཾ་སྭ་ཆེ་གེ་མོ་རྒྱས་པར་གྱུར་ཅིག་ཧ་ཐམས་ཅད་ཅེས་པོས་དབུལ་ལོ།། གཞུང་གཅིག་གི་ཨོཾ་ནི་མ་ས་མན་ཏ་བུདྡྷ་ནན་བཱ་བྷྱཱཾ་སྭ་ཆེ་གེ་མོ་རྒྱས་པར་གྱུར་ཅིག་ཅེས་དབུལ་ཏེ། རྗེས་ལྷག་མ ་རྣམས་ནི་གོང་དུ་ཇི་ལྟར་གསུངས་པའི་རིམ་པས་དབུལ་བར་བྱའོ།། དེ་ནས་གཏོར་མ་བྱ་བའི་རྒྱུ་བསྟན་པའི་ཕྱིར། གསེར་ཕྱེ་འབྲུ་རྣམས་སེར་པོ་ལ་གཏོར་མ་བྱས་ཏེ་རྒྱས་པར་བྱ་ཞེས་བྱ་བ་ནི། བསྒྲུབ་པའི་དུས ་སུ་བྱ་བ་སྟེ། གསེ་ཀྱི་དྲུང་འབྲུ་ལས་བྱས་པའི་གཏོར་མ་བྱས་པ་ཐམས་ཅད་ཁ་དོག་སེར་པོར་བྱས་ལ། གཏོར་མ་དེ་ལས་ཀྱི་ལྷ་ལ་བསྔོ་སྟེ། བྱིན་ལ་རྒྱས་པའི་ལུས་བཅོལ་ལོ།། དེ་ནས་ཡང་དཀྱིལ་འཁོར་དུ ་ཇི་ལྟར་བྱ་བ་བསྟན་པའི་ཕྱིར། མ་མོའི་ཚོགས་ཀྱི་དཀྱིལ་འཁོར་དུ།། ང་རྒྱལ་ལས་ཀྱིས་འཚོལ་བ་རྣམས། རྒྱས་པར་གྱུར་པར་གདོན་མི་ཟ་ཞེས་གསུངས་སོ།། མ་ནི་གྲུ་བཞི་སྟེ་དེའི་དཀྱིལ་འཁོར་དུ་རྒྱས ་པའི་ལྷ་ཚོགས་གཞུང་གཉིས་པའི་ལྷ་རྣམས་གསལ་བར་བསྒོམ་ཞིང་། རྒྱས་པའི་དོན་གང་ཡིན་པ་བསྒྲུབ་ན་འགྲུབ་པ་དང་ང་རྒྱལ་གྱིས་འཚལ་བའི་སེམས་ཅན་རྣམས་ཀྱི་འདོད་པ་རྒྱས ་པར་གྱུར་ཏེ། བསམ་པ་རངས་ནས་ཡང་དག་པའི་དབྱིངས་སུ་རོལ་བར་གྱུར་ཏོ།། དབྱིངས་ལས་མ་གཡོས་པར་ཏེ་ཡང་དག་པའི་དབྱིངས་སུ་གཉིས་མེད་པའི་ཡེ་ཤེས་ཀྱི་རོལ་པ་སྟེ། བདེན་པ་གཉིས་སུ ་ཤེས་པར་བྱ་བ་སྟེ། རྒྱས་པའི་ལས་སོ།། དེ་ནས་ཡོང་དབང་གི་ལས་བསྟན་པའི་ཕྱིར། འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན་ཞེས་པ་ལ་སོགས་པས་བསྟན་ཏེ། འཇིག་རྟེན་གྱི་ཁམས་འདི་ན་གང་དང་གང ་ལ་ཆགས་པར་འགྱུར་པའི་སེམས་ཅན་དེའི་དོན་དུ། དབང་དུ་བྱ་བ་འདི་སྦྱར་བར་བྱའོ་གསུངས་སོ།། དེ་ནས་གང་དུ་བྱ་ཞེ་ན། དེ་བསྟན་པའི་ཕྱིར། ཟླ་མཚནི་ཅན་གྱི་ཆུ་གླིང་དུ་ཞེས་གསུངས་ཏེ། སྟར་བུ ་གཡོན་པ་འམ། སྲུབ་མའི་འབྲས་བུ་ཡོད་པའི་ཆུ་ཀླུང་དུ་བསྒྲུབ་པར་བྱ་བ་ཡོན་ཏེ། གོང་དུ་བསྒྲུབ་ཅེ་ན། སྟོད་ཅིག་མའི་གཟུངས་མ་གཟུངས་ཞེས་གསུངས་ཏེ། སྟོང་ཅིག་མ་ནི་ཞེས་བྱ་བ་ནི། རབས་ཆད་མྲྀ་དཱ ་དབང་དུ་བྱ་བའི་སྐུ་མཆོག་དུ་ཤིས་པས། དེ་དང་གྲོགས་ལ་བསྒྲུབ་པར་བྱ་བའོ།། ལས་ཀྱི་དུས་སུ་ནི་གཡོན་དུ་གཞག་པར་བྱ་བ་ཡིན། སྣང་བ་མཐའ་ཡས་པའི་དཀྱིལ་འཁོར་བསྒོམ་པར་བསྟན་པའི་ཕྱིར། ་སྣང་བ་མཐའ་ཡས་རྣལ་འབྱོར་རཾ་ཞེས་བྱ་བ་གསུངས་ཏེ། སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གསལ་བར་བསྒོམས་ལ།། བསྒྲུབས་ཏེ་འོད་ཟེར་འཕྱོ་ཞིང་གང་ཡིན་པའི་ལས་བྱ་བའོ།། གཞུང་གཉིས་པ་བསྟན ་པའི་ཕྱིར་རྡོ་རྗེ་ལྟར་ནི་རྣམ་པོར་བསྒོམ་ཞེས་གསུངས་ཏེ། དབང་གི་སྒྲུབ་པ་བྱེད་པའི་དུས་སུ་དབུས་ཀྱི་གཙོ་བོ་ནི་རྟ་སྟེ་དེར་མགོ་གང་ཡིན་པ་རུ་བཅོམ་ལྡན་འདས་ཉིད་བཞུགས་པ་སྟེ། དེའི་དཀྱིལ་འཁོར་གྱི ་ལྷ་རྣམས་ཀྱི་སྐུ་མདོག་དང་ཀུན་དམར་པོར་བྱ་བ་སྟེ། འོད་ཟེར་ཡང་དམར་པོར་འཕྲོས་ཤིང་གང་ཡིན་པ་དབང་དུ་བྱ་བའོ།། དེ་ནས་ཡང་དབང་གི་མེ་ཐབ་བསྟན་པའི་ཕྱིར། ཟླ་གམ་དམར་པོའི་དཀྱིལ་འཁོར ་ལ། འོད་ཟེར་འཕྲོ་བ་མདའ་གེཞུ་བརྒྱན་ཞེས་གསུངས་པ་ཡིན་ཏེ། དེ་དབང་གི་ཐབ་ཁུང་ནི་དབྱིབས་ཟླ་གམ་དུ་འདུག་པ་སྟེ། ཟླ་གམ་གྱི་མཁའ་ལ་སོར་ཉི་ཤུ་ཡོད་པ། རྒྱབ་ལ་སོར་བཞི་བཅུ་ཡོད་པའོ།། ་ཟབས་སུ་སོར་བཅུ་བསྐོར་བ་བྱ་སྟེ། ཁ་དོག་ནི་དམར་པོའི། ཁ་ཁྱེར་ནི་སོར་གསུམ་གཏང་ཞེས་པ་དང་། དཔངས་སུ་སཽར་གསུམ་མོ།། དབུས་ཀྱི་ཁ་ཁྱེར་ལཾ་མདའ་གཞུ་དང་ལྕགས་ལས་ཤིན་ཏུ་འོད་ཟེར ་འཕྲོས་པར་བརྒྱན་པར་བྱའོ།། དེའི་ཕྱི་རོལ་གྱི་སོར་གསུམ་ལ་ཞགས་པས་བརྒྱན་པར་བྱའོ།། ཟངས་ལ་སོགས་པའི་རིན་ཆེན་ནམ། དམར་བའི་ཤིང་ལོས་བྱས་པའི་ཞེས་བྱ་བ་ནི། གཞུང་གཉིས་པ་བསྒྲུབ ་པའི་དུས་སུ་ཟངས་སམ་དམར་པོའི་ཤིང་ལས་བྱས་པའི་བསྙེན་ཕུར་ལ་འོད་དུ་འཕྲོ་བའི་འོད་ཟེར་དམར་པོས་སྤྲོ་ཞིང་། ལས་གང་དབང་དུ་བྱ་བ་དེ་འདུས་པར་བསམ་མོ།། ལས་ཀྱི་དུས་སུ་ནི ་ཕུར་པ་ཟླ་གམ་ལྔ་བཏབ་སྟེ། དམར་པོ་རྒྱུད་ལས་བྱས་པའི་ཕུར་པ་རྩེ་མོ་ཟླ་གམ་དུ་འདུག་པ་རིམ་པ་ལྔའི་ཆ་ལས་བྱུང་བའི་ཕུར་པ་དེ་གང་དབང་དུ་འདོད་པའི་གནས་ལྔ་རུ་གཏུགས་ཤིང་བཏབ་པས། གང་གི ་གནས་ལྔ་ནས་བསྐུལ་ཏེ་དབང་དུ་འགྱུར་རོ།། དེ་ནས་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་བསྟན་པའི་ཕྱིར། དམར་སྨུག་འཕྲོ་བའི་ལྷ་མཆོག་རྣམས། རྡོ་རྗེ་སྤྱུགས་པས་སྤྱན་དྲངས་ཏེ། ཞེས་བྱ་བ ་གསུངས་ཏེ། བསྐྱེད་པའི་རིམ་པ་ནི། གྲོང་དུ་རྒྱས་པར་གསུངས་སོ།། དམ་ཚིག་གི་མེ་ལྷོ་ནི་གསུར་པ་ལྡིར་བ་རལ་པ་མཆོད་ཕྱིར་ཕྱང་བ་ཕྱག་ན་འགུན་དེ་ལ་སོགས་པ་བསྣམས་པ་སྟེ། མདོག་ནི་ལས་ཀྱི་བྱེ་བྲག ་དང་སྦྱར་བར་བྱའོ།། དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་མེ་ལྟར་དམར་ལ་སྐྲག་པའི་མདངས་སྟོན་པའི་སྐུ་མདོག་དང་འོད་ཟེར་འཕྲོ་བ་དེས་རྡོ་རྗེ་སྤྲུགས་པས་སྤྱན་དྲངས་ཏེ། བསྟིམས་ཏེ་དེ་ལ་མཆོད ་པར་བྱ་སྟེ། དེ་ཡང་ཤིན་ཏུ་དགའ་ཞིང་ཆགས་པའི་ཡིད་ཀྱིས་མཆོད་པར་བྱ་བ་སྟེ། དཀྱིལ་འཁོར་གྱི་ལྷ་ལ་སྦྱིན་ཞེས་བྱ་བ་ནི། ཕྱོགས་སྐྱོང་བཀུག་ལ་བསྲེགེ་རྫས་བྱིན་ལ་ལས་བཅོལ་བའོ།། དེ་ནས་ཡམ་ཤིང ་དང་མེ་སྦར་བའི་རིམ་པ་བསྟན་པའི་ཕྱིར། དམར་པོའི་ཤིང་ལས་སྦར་བའི་མེ་ཞེས་གསུངས་ཏེ། དམར་པོའི་ཤིང་ལས་ཞེས་བྱ་བ་ནི་ཡམས་ཤིང་ལ་བྱ་བ་སྟེ། དམར་པོའི་ཤིང་ལ་དབྱིབས་ཟླ་གམ་དུ་བྱས་པ། ་མཆུར་སོར་ལྔ་སྙོམས་སུ་ཚིག་གང་ཡོད་པ་དེ་ལྟ་བུ་བྱ་བའོ།། སྦར་བའི་མེ་ཞེས་བྱ་བ་ནི་ཟངས་གཞོང་སར་པའི་ནང་དུ་དམར་བའི་ཤིང་ལེགས་པར་བརྫངས་ལ་ཆོས་མའི་ཁྱིམ་ནོས་མེ་བླངས་ཏེ། སྦར་བའི ་མེ་དེ་བུད་ཤིང་གོ་ནང་དུ་བླུགས་པར་བྱའོ།། དེ་ནས་ཡོང་རྫས་དབུལ་བའི་རིམ་པོ་བསྟན་པའི་ཕྱིར། སྦྱར་ཞིང་དམར་བའི་རྫས་རྣམས་ཀྱིས།། དབང་གི་ཚུལ་དུ་སྦྱིན་སྲེག་བྱ་ཞེས་གསུངས་ཏེ། རྫས་ཀུན་ཀྱང ་ཁ་དོག་དམར་པོར་བསྒྱུར་ཞིང་། ཡུང་བཾ་ལས་ན་དྲངས་ལ་དབུལ་བར་བྱ་སྟེ། དབུལ་བའི་སྔགས་ནི་འདིའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུ་ཏི་ཧཱུཾ་ཆེ་གེ་མོ་དབང་དུ་འདུས་པར་གྱུར་ཅིག་ཧཱུཾ་ཞེས་པས་དབུལ་ལོ།། ་གཞུང་གོང་མའི་སྔགས་ནི་ཨོཾ་ན་མ་ས་མནྟ་བུ་ཏ་ནན་པུ་ཏི་ཧཱུཾ་ཆེ་གེ་མོ་དབང་དུ་འདུས་པར་གྱུར་ཅིག་ཧཱུཾ་ཞེས་པས་དབུལ་ལོ།། གཞན་གོང་དུ་བསྟན་པའོ།། དེ་ནས་ཡང་གཏོར་མིའི་རྒྱུ་བསྟན་པའི་ཕྱིར། ཟངས ་ཕྱེ་འབྲུ་རྣམས་དམར་པོ་ལ། གཏོར་མ་བྱ་སྟེ་དབང་དུ་བསྡུ་བའོ།། ཞེས་བྱ་བ་གསུངས་ཏེ། བསྒྲུབ་པའི་དུས་སུ་ཟངས་ཕྱེ་དང་འབྲུ་རྣམས་ལ་སོགས་པའི་གཏོར་མ་ཀུན་དམར་པོར་བྱས་ཏེ། ལས་ཀྱི་ལྷ་ལ ་བྱིན་ལ་དབང་གི་ལས་འདི་ཁྱོད་ཀྱིས་གྲུབ་པར་གྱིས་ཤིག་ཅེས་བསྒོ་བའོ།། གང་དབང་དུ་བྱ་བ་དེ་དབང་དུ་འདུའོ།། དེ་ནས་ཡང་དཀྱིལ་འཁོར་དུ་ཛཱི་ལྟར་བྱཱ་བྱ་བསྟན་པའི་ཕྱིར། མའི་ཚོགས ་ཀྱི་དཀྱིལ་འཁོར་དུ། འདོད་ཆགས་ལུས་ཀྱིས་འཆོལ་བ་རྣམས། དབང་དུ་བསྡུས་པས་དབྱིངས་སུ་རོལ་ཞེས་གསུངས་ཏེ། མའི་དཀྱིལ་འཁོར་ནི་ཟླ་གམ་སྟེ། དཀྱིལ་འཁོར་དམར་པོ་རུ།། དབང་གི་ལྷ ་རྣམས་གསལ་བསྒོམ་ཞིང་། དེའི་འོད་ཟེར་གྱིས་འདོད་ཆགས་ལ་དང་པའི་སེམས་ཅན་བསྡུས་ནས་དབང་དུ་བྱས་ཏེ་བྱང་ཆུབ་སེམས་ཀྱིས་རྒྱས་བཏབ་པ་དེ་ནི་དབྱིངས་སུ་རོལ་པ་སྟེ། དོན་དམ་པའི་བདེན ་པའོ།། རྫས་ལ་སོགས་པའི་བྱེ་བྲག་གིས་ཀུན་རྫོབ་ཀྱི་བདེན་པ་སྟེ། དབང་གི་ལས་སོ།། དེ་ནི་ས་ཡང་དྲག་པོའི་ལས་བསྟན་པའི་ཕྱིར། འཇིག་རྟེན་ཁམས་ནི་རོབ་འབྱམས་ན་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འཇིག་རྟེན་གྱི་ཁམས་འདི་ནི། ཤིན་ཏུ་གདུག་པའི་སེམས་ཅན་ལ་དྲག་ཤུལ་གྱི་སྤྱོད་པ་སྦྱར་བྱས་ནས་ཞེས་བྱ་བ་ནི་ཤིན་དུ་གདུག་ཅིང་ལོག་པར་ལྟ་བའི་སེམས་ཅན་དེ་ལ་ཞི་བས་འདུལ ་བ་མ་ཡིན་ཏེ། དྲག་ཤུལ་སྤྱོད་པ་སྦྱར་བྱས་ནས་འདུལ་བར་བྱའོ།། དེ་ཡང་གནས་གང་དུ་བྱ་ཞེ་ན། རྐང་ག་ཅིག་ཅན་ནམ་དུར་ཁྲོད་དུ་ཞེས་གསུངས་ཏེ། མཚན་ཉིད་གོང་དུ་གསུངས་པ་དང་སྦྱར་བར་བྱའོ། ་རིགས་དཱན་དམེ་ཤ་ཅན་ལ་སོགས། མི་རེག་མཱའི་གཟུངས་མ་གཟུངས་ཞེས་བྱ་བ་ནི། བསྒྲུབ་པའི་དུས་སུ་ནཱི་རིགས་ངན་དམེ་ཤ་ཅན་ནི་གསོད་བྱེད་བ་ཤུན་པའི་རིགས་ཏེ། དྲག་པོའི་ལས་བྱེད་པའི ་བསྒྲུབ་པའི་དུས་སུ་རྟེན་པར་བྱའོ།། མི་རེག་མ་ནི་ཡུགས་ས་མ་སྟེ། དེ་ནི་གདུག་པའི་གཟུང་ས་མ་སྟེ། ལས་ཀྱི་དུས་སུ་གཡོན་དུ་གཞག་པའོ།། རྡོ་རྗེ་ཁྲོ་བོར་བདག་གནས་ལ་ཞེས་བྱ་བ་ནི་བཅོམ་ལྡན ་འདིས་རྡོ་རྗེ་གཞོན་ནུ་ཉིད་དུ་བདག་གནས་པར་བྱས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་སྐུ་མདོག་མཐིང་ནག་ཁྲོས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པའོ།། དེ་ནས་མེ་ཐབས་ཀྱི་རིམ་པ ་བསྟན་པའི་ཕྱིར། ནག་པོ་གྲུ་གསུམ་དཀྱིལ་འཁོར་ལ།། རྩང་ཐོད་རྒྱན་གྱིས་བརྒྱན་པར་བྱའོ་ཞེས་གསུངས་ཏེ། དྲག་པོའི་མེ་ཐབ་ནི་ཟུར་གསུམ་པའོ།། ཁ་དོག་ནག་པོར་བྱུག་པ་སྟེ། ངོས་རེ་ལ་སོར ་ཉྞིཉི་ཤཱཾ་ཉི་ཤུའོ།། ཟབས་སུ་སོར་བཅུ་སྐོར་སོར་གསུམ་གྱི་དགྱེ། ཞེང་དང་དཔངས་གཉིས་སོར་གསུམ་མོ།། དེའི་ཕྱི་རོལ་དུ་སོར་གསུམ་དུ་བཏང་བར་བྱ་བྱ་སྟེ། དབུས་ཀྱི་ཁྱུ་ཁྱེ་ལ་ཐོད་པས་བསྐོར། དེའི ་ཕྱི་རོལ་ཏུ་རྡོ་རྗེ་རྩེ་དགུ་པ་དང་མདའ་གཞུ་དང་མདུང་རྩེ་གསུམ་པ་དང་དགྲ་སྟ་དང་། ཁ་ཊྭཱཾ་ག་དང་གདུག་པའི་མཚོན་ཆ་ཀུན་ཀ་སྟི་ལ་ལ་གཏིང་། དེའི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མུ་ར་ན་ལ་རྩང་དམར་པོས ་བསྐོར་བར་བྱའོ།། དེ་ནས་ཡང་སྲོད་མ་བསད་པའི་རྒྱུ་བསྟན་པའི་ཕྱིར། ལྕགས་སམ་ནག་པོའི་ཤཱིང་རྣམས་ལ། ཚེར་མ་ཅན་གྱི་ཤིང་རྣམས་སམ། མའི་རུས་པརི་ཕུར་པ་ནི་ཞེས་བྱ་བྱགྷྲ་སྨུ ་ཏེ། ལྕགས་སྣ་ལ་ཕུར་པ་བྱས་ཏེ། གླན་མ་ལྕགས་དང་ཁྲོ་ཆུང་ངུང་སྒོ་གསེར་དོང་། སྲོག་ཆགས་བསད་པའི་མདུང་རྩེ་དང་། སྲོག་ཆགས་བསྐྱེད་པའི་དགྲ་སྟ་དང་ལྔ་ལ་བྱའོ།། ཡང་ན་ནག་པོའི་ཤིང ་ནི་དུག་ཤིང་སྟེ། དུག་ཚེར་ཡོད་པའི་ཤིང་ལ་ཕུར་པ་བྱ་བའོ།། དེ་མེད་ན་ཚེར་མ་གདུག་པ་ཡོད་པའི་ཤིང་ལ་ཕུར་པ་བྱ་བའོ།། མི་རྐང་གི་ཕུར་པ་ལ་སོགས་པའི་རྣམས་ཀྱི་རྩེ་མོ་ཟུར་གསུམ་དུ་བྱས་ལ ་བསྙེན་ཕུར་གྱི་དུས་སུ་ནི་གཅིག་གིས་བྱ་བ་ཡིན་ལ། ལས་ཀྱི་དུས་སུ་ནི་གསུམ་གདབུ་སྟེ་ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་ཆ་ལྔས་ཕྱུང་བའི་ཕུར་པ་རྣམས་སོ།། གདབ་པའི་གནས་དང་ཇི་ལྟར ་གདབ་པ་ནི། ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་ལ་སོགས་པ་གསུངས་པ་ཇི་ལྟ་བའོ།། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་པ་བསྟན་པའི་ཕྱིར། མཐིང་ནག་གྲུ་གསུམ ་འབར་བའི་ལྷ་ཚོགས་རྣམས།། དྲེགས་པ་གདུལ་ཕྱིར་སྤྱན་དྲངས་ཏེ། ཞེས་བྱ་བ་གསུངས་ཏེ། མཐིང་ནག་འཁྲུག་པའི་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་གདུག་པ་ཅན་བསྒྲལ་ཞིང་ཞལ་དུ་གསོལ་བའི་ཕྱིར ་སྤྱན་དྲངས་ཏེ། དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམས་ལྔ་བཏང་སྙོམས་ཁྲོས་པའི་མཆོད་པ་བྱའོ་སྦྱིན་པའི་ལས་ཀྱི་ལྷ་རྣམས་དང་། ཕྱོགས་སྐྱོང་ལ་བྱིན་ལ་ལས་བཅོལ་ལོ།། དེ་ནས་ཡང་མེ་སྦར་བ ་དང་ཡམས་ཤིང་གི་གོ་རིམས་བསྟན་པའི་ཕྱིར། ཚེར་མའི་ཤིང་ལས་ཞེས་བྱ་བ་གསུངས་ཏེ། ཚེ་མ་ཅན་གྱི་ཤིང་ལ་བྱས་ཏེ། མཆུ་རུ་སོར་བ་ཞི་སྙོམས་སུ་ཆག་པ་ཕྱེད་ཡོད་པ། རྩ་བའི་ཆ་ལས་བྱུང ་བའི་གདུག་པའི་ཤིང་ལས་བྱ་བྱའོ།། སྦར་བའི་མེ་ཞེས་བྱ་བ་ནི་ལྕགས་གོང་སོར་པའི་ནང་བཤན་པའི་ཁྱིམ་ནས་མེ་བླངས་ནས་སྦྱར་བ་དེ་བསྲེག་ཤིང་གི་ནང་དུ་བླུགས་པའོ།། དེ་ནས་ཡང་རྫས་རྩུབ་པའི་རིམ ་པ་བསྟན་པའི་ཕྱིར། ནག་པོ་ཆེ་ཤིང་རྩུབ་པ་ཡིས། དྲག་པོའི་ཚུལ་དུ་སྦྱིན་སྲེག་བྱ་ཞེས་གསུངས་ཏེ། དྲག་པོའི་རྫས་ཀུན་ཀྱང་ཁ་དོག་ནག་པོར་བྱ་བ་ཡི། རྫས་ཀྱི་རོ་ཀུན་ཀྱང་རྩ་བཞི་རྩུབ་པར་བསམ ་ཡོད་པར་བས་མོ་པའོ།། སྣ་དྲང་བཱ་ནི་གདུག་པའི་ཚུར་མ་ཅན་གྱི་སྣ་དྲངས་ལ། དབུལ་བ་སྟེ་དབུལ་བའི་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུམ་བ་ཧཱུ~ཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་པས་དབུལ་བའོ།། ་དེ་ནས་ཡང་དྲག་པོའི་གཏོར་མའི་རྒྱུ་བསྟན་པའི་ཕྱིར། ལྕགས་ཕྱི་འབྲུ་ནག་ཤ་ཁྲག་ལས། སྦྱར་བའི་གཏོར་མས་དྲག་ཤུལ་སྤྱད་ཅེས་གསུངས་ཏེ། ལྕགས་ཕྱི་དང་འབྲུ་ནག་པོ་ལས་བྱས་པའི་གཏོར ་མ་དེ་དྲག་པོའི་དུས་སུ་འཕྲ་མེན་མ་དང་སྲིང་མོའི་ཚོགས་དང་བདག་ཉིད་ཆེན་མོ་དང་། ས་བདག་ཆེན་མོ་ལ་སོགས་བསྐུལ་ལ་གཏོར་མ་དེ་གཟུགས་ལ་བརྡེག་ཅིང་བསད་པའི་ལས་བྱའོ།། ་ཤ་ཁྲག་སྣ་ཚོགས་ལུས་བྱས་པའི་གཏོར་མ་ནི་ལས་ཀྱི་ལྷ་འཁོར་དང་བཅས་པ་ལ་བསྔོས་ལ་བཏང་ངོ་།། དེ་ནས་ཡང་དཀྱིལ་འཁོར་དུ་ཇི་ལྟར་བྱ་བ་བསྟན་པའི་ཕྱིར། ཨེའི་ཚོགས་ཀྱི་དཀྱིལ་འཁོར་དུ། ་ཞེ་སྡང་ལས་ཀྱིས་འཚེ་བ་རྣམས། བརླག་པར་གྱུར་པའི་དབྱིངས་སུ་རོལ་ཞེས་གསུངས་ཏེ། ཨེ་ནི་ཆོས་འབྱུང་བའི་དཀྱིལ་འཁོར་ཏེ་དེའི་གནས་སུ་བཅོམ་ལྡན་འདས་ཁྲག་འཐུང་གི་ཚོགས་གསལ་བར་བསྒོམས ་ལ། དེའི་ནང་དུ་སྟོང་ཁམས་ཀྱི་སེམས་ཅན་ཞེ་སྡང་ལས་ཀྱིས་འཆེལ་བ་རྣམས་ཞལ་དུ་གསོལ་ནས། དངོས་པོ་ཕུར་པོ་རགས་པར་བྱས་ནས། ཡང་དག་པའི་ཡེ་ཤེས་ནི་དབྱིངས་སུ་གསལ་བར་བྱ་སྟེ། བཞུགས ་པ་ནི་དོན་དམ་པའི་བདེན་པའོ།། རྫས་ལ་སོགས་པ་ནི་འབྲས་བུ་ལོངས་སྤྱོད་མི་སླུ་བས་བདེན་པ་སྟེ་ཀུན་རྫོབ་བོ།། དེ་ནས་ཡང་བསྐྲད་པ་ཡང་བྱ་སྟེ། དུར་ཁྲོད་ཀྱི་རས་མ་ལ། འཁོར་ལོ་རྩིབས་བརྒྱད་པ་བྲིས། ་ལ་དེའི་དབུས་སུ་རྔ་མོའི་གཟུགས་ཤིག་བྲིས་ལ། དེ་ལ་གཟས་པ་པོ་གང་ཡིན་པ་སྐྱོན་ལ་དབང་གི་དགོས་པ་ཇི་ལྟ་བ་བཞིན་དུ་བྱེ་སྟེ། གཟུགས་དེ་ལ་བསྟིམས་ནས་འཁོར་ལོའི་རྩིབས་རྣམས་ལ་ཡང་། ་ཨོཾ་བཛྲ་ཀཱི་ལཱི་ཀཱི་ལཱ་ཡ་ཧཱུཾ་ཛ་ཛ་ཞེས་པ་བྲིས་ཏེ་འོག་གི་ཐད་ཀར་ནས་གཡོན་བསྐོར་དུ་བསྐོར་ནས་བྱི་སྟེ། རྣལ་འབྱོར་པའི་ཟིལ་གྱིས་ཀྱང་། བཟླས་པའི་བསྔགས་པའི་སྡེ་ཉིད་ཡིན་ཏེ། ཏིང་ངེ་འཛིན་གྱིས་ཀྱང ་ཁོའི་ཁང་ཕྱི་ཁྱིམ་གྱི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམས་ལ། དེའི་བ་དན་བཞི་བསྐྱོད་པས་རྔ་མོའི་དམིགས་བཞི་རང་དབང་མེད་པར་བསྐྱེད་ནས་ཁྲོ་བོའི་ལས་ལ་ནི་སྔགས་ཏེ། ཁྲིད་ལ་ལས་ནི་ཐོ་བ་དང ་རལ་གྲི་དང་དགྲ་སྟ་དང་ཐོགས་ནས་དེང་ནས་འགྲོ་བར་དམིགས་ལ། བསྙེན་པ་ཡང་ཐོན་པ་དང་། སྒྲུབ་པ་ལ་འཇུག་སྟེ། འཛབ་གྲངས་ཐོན་པ་དང་ལས་ལ་སྦྱར་ཏེ། ལས་ཀྱི་དུས་སུ་སྟོང་ཐོན་པ་དང་། དུར ་ཁྲོད་ཀྱི་རས་མ་བཏགས་ལ། དབང་གི་ཚུལ་དུ་སྦྱིན་སྲེག་བྱས་ལ། བསྐུལ་བའི་སྔགས་བསྐྲད་པའི་སྡིགས་ཉིད་ཀྱིས་བྱ་སྟེ། སྦྱིན་སྲེག་ཟིན་པ་དང་སྒོའི་ཐེམ་པོའི་འོག་ཏུ་སྦས་ལ་བཞག་གོ། དེའི་རྗེས་ལ་ལྷ ་ཕྱོགས་ཀྱི་ཁམས་ཀྱི་གཤིན་རྗེ་གཤེད་པོའི་ཡུལ་དུ་བསྒྲལ་བར་བསམ་སྟེ། གནས་བསྐྱེད་པའི་མིན་ངག་གོ། དེ་ནས་རྟགས་ཐོན་པ་དང་རྫས་སླར་ལ་དབྱུང་བར་བྱའོ།། དེ་ནི་བསྐྲང་པའི་མན་ངག་གོ། ་དེ་ནས་ཡང་འཕྲིན་ལས་བསམ་ཡས་པ་ཡོད་པར་བསྟན་པའི་ཕྱིར། ཇི་སྙེད་འཕྲིན་ལས་བསམ་ཡས་ཀུན།། འགྲོ་བ་བསམ་ཡས་བསམ་པ་རྣམས།། ཇི་སྙེད་འདུལ་པོའི་ཐབས་ཚུལ་དུ།། བསམ་ཡས ་འཕྲིན་ལས་རྣམ་པར་སྤྲོས་ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་བསམ་ཡས་པར་ཀུན་གསུངས་ཤིང་མཛད་པ་ཡང་། འགྲོ་བ་རིགས་དྲུག་གི་བསམ་པ་བསམ་ཡས་པར ་ཡོད་པ་དེ། དེ་རྣམས་གདུག་པའི་ཐབས་སེམ་མཐུན་པའི་ཚུལ་དུ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལས་འཕྲིན་ལས་བསམ་ཡས་པ་རྣམས་སྤྲོས་སོ།། དེ་ནས་ཡང་འཕྲིན་ལས་སྤྲོས་པ་དེ་རྣམས་ཡང་དག་པའི་ངང ་དུ་ལྷུན་གྱིས་གྲུབ་པར་བསྟན་པའི་ཕྱིར། མཉམ་ཉིད་དབྱིངས་ཀྱི་ངང་ཉིད་ལ།། ལས་ཀྱི་བྱེ་བྲག་རྩིས་ལས་འདས།། བྱ་མེད་ངང་དུ་ལྷུན་གྱིས་གྲུབ་ཅེས་བྱ་བ་གསུངས་ཏེ། མཉམ་ཉིད་གཉིསུ་མེད་པའི་ངང་ཉིད་ལས་ཕྱི ་དང་ནང་དུ་སྣང་བ་ཐམས་ཅད་འབྱུང་ཡང་། ལས་ཀྱི་བྱེ་བྲག་བགྲང་བས་འདས་ཏེ། དེ་ཐམས་ཅད་ཀྱང་ཡེ་ནས་མ་བཅོས་པ་བརྗོད་པ་ཐ་སྙད་དང་བྲལ་བའི་ངང་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། མ་བཅོས་པའི་དོན་དམ ་པའི་བདེན་པའོ།། འཕྲིན་ལས་སོ་སོའི་འདུལ་ཚད་ནི། ཀུན་རྫོབ་ཀྱི་བདེན་པ་རྣམ་པ་གཉིས་སུ་འདུ་ཤེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་དེ་སྐད་ཅེས་གསུངས་སོ།། ལས་ཀྱི་རིམ་པར་ཕྱེ་ནས་བསྟན་པ་ལ ་ནི་ལས་ཀྱི་རིམ་པར་ཕྱེ་བའི་ལེའུའོ།། བདུད་རྩི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས། བདེན་པ་གཉིས་ཀྱི་བཤད་པའི་ལོའུ་སྟེ། བཅུ་གཅིག་པའོ།། །། དེ་ནས་ཡང་ལས་ཀྱི་རིམ་པར་ཕྱེ་བ ་ལ་སོགས་པ་གསུངས་ཀྱང་དམ་ཚིག་འདི་མ་གསུངས་ན་འབྲས་བུ་འགྲུབ་པར་མི་འགྱུར་པས་དེ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གསང་བ་འདི ་གསུངས་སོ་ཞེས་བྱ་བ་ནི། མི་འདའ་བའི་ཕྱིར་དམ་ཚིག་སྟེ། རྟོགས་འདུལ་དམ་ཚིག་དེ་སྐད་སྤྲོས།། སྤྲོས་མཽང་དབྱིངས་ལ་གཡོས་པ་མེད།། ཅེས་བྱ་བ་གསུངས་ཏེ། འདི་ནས་མར་སྤྱིའི་དམ་ཚིག་གསུངས ་ཏེ། ཨེ་མའོ་ཞེས་པ་ནི་ངོ་མཚར་བའི་ཚིག་སྟེ། གང་ལ་ངོ་མཚར་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྩེ་བ་དང་ཡན་ལག་ཏུ་བཅས་པ་ལ་ངོ་མཚར་བའོ།། སྣ་ཚོགས་ལོག་རྟོག་བས་མོ་ཡས་ལ་ཞེས་བྱ་བ ་ནི། སེམས་ཅན་གྱི་བསམ་པ་ལོག་པར་རྟོག་པ་མི་མཐུན་བསམ་ཡས་པ་ལ། དེ་རྣམས་ཀྱི་རྟོག་པ་འདུལ་བའི་ཕྱིར། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་དེ་སྙེད་ཅིག་སྤྲོས་ཏེ། ཆོས་ཉིད་ཀྱི་དོན་གྱི ་ངོ་བོ་ལ་ནི་སྤྲོས་པ་མེད་དེ། ཡང་དག་པའི་དབྱིངས་ལ་གཡོས་པ་མེད་དོ།། གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་སྔགས་ཀྱི་འདུལ་བ་ཆེན་པོ་སྟེ། བསྲུང་བ་མེད་པའི་བསྲུང་བ་ཆེན་པོའི་འོ།། འདི་ནི་དྲམ ་ཚིག་རྡོ་རྗེ་སྟེ། ཞེས་བྱ་བ་ནི་གོང་དུ་གཉིས་མེད་པའི་ཡེ་ཤེས་འདི་ཉིད་དམ་ཚིག་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པར་མི་འགྱུར་པའི་ཕྱིར་རོ།། དེ་ཉིད་རྡོ་རྗེ་སྟེ་དངོས་པོ་མཚན་མས་མི་ཤིགས ་པའི་ཕྱིར་རོ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནཱི། གྲུབ་ནས་འཇིག་པའི་དུས་མཐའ་མེད་ཅེས་བྱ་བ་ནི། སྐུའི་དམ་ཚིག་ནི་སྐྱུར་སྣང་བ་ཐམསྣ་ཅད་དེ་བཞིན་གཤེགས་པའི་སྐུ་སྟེ། ་བཟང་བ་དང་ངན་པ་དང་། རིང་བ་དང་ཐུང་བ་ལ་ཐ་སྙད་བཏགས་ན་དེ་བཞིན་གཤེགས་པའི་སྐུ་ལ་སྨད་པས་སྐུའི་དམ་ཆོག་ཉམས་པ་ཡིན་ཏེ། དེ་ལྟར་བྱ་བ་མ་ཡིན་ནོ།། གསུང་གི་དམ་ཚིག་ནི་སྒྲར ་གྲགས་པ་ཐམས་ཅད་དེ་བཞིན་གཤེགས་པའི་གསུང་སྟེ། སྒྲ་སྙན་པ་དང་མི་སྙན་པ་ལ་སོགས་པ་ལ་ཐ་སྙད་བཏགས་ན། དེ་བཞིན་གཤེགས་པའི་གསུང་ལ་སྨད་པས་ན། གསུང་གི་དམ་ཚིག ་ཉམས་པས། དེ་ལྟར་བྱ་བ་མ་ཡིན་ནོ།། ཐུགས་ཀྱི་དམ་ཚིག་ནི་གཉིས་སུ་མེད་པ་སྟེ། སྤྲོས་པ་དང་བྲལ་བའོ།། དེ་ལ་ཡོད་མེད་དུ་བཏགས་ན་སྒྲོ་སྐུར་བཏབ་པ་སྟེ། ཐུགས་ཀྱི་དམ་ཚིག་ཉམས་པས ་ཡཱ་ནས་མ་བཅོས་པ་དང་། བརྗོད་པས་ལས་འདས་པའི་ངང་ལྔས་མ་གཡོས་པར་བཞིག་པའོ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་དེ་ལྟར་འགྲུབ་པ་ལེ་ནི། འཇིག་པའི་དུས་མཐའ་མེད་དེ། དེའི ་ཕྱིར་འགྲུབ་ན་འཇིག་པའི་དུས་མཐའ་མེད་ཅེས་གསུངས་པ་ཡིན་ནོ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་དེ་དུས་གསུམ་དུ་ཡེ་ནས་གནས་པའི་ཕྱིར། རྡོ་རྗེ་དམ་ཚིག་ལུ་གུ་རྒྱུད་ཅེས་གསུངས་ཏེ། མི ་འབྲལ་བའི་ཕྱིར་རོ།། སྐུ་གསུང་ཐུགས་ལས་རྣམ་འབྱོར་པ་དུས་རྟག་ཏུ་མི་འདའ་བས། རྣལ་འབྱོར་དཀའ་ཐུབ་དམ་ཚིག་ཅེས་གསུངས་ཏེ། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་གྱི་སྡོམ་པའོ།། ་རྣལ་འབྱོར་པས་སྐུ་གསུང་ཐུགས་དང་བྲལ་ན། སྲོག་དང་འདྲ་བའི་གཉིས་མེད་པའི་ཡེ་ཤེས་མི་འགྲུབ་པ་དེའི་ཕྱིར། དུ་མ་གཅིག་ཏུ་བསྡུས་པའི་སྲོག་ཅེས་གསུངས་ཏེ། སྤྲོས་པ་དང་བྲལ་བ་སྟེ། བཅོས་མ་མ ་ཡིན་པའི་དོན་དམ་པའོ།། ཡན་ལག་དམ་ཚིག་འདའ་བར་དཀའ་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་མ་ཉམས་ན་ཡན་ལགི་དམ་ཚིག་ཉམས་ཀྱང་མི་ཉམས་པའི་ཕྱིར། འདའ་བར་དཀའ་ཞེས ་གསུངས་སོ།། དེ་ལྟར་སྤྱི་བསྟན་ནཱས། ད་འདི་ནས་མར་ནི། རྩ་བའི་དམ་ཚིག་རྒྱུ་སྭཱ་པཱར་བསྟན་པའི་ཕྱིར། རྡོ་རྗེ་བླ་མ་སློབ་དཔོན་ཞེས་པ་ལ་སོགས་པ་བསྟན་ཏེ། རྡོ་རྗེ་ཐ་མ་སློབ་དཔོན་ལ་ཞེས་བྱ་བ་ནི། སྐུའི ་དམ་ཚིག་བསྟན་ཏེ། སློབ་དཔོན་ནི་བཀའ་གཞན་གྱི་བཅག་པར་བྱ་བ་མ་ཡིན་པའི་ཕྱིར། རྡོ་རྗེ་སྤྱི་གཙུག་བཀུར་བའི་ཕྱིར་བླ་མ་མན་ངག་བསྟན་པའི་ཕྱིར། སློབ་དཔོན་དེ་ལ་སློབ་མས་སྲོག་ལ་བབ་ཀྱང ་བཀུར་བར་བྱའོ།། དེ་ནས་ཡང་སློབ་དཔོན་གྱི་རིམ་པ་བསྟན་པའི་ཕྱིར། དམ་ཚིག་དབང་དང་ཤེས་རྒྱུད་དང་།། མན་ངག་འབྲས་བུ་སློབ་དཔོན་ལཾ་ཞེས་པ་ལ་སོགས་པ་གསུངས་ཏེ། དམ་ཚིག་དབང་གི ་སློབ་དཔོན་ནི། དང་པོ་བདག་ལྔ་དབང་བསྐུར་ཞིང་དམ་ཚིག་སྒྲོགས་པའི་སློབ་དཔོན་ནོ།། ཤེས་རབ་རྒྱུད་ཀྱི་སློབ་དཔོན་ནི་བདག་གི་རིགས་ལ་སོགས་པ་ལ་ཆོས་སྟོན་པ་སྟེ། ཆོས་སྟོན་པར ་སློབ་དཔོན་ནོ།། མན་ངག་འབྲས་བུའི་སློབ་དཔོན་ནི། ཤེས་རབ་ཀྱི་ཡེ་ཤེས་ཀྱི་སྒོ་ནས་ཁུ་བ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་ཅིང་། རང་བཞིན་ལྷན་ཅིག་སྐྱེས་པ་རྟོགས་པར་བྱེད་པའི་སློབ་དཔོན་གསུམ་གྱི ་བྱེ་བྲག་དེ་ལ་ཇི་ལྟར་བཀུར་བར་བྱ་བ་ཡིན་ནམ། གཅིག་གི་མཚན་ཉིད་ཡིན་མཉམ་པ་ལ་དེ་གསལ་བར་བྱ་བའི་ཕྱིར། ལྟ་ཞིང་བསྐུར་བར་བྱ་བ་ནི། ཕ་དང་མཽ་དང་མིག་འབྲས་ལྟར། བསྐུར་ཞིང་གཅེས་པར་བྱ ་བ་ཡིན་ཞེས་གསུངས་ཏེ། དམ་ཚིག་དབང་གི་སློབ་དཔོན་ལ།། བཀུར་བར་བྱ་བའི་རིམ་པ་ནི།། འཇིག་རྟེན་ན་ཕ་ལས་གཅེས་པ་མེད་བས་ཕ་བཞིན་དུ་བཀུར་བར་བྱའོ།། ཤེས་རབ་ཀྱི་རྒྱུད་ཀྱི་སློབ་དཔོནྡ་ལ་ནི། ་འཇིག་རྟེན་པ་ལས་གཅེས་ཤིང་གླཉེན་པ་མེད་པས་ན། ཕ་བཞིན་དུ་བསྐུར་བར་བྱ་རོ།། མན་ངག་འབྲས་བུའི་སློབ་དཔོན་ལ་ནི། མིག་གི་འབྲས་བུ་ལྟར་བཀུར་པོར་བྱའོ།། ཙིའི་སྒོ་ནི་ས་ཀྱང་བཀུར་ཞིང ་གཅེས་པར་བྱ་བ་ཡིན་ནོ།། དེའི་ཕྱི་བཞིན་བེའུ་ལྟར་འབྲང་ཞེས་བྱ་བ་ནི། སློབ་དཔོན་གསུམ་ག་ལ་ཡང་སྟེ། ལྷག་པར་ཡང་མན་ངག་སྟོན་པའི་སློབ་དཔོན་དེའི་ཕྱི་ནས་བེའུ་བཞིན་འབྲང་བ་སྟེ་མཐུན་པའི ་དཔེའོ།། སྣ་ཚོགས་སྣ་ཚོགས་ཅི་སྒོ་ནས།། མཉེས་ཤིང་དགོངས་པ་བསྐང་བ་ཡིན་ཞེས་བྱ་བ་ནི། སློབ་དཔོན་གྱི་ཐུགས་ཀ་དང་ཇི་ལྟར་འཚམ་པ་བཞིན་བྱ་བ་ཡིནྡ་ཏེ། མཉེས་པར་བྱ་བའི་ཐ་ཚིག་གོ།། བླ་མ་སྤུན་དང ་མིང་སྤྲིང་ལ། མན་ངག་བྱ་བའི་སེམས་བོར་ཏེ།། རྡོ་རྗེ་ཐེག་པའི་སྤྱན་ཡིན་པས།། གཅིག་ལོ་གཅིག་ནི་མིག་བཞིན་བལྟ། ཞེས་བྱ་བ་ནི། བླ་མའི་སྤུན་ཟླ་དང་། རང་གི་ཉུལ་རོགས་ཕོ་མོ་གང་ཡིན་པ་དེ་ལ་མངངོན་བྱ ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་གི་སེམས་དོར་བར་བྱ་བའོ།། དེ་ལ་མངོན་མི་བྱ་བ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་ཐེག་པའི་སྤུན་ཡིན་པས། ཞེས་གསུངས་ཏེ་གིསང་སྔགས་རྡོ་རྗེ་ཐེག་པ་སྤུན་ཡིན་པས། དེ་ལ་ནི་མངན་བྱ་བ ་ཡང་སྤང་བར་བྱ་བའོ།། འོ་ན་ཇི་ལྟར་བལྟ་ཞེ་ན། གཅིག་ལ་གཅིག་ནི་མིག་བཞིན་བལྟ་ཞེས་གསུངས་ཏེ། གཅིག་ལ་གཅིག་ནི་མིག་གི་ནཱང་དུ་རྡུལཱ་སོ་ན་མི་བཟོད་པ་དེ་ལ་རྡུལ་སོང་གིས་དོགས་ནས ་བསྲུང་བ་ལྟར། གཅིག་ལ་གཅིག་ཉེས་པ་བསྲུང་ཞིང་ལྟ་བར་བྱའོ།། འདི་ནི་སྐུའི་ས་མ་ཡཱའོ།། ཞེས་བྱ་བ་ནི། གྲོང་གསུངས་པ་དེ་ནི་སྐུའི་དམ་ཚིག་གོ། དེ་ནས་ཡང་གསུང་གི་དམ་ཚིག་ནི། ཨོཾ་བཛྲ་ཀཱི་ལི། ་ཀཱི་ལ་ཡ་སུམ་པ་ནི་ཙུཾ་ཆེ་གེ་མོ་མར་ཡ་ཕཊ་ཅེས་དབུལ་བར་བྱ་བའོ།། དེ་ནས་ཡང་དྲག་པོའི་གཏོར་མ་བསྟན་པའི་ཕྱིར། ལྕགས་ཕྱེ་དང་འབྲུ་ནག་པོ་ལ་བྱས་པའི་གཏོར་མ་དེ་དྲག་པོའི་དུས་སུ་འཕྲ་མེན་མ ་བརྒྱད་དང་། སྲིང་མོའི་ཚོགས་དང་། བདག་ཉིད་ཆེན་མོ་དང་། ས་བདག་ཆེན་མོ་ལ་སོགས་པ་བསྐུལ་ལ། གཏོར་མ་དེ་གཟུགས་ལ་བརྡེག་ཅིང་། གསོད་པའི་ལས་བྱའོ།། ཤ་ཁྲག་སྣ་ཚོག ་ལ་བྱས་པའི་གཏོར་མ་ནི་ལས་ཀྱི་ལྷ་འཁོར་དང་བཅས་པ་ནི་བསྔོས་པས་ལས་ལ་གཏང་ངོ་།། དེ་ནས་ཡང་དཀྱིལ་འཁོར་དུ་ཇི་ལྟར་བྱ་བ་བསྟན་པའི་ཕྱིར། ཨེའི་ཚོ་གས་ཀྱི་དཀྱིལ་འཁོར་དུ་ཞེས་ལས་ཀྱིས་འཆིལ ་བ་རྣམས་བརླག་པར་གྱུར་པས་དབྱིངས་སུ་རོལ་ཞེས་བྱ་བ་གསུངས་ཏེ། ཨེ་ནི་ཆོས་འབྱུང་བའི་དཀྱིལ་འཁོར་ཏེ། དེའི་གནས་སུ་བཅོམ་ལྡན་འདས་ཁྲག་འཐུང་གི་ཚོགས་གསལ་བར་བསྒོམས་ནས། དེའི་དང ་དུ་ཁམས་གསུམ་གྱི་སེམས་ཅན་ཞེ་སྡང་ལས་ཀྱིས་འཆེལ་བ་རྣམས། ཞལ་དུ་གསོལ་ནས། དངོས་པོའི་ཕུང་པོ་བརླག་པར་བྱ་བ་ནས་ཡང་དག་པའི་ཤེས་པ་ནི། ཡེ་ཤེས་ཀྱི་དབྱིངས་སུ་གསལ་བར་བྱས ་ཏེ། བཞུགས་པའི་དོན་དམ་པའི་བདེན་པའོ།། རྫས་ལ་སོགས་པས་འབྲས་བུ་ལོངས་སྤྱོད་མི་སླུ་བས་བདེན་པ་སྟེ། ཀུན་རྫོབ་པོ་དེ་ནས་ཡང་བཀྲད་པ་ཡང་བྱ་སྟེ། དུར་ཁྲོད་ཀྱི་རོས་མ་ལ་འཁོར་ལོ་རྩིབས ་བརྒྱད་པ་བྲིས་པ་དེའི་དབུས་སུ་རྔ་མོའི་གཟུགས་གཅིག་བྲིས་པ་དེ་ལ་གཟས་པ་པོ་གང་ཡིན་བ་སྐྱོན་ལ། དབང་གིས་དགོངས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། གཟུགས་ལ་བསྟིམ་ལ། འཁོར་ལོའི་རྩིབས་བརྒྱད ་རྣམས་ལ་ཡང་། ཨོཾ་བཛྲཱ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཛ་ཛ་ཞེས་པ་བྲིས་ཏེ། འོག་གི་ཐང་ཀ་ནས་གཡོན་བསྐོར་དུ་བསྐོར་ནས་བྲིས་ཏེ། རྣལ་འབྱོར་པ་ཉིད་ཀྱིས་བཟླས་པའི་སྔགས་དེ་ཡིན་ནོ།། ཏིང་ངེ་འཛིན་གྱིས་ཀྱང་ཁྭའི་ཁང ་ཁྱིམ་གྱི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམས་ལ། དེའི་བན་ད་བཞི་བསྐྱེད་པའི་རྔ་མོའི་མིག་བཞི་རང་དབང་མེད་པར་བསྐྱོང་ནས། ཁྲོ་བོ་ལ་ལས་ནི་རྔ་མོའི་སྣ་ནས་དྲངས་ཏེ་ཁྲིད། ལ་ལས་ནི་ཐོ་བ་དང་རལ་གྲི་དང་དགྲ ་སྟི་ཐོགས་ནས་དེ་དེ་ནས་འགྲོ་བར་དམིགས་ལ་བསྙེན་པ་ཐོན་པ་དང་། བ་སྒྲུབ་པ་ལ་འཇུག་སྟེ། འཛབ་གྲངས་ཁྲི་ཐོན་པ་དོང་ལས་ལ་སྦྱར་ཏེ། ལས་ཀྱི་དུས་སུ་སྟོང་ཐོན་པ་ཡང་དུར་ཁྱོད་ཀྱིས་ས་མ་ཡ་ལ་གཏུབས་ལ། ་དབང་གི་ཚུལ་དུ་སྦྱིན་སྲེག་བྱ་སྟེ། བསྐུལ་བའི་སྔགས་བསྐྲང་བའི་སྔགས་ཉིད་ཀྱིས་བྱ་སྟེ། སྦྱིན་སྲེག་ཟིན་པ་དང་། སྒོའི་ཐེམ་པའི་འོག་ཏུ་སྦས་ལ་གཞག་གོ། དེའི་རྗེས་ལ་ལྷོ་ཕྱོགས་ཀྱི་ཁམས་གཤིན་རྗེའི་རྒྱལ ་པོའི་ཡུལ་དུ་བསྐྱལ་བར་བསམས་ཏེ། གནས་བསྐྱོད་པའི་མན་ངག་གོ། དེ་ནས་སྔགས་ཐོན་པ་དང་། རྫས་དེ་སླར་ལ་དབྱུང་བར་བྱའོ།། དེ་ནི་བསྐྲང་པའི་མན་ངག་གོ།། དེ་ནས་ཡང་འཕྲིན་ལས་བསམ་ཡས་པར ་ཡོད་པར་བསྟན་པའི་ཕྱིར། ཇི་སྙེད་འཕྲིན་ལས་བསམ་ཡས་ཀུན།། འགྲོ་བ་བསམ་ཡས་བསམ་པ་རྣམས།། ཇི་སྙེད་འདུལ་བའི་ཐབས་ཚུལ་དུ།། བསམ་ཡས་འཕྲིན་ལས་རྣམ་པར་སྤྲོས་ཞེས་གསུངས་ཏེ།། ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་བསམ་ཡས་པ་གསུངས་ཤིང་མཛད་པ་ཡང་འགྲོ་བ་རིགས་དྲུག་གི་བསམ་ཡས་པ་ཡོད་པ་དེ་རྣམས་འདུལ་བའི་ཐབས་སམ་མཐུན་པའི་ཚུལ་དུ། ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལས་འཕྲིན་ལས་བསམ་ཡས་པ་སྤྲོས་པའོ།། ན་ཡང་སྲིན་ལས་སྤྲོས་པ་དེ་ནས་ཡང་དག་ཧྲཱི་དང་དུ་ཝཱན་རྗེ་ཐུ་སྟན་གྱི་བྱིད་། ཆན་ཉིད་དུན་གྱི་དང་ཉིད་ན། ལཱ་ཀྱི་བྱེ་བྲག་ཅིས་ལ་འདྲ། བྱ་མེད་དང་དུ་ལྡན་གྱིས་ཐུ་ཅེས་གསུངས་ཏེ། མཉམ་པ་ཉིད་ཀྱི་དབྱིངས་གཉིས ་སུ་མེད་པར་བསྟེན་པའི་ཕྱིར། དང་པོ་ཐ་ཚིག་བཅས་པ་ལྟར། ཞེས་བྱ་བ་ལ་སོགས་པ་བསྟེན་ཏེ། དང་པོ་ཐ་ཚིག་བཅས་པ་ལྟར་ཞེས་བྱ་བ་ནི། དང་པོ་དབང་བསྐུར་བའི་དུས་སུ་ཇི་ལྟར་དམ་བཞིན་དུ་སྔགས་རྣམས་དུས ་རྟག་ཏུ་རྒྱུན་མི་འཆད་པ་དང་ལྷའི་སྐུ་ཕྱག་རྒྱ་དུས་རྟག་ཏུ་བཅས་པ་ནི་ཐུན་མོང་དང་བཅས་ཐུན་མོང་མ་ཡིན་པའི་དངོས་གྲུབ་འབྱུང་བའི་རྒྱུ་ཡིན་པས་སྔགས་དང་ཕྱག་རྒྱ་རིང་དག་ལུས་ངག་ཡིད་གསུམ་གྱིས་དུས ་རྟག་ཏུ་བརྟན་པོར་གཟུང་ནས་མི་འབྲེལ་བ་ནི་གསུང་གི་ས་མ་ཡ་རུ་སྟོན་པས་བཤད་དོ།། དེ་ནི་གསུང་གི་དམ་ཚིག་གོ། དེ་ནས་ཡང་ཐུགས་ཀྱི་དམ་ཚིག་བསྟན་པའི་ཕྱིར། ཕྱི་གསང་བཞི་དང་བར་གསང་བཞི་ཞེས་པ་ལ ་སོགས་པ་གསུངས་ཏེ། ཕྱི་གསང་བཞི་དང་བར་གསང་བཞི་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་ཕྱག་རྒྱའི་མཚན་ཉིད་རྣམས་ནི་ཕྱི་གསང་བཞིའོ།། བར་གསང་བཞི་ནི། བདེ་བ་ཆེན ་པོའི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོ་དང་བཞིའོ།། ཡང་གསང་བར་འོས་པ་དང་ཞེས་བྱ་བ་ནི། དགའ་བ་བཞི་ཡིས་མཚོན་ནས་ཡང་དག་པའི་ཡེ་ཤེ་ས ་ཉམས་སུ་ལེན་པ་ནི་གསང་བ.རོ་འོས་པའོ།། དེ་ལྟ་བུའི་དོན་དེ་གཞན་ལ་མ་སྨྲ་ཞིག་ཅེས་དང་པོ་སློབ་དཔོན་གྱི་གཉེར་བའི་གསང་བའི་མན་ངག་འབྲས་བུ་རྣམས། གཞན་དང་གཞན་དག་འདི་ལྟ་བུ་ཡིན་ནོ།། ཞེས་སྣོད ་ངན་པ་ཕལ་ལ་མི་སྤེལ་བ་འདི་ནི་ཐུགས་ཀྱི་ས་མ་ཡའོ།། དེ་ལྟ་བུ་སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི་ནི། དུས་གསུམ་དུ་འཇིག་པའི་དུས་མཐའ་མེད་དེ། བསྲུང་བར་བྱ་བའོ།། སྤྱིར་ས་མ་ཡ་ནི་རྡོ་རྗེ་སྟེ་ཞེས་གསུང ་སོ།། དེ་དག་ཉམས་པར་གྱུར་ན་ནི།། རྩ་བ་ཉམས་ཏེ་རིགས་རླག་འགྱུར། ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དེ་ཉམས་པར་གྱུར་ན། རྩ་བའི་ངམ་ཚིག་ཉམས་ཏེ། འབྲས་བུའི་དེ་བཞིན་གཤེགས་རིགས།། ་བརླག་པར་འགྱུར་རོ།། དེ་ནི་ཉམས་པའི་སྐྱོན་ནོ།། དེ་ནས་ཡང་ཕ་རོལ་པོའི་དམ་ཚིག་ཉམས་པའི་རྣལ་འབྱོར་སྐྱོན་བསྟན་པར་བྱ་སྟེ། དེའི་ཕྱིར་ཉམས་འགྱུར་ཉེས་པ་བརྗོད་མི་ལང་ཞེས་བྱ་བ་གསུངས་ཏེ། ་རོལ་པོས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ན་དེའི་ཉེས་པ་བརྗོད་ཀྱིས་མི་ལང་སྟེ། དེ་ནི་རྩ་བའི་དམ་ཚིག་ཉམས་པ་ཡིན་པས་དམ་ལ་གནས་པའི་རྣལ་འབྱོར་པ་དེ་དང་ཉམས་པ་གཉིས་སྐད་ཅིག་ཙམ ་ཡང་ཡུད་ཙམ་ཡང་སྨྲ་བར་མི་བྱའོ།། སྨྲས་ན་སྐྱོན་ཅི་ཡོད་ཅེན། དེ་བསྟན་པར་བྱ་བའི་ཕྱིར། སྨྲས་ན་འབྲས་བུ་ཉམས་པར་འགྱུར་ཞེས་གསུངས་ཏེ། སྨྲས་པས་ཉིད་ཀྱིས་རྩ་བའི ་དམ་ཚིག་ཉམས་པར་འགྱུར་རོ།། དེ་ནས་ཡང་ཡན་ལག་གི་དམ་ཚིག་བསྟན་པའི་ཕྱིར། འདོད་ཆགས་ཞེ་སྡང་གིཏི་མུག་དང་། ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་དང ་ང་རྒྱལ་ཕྲག་དོག་ཆེན་པོ་ནི།། བདེར་གཤེགས་ལྔའི་རང་བཞིན་པས་ཞེས་བྱ་བ་ནི། འདོད་ཆགས་ནི་འདོད་ཅིང་ཆགས་པ་སྟེ། དེ་སྤངས་ན་གྲོལ་བ་མ་ཡིན། འདོད་ཆགས་ཀྱི་མཚན་ཉིད་ནི། གཉིས་སུ ་མེད་པའི་ཡེ་ཤེས་འདོད་ཅིང་། ཆོས་ཉིད་ལ་ཆགས་པས་རྣམ་པར་དག་སྟེ། འོད་དཔག་མེད་ཀྱི་རང་བཞིན་པས་མི་སྤང་ངོ་།། ཞེ་སྡང་ནི་ཕ་རོལ་ལ་ཞེ་སྡང་བ་དེ། དེ་སྤངས་པས་གྲོལ་བ་ནི་མ་ཡིན་ཏེ། ་བྱེ་སྡང་གི་མཚན་ཉིད་ནི། ཕྱིན་ཅི་ལོག་གི་ཉོན་མོངས་པ་ལ་ཞེ་སྡང་ཞིང་མཽང་པར་བྱེད་པས་ཞེ་སྡང་ངྒ་རྣམ་པར་དག་པ་སྟེ། མི་བསྐྱོད་པའི་རང་བཞིན་པས་མི་སྤང་ངོ་།། གཏི་མུག་ནཱི་མི་ཤེས་ཤིང ་ཚོར་བ་མེད་པ་སྟེ། དེ་སྤངས་ནས་གྲོལ་བ་མ་ཡིན་ཏེ། གཏི་མུག་གི་མཚན་ཉིད་ནི་ཕྱིན་ཅི་ལོག་གི་རྟོག་པ་གང་ཡང་འབྱུང་བ་མ་ཡིན་ཞིང་། ཤེས་པ་དང་བརྗོད་པ་ལས་འདས་ཤིང་བྲལ་བས་ན ་གཏི་མུག་རྣམ་པར་དག་པ་སྟེ། རྣམ་པར་སྣང་མཛད་ཀྱི་རང་བཞིན་པས་མི་སྤང་བ་དང་། ང་རྒྱལ་ནི་མ་རིག་པས་སྨྲ་བ་སྟེ། དེ་ཡང་སྤངས་ནས་གྲོལ་བ་མ་ཡིན་ཏེ། ང་རྒྱལ་གྱི་མཚན་ཉིད་དེ་ནི། ཆོས ་ཉིད་གཉིས་སུ་མེད་པའི་དོན་ལ་གནས་ཤིང་། ཕྱིན་ཅི་ལོག་གི་དོན་ལ་ཉོན་མོངས་པ་ནི་མི་གནས་པས་ང་རྒྱལ་བ་སྟེ། ང་རྒྱལ་རྣམ་པར་དྲག་པ་སྟེ། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་བས་མི་སྤང ་བ་དང་། ཕྲག་དོག་ནི་གཞན་གྱི་ཡོན་ཏན་ལ་ཕྲག་དོག་སྟེ། དེ་སྤངས་ནས་གྲོལ་བ་མ་ཡིན་ཏེ། ཕྲག་དོག་གི་མཚན་ཉིད་ནི། ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས། སྤྲོས་པ ་མེད་པར་ཕྲག་དོག་སྟེ། ཕྲག་དོག་རྣམ་པར་དག་པས་གདོན་མི་ཟ་བཱིར་འགྲུབ་པའི་རང་བཞིན་པས་མི་སྤང་བ་སྟེ། དེའི་ཕྱིར་ཆེན་པོ་ཞེས་གསུངས་ཏེ། ཆུང་ངུ་རྣམ་པར་དཀར་བའོ།། དེ་ནི་མི་སྤང་བའི ་དམ་ཚིག་ལྔའོ།། དེ་ནས་ཡང་དོར་བར་མི་བྱ་བའི་དམ་ཚིག་བསྟན་པའི་ཕྱིར། ཤ་ཆེན་བཤག་ཅི་ཁུ་བ་ཁྲག། དབང་བའི་རྒྱུ་སྟེ་བདུད་རྩི་སྤོས། དོར་བར་མི་བྱ་ས་མ་ཡ་ཧོ།། ཞེས་གསུངས་ཏེ། ཤ་ཆེན་དང ་གཤང་བ་དང་། གཅི་བ་དང་ཁུ་བ་དང་། ཁྲག་ལྔ་ནི་རྣམ་པར་རྟོག་པས་མི་གཙང་བ་དང་། སོགས་པས་བདུད་རྩི་སྟེ་དེ་ལ་ས་ཟློག་པའི་ཕྱིར། དག་པའི་རྒྱུ་སྟེ་བདུད་རྩི་རྡོས་ཞེས་གསུངས་ཏེ། ཤ་ཆེན་ལ་སོགས ་པ་ལྔ་ནི། ཡེ་ནས་རྣམ་པར་དག་པའི་ཡེ་ཤེས་ལྔའི་དངོས་པོ་སྟེ། དེ་རྣམ་པར་རྟོག་པའི་བདུད་ལས་ཟློག་ནས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་ཏེ། མི་གཙང་བ་དེ་ནས་དོར་བར་བྱ་བ་མ ་ཡིན་ཏེ། ཡེ་ཤེས་ལྷའི་རང་བཞིན་པས་དོར་བར་མི་བྱ་བའི་ས་མ་ཡའོ།། དེ་ནི་དོར་བར་མི་བྱ་བའི་དམ་ཚིག་ལྔའོ།། དེ་ནས་སྤྱད་པར་བྱ་བའི་དམ་ཚིག་བསྟེན་པའི་ཕྱིར། རྫུན་དང་ཚིག་རྩུབ་སྨྲ་བ་དང་། སྦྱོར ་དང་སྒྲོལ་བའི་དམ་ཚིག་ནི།། བདེར་གཤེགས་ལྔའི་མཛད་སྤྱོད་པས།། རྟག་ཏུ་སྤྱད་པའི་དམ་ཚིག་གོ། ཞེས་གསུངས་ཏེ། བརྫུན་ནི་ཆོས་ཉིད་དངོས་པོ་མེད་པའི་རང་བཞིན་ལ། འདི་ལྟ་ཕྱི་ཡིན་ནོ་ཞེས ་དྲང་བའི་དོན་དུ་སྟོན་པའི་རྫུན་ཏེ། མི་བསྐྱོད་པའི་མཛད་པ་ཡིན་པས་རྣལ་འབྱོར་པས་ཀྱང་སྤྱད་པར་བྱ་བ་ཡིན་པ་དང་། ཚིག་རྩུབ་ནི་འདི་ལྟར་སྣང་བ་ཐམས་ཅད་འཁྲུལ་བ་ཡིན་ཏེ། ཡོད་པ་མ་ཡིན་ནོ།། ་ཞེས་འབྱུང་བ་ནི། ཚིག་རྩུབ་མོ་སྟེ་རྣམ་པ་ར་སྣང་མཛད་ཀྱི་མཛད་སྤྱོད་ཡིན་པསོ། རྣལ་འབྱོར་པས་ཀྱང་སྤྱད་པར་བྱ་བ་ཡིན་པ་དང་། རྐུ་བ་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་པའི ་རང་བཞིན་འོད་གསལ་བ་དེ་ནི་རིན་པོ་ཆེ་འདྲ་བ་ཡིན་པ་འདི་ནི་རྟོགས་པར་བྱ་བ་ཡིན་ཞིང་འདི་ནི་ཉམས་སུ་བླང་བའོ།། ཞེས་ཕྱིན་ཅི་ལོག་ཐམས་ཅད་ཡང་དག་པའི་དབྱིངས་སུ་རྐུ་བ་ནི། རིན་ཆེན་འབྱུང ་ལྡན་གྱི་མཛད་སྤྱོད་དོ།། རྟག་ཏུ་རྣལ་འབྱོར་པས་སྤྱད་པར་བྱའོ།། སྦྱོར་བ་ནི་འདི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་ལྷ་དང་ལྷ་མོའི་དང་དུ་འབྱོར་ལ། དོན་དམ་པར་སྐྱེ་བ་མེད་པའི་ངང་དུ་འབྱོར་པ་ནི། འོད་དཔག ་ཏུ་མེད་པའི་མཛད་སྤྱོད་དོ།། རྣལ་འབྱོར་པས་རྟག་ཏུ་སྤྱད་པར་བྱའོ།། སྒྲོལ་བ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྣམ་པར་རྟོག་པས་བཅིངས་པ་ཐམས་ཅད་སྐྱེ་བ་མེད་པའི་དང་དུ་སྒྲོལ་ལ། ་སྐྱེ་བ་མེད་ཅེས་བྱ་བ་དེ་ཡང་མི་གནས་པར་སྒྲོལ་བ་ནི། གདོན་མི་ཟ་བར་འགྲུབ་པའི་མཛད་སྤྱོད་དེ། རྣལ་འབྱོར་པས་དུས་རྟག་ཏུ་སྤྱད་པར་བྱ་བའི་ཕྱིར།། བདེ་བར་གཤེགས་པ་ལྔའི་མཛད་སྤྱོད་པས ་རྟོག་ཏུ་སྤྱད་པའི་དམ་ཚིག་གོ། ཞེས་གསུངས་ཏེ། དེ་ནི་སྤྱད་པར་བྱ་བའི་དམ་ཚིག་ལྔའོ།། མི་སྤང་མི་ངོར་སྤྱད་པར་བྱ་ཞེས་བྱ་བ་ནི།། ཉོན་མོངས་པོ་ལྔ་བདེ་བར་གཤེགས་པ་ལྔའི་རང་བཞིན་པོ་ས། མི ་སྤང་བ་ད་། བདུད་རྩི་ལྔ་ཡེ་ཤེས་ཀྱི་རང་བཞིན་པས་མི་དོར་བ་དང་། བརྫུན་དང་ཚིག་རྩུབ་ལ་སོགས་པ་བདེ་བར་གཤེགས་པའི་མཛད་སྤྱོད་ཡིན་པས། སྤྱད་པར་བྱ་བའོ།། ཡན་ལག་བཅོ་ལྔའི ་དམ་ཚིག་ནི། ཞེས་བྱ་བ་ནི། མི་སྤང་བར་བྱ་བའི་དམ་ཚིག་ལྔ་དང་། མི་དོར་བར་བྱ་བའི་དམ་ཚིག་ལྔ་དང་། སྤྲད་པར་བྱ་བའི་དམ་ཚིག་ལྔ་སྟེ་བཅོ་ལྔའོ།། སྲོག་གི་ཕྱིར་ཡང་མི་གཏང་ཞེས་བྱ་བ་ནི། རང་ལ ་ཕན་པའི་སྲོག་ཡིན་ཏེ། སྒྲོག་མ་ཆད་ན་མི་འཆི་བ་དང་འདྲ་བར་གཉིས་མེད་པའི་ཡེ་ཤེས་ཏེ་རྟོགས་ཤིང་ཁོང་དུ་ཆུད་ནས་སྐྱེ་བ་མེད་པའི་དབྱིངས་རྣམ་པར་དག་སྟེ། དེ་ལ་འཆི་བ་གཱ་ལ ་ཡོད་དེ། འབྲས་བུ་དེ་ཐོབ་པར་བྱ་བའི་ཕྱིར་མི་གཏོང་། གང་མི་གཏང་ཞེ་ན། རྩ་བ་དང་། ཡན་ལག་ཏུ་བཅས་པའི་དམ་ཚིག་ཏུ་ནི་གཉིས་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་གཞི་འམ་རྨང་ཡིན་པའི་ཕྱིར་ན་མི ་བཏང་བའོ།། བཏང་ན་སྐྱོན་ཅི་ཡོད། དེ་བསྟན་པའི་ཕྱིར། བཏང་ན་འབྲས་བུ་ག་ལ་འབྱུང་ཞེས་གསུངས་ཏེ། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་མེད་ཙ་མ་བསྲུངས་ན། སྲོག་དང་འདྲ་བའི་འབྲས ་བུ་ག་ལ་འབྱུང་སྟེ། མི་འབྱུང་སྟེ་རླག་པར་གྱུར་པའི་ཐ་ཚིག་གོ། དེའི་ཉེས་པ་བརྗོད་ལས་འདས་ཞེས་པ་ནི། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་ཉམས་པའི་ཉེས་པ་ནི། བརྗོད་པ་ལས་འདས་ཏེ ་བརླག་པར་འགྱུར་བའི་ཐ་ཚིག་གོ། དེ་ནས་ཡང་དམ་ཚིག་ཉམས་པ་དེ་ཐུགས་རྗེས་མ་གཟུང་ན་དམྱལ་བར་འགྲོ་བྱས། དེ་ཐུགས་རྗེས་གཟུང་བའི་ཕྱིར། སྙིང་ནས་སློབ་དཔོན་སྨོད་པ་དང་། ཞེས་པ་ལ ་སོགས་པ་བསྨན་ཏེ། སྙིང་ནས་སློབ་དཔོན་སྨོད་པ་དང་། ཞེས་བྱ་བ་ནི། དང་པོ་ཤེས་པ་སློབ་བུའི་དུས་ན་སློབ་དཔོན་དེ་ལ་ཁ་འཇམ་དང་། སྤྱོད་པ་ལོགས་མོས་འདྲིས་པར་བྱེད་ཅིང་། ཤེས་པ་ལོབས་ནས ་སློབ་དཔོན་དེ་ཡིས་བྱ་བ་མེད་པའི་སྤྱོད་པ་བྱེད་ཅིང་། ཆོས་དང་སློབ་དཔོན་དེ་ལས་མ་འོངས་པར་གཞན་ལ་འོང་བ་བསྐུར་ཟེར་ཞིང་རང་གི་ཤེས་པ་ལས་སློབ་དཔོན་གྱིས་མི་ཤེས་པ་སྐད་ཟེར་བ་ནི། སྙིང་ནས་སློབ ་དཔོན་སྨོད་པ་སྟེ། དེ་མ་བསྒྲལ་ན་མནར་མེད་དུ་ལྟུང་བའོ།། སངས་རྒྱས་བསྟན་པ་ལ་གནས་པ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ལ་གནས་པར་བྱས་ནས། སྤྱོད་པ་ཕྱིན་ཅི་ལོག་བཞི་བྱེད་ཅིང་རྫུན་དང ་རྐུ་བ་དང་སྒྲ་དང་གཡོ་ལ་སོགས་པ་དེ་ནི་ཐུགས་རྗེས་མ་གཟུང་ན། མནར་མེད་པར་ནི་ལྟུང་བའོ།། ཐེག་པ་ཆེན་པོ་སྨོད་པ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆུང་ངུ་ལ་གནས་པར་བྱས ་ནེནས། ཐེག་པ་ཆེན་པོའི་ནང་ནས་ཀྱང་། རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པ་ནི་མནར་མེད་པའི་དམྱལ་བར་འགྲོ་བས། དེ་ཐུགས་རྗེས་གཟུང་བའོ།། སེམས་ཅན་ཡོངས་ལ་གནོད་བྱེད་དང་ཞེས་བྱ་བ་ནི། ་དང་པོར་སངས་རྒྱས་ཀྱི་བསྟན་པ་ལ་དད་ཅིང་ཞུགས་ནས། ཕྱིས་དེ་ལས་ནི་ལོག་ནས། སངས་རྒྱས་ཀྱི་བསྟན་པ་ལ་ཡང་སྨོད་སེམས་ཅན་ཡོངས་ལ་འཚེ་བར་བྱེད་པའི་གང་ཟག་དེ། མོནར་མེད་པར་ལྟུང ་བ་སྟེ། དེ་ཐུགས་རྗེས་གཟུང་བའོ།། རྣལ་འབྱོར་གཟུང་བའོ།། རྣལ་འབྱོར་སྤྱོད་པའི་དགྲར་འགྱུར་ནི་ཞེས་བྱ་བ་ནི། ཆོས་འཁོར་གཉེན་པོ་གཤིག་པ་དང་། དབེན་རིས་གཉེན་པོ་འཇོམས་པ་དང་། གཙུག་ལོག ་ཁང་གི་དཀོར་རྐུ་བ་དགེ་འདུན་མདུན་པའི་བར་དུ་དབྱེན་འཛུད་པ་ལ་སོགས་ཏེ། དེ་ནི་རྣལ་འབྱོར་སྤྱི་དགྲ་ཡིན་ཏེ། དེ་ལྟ་བུའི་རིགས་རྣམས་ལ་མྱུར་དུ་བསྒྲིམས་ཏེ་མ་བསྒྲལ་ན། རྩ་བ་དང ་ཡན་ལག་ཏུ་བཅས་པའི་རྡོ་རྗེས་ཚིག་ཉམས་པས་ན། རྣལ་འབྱོར་པ་སོ་ལུས་ངག་ཡིད་གསུམ་གྱི་སྒོ་ནས། གྲི་མོས་ཕྱུང་ལས་སྔགས་དང་ཕྱག་རྒྱའི་ཤུགས་ཀྱིས་བསྒྲལ་བར་བྱའོ།། དེ་ལྟར་བསྒྲལ་ན་ཡང ་དག་པའི་གནས་དང་ཕྲད་པ་དེ་ནི། ཐུགས་རྗེས་བཟུང་ངོ་།། དེ་ནས་ཡང་དམ་ཚིག་གི་ཡོན་ཏན་བསྟན་པའི་ཕྱིར། དམ་ཚིག་འདི་ནི་སྨད་པོ་ཆེ་ཞེས་པ་ལ་སོགས་པ་གསུངས་ཏེ་དོམ་ཚིག་འདི་ནི་སྙིང་པོ་ཆེ ་ཞེས་བྱ་བ་ནི། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་འདི་ནི་ཡང་དག་པའི་ཡེ་ཤེས་བསྒྲུབ་པའི་གཞི་ཡིན་པའི་ཕྱིར་ན་སླད་པོ་ཆེ་སྟེ། དེའི་ཕྱིར་སངས་རྒྱས་བསྒྲུབ་པའི་རྒྱུ་དང་གཞི། ཞེས་གསུངས ་པ་ཡིན་ནོ།། དེ་ནས་ཡང་དམ་ཚིག་གི་ངོ་བོ་བསྟན་པའི་ཕྱིར། ཡོད་བཞིན་ནོར་བུ་རིན་པོ་ཆེ་ཞེས་གསུངས་ཏེ། དམ་ཚིག་གི་ངོ་བོ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྟེ། མ་བཅས་པའི་དོན་དམ་པ་བྱང་ཆུབ་ཀྱི ་སེམས་ནི། དམ་ཚིག་གི་ངོ་བོའོ།། དེ་ནས་ཡང་དམ་ཚིག་བསྲུངས་པའི་ཡོན་ཏན་བསྟན་པའི་ཕྱིར། དམ་ཚིག་གནས་རྣམས་མི་གཏོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་བ་དང་ཡན་ལག་ཏུ་བཅས ་པའི་དམ་ཚིག་གི་གནས་རྣམས་བསྲུང་ཞིང་མི་གཏོང་བའི་རྣལ་འབྱོར་པ་དེ་ནི། ལེག་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་འབྱུང་སྟེ། སངས་རྒྱས་ཀྱི་རྒྱུ་ལ་གནས་པས་ན། སངས་རྒྱས་ཉིད་འདྲ་བར་འགྱུར་རོ། ་ཞེས་གསུངས་སོ།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས་ཞེས་བྱ་བ་ནི། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་བསྲུངས་ན་སངས་རྒྱས་དང་འདྲ་བར་འགྱུར་ན་གཞན་གྱིས་དངོས་གྲུབ་སྨོས་ཀྱང་ཅི་དགྲོ ་ཏེ་དེ་ལྟར་ཐོབ་པའི་ཕྱིར་ཡེ་ནས་ནན་ཏན་བསྐྱེད་དེ། རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་། ཞེས་སྟོན་པ་དང་དཔེ་ལ་ཀུན་ཏུ་བཟང་པོས་གསུངས་སོ།། དམ་ཚིག་རིམ་པར་ཕྱེ་ནས་སྟོན་པ་ལ་ནི་དམ ་ཚིག་རིམ་པར་ཕྱེ་བའི་ལེའུའོ།། །། བདུད་རྩི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས། བདེན་པ་གཉིས་ཀྱིས་བཤད་པའི་ལེའུ་སྟེ། བཅུ་གཉིས་པའོ།། །། དེ་ལྟར་དམ་ཚིག་ལ ་སོགས་པ་བསྟོན་ཀྱང་དོན་བསྡུས་ནས་སོ་སོའི་དོན་རེ་རེ་ལྔ་གོལ་དུ་དོགས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། དེ་ཡང་སྔོན་ལ་གོང་དུ་གསུངས་པའི་ལེའུ་བཅུ་གཉིས་པ་ཡན་ཆད་ཀྱི ་དོན་ལ་ངམ་ཞིང་སྟོན་པ་ལ་ཡིད་རང་བསྟན་པའི་བར། ཡིད་ཀུན་ཏུ་བཟང་པོ་ལ་སོགས་པ་འདུས་པའི་འཁོར་ཚོགས་མ་ལུས་པ་རྣམས་རང་རང་གི་བསམ་པ་རངས་པར་གྱུར་ཏོ།། ཞེས་བྱ་བ་ནི་འཁོར་ཐམས།། ་ཅད་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་མངོན་དུ་གྱུར་ནས། སྟོན་པ་ལྔ་འཁོར་རྣམས་ཀྱིས་གཙུག་གི་འདུས་པས་རྣལ་འབྱོར་མཆོག་གི་ཚུལ་དུ་ཕྱག་བྱ་སྟེ། བཅོམ་ལྡན་འད་ས ་ཀྱིས་སྐུ་གསང་བ་གསུང་གསང་བ་ཐུགས་གསང་བར་ཞུགས་པའི་བདག་པོ་ལ་འཁོར་རྣམས་ཀྱིས་མདུན་གྱིས་ལྟས་ཏེ། སྟོན་པ་ལ་ངོ་མཚར་ནས་རྨད་དུ་བྱུང་བའི་ཚིག་གིས་འོག་ནས་འབྱུང་བ་འདི་སྐད་ཅེས ་བསྒྲགས་སོ།། ཨེ་མའོ་ངོ་མཚར་རྨད་དུ་བྱུང་བའི་མཉམ་ཉིད་དབྱིངས་མཆོག་ནས།། ཐུགས་རྗེ་ཆེན་པོ་གསལ་ལ་མ་འདྲེས་ཀུན་དུ་ཁྱབ་པར་བརྡལ་ཞེས་བྱ་བ་ནི།། རྨད་དུ་བྱུང་བའི་ཆོས་ཉིད་མ་བཅོས ་པའི་དབྱིངས་ཉིད་ནས་ཁམས་གསུམ་གྱི་སེམས་ཅན་གྱིས་དག་པའི་ཆོས་ཉིད་མ་རྟོགས་པ་ལས་ཐུགས་རྗེ་ཆེན་པོས་ལྟ་བ་དང་སྤྱོད་པ་དང་དབང་དང་དམ་ཚིག་ལ་སོགས་པ་སོ་སོར་གསལ་ཞིང་མ་འདྲེས ་པར་བསྟན་ཅིང་ཀུན་ཏུ་ཁྱབ་བརྡལ་བའི་ཕྱིར། སྐུ་དང་གསུང་ཐུགས་ཡོན་ཏན་འཕྲིན་ལས། ཕྱག་རྒྱའི་དཀྱིལ་འཁོར་བཛྲོད་མཱི་ལང་ཞེས་གསུངས་ཏེ། སྐུའི་དཀྱིལ་འཁོར་ལ་ཡང་གསུམ། གསུང ་དཀྱིལ་འཁོར་ལ་ཡང་གསུམ། དེ་བཞིན་དུ་ཐུགས་དང་ཡོན་ཏན་འཕྲིན་ལས་ལ་ཡང་གསུམ་གསུམ་སྟེ། ཕྱག་རྒྱའི་དཀྱིལ་འཁོར་བརྗོད་མི་ལང་བ་ཞིག་གསུངས་པ་ཡང་འགྲོ་བ་རིགས་དྲུག་གི ་བསམ་པ་མོ་མཐུན་པ་བསམ་ཡས་པ་ཡོད་པའི་ཚད་དུ་སྟེ། དེའི་བསམ་པ་རྣམས་རྟོག་པའི་ཕྱིར། ཕྱག་རྒྱའོ་དཀྱིལ་འཁོར་བསམ་ཡས་པ་ཞིག་གསུངས་སོ།། ལྟར་ཐུགས་རྗེ་ཆེན་པོས་འགྲོ་བ ་རྣམས་གཟུང་བའི་ཕྱིར། འགྲོ་བུ་བསམ་ཡས་རྣམ་རྟོག་དེ་སྙེད། ཐུགས་རྗེས་ཕྱོགས་པ། ཨེ་མའོ་ངོ་མཚར་ཆེའོ།། ཞེས་གསུངས་སོ།། དེ་ནས་ཡང་སྟོན་པའི་བྱིན་བརླབས་ལས་དོན་དམ་ཀུན་རྫོབག ་གཉིས་ལ་ངོ་མཚར་བ་བསྟན་པའི་ཕྱིར། ཨེ་མའོ་རྨད་དུ་བྱུང་བའི་ཆོས།། ནམ་མཁའ་དང་ནི་མཉམ་པ་ལ།། སྒྱུ་འཕྲུལ་རྣམ་པར་འཕྲུལ་བ་རྣམས།། ཀུན་རྫོབ་ཙམཽ་དུ་བསྟན་པ་མཚ་ཞེས་བྱ་བ་ནི།། ་སྟོན་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལས། སྐུའི་དཀྱིལ་འཁོར་ལ་སོགས་སྒྱུ་འཕྲུལ་རྣམ་པར་འཕྲུལ་བ་བསམ་ཡས་པ་རྣམས་དོན་དྲམ་པར་ཆོས་ཉིད་ལས་མ་གཡོས་ཤིང ་ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་བསྟན་པ་ངོ་མཚར་ཆེའོ་ཞེས་འཁོར་རྣམས་ཀྱིས་སྟོན་པ་ལ་ཆད་དུ་གླེངས་སོ།། དེའི་ཚེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ནི། བརྗོད་དུ་མེད་པའི་དགོངས་པ ་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ལ་དགོངས་ནས་ཅང་མི་གསུང་བར་བཞུགས་སོ།། དེ་ནས་ཡང་སྡུད་པ་པོ་སྟོན་པ་ལ་དོན་བསྡུ་བར་གསོལ་བ་བཏབ་པར་བསྟན་པའི་ཕྱིར། དེ་ནས་རྡོ་རྗེ་ཡིད་ཀུན ་ཏུ་བཟང་པོས་གསོལ་བ་བཏབ་བོ་ཞེས་བྱ་བར་འབྲེལ་ཏེ། གསོལ་བ་བཏུབ་པའི་ཚིག་ནི། བཅོམ་ལྡན་འདས་ཞེས་བོས་ནས། བསྒོ་བར་གསོལ་བ་བཏབ་པའོ།། དེ་ནས་ཡང་སྟོན་པས ་གོང་དུ་གསུངས་པའི་དོན་ཀུན་མདོར་བསྡུས་ནས་བཤད་པར་གནང་བར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། གསང་བ་མཆོག་གི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ཞེས་བྱ་བར་འབྲེལ་ཏོ།། གསུངས་པའི་ཚིག་ནི་འདི་ལྟ་སྟེ། སེམས་དཔའི་ཆེན་པོ་ཞེས་བློས་ནུས་ལུས་ངག་ཡིད་གསུམ་གྱིས་ཉོན་ཅིག་ཅེས་གནང་བ་གསོལ་ཏོ།། རྒྱུད་ཀྱི་རྒྱལ་པོ་ཆོས་ཀྱི་དོན་འདི་ཉིད ་སྟོན་པ་གདོན་བསྡུས་ཏེ་ཁྱེད་ལ་བཤད་པར་བྱའོ།། ཞེས་གསུངས་ཏེ། བཤད་པའི་གུསུང་ནི་འདིའོ།། ཨེ་མའོ་ཆོས་རྣམས་ཐམས་ཅད་སེམས་ཀྱི་འཁྲུལ་པ་སྟེ།། སེམས་ལས་མ་རྟོགས་ཆོས་འགའ ་ཙམ་ཡང་ཡོད་མ་ཡིན་ཞེས་བྱ་བ་ནི། ཕྱི་དང་ནང་དུ་སྣང་བའི་ཆོས་ཐམས་ཅད་ནི། ཚེ་རབས་ཐོག་མ་མེད་པའི་དུས་ནས་རྟོག་པའི་དབང་གིས། བརྟགས་པའི་དེ་ལ་འཁྲུལ་པར་སྣང་བ་སྟེ། ཆོས་སུ་སྣང ་བ་ཡང་ནང་གི་ཤེས་པ་ཉིད་སྣང་བ་ལས་མ་གཏོགས་པ། ཡུལ་ལོགས་ཤིག་ན་གྲུབ་པ་མེད་དོ་བར་བསྟན་པའི་ཕྱིར། སེམས་ལས་མ་རྟོགས་ཆོས་འགའ་ཙམ་ཡང་ཡོད་མ་ཡིན་ཞེས་གསུངས་སོ ་དེ་ནས་ཡང་སྟོན་པས་དཀྱིལ་འཁོར་ལ་སོགས་པ་གསུངས་པ། དེ་ཡང་འཁྲུལ་པའི་ངོ་ལ་སྣང་གི་ཡང་དག་པའི་བློ་ཅན་ལ་མི་སྣང་བར་བསྟན་པའི་ཕྱིར། འཁྲུལ་པ་བཟློག་ཕྱིར་རྒྱལ་བས་ཆོས་བསྟན་པ།། ་དེའི་སྒྱུ་འཕྲུལ་སྒྱུ་འདྲ་འཁྲུལ་པ་སྣང་། ཞེས་གསུངས་ཏེ། ཁམས་གསུམ་གྱི་སེམས་ཅན་གྱིས་ཡེ་ནས་མེད་པའི་རང་བཞིན་པ་ལི། སེམས་འཁྲུལ་པའི་དབང་གིས་མཚན་མོར་བཟུང་བ་དེ་ལས་བཟློག་པའི ་ཕྱིརལྷའི་དེ་ཀྱིལ་འཁོར་སྒྱུ་མ་ཙམ་དུ་བསྟན་ཏེ། རགས་པའི་མཚན་མ་མི་གནས་པར་བྱ་བའི་ཕྱིར་བསྟན་ཏོ།། ལྷའི་དཀྱིལ་འཁོར་སྒྱུ་མ་འདྲ་བ་བསྟེན་པའི་དེ་ཉིད་ཀྱང་འཁྲུལ་པ་ལ་སྣང་བར་ཟད་ཀྱི ་ཡང་དག་པའི་ཤེས་པ་ནི་སྣང་པོ་མེད་དོ།། འཁྲུལ་དང་འཁྲུལ་ལ་སྣང་བའི་ཆོས་རྣམས་ཀུན།། རང་གི་སེམས་ཡིན་སྣང་བར་ཅེས་བྱ་བ་ནི། ཕྱིའི་ཡུལ་མེད་པ་ལ་འཁྲུལ་བ་ཡོད་པས་བཟུང་བས་འཁྲུལ་པ། ་དེ་ལས་ཟློག་ནས་ལྷའི་དཀྱིལ་འཁོར་དུ་བསྟན་པ་དེ་ཡང་འཁྲུལ་པ་ལ་སྣང་བ་ཡིན་ཏེ། དེ་ལྟར་སྣང་བའི་ཆོས་རྣམས་ཀུན་རང་གི་སེམས་ཉིད་ཡིན་ཏེ་སེམས་ཉིད་སྣང་བ་ལས་མ་གཏོགས་པ་ཡུལ ་ལོགས་ཤིག་ནས་སྣང་སྒྱུ་མེད་པའོ།། དེ་ནས་ཡང་སེམས་ཉིད་མ་གྲུབ་པ་བསྟན་པའི་ཕྱིར། སེམས་ཀྱི་རང་བཞིན་དངོས་པོ་མ་གྲུབ་སྟེ། སྡེ་ཕྱི་གསེས་ནས་རང་བཞིན་ཡོངས་ཀྱིས་མེད་ཅེས ་གསུངས་ཏེ། སེམས་ཀྱི་རང་བཞིན་དེ་དངོས་པོར་གྲུབ་པ་མ་ཡིན་ཏེ། སྐད་ཅིག་མ་སྣ་ཕྱིས་གསེས་པས་སྔ་མ་ནི་འགགས། ཕྱི་མ་ནི་མ་བྱུང་། ད་ལྟར་ནི་མི་གནས་བཱས། རང་བཞིན་མེད ་པར་གྱུར་པས་ནང་གི་སེམས་དངོས་པོར་མ་གྲུབ་པའོ།། དེ་ནས་ཡང་སེམས་མ་གྲུབ་ཅེས་བྱ་བ་དེ་ལ་མི་གནས་པར་བསྟན་པའི་ཕྱིར། གཟོད་ནས་མ་སྐྱེས་ཡེ་ནས་རྣམ་པར་དག། ཡི་གེ་མེད་ཅིང་སྒྲ་དང ་ཐ་སྙད་བྲལ་ཞེས་གསུངས་པ་ཡིན་ཏེ། སེམས་མ་གྲུབ་པ་དེ་ཡང་སེམས་ཡོད་པ་ལས་རྐྱེན་གྱིས་བྱས་ནས་མེད་པ་ནི་མ་ཡིན་གཟོ་དོ་མཱ་ན་མ་སྐྱེས་ཤིང་། ཡེ་ཕྱི་མོ་ནས་རྣམ་པར་དག་པ་སྟེ། རྣམ་པར་དག་པ ་དེ་ལ་ཡི་གེས་བརྗོད་པ་མེད་ཅིང་། ཚིག་གི་སྒྲ་དང་ཐེ་སྙད་དང་བྲལ་བའོ།། དེ་ནས་ཡང་སྒྲ་དང་ཐ་སྙད་དང་བྲལ་ཞེས་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་དེ་སྟོང་པོ་ཉིད་ཅེས་པ་དེ་ཉིད་བརྟགས་པ་སྟེ། དེ་ལས་ཀྱང ་འདས་པར་བསྟན་པའི་ཕྱིར། སྟོང་པའི་སྤྱོད་པ་ཉིད་དེ་སྟོང་པའི་ཡུལ་ལས་འདས། ཞེས་གསུངས་ཏེ། སྟོང་པའི་སྟོང་པ་ནི་སྟོང་པའི་ཡུལ་ཏེ་དེ་ལ་ཡང་མི་གནས་ཏེ། མི་གནས་པའི་ཡེ་ཤེས་ཆེན་པོ ་མཐར་ཕྱིན་པའི་མན་ངག་སྟེ། བཅོས་མ་མ་ཡིན་པའི་དོན་དམ་པའོ།། དེ་ལྟར་འཁྲུལ་པ་དང་ཡང་དག་པ་གཉིས་ཀྱི་སེམས་ལས་བྱུང་བའི་ཕྱིར་སེམས་ནི་ཆོས་ཀྱི་རྩ་བ་སྟེ། རྩ་བ་དེ་ཉིད་སྲིད་པ་དང་གྲོལ ་བར་སྣང་ཞེས་གསུངས་ཏེ། འཁྲུལ་བར་སྣང་བ་ནི་རང་གི་སེམས་སྣང་བས་སེམས་ཉིད་ཡིན་ལ། སེམས་དེ་ཉིད་ཡེ་ནས་མ་བཅོས་པར་གནས་པ་སྟེ། རྩ་བའོ།། རྩ་བ་དེ་ཉིད་རང་བཞིན་གྱིས་འོད་གསལ་བ་སྲིད་པ ་དང་གྲོལ་བར་སྣངཧཱ་ཞེས་སྟོན་པ་འཁོར་བ་རྩི་བས་བཅད་དེ། དགྱེས་པྲ་མེད་པ་དགྱེས་པའི་ཚུལ་གྱིས་དགྱེས་པར་བསྟན་ཏེ་ཧོ་ཞེས་གསུངས་སོ།། དེ་ནས་ཡང་གོང་དུ་གསུངས་པའི་དོན་ཀུན་མི་གནས་པའི་ཡེ ་ཤེས་ཆེན་པོ་ཉིད་ཀྱི་ངང་དུ་བསྟན་ལ་མི་གནས་པའི་ཡེ་ཤེས་ཆེན་པོ་དེ་ལ་ཅི་ཡང་མེད་པར་བསྟན་པའི་ཕྱིར། དེ་ལ་ཨེ་མའོ་སེམས་ཉིད་སྟོང་པ་ཆེན་པོའི་ཡེ་ཤེས་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། ཡེ་ནས ་མ་བཅོས་པའི་དབྱིངས་ཉིད་ལ་ནི་གནས་དང་སྟོན་པ་འཁོར་ཞེས་ག་ལ་ཡོད་ཅེས་གསུངས་ཏེ། གནས་ཞེས་བྱ་བ་དང་། སྟོན་པ་ཞེས་བྱ་བ་དང་། བསྟན་པ་ཞེས་བྱ་བ་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། དོན་དམ་པའི ་བདེན་པ་ལ་ནི་ག་ལཱྀ་ཡོད་དེ་མེད་དོ།། ཏིང་ངེ་འཛིན་དང་ཡིག་འབྲུ་ཕྱུག་མཚན་དང་། རྫོགས་པ་དང་བཞུགས་ཐབས་རིམ་དུ་བགྲང་དུ་མེད་ཅེས་བྱ་བ་ནི། ཏིང་ངེ་འཛིན་རྣམ་པ་གསུམ་དང་ལྷ་རྣམས་བསྐྱེད་པའི ་ཡིག་འབྲུ་དང་། ཡིག་འབྲུ་ལས་གྱུར་པའི་ཕྱག་མཚན་དང་། ཕྱི་གཽ་མཚན་དེ་ལ་སྐུ་ཡོངས་སུ་རྫོགས་པ་དང་རྫོགས་ནས་གདོན་ལ་བཞུགས་པའི་ཐབས་རྣམས་རིམ་དུ་བགྲང་བ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། ་རྣམ་པར་རྟོག་པ་ཟློག་པ་ལ་མི་བསླུ་བས་བདེན་པའོ།། བཅོས་མ་མ་ཡིན་པའི་དོན་དམ་པ་ལྔ་ནི་བགྲང་དུའང་མེད་པའོ།། སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་མེད་ཅེས་བྱ་བ་ནི་སྟོང་པ་ཉིད ་བསྒོམ་ཞེས་བྱ་བ་དང་། དེའི་ངང་ལས་ཁམས་གསུམ་གྱི་སེམས་ཅན་སྙིང་རྗེ་བསྐྱེད་ཅེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ཅེས་གསུངས་པ་ནི། ཀུན་རྫོབ་ཀྱི་བདེན་པའོ།། བཅོས་མཾ་མ་ཡིན ་བའི་དོན་དམ་པ་ལ་ནི་བསྐྱེད་པ་ལ་སོགས་པ་ཡང་མེད་དོ།། གཟུགས་བརྙན་མེད་ཅིང་ཏིང་འཛིན་བསམ་དང་བྲལ་ཞེས་བྱ་བ་ནི། གཟུགས་བརྙན་ཏེ་བརྙན་མའི་དཀྱིལ་འཁོར་ལ་སོགས་པ་དང་། ཏིང་ངེ་འཛིན་གྱི ་དཀྱིལ་འཁོར་གསུངས་པ་རྣམས་ནི་ཀུན་རྫོབ་ཀྱི་དོན་དམ་པའོ།། བཅོས་མ་མ་ཡིན་པའི་དོན་དམ་པ་ལ་ནི་བསམ་པར་བྱ་བ་དང་། བསམ་པར་བྱེད་པ་མེད་པས་ཏིང་ངེ་འཛིན་བསམ་དང་བྲལ་ཞེས་གསུངས་སོ།། ་སྔགས་དང་ཕྱག་རྒྱ་མེད་ཅིང་ཐུགས་རྗེས་འདུལ་བའང་མེད་ཅེས་པ་ནི། སྔགས་ནི་སོ་སོའི་སྔགས་དང་སྔགས་ཀྱི་ལས་བསྟན་པ་དང་། ལྷ་སོ་སོའི་ཕྱག་རྒྱ་དང་། ཕྱག་རྒྱའི་ལས་བསྟན་པ་དང་། ཁམས་གསུ ་གྱི་སེམས་ཅན་ལ་སོ་སོའི་འདུལ་ཚད་བསྟན་པ་ལ་ནི་ཀུན་རྫོབ་ཀྱི་བདེན་པའི།། མ་བཅོས་པའི་དོན་གྱི་ངོ་བོ་ལ་ནི།། ཐུགས་རྗེས་འདུལ་བ་ཡང་མེད་དོ།། མ་རུངས་གོདུལ་དུ་མེད་ཅིང་དྲག་པོའི་དཀྱིལ་འཁོར་མོ ་སྙིང་པོ་བསྟང་ཚུལ་མེད་ཅིང་རྒྱུན་གྱི་ཏིང་འཛིན་མེད།། བྱ་བ་མེད་ཅིང་སྡོམ་པ་ཀུན་ལས་འདས། ཞེས་བྱ་བ་ནི། མ་རུང་བ་ལོག་པར་ལྟ་བའི་དྲེགས་པ་ཅན་གདུལ་བ་དང་། དྲག་པོའི་དཀྱིལ་འཁོར་གྱི་བྱེ་བྲག་གསུངས།། ་པ་དང་། སོ་སོར་དྲག་པོའི་སྙིང་པོ་གསུངས་པ་དང་ཁྲོ་བོ་སོ་སོའི་སྟངསྐྱེ་ཐབས་གསུངས་པ་དང་། རྒྱུན་གྱི་ཏིང་ངེ་འཛིན་གྱི་རིམ་པ་གསུངས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པའོ།། མ་བཅོས་པའི་དོན་དམ་པའི ་བདེན་པ་ལ་ནི་དེ་ལྟར་གྲོང་དུ་གསུངས་པའི་རིམ་པར་བྱ་བ་མེད་ཅིང་སྡོམ་པ་ཀུན་ནས་འདས་པ་དེ། གོང་དུ་གསུངས་པའི་རྣམ་གྲངས་དེ་ཀུན་ཅིག་ཚིག་གི་ཐ་སྙད་ཡིན་ཏེ། དོན་དམ་པར་མེད་དོ།། འོ་ན་དཀྱི ་འཁོར་ལ་སོགས་པ་ཇི་སྙེད་པ་གསུངས་པ་དེ་ཡིས་ཅི་བྱ་ཞེ་ན། དེ་གསྔལ་བར་བྱ་བའི་ཕྱིར། འཁྲུལ་པ་བཟློག་ཕྱིར་ཀུན་རྫོབ་ཙམ་དུ་བསྟེན། ཞེས་གསུངས་པའོ།། འོ་ན་ལྷའི་དཀྱིལ་འཁོར་ལ་ཀུན་རྫོབ ་ཙམ་དུ་བསྟན་པ་འདི་དོར་བར་བྱ་བ་ཡིན་ནམ་ཞེ་ན། དེ་གསལ་བར་བྱ་བའི་ཕྱིར། དེ་བསོ་བསྟན་པ་འདི་ལ་རབ་བསྟོན་ཏོ། དཱན་དམ་བདེན་པ་ངེས་པར་རིག་པ་བྱ་ཞེས་གསུངསཱ་ཏེ། ཀུན་རྫོབ་ཙམ་དུ་ལྷའི ་དཀྱིལ་འཁོར་དུ་བསྟན་པ་འདི་ལ་རྣལ་འབྱོར་པ་ལས་དང་པོ་པས་སེམས་སྦྱང་བར་བྱ་བའི་ཕྱིར། སྒྱུ་མ་ཙམ་དུ་བསྟན་པ་འདི་ལ་བརྟེན་པར་བྱ་བ་ནི་དེ་བས་ན་བསྟན་པ་སྒྱུ་མ་འདི་ལ་རབ་ཏུ་བརྟེན་ཏེ་སྦྱངས་ལ ་དོན་དམ་པའི་བདེན་པ་ངེས་པ་ཁོ་ནར་རིག་པར་བྱའོ།། དེ་ནས་མ་རྟོགས་པའི་དུས་ན་ལྷའི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་དོན་དམ་པའི་བདེན་པ་རྟོགས་པའི་ཐབས་སུ་བསྟན་ལ། ་དོན་དམ་པའི་བདེན་པ་རྟོགས་པའི་དུས་ན། བརྗོད་པར་བྱ་བ་ཀུན་སྒྲིབ་པ་ཡིན་པར་བསྟན་པའི་ཕྱིར། སེམས་ལས་འདས་པའི་ཆོས་ཀྱི་རང་བཞིན་ནི། ཚིག་དང་ཡི་གེ་ཐ་སྙད་ཀུན་ལས་འདས།། མཐུན་པའི ་དཔེས་ཀྱང་དེ་ལ་མཚོན་དུ་མེད་ཅེས་བྱ་བ་གསུངས་ཏེ། དང་པོ་སྒྱུ་མ་ཙམ་དུ་བསྟན་པའི་ལྷ་དཀྱིལ་འཁོར་ལ། སེམས་སྦྱངས་ནས། སེམས་ལས་སུ་རུང་བ་བྱས་ལ་ལས་སུ་རུང་བའི་སེམས་དེ་ཡང་དོན ་དམ་པར་རང་བཞིན་མེད་པ་སྟེ། རང་བཞིན་མེད་པའི་སེམས་དེ་ལས་འདས་པའི་ཆོས་ཉིད་ཀྱི་རང་བཞིན་ནི། ཚིག་གིས་བ་རྗོད་པ་དང་ཡི་གེས་མཚོན་པ་དང་། ཐ་སྙད་ཀྱིས་འདི་ལྟར་ཡོད་བྱ་བ་མེད་དེ། ་ཐ་སྙད་ཀུན་ལས་འདས་པ་ཡི། དེ་ལ་ནི་མཐུན་པའི་དཔེ་ནམ་མཁའ་སྟེ་ནམ་མཁའ་དེས་ཀྱང་མཚོན་དུ་ནུས་པ་མ་ཡིན་ཏེ། མཚོན་དུ་མེད་དེ་མཚོན་པར་མི་ནུས་པའི་གཏན་ཚིགས་དེ་ལས་གང་དུ ་བསྟན་པའི་རིམ་པ་དེ་ཀུན་དོན་དམ་པའི་བདེན་པ་རྟོགས་པའི་དུས་ན་ཀུན་བསྒྲིབ་པ་ཡིན་པའོ།། མེ་ཚོན་མེད་བློ་ལྡན་དེ་ལ་དང་མི་འགྱུར་ཞེས་བྱ་བ་ནི། མཚོན་དུ་མེད་པའི་བློ་དང་ལྡན་པ ་དེ་ནི་སྒྲིབ་པ་དང་བྱ་བ་དང་། རྣམ་པར་བྱ་བ་དང་ཞེས་བྱ་བ་དང་། དོན་དམ་ཀུན་རྫོབ་ཅེས་བྱ་བ་དེ་ལ་དད་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གང་གི་ངོ་བོར་ཡང་མ་གྲུབ་པའི་ཕྱིརརོ།། འོ་ན ་བདེན་པ་གཉིས་གང་གི་ངོ་ལ་སྣང་ཞེ་ན། བདེན་གཉིས་བློ་ལྡན་དེ་ལ་སྣང་བར་ཟད། ཅེས་བྱ་བ་ནི། སེམས་ཅན་གྱི་བསམ་པ་ལ་བདེན་པ་རྣམ་པ་གཉིས་སྣང་བར་ཟད་དེ། རྒྱུ་དང་འབྲས་བུ་ཡིན་པས་སོ།། ། ་ཞེས་སྟོན་པས་གསུངས་པས་འཁོར་རྣམས་སྟོན་པའི་བཀས་བསམ་པ་རངས་ནས་རབ་ཏུ་དགའ་སྟེ། སྟོན་པའི་འཁོར་དུ་འདུས་པའི་འཁོར་ཚོགས་མ་ལུས་པ་རྣམས་བཅོས་མ་མ་ཡིན་པའི་དེ་ཁོ་ན་ཉིད་དོན ་ལ་སེམས་ཤིང་གནས་ནས་ཅང་མི་སྨྲ་བར་གྱུར་ཏེ་གནས་སོ།། དེ་ནས་ཡང་སྡུད་པ་པོ་ལ་དབང་བསྐུར་བ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཞེས་པ་ལ་སོགས ་པ་གསུངས་ཏེ། སྡུད་པ་པོ་རྡོ་རྗེ་ཡིད་ཀུན་དུ་བཟང་པོའི་ལྕེ་ལ་པདྨའི་སྟེང་དུ་སྟོན་པས་ཡི་གེ་ཧཱུཾ་བཞག་ཧཱུཾ་དཾ་ཡོངས་སུ་གྱུར་པ་ལས། ལྔས་ཀྱི་རྡོ་རྗེ་རྒྱ་གྲམ་གཅིག་ཏུ་གྱུར། ལས་ཀྱི་རྡོ་རྗེ་དེ་ཡོངས་སུ ་གྱུར་པ་ལས་ལྕེ་པདྨ་དེ་ལ་ཐིམ་སྟེ། དོན་བསྡུས་པའི་ནུས་མཐུ་དང་ལྡན་པར་བྱིན་གྱིས་བརླབས་ཤིང་། དབང་བསྐུར་ཞིང་དུས་དེ་ཉིད་དུ་མིང་རྡོ་རྗེ་ཆོས་སུ་བཏགས་པ་དེའི་ཕྱིར། རྡོ་རྗེ་ཆོས་སུ་དབང ་བསྐུར་ཏེ། དོན་བསྡུ་བར་བྱིན་གྱིས་བརླབས་ནས། འོག་ནས་འབྱུང་བའི་ཚིག་འདི་སྟོན་པས་བཀའ་སྩལ་པ། སེམས་པ་ཆེན་པོ་ཞེས་བོས་ནས། དང་པོ་ང་མངོན་པར་རྫོགས་པར ་སངས་རྒྱས་ནས་འཇུག་མདོ་བཤད་ཀྱི་བར་དུ་སེམས་ཅན་གྱི་དོན་དུ་ཚིག་གཅིག་ཙམ་ཡང་བཤད་ཅིང་བརྗོད་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དྲིས་པ་དང་ཆོས་ཐམས་ཅད་ནི་བཤད་ཅིང་བརྗིད་པ་དང ་བྲལ་བའི་ཕྱིར་རོ།། བཤད་ཅིང་བརྗོད་པ་དང་བྲལ་བའི་དོན་དེ་ལྟར་སུས་རྟོགས་པར་འགྱུར་ཞེས་དྲིས་པ་དང་། ལན་དུ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་རྣམས་ནི་བཤད་ཅིང་བརྗོད་པ་དང ་བྲལ་བའི་དོན་ཐུགས་སུ་ཆུད་ནས། མངོན་པར་རྫོགས་པར་སངས་རྒྱས་པའོ།། སྔར་སངས་རྒྱས་པ་དེ་བས་ན་ང་ཡང་མ་འོང་སྔ་པའི་རྣལ་འབྱོར་དད་པ་ཅན་རྣམས་ཀྱིས་ཀྱང་། བརྗོད ་པེ་དང་བྲལ་བའི་དོན་དེ་བཱ་དེ་བླག་དུ་རྟོགས་ཤིང་ཐུགས་སུ་ཆུད་པར་བྱ་བའི་ཕྱིར། མདོ་འདི་ནི་ངས་བཤད་དོ།། རྣལ་འབྱོར་པ་ཕྱི་མའི་དོན་དུ་ངས་བརྗོད་དེ་སེམས་དཔའ་ཆེན་པོ་ཞེས་བྲིས ་ནས། བསྒོ་བ་བྱ་བའི་ཚིག་འདི་གསུངས་སོ།། དེ་བསྡུད་པ་པོ་ཁྱོད་ཀྱིས་ཀྱང་མ་འོངས་པའི་རྣལ་འབྱོར་པའི་དོན་དུ་ངས་བཤད་པའི་མདོ་འདིའི་དོན་བསྡུས་ལ། རྣལ་འབྱོར་ཕྱི་མ་ལ་མི ་ནུབ་པར་བྱ་བའི་ཕྱིར་ངོ་བོ་གསུང་ཆོས་ཀྱི་ཡི་གེ་སྣང་ཞིང་མི་ནུབ་པར་གྱིས་ཤིག། ང་ཡིས་གསུངས་པའི་མདོ་འདི་ཡང་དག་པའི་ལམ་དེ། རྣལ་འབྱོར་ཕྱི་མས་ལམ་འདི་ལ་བརྟེན་ནས་ཆོས་ཉིད ་མ་བཅོས་པར་དེ་ཁོ་ན་ཉིད་རྣལ་འབྱོར་ཕྱི་མ་དེ་དག་གིས་ཁོང་དུ་ཆུད་པར་སྡུད་པ་པོ་ཁྱོད་ཀྱིས་གྱིས་ཤིག། དེ་ལྟར་ཁྱོད་ཀྱིས་ངས་བཤད་པའི་མདོ་འོད་རྣལ་འབྱོར་ཕྱི་མ་དད་པ་ཅན་གྱི་དོན་དུ ་གསུང་ཆོས་ཀྱི་ཡི་གེར་སྣང་བར་བྱས་པོ་ན། འོན་ཏང་ན་དད་པ་ཅན་གྱི་རྣལ་འབྱོར་པ་ཕྱི་མ་དེ་དག་གི་ནི་གསོང་བ་རྡོ་རྗེ་ཐེག་པའི་དོན་ལ་ཡིད་ཆེས་ནས། གཏིང་འཛུག་ཤིང་རྣལ ་འབྱོར་གྱི་དབང་ཕྱུག་ཆེན་པོའི་རྒྱུད་འཛིན་པར་འགྱུར་རོ།། སེམས་དཔའ་ཆེན་པོ་ཞེས་བོས་ནས། གོང་དུ་གསུངས་པའི་གཏན་ཚིགས་དེ་བས་ན། ངས་བཤད་པའི་མདོ་འདི་ནི་རྣལ་འབྱོར ་ཕྱི་མ་རྣམས་ཀྱི་ཡང་དག་པའི་ཉེ་ལམ་ཆེན་པོ་ཉིད་ཡིན་པར་ཁྱེད་ཀྱིས་ཤེས་པར་བྱའོ།། ཞེས་སྟོན་པས་བསྒོ་བ་མེད་པའི་ཚུལ་གྱིས་སྡུད་པ་པོ་བསྒོ་བ་དང་། དེའི་ཚེ་སྡུད་པ་པོས་ཀྱང ་སྟོན་པ་ལ་སྟོད་ཅིང་སྡུད་པར་ཁས་བླངས་པའི་ཕྱིར། རྡོ་རྗེ་ཡིད་ཀུན་དུ་བཟང་པོས་ཞེས་པ་ལ་སོགས་པས་བསྟན་ཏེ། རྡོ་རྗེ་ཆོས་རབ་ཏུ་དགའ་བའི་ཡིད་ཀྱིས་ཞེས་བྱ་བ་ནི་ཆགས ་པའི་ཡིད་ཀྱིས་སོ།། རང་གི་རྡོ་རྗེ་གནས་སུ་གསོར་ཞིང་ཞེས་བྱ་བ་ནི། རང་གི་རང་ཉིད་དོ།། རྡོ་རྗེ་ནི་གསང་བའི་རྡོ་རྗེ་སྟེ། དེའི་གནས་ནི་ཡུམ་གྱི་བྷ་ག་སྟེ། བཙུན་མོ་བྱ ་བ་མོ་དང་གཉིས་སུ་མེད་པའི་ཚུལ་གྱིས། བཅོམ་ལྡན་འདས་ལ་བྱང་སེམས་ཀྱི་མཆོད་པ་ཕུལ་ནས་འོག་ནས་འབྱུང་བ་འདི་སྐད་ཅེས་བསྟོད་དོ།། ཨེ་མའོ་བཅོམ་ལྡན་དགྱེས་པ་ཆེ།། མི་ནུབ ་རྒྱལ་མཚན་ཡོངས་ཀྱི་བདག།། བདེར་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས།། བྱང་ཆུབ་སེམས་ལ་ཕྱག་འཚལ་པོསྟོད་ཅེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་ངོ་བོ་ལ་བསྟོད་པ་སྟེ། འཁོར་ལོ ་རྣམ་པ་བཞི་དང་དགའ་བ་རྣམ་པ་བཞིས་ཇི་ལྟར་བྱང་ཆུབ་ཀྱི་སེམས་ཕབ་ཅིང་རང་བཞིན་གྱིས་དགའ་བའོ།། དེ་ལ་ཕྱག་འཚལ་ཞིང་བསྟོད་ནས་དོན་ཞུ་བའོ།། དོན་བསྡུ་བར་བྱེད་པའི་ཕྱིར། བཅོམ ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་བོས་ནས། རྣལ་འབྱོར་གྱི་དབང་ཕྱུག་སྔར་འདས་པ་དང་། ད་ལྟར་ཞུགས་པ་དང་། ཕྱི་མ ་འོངས་པའི་ལམ་ཆེན་པོ་ལྟ་བུར་སྟོན་པས་གསུངས་པའི་མདོ་ཆེན་པོ་འདི་བདག་ལ་སྣང་བ་ལགས་པས་ན། ང་བདག་ཅག་གིས་ཀྱང་མི་དོའི་མི་ནུབ་པའི་རྒྱལ་མཚན་ཆེན་པོར་གནས་པར་བགྱིའོ། ་རྣལ་འབྱོར་ཕྱི་མའི་དོན་དུ་བདག་གིས་གསུང་ཆོས་ཀྱི་ཡི་གེར་ཡང་གནས་པར་བགྱིའོ།། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་ཉིད་དུ་ཡང་བདག་གིས་གནས་པར་བགྱིའོ།། མདོ་འདིའི་དོན ་འཚལ་ཞིང་སྟོན་པའི་ཟག་ང་ཟག་སྐྱེས་བུ་དམ་པ་དེས་གཞན་ལ་ཕན་འདོགས་པར་ཡང་བདག་གིས་གནས་པར་བགྱིའོ།། མདོ་འདིའི་དོན་འཆད་ཅིང་སྟོན་པའི་གང་ཟག་སྐྱེས་བུ་དམ་པ་དེས་གཞན་ལ ་ཕན་འདོགས་པར་ཡང་བདག་གིས་གནས་པར་བགྱིའོ།། རྣལ་འབྱོར་པའི་དགོས་པ་སྐོང་བས་ཡིད་བཞིན་གྱི་ནོར་བུ་རྒྱལ་པོ་ལྟ་བུར་ཡང་བདག་གིས་གནས་པར་བགྱིའོ།། མུ་སྟེགས་ལ་སོགས་པ། ་གཞན་གྱི་སྡེ་པས་རབ་ཏུ་མི་ཆོད་པ་ཡང་བདག་གིས་བགྱིའོ།། ཞེས་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་ཁས་བླངས་ཤིང་སྟོན་པ་ལ་གསོལ་ཏོ།། དེའི་ཚེ་བཅོམ་ལྡན་འདས་གསང་བ་མཆོག་གིས་བདག་པོ།། ་གཉིས་སུ་མེད་པའི་ངང་ལ་བརྣལ་ཏེ། ཅང་མི་གསུང་བར་གྱུར་ཏོ།། རྒྱུད་ཡོངས་སུ་གཏད་ཅིང་སྔ་མ་བཞིན་དུ་གོས་དང་འདྲ་བའི་ཕྱིར་ན། ལེའུའོ།། བདེ་བར་གཤེགས་པའི་གསང་སྟོན་པའི་རབ ་ཟབ་རྒྱུད།། བདེན་གཉིས་དོན་རྟོགས་བཤད་ཚུལ་ཡང་དག་ཤེས།། ཚུལ་དེས་ཉོན་མོངས་པ་ལ་བདུད་རྩི་ཐོགས་པ་ལྟར།། བོདག་གི་རྒྱུད་ཀྱི་དོན་ཉིད་མཐར་ཐུག་བཤད་བྱས་པས།། བདག་གི ་དགེ་བ་གང་ཐོབ་དེ་ནི་བདུད་རྩིའི་ཐིགས་པ་ལྟར།། འགྲོ་བ་རྟོག་པའི་ནད་ཀྱིས་གདུངས་པ་རྣམས་ལ་རྒྱས་པར་ཤོག།། བདུད་རྩི་ཐིགས་པ་ཞེས ་བྱ་བའི་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་གསུམ་པོའི་བདེན་པ་གཉིས་ཀྱིས་བཤད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་དུར་ཁྲོད་ཁུ་བྱུག ་རོལ་པའི་རྒྱ་ཆེར་བཤད་པ། བདུད་རྩི་ཐིགས་པ་ཞེས་བྱ་བ་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པདྨའི་ཐོད་ཕྲེང ་གི་ཞལ་སྔ་ནས། ཞུ་ཆེན་གྱི་ལོ་ཙ་བ་ཛྙཱ་ན་ཀུ་མ་རས་ཞུས་ནས་བསྒྱུར་ཏེ་གཏོན་ལ་ཕབ་པ ་