| Wylie | e-texts produced with BDRC’s OCR application |
ཏ་རེ་མོ། རྗེ་བཙུན་རིན་ཚན་བླ་མ་རྣམས་དང་།། ལྷག་པའི་ལྷའི་ཞབས་པད་བཏུད་དེ།། འཁོར་བ་ལས་སྒྲོལ་རིག་བྱེད་ལྷ་མོ།། སྙན་པའི་ཚིག་གིས་ཅུང་ཟད་བསྟོད་དོ།། རྒྱལ་བ་ཀུན་གྱི་སོར་རྟོག་ཡེ་ཤེས།། འགྲོ་དམན་གདུལ་ཕྱིར ་ལྷ་མོའི་ཚུལ་སྟོན།། བསྒྲུབ་པོ་ལ་རབ་ཏུ་བརྩེ་མ།། ཡུམ་མཆོག་ཁྱད་ལ་གུས་པས་འདུད་དོ།། ཉེས་པའི་སྐྱོན་བྲལ་པདྨ་དམར་དང་།། བདག་མེད་མཚོན་ཕྱིར་རོ་ཡི་ཁང་པར།། རང་བཞིན་འོད་གསལ་ཚ་ཟུར་དབུས་བཞུགས།། ཡུམ་མཆོག ་འདྲེ། འགྲོ་ཀུན་ཐུགས་རྗེས་དབང་དུ་བསྡུད་མཛད།། སྐུ་མདོག་དམར་མོ་འོད་ཟེར་སྟོང་འཕྲོ།། བཅུ་དྲུག་ལོ་ལོན་སྒེག་པའི་ཉམས་ཅན།། ཡུམ། དངོས་ཀུན་རང་བཞིན་སྟོང་པ་ཉིད་དུ།། གཅིག་ཕྱིར་ཞལ་ཅིག་དམར་བའི་ལྗགས་འདྲ་ལ།། བདུད་དཔུང་སྐྲག ་མཛད་མཆེ་བ་རབ་གཙིགས།། ཡུམ། དོམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་བས།། དུས་གསུམ་ཤེས་བྱ་ཆགས་རྟོགས་མི་མངའ།། སྤངས་རྟོགས་ཀུན་རྫོགས་དབུ་སྐྲ་གྱེན་རྫོགས།། ཡུམ། ཡེ་ཤེས་ལྔ་ལྡན་ཐ~ཾད་སྐམ་དབུ་རྒྱན།། ཨ་སོགས ་ཀ་སོགས་གསུང་གི་ངོ་བོ།། བརྒྱ་ཕྱེད་ཐོད་དོ་ཤལ་འཆང་མ།། ཡུམ། ཐབས་ཤེས་རང་བཞིན་རྩ་བའི་ཕྱག་གཉིས།། ཨུད་པ་ལའི་མངའ་གཞུ་བསྣམས་ནས།། མཐའ་གཉིས་འཛིན་པའི་མཚན་རྟོགས་འབིགསེ་མ།། ཡུམ། ལྕགས་ཀྱུས་འགྲོ ་རྣམས་ཐར་པའི་གྲོང་འགུགས།། ཐུགས་རྗེ་ཆེན་པོའི་ཞག་པས་འཆང་མཛད།། ཚད་མང་བཞི་ལྡན་ཕྱག་བཞི་མངའ་བའི།། ཡུམ། རིགས་ཀྱི་བདག་པོའི་ཅོད་པན་འཆང་ཞིང་།། བདེ་བ་ཆེ་ལ་རྟག་ཏུ་རོལ་པས།། ཤིན་ཏུ་རྒྱས་པའི་ནུ་འབུར ་དང་ལྡན།། ཡུམ། ཤེས་རབ་ངོ་བོ་ལྷ་མོའི་སྒྲ་ནི།། ཐབས་ཀྱི་རང་བཞིན་ཕྱག་རྒྱ་ལྔས་བརྒྱན།། གཟུང་འཛིན་སྤངས་པ་སྟག་སྤགས་བསྣབས་མ།། ཡུམ། ཤིན་ཏུ་ཟབ་པས་ཁྲོ་ཆགས་སྐུར་སྟོན།། མི་གནས་མྱང་འདས་མངོན་དུ་མཛད ་ཕྱིར།། དཀྱིལ་དཀྲུངས་ཕྱེད་པོའི་གར་གྱིས་བཞུགས་མ།། ཡུམ།། ཁྱོད་གསུང་རིག་སྔགས་བཟླས་པའི་མཐུ་ཡི་སོ།། མ་རིགས་སྙིང་གི་མུན་པ་སངས་ནས།། མཐའ་ཡས་ཡོན་ཏན་སྣང་བ་རྒྱས་པའི།། ཡེ་ཤེས་སྐུ་ཆེན་ཐོབ་པར་མཛོད་ཅིག། རྒྱལ་བ་སྐས ་བཅས་ཉན་རང་རྣམས་ཀྱི།། མཁྱེན་དང་བརྩེ་བས་ནུས་པའི་མཐུ་རྣམས།། སྐད་ཅིག་གཅིག་ལ་ལྷུན་གྲུབ་ཉིད་དུ།། བདག་གི་དབང་དུ་གྱུར་པ་མཛོད་ཅིག། བརྒྱ་བྱིན་ཚངས་པ་རྒྱལ་པོ་བཞི་སོགས།། སྟོབས་ལྡན་རྣམས་ཀྱི་ཚེ་དང་བསོད་ནམས།། ་དཔལ་འབྱོར་ཡོན་ཏན་ནུས་པོའི་མཐུ་རྣམས། ཁྱེད་ཀྱི་མཐུ་ཡི་དབང་དུ་མཛད་ཅིག། འགྲོ་རྣམས་བདག་གི་དབང་དུ་གྱུར་ནས།། མི་མཐུན་ཕྱོག་རྣམས་རབ་ཏུ་བཅོམ་སྟེ།། རྙེད་པར་དཀའ་བའི་རྡོ་རྗེ་ཐེག་པའི།། སྦྱིན་གྲོལ་ཟབ་མོའི་སྣོད་དུ་མཛོད ་ཅིག། ལྷོ་མཆོག་བསྒྲུབ་པར་དུ་གཅོད་པའི།། ནད་དང་གདུན་དང་དུས་མིན་འཆི་སོགས།། ཕྱི་དང་ནང་གི་ཉེ་བུར་འཚོ་ཀུན།། མཐུ་ཆེན་ལྷ་མྱོས་གཞོམ་པར་མཛོད། ཆ་རབ་ཀུན་ཏུ་ཁྱོད་ཞབས་ལྟ་ཞིང་།། གྲསང་སྔགས་ཟབ་མོ་བཟླས་ལ་བརྩོན་པས།། ་ཁྱོད་ཀྱི་རྩེ་བས་ལྕགས་ཀྱུས་བཟུང་ནས།། འདོད་པའི་ར་བ་རྫོགས་པར་མཛོད་ཅིག། ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ཚ་ལ་སོ།། བློ་དམན་བདག་གིས་ཅུང་ཟད་བརྗོད་ཅིང་།། ཕྲིན་ལས་སྐུ་ལ་འབང་པ་བྱས་པའི།། དགེ་བ་གང་ངས་མར་གྱུར་འགྲོ་རྣམས། ་ཡེ་ཤེས་ལྔའི་རྟོག་གི་རབ་མཛེས།། མི་འགྱུར་ཆོས་སྐུའི་རྒྱལ་མཚན་ཐོབ་སྟེ།། གཟུགས་སྐུའི་དཔལ་གྱི་གདུལ་བྱ་རྣམས་ལ།། ཕན་བདེ་བཟང་པོ་བསྒྲུབ་པར་གྱུར་ཅིག། གང་ཞིག་དང་བས་བསྟོད་པ་འདི་དག། ལན་ཅིག་ཙམ་ཡང་བརྗོད་པར་བྱེད ་ན། སྒྲོལ་མས་དཔའ་མོས་རྗེསུ་བཟུང་ནས།། ཁམས་གསུམ་ལ་བདག་པོ་ཉིད་འགྱུར།། རྗེ་བཙུན་མ་ཀུ་ཀུ་ལེ་ལ་བསྟོད་པ་ཕྲིན་ལས་ཉེ་བར་བསྐུལ་བ་ཞེས་བྱ་བ་མཁས་པ་ཆེན་པོ་ཛྙཱ་ནས་མཛད་པ་རྫོགསོ།། ་