| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཁེ་ཙ་ར་རཀྟ་བཛྲ་ཡོ་གི་ནི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་མཁའི་སྤྱོད་མ་དམར་མོའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ།། རེ་ཞིག་དུར་ཁྲོད་ལ་སོགས་པ་རུ། ཞལ་བཞི་པའི ་སྔགས་ཀྱིས་བསྲུང་བ་བྱས་ནས། ཨེའི་ཆོས་འབྱུང་དབུས་སུ་པདྨ་དང་ཟླ་བ་ལ། མ་ནིང་གི་སོ་བོན་སྣུམ་པ་མེད་པོ་བལྟས་ཏེ། ས་བོན་དེ་ཡོངས་སུ་གྱུར་པ་ལས། ཞབས་སྟེང་དུ་བསྐྱོད་ཅིང་གྱེན་དུ་གཟིགས་པ། གཡས་ན ་རྡོ་རྗེ་ཁཱ་ཅུང་ཟད་གྱེས་པཾ། གཡོན་པའི་ཕྱག་གིས་བརླ་ལ་མཁྱུད་ཅིང་ཐོད་པ་མེ་ཏོག་ཕྲེང་བ་དང་བཅས་པ་བསྐལ་པའི་མེ་ལྟར་དམ་ར་བཱ། གཅེར་བུ་རྒྱན་མེད་པ། སྐྲ་གྲོལ་བ། རིག་མོ་འཛིན་མ། སེངྒའི་སྟང་སྟབས་ཀྱིས ་གཟུང་ཅིང་། རྡོ་རྗེ་མཉེས་བྱེད་མ་ནི་སྒོམ་པར་བྱ། མནྡ་ར་དང་། མྱ་ངན་མེད་པ་རི་ཛི་ཏེ་ག་ཡིས་ཡོངས་སུ་འཕགས་པ། རིན་པོ་ཆེའི་ཁང་པ་བརྩེགས་པར་བཞུད་ཅིང་རབ་ཏུ་འཇུག་པ་ལྟ་བུ། རྡོ་རྗེ་རྣལ་འབྱོར་མ་དམར་མོ ་ཞབས་སྟེང་དུ་བསྐྱོད་པ། རང་བཞིན་གྱིས་ཡེ་ཤེས་སེམས་པའི་བདག་ཉིད་བསམ་པར་བྱ། སིནྡྷུ་ར་དམར་པོའི་འོད་ཟེར་ཅན་སླར་ཡང་སྤྲོ་ཞིང་བསྡུ་བ་སྔོན་དུ་སོང་བས། དེ་ནས་ལྟོ་བར་ཚོས་འབྱུང་ནང་། ཡེ་ཤེས་ཀྱི་རང་བཞིན ་ནཱ་ད་དང་། རཱིམྦ་གྱིས་སྐྲ་རྩེ་བརྒྱ་དང་སྟོང་གི་ཆ་རུ་མ་དམིག་ཏེ། རྣལ་འབྱོར་རླུང་ནི་བཅུ་གཉིས་འགག། དོན་ཆེན་འགྲུབ་པར་ཐེ་ཚོམ་མེད། ཨོཾ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡེ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ ་སརྦ་བུདྡྷ་ཌཱ་ཀཱི་ནཱི་ནཱཾ་ཧྲི་ད་ཡཻ་ཨོཾ་ཨཱཿཧཱུཾ་ཕཊ། རྡོ་རྗེའི་བཟླས་པ་དང་ངག་གི་བཟླས་པའོ།། ཨོཾ་སརྦ་བུདྡྷ་བཱ་ཀཾ་ནཱི་ཡ་པྲ་ཏཱིཙྪེ་མཾ་བ་ལིང་ཨོཾ་ཨཱདྷིཧཱུཾ་ཧཱུཾ་ཧ་ཧ་ཧིཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱེ་ཏོ།། ལན་གསུམ་བརྗིད ་པས་གཏེར་མེ་སྦྱིན་པར་བྱའོ།། དེ་ལ་མཁའ་འགྲོ་མས་དགེ་བའི་མཚན་མ་སྟོན་ཅིང་། དབུགས་འབྱིན་པར་འགྱུར་རོ།། རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་བདག་ཉིད་ཀྱང་གོ་ཆ་བགོ་ཞིང་རྣལ་འབྱོར་པས་བཅོམ་ལྡན་འདས་མའི ་ང་རྒྱལ་གྱིས་གནས་པར་བྱའོ།། གྲུབ་ཐོབ་རྔོན་པའི་ཞལ་སྔ་ནས་ཀྱི་རིམ་པ་མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་རྫོགས་སོ།། ། བླ་མ་རྡོ་རྗེ་གངན་པ་ནི་ཀ་ལིང་ཀའི་ཞལ་སྔ་ནས། དབུལ་ལོ་ཙ་བ་ཆོས་ཀྱི ་བཟང་པོས་བསྒྱུར་བའོ།། ། མཁའ་སྤྱོད་མིར་སྒྲུབ་ཐབས་འདི་ལ་ནི་དོན་གསུམ་སྟེ། སྔོན་དུ་འགྲོ་བ་དང་། དངོས་གཞི་དང་། རྗེས་སོ།། སྔོན་འགྲེ་ལ་གཉིས། གནས་ཀྱི་མཚན་ཉིད་དང་། བྱ་བ་སྔོན ་དུནན་བས་གྱུ།། དངས་པཞི་མ་གནས་ཏེ། ལྷ་བཟུངས་མཚན་ཉིད་བསྟན་པ་དང་། རྣམ་རྣལ་འགྱུར་ལྔ་བརྟན་ནམ་ན་བས་པའོ།། དེ་ལ་གནསཟླས་པ་ད ་མ་དང་། ཕན་ཡོན་ཐུན་མཚམས་ཀྱིས་རྙིལ་འབྱོར་དང་བཅས་པའོ།། ། སློབས་རྗེས་བཐུང་བའི་ཆོ་ག་པ་ཞུགས།། རྒྱ་གར་སྐད་དུ། ཤིཀྵྞ་རུ་གྲ་ཧ་བོ་དྷི་ན་མེ། བོད་སྐད་དུ། སློབ་མ་རྗེས་སུ་བཟུང་བའི་ཆོ་ག་ནས ་