CLOSE WINDOW

GT2709: 'jig rten gsum las rnam par rgyal ba 'phags ma sgrol ma sgrub pa'i thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨརྱཱ་བི་ཛྭ་ཡ་ཏྲཻ་ལོ་ཀྱ་ཏཱ་རཱ་ས་ད་མ་མ། བོད་སྐད་དུ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འཕགས་མ་སྒྲོལ་མ་སྒྲུབ་པའི་ཐབས་ཞེས་བྱ་བ།། སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལོ།། ་གཞན་དོན་མཐོང་བའི་བྱང་ཆུབ་སེམས་ཀྱི་སྤྱན་གྱིས་ནི།། ཡལ་བར་མི་འདོར་སྔོན་གྱི་དམ་བཅས་དྲན་པའི་རྒྱན། ཁར་ཆད་མེད་པའི་སྐུ་ལ་བཏུད་དེ་བདག་གིས་ནི།། ཇི་ལྟར་གསོལ་བཏཱ་བོ་ཚུལ་འངས་སྒྲོ་སྐུར་བྲལ་བར་བྲི།། གང་འདིར་འཇུག་པའི ་འགྲོ2། སྡུག་བསྔལ་འདོན་པོ་ཆོག་གསུམ་ལྗོན་པས།། སྡུག་པ་ཅན་བཅུ་ཉིད། གྲུབ་བློན་པ་སྦྱིན་དོན་འདིར་བསྒྲུབ་བརྩོན་ན།། ལྕགས་ཀྱུ་བཅུ་བསགས་དངོས་གྲུབ་སྩོལ་བའི་སྨན།། མཉེས་པའི་དམ་རྫས་ཚོགས་པར་བསགས་པར་བྱ།། འི་གང་ཅག ་རྣམ་ལྔས་རིམ་བཞིན་བཞི་ལྡན་མཎྜལ་བྱུག། དོན་རྣམས་འགྲུབ་བྱེད་རྫས་དངསའཁོར་ལོ་ཚུལབཞིན་སདགོད།། ཛས་སྨན་དང་ངན་འབྲུ། གནས་སྐབས་དང་མཐར་ཞུགས། མཆོད་པ་ཏོ་ས་བླ་མེ་མཆོད་འོས་བདུན་དང་ལྡན་པས་མཆོད།། ་བསྒྲུབ་པོའི་བྱིན་ནི་རྒྱས་དབང་དྲག་གྱིས་བརླབ་པའི་གསོལ་བ་གདབ།། བང་བའི་སྟན་འདུག་སྔགས་ཀྱི་བསྲུང་བ་བྱ།། ཐམས་ཅད་བདོད་ནས་དག་པའི་རང་བཞིན་ལས།། པད་ཟླ་ར་ཧྲི་ཡིག་ལས་བྱུང་། མདོག་དམར་བུ། མདའ་གཞུ་ལྕག ་ཀྱུ་ཨུད་པ་ལ་འཛིན་པར་བསྒོམ།། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཕྱག་སོགས་ཀྱིས།། མཆོད་རབ་བཞུགས་གནས་བཞིར་འཁོར་ལོ་བསྒོམ།། སྐྱོན་བཞི་སྤངས་པའི་བསྙེན་པ་ཚད་དུ་བསྩལ།། ཐུགས་ཀར་ཟླ་བ་ཧྲིཿགནས་དེའི་མཐའ།། ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུ~ཾ་ཕཊ། རིན་ཚུན་འཕྲེང་བའི་ཚུལ་ཅན་ཐབས་ཤེས་བདག། གསལ་བྱར་སྒོམ་ཞིང་ཁ་དོག་མན་ངག་ལྟར།། བརྩོན་འགྲུས་ལྡན་པའི་རྣལ་འབྱོར་དཔའོ་ཡིས།། ཐེ་ཚོམ་དྲི་མ་སྤངས་ཏེ་བདག་ཉིད་ཆོམ ་པར་བཟླ།། ཡིད་འོང་མཛེས་པའི་སྣོ་བཟའ་བཏུང་མཆོག། ཉེས་པའི་སྐྱོན་སྤངས་གཏོར་མ་ཕུན་སུམ་ཚོགས།། ཨོཾ་ཨཱཿཧཱུཾ་གིས་སྤེལ་སྦྱང་དག་བྱས་ཏེ། ཧཱུཾ་ལས་བྱུང་བའི་ལྗགས་ཀྱིས་གསོལ་བར་བསམ། ཨོཾ་ཨ་ཀ་རོ་མུ་ཁང་སརྦ ་དྷརྨ་ནེ་ཨེཏྱ་ཨ་ནུད་པན་ཏྲ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཐམས་ཅད་གྲུབ་པའི་དབ་ལྡན་ལྷ་མོ་ཀྱེ།། རྣམ་ཐར་ཡོངས་རྫོགས་དྲི་མེད་ཤེས་རབ་ཕ་རོལ་ཕྱིན།། ཀུན་ལ་མངའ་མཛད་བན་དྷུའི་མེ་ཏོག་ལྟར་མཛེས་པ།། ཞབས་གཉིས་རོལ ་པབས་གཞན་དོན་མཛད་ལ་ཕྱག་འཚལ་བསྟོད།། ཚད་མེད་བཞི་ལྡན་བདུད་ཀྱི་དཔུང་བཅས་བཅོམ་པ་ཀྱེ།། གང་གིས་འདོད་གསོལ་དེ་དག་མྱུར་དུ་སྒྲུབས་པ་ཡིས།། སྐུ་དང་ཕྱག་ཞབས་རིན་ཆེན་དུ་མས་རབ་བརྒྱན་པ།། བསྡུ་དངོས ་ལྡན་ཁྱོད་ལ་ཕྱག་འཚལོ།། དཔའ་མོ་རབ་བརྗིད་དུས་གསུམ་ས་ལ་མཁྱེན་པ་ཀྱི། འཁོར་བའི་འདམ་ལས་འགྲོ་བ་ལུས་འདྲེན་མཛད་མ།། ཧཱི་ཧ་ཧཱུཾ་ཕཊ་རབ་སྒྲོགས་དུས་གསུམ་དབང་ཕྱུག་མ།། བགེགས་ཀྱི་ཚོགས་རྣམས་མྱུར་དུ ་སྒྲོལ་མཛད་ཁྱོད་ལོ་བསྟོད།། རྣམ་ངག་སྤྱན་གྱི་ལུས་ཅན་ཀུན་གཟིགས་ཀྱི།། སྤྲུལ་པའི་ཚོགས་ཀྱི་སྲིད་པའི་འཇིག་པ་ཆེན་པོ་འཇོམས། ཐུགས་སྐྱོ་མི་མངའ་རིན་ཆེན་ནོར་འདྲ་མ་སྲིང་ཚུལ།། ཐུགས་རྗེའི་བདག་ཉིད་སྒྲོལ་མ་ཁྱེད ་ལ་བསྟོད།། མཁར་གནས་ཟླ་བའི་འོད་འདྲ་བསོལ་བའི་འོད་ལྡན་ཅེ།། རིམས་བསོགས་ནང་ཀྱི་ཉོན་མོངས་གདུང་བ་ཀུནྡ་སེལ་ཅིང་།། བདག་གིས་བསམ་པའི་དངོས་པོ་ཐམས་ཅད་རྡོལ་མཛད་མ། ཡིད་བཞིན་རིན་ཆེན་སྒྲོལ་མ་ཁྱོད་ལ་བསྟོད།། ་ཐམས་ཅད་ཀུན་ལ་དབང་བསྐུང་ཡེ་ཤེས་འོད་འབར་སྐྱེ།། སྲིད་གསུམ་སྐྱེ་འགྲོ་མ་ལུས་སྨན་གྲོལ་མཛད་པ་ནི།། འཕྲིན་ལས་བཞིའི་སེམས་ཅན་ཡལ་བར་མི་འདོར་བར།། མཁྱེན་རྗེའི་ཐུགས་ལྡན་མ་གཅིག་ཁྱོད་ལ་བསྟོད།། ཕྱག་བཞི་མདའ ་གཞུ་ལྗགས་ཀྱུ་ཨུ་དཔལ་འཛིན་པ་ཀྱེ།། བདག་གི་ལས་སྒྲིབ་སྡུག་བསྔལ་ཞི་བར་མཛད་པ་དང་།། འདོད་དོན་གང་གསོལ་མྱུར་དུ་སྒྲུབ་ཅིང་དཔལ་རྩོལ་མ།། འཕེལ་བར་མཛོད་ཅིག་ཞབས་ལ་གསོལ་འདེབས་ཕྱོག་འཚལ་བསྟོད།། ནམ་མཁའ་ལྟ ་བུ་རྒྱལ་ཡུམ་རིགས་པ་འཛིན་མ་ཀྱེ། འཕྲིན་ལས་ཞི་མཛད་ཁྱོད་ཞབས་ལྷ་དང་ལྷ་མིན་གྱིས།། ཁྱོད་ཀྱི་ཞབས་ལ་འདུད་ཅིང་གསོལ་བ་འདེབས་འཁྲོ་མ།། ས་བཞི་ལྟ་བུའི་མཐུ་མངའ་ཁྱོད་ལ་ཕྱག་འཚལ་བསྟོད།། ན་མོ་རང་ན་ཏྲ་ཡ་ཡཱ། ནམ ་སརྦ་བུ་དྷ་བོ་དྷི་ས་ཏྭ་བྷྱོ།། ནམཿ་སྟ་མ་ཧ་ཨ་ཕུད་ཀ་ལ་ཡཱ། ན་མཿསཱ་བ་ཏ་བྷྱོཿབྷུང་དྷ་ཀོ་ཌི་བྷྱོ། ཏད་ཡ་ཐཱ། ཨཽ་གྣི་ཧྲཱིཿཧྲཱིཿསརྦ་ན་ག་ནཱཾ། ཨ་ནན་ཏ་ཀུ་ལ་ནཾ། ཏཀྵ་ཀ་ཀུ་ལ་ནཱཾ། པྲི་ཁ་པ་ལ་ཀུ་ལ་ནཱཾ། ཀར་ཀོ་ཏྭེ་ཀུ་ལ་ནཱཾ། པདྨ་ཀུ་ལ་ནཱཾ། མ་ཧཱ་པདྨཱ ་ཀུ་ལ་ནཱཾ། ཀུ་ལི་ཀ་ཀུ་ལ~ཾ་ནཱཾ། བ་སུ་ཀ་ཀུ་ལ་ནཱཾ། བ་ལ་ཧཱ་ཀུ་ལ་ནཱཾ། པུན་དྷ་རི་ཀ་ཀུ་ལ་ནཱཾ། གྷ་ན་ཀ་ཀུ་ལ་ནཱཾ། མ་གྷ་ཀུ་ལ་ནཱ~ཾ། ཛ་ལེ་ཏ་ར་ཀུ་ལ་ནཱཾ། ཛ་ལ་ཨནྟན་ཀུ་ལ་ནཱ~ཾ། ཛེ་མུ་ཏ་ཀུ་ལ་ནཱཾ། སརྦ་ར་ཏ་ཀ་ཀུ་ལ་ནཱཾ། ཨེ་ར་བནྡ་ཀུ་ལ་ནཱ~ཾ། ཀུ་པུ་ཏ་ཀུ་ལ་ནཱ~ཾ། ་གྷ་དྷ་ར་ཀུ་ལ་ནཱཾ། སོའུ་གྷནྡི་ཀ་ཀུ་ལ་ནཱཾ། ཧ་ནཱ་ཧ་ན་ས་ར་ནཱཾ། བནྡྷ་བནྡ་ཙ་ར་ནཱཾ། ཏ་ཌ་ཡ་ཏ་ཌ་ཡ་ཨུད་པ་ལེ་ནཱཾ། བི་དྷ་ནཾ་ཨ་བྷ་ཡ། དྷེ་ཧི་དྷེ་ཧི་པྲ་ལ་ཡ། བྷ་ག་ལ་བ་ཛྙ་དྷ་རེ། ཨ་བ་ད་ར་ཡ། ན་ག་བཪྻ་ནེ། ཏན་ཏ་ཀེ། ནཱ་ག་ཝ་ཤི ་ཀུ་རུ་པཱུ། ཀཱུ་རུ་ཕུ། ཀུ་རུ་པ་ལ་ཡ་ཕུཿལུཿ། ཀུ་རུ་པ་ལ་ཡཱ་ཕུཿོཾ་ཀུ་རུ་ཀུཀྵྨེ་ཧྲིཿཔཱུ་ཕཊ་སྭཱཧཱ།། འདི་དག་ནི་ཀླུ་རྣམས་ལ་བཀོལ་བའི་གཟུངས་ཀྱི་ཕྲེང་བའོ།། གལ་ཏེ་ལྷ་འམ་ཀླུ་འམ་གནོད་སྦྱིན་ལ་སོགས་པ་དབང་དུ་བསྡུ་བར་འདོད་ན། ་དང་གི་དཀྱིལ་འཁོར་མུ་ཁྱུད་དང་ལྡན་པ་ལ་ཕྱག་མཚན་བཀོད། ནང་དུ་གོང་གི་རྫས་རྣམས་ལ་ཕྱེ་མ་བྱས་པ་སྣོད་གཙང་མའི་ནང་དུ་བླུགས་ལ་མན་ངག་གིས་སྦྱར་བར་བྱས་ཏེ། དབང་བསྐུར་བའི་མདུན་དུ་ལྷ་མོ་ལྕགས་ཀྱུ་དང་རིན་པོ་ཆེ་ཕྱག ་གཉིས་ཀྱིས་བསྣམས་ནས། ཟླ་བའི་གདན་ལ་རྒྱན་དང་ལྡན་པར་བཞེངས་ཏེ། འགྱུད་པའི་རོལ་པས་གནས་ནས་བཀའ་ཉན་ཅིང་ལས་གང་བྱེད་པ་དེ་དབང་དུ་བྱས་པའི་བསམ་གཏན་དང་ལྡན་པས། ཨོཾ་ཨ~ཾ་ཀུ་རུ་གུལླེ་ཧྲི། ཨུཥྞཱི་ཤ་ཡ། དྷ་རོ་དྷ་ར ་དྷི་རི་དྷི་རི། སརྦ་མི་བྷ་ཤ་ན་མ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཅེས་ཉིན་ཐོག་ཐག་བཟླས་པ་བྱའོ།། མཚན་མོར་གྱུར་པ་དང་། ཨོཾ་ཀུ་རུ་ཀུལླ་ཧྲཱི། ཛམྨེ་མོཾ་ཧཱ་ཧྲི་ད་ཡ་མ་ཧཱ་བར་དྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཅེས་སྔ་བར་ལངས་ཏེ་བཟླས་པ་བྱའོ།། དེ་ནས་དྲིལ་སྟེ ་ནང་དུ་དོན་ཀུན་གྲུབ་བྱེད་ཀྱི་ཙཀྲ་གཞུག་ལ་ཚུལ་བཞིན་དུ་བསྒྲུབ་པར་བྱའོ།། དེ་ནས་དབང་དུ་གང་འདོད་པ་དེ་ལ་སྦྱིན་པ་འམ། ཡང་ན་དེའི་གན་སུ་སྦ་བར་བྱའོ།། ལྷོ་དབང་དུ་བྱེ་བ་ཡང་དེ་ཉིད་ཁྱད་པར་དུ་རྣལ་འབྱོར་བདག་ཉིད་ཀྱི་མདུན ་དུ་ཆུ་གཙང་མ་ལ་དམིགས་ཏེ་བྱ་མི་གྲགས་པར་འཁོར་བ་བདུན་དུ་བཏུང་ཞིང་ཁྲུས་བྱས་ན་འགྲོ་འདུག་གང་ཡང་རུང་བར་དོན་ཐམས་འགྲུབ་པར་འགྱུར་རོ།། གལ་ཏེ་ཆར་འབབ་པར་འདོད་ན། ཆུ་མིག་ཀླུ་ཡོད་པའི་སར་ཕྱིན་ཏེ། པདྨ་འདབ་མ་བཅུ་དྲུག་པ་རྡུལ ་ཚོན་གྱིས་མཛེས་པར་བྲེས་ཏེ། སྦྲུལ་དང་སྦལ་མའི་ཁོག་པར་ཕྱེད་མཐའི་ཙམ་བྲིས་ཏེ། སྦ་བར་བྱ་སྟེ། རྩེ་ཤིང་སྣ་ཚོགས་ཀྱིས་བསྐོར་བར་བྱའོ།། དེ་ནས་བསྒྲུབས་པའི་རི་ལུ་དེ་ཆུ་མིག་དུ་དོར་བར་བྱ་ཞིང་། བདེན་པ་བདར་ཏེ་དཀར་གསུམ་མངར་གསུམ་གྱིས ་གཏོར་མ་གཏང་ཞིང་། དཀྱིལ་འཁོར་དེའི་འགྲམ་དུ་བདག་ཉིད་གོང་བཞིན་དུ་བསྒོམ་པའི་མདུན་དུ། ཀླུ་དེ་ཡང་དག་པར་བསྐྱེད་ཅིང་སྟིམ་ནས། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཙན་ཏི་ཀ་པ་ནི་ཨཛྙཱ་པ་ཡ་ཏི་སརྦ་ན་ག་རཱ་ཛ་བ་རུ་ན་ས་མནྟ་ཁན་ཏི་ཧྲཱིཿོཾ་ཨཱཿཧཱུཾ། བཪྵ་ཡཱ ་པ་ཏ་ཡ་ཧཱུཾ་ཧཱུཾ་ཧཱུཾ་བང་པང་པད་སྭཱ་ཧཱ། ཅེས་བཟླས་ཞིང་གཏོར་མས་ཐུགས་དམ་བསྐོངས་པར་བྱའོ།། དེ་ནས་ཐུན་སྐྱབས་སུ་ཡུངས་དཀར་ལ་སོགས་པ་ལ། ཨོཾ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿནཱ་ག་མ་ཧཱ་ཨ་སྟ་ཕུ་ལི་ཕུ་ལི་ར། རྨ་རྨ་བ་པ་ལི་ལི་ཡེ་ཡེ་རཱིན་ཏ་ཧེ་ཧ་བེ་མུ་མི ་མི་བརྙེ་ན་ས་མ་ཡ་རྨེ་རྨེ་ཏི་ཏི་ཏི་ལ་ཡ་ཆར་ཡ་ཆུར་ཡ་འགྲེང་འགྲེང་ཤ་སྭཱ་ཧ། ཅེས་བཟླ་ཞིང་ཀླུའི་ཕོ་བྲང་དུ་བཏོར་བར་བྱ་ཞིང་དམ་ཚིག་བསྐུལ་བར་བྱས་ན་མྱུར་བ་ཉིད་དུ་འབབ་པར་འགྱུར་རོ།། གལ་ཏེ་ཆར་ཅུང་ཟད་སྲ་ན་བདག་ཉིད་ཀྱི་ཐུགས་ཁ་ནས ་ཁྲོ་བོ་རྟ་འགྲིན་ཡང་དག་པ་བསམས་ཏེ། གོང་ག་སྔགས་རིངས་ཀྱིས་མཐར། ཏདྱ་ཐའི་རྗེས་སུ། ཨོཾ་ཨོཾ་པདྨ་ཏ་ཀྲིད་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾཿོཾ་ཧྲཱིཿཧྲི་ཛྱེ་ཧྲཱིཿཞེས་པ་ལ་སོགས་པ་སྤེལ་ལ་ཡུངས་ཀར་ཁྲག་ལ་སྦགས་པས་བྲབ་པར་བྱའོ།། དེས་ཐེ་ཚོམ་མེད ་པར་འབབ་པར་འགྱུར་ཏེ། ཀླུ་གཟུགས་ཀྱི་སྔགས་ཕྱུང་ལ་འོ་མས་བཀྲུས་པ་ལ་ཆུ་བོ་ལཱ་དོར་བར་བྱའོ།། ཀླུ་ཆེན་པོའི་ནོར་བསྒྲུབ་པར་འདོད་པ་ལ། བདག་ཉིད་ཀྱིང་ཁ་པའི་ནང་དུ་པདྨ་བརྒྱད་བྲིསྭ་ཏེ། དབུས་སུ་ཀླུའི་རྒྱལ་པོ ་ས་སྦྱིན་མ་དཀར་གསུམ་དང་མངར་གསུམ་བསྒྲེས་ཏེ་ཀླུ་གནས་པའི་ཆུས་སྦྲུ་ལ་སྦྲུལ་མགོའི་བདེང་ཀ་ཅན་ཐལ་མོ་སྦྱར་བའི་ཐུགས་ཁར་འཁོར་ལོ་བཅུག་ལ་བཞག། ཕྱོགས་བཞིར་སྦྲུལ་གཡསུ་འཁྲིལ་བའོ།། མཚམས་བཞིར་ཉ་དང་རྟ་དྲང་ཆུ་སྲིན་དང་། ་སེ་གེའི་མགོ་ཙ་མ་ཁོག་སྨང་སྦྲུལ་དུ་འཁྲིལ་བའི་ཐུགས་ཁར་གཏེར་སྒྲུབ་ལུས་ཀྱི་ཙཀྲ་བཅུག་ལ། ཅི་ལྟ་བ་བཞིན་དུ་བསྐྱེད་པ་དང་། སྙིམ་པ་དང་བཟླས་པར་བྱའོ།། ཨཾ་ཀུ་རུ་ཀུལླེ་ཧྲཱིཿནཱ་ག་ཙ་བ་རུ་ན་མ་མ་ཀོ་ཤཾ། རོ་ཁ་མ་ཎི་པ་རཱ་ཡཱ་ར་ན་སིད་དྷི་བཱ་ར་ཧ་ཨོཾ་ཨཱ ་ཧཱུཾ་ཕཊ་སྭཱཧཱ། ཙས་བཟླ་ཞིང་རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མས་སམ་དམ་ཚིག་བསྐུལ་ཞིང་། གཏོར་མ་དབུལ་བར་བྱའོ།། ནོར་བུ་དང་ཁང་བུ་ཐོགས་པའི་བུ་མོ་ལ་སོགས་པ་རྨི་ལམུ་དུ་སྟོན་པར་འགྱུར་རོ།། གནོད་སྦྱིན་དབང་དུ་བྱ་བའི་སྒོ་ནས་ཟང་ཟིང་བསྒྲུབ་པར ་འདོད་ནཱ། པདྨ་འདབ་མ་བརྒྱད་པ་བྲིས་ཏེ། མེ་ཏོག་ཆལ་པོར་བཀྲམ་ལ། རྡོ་རྗེ་ལྕགས་རྒྱ་མའི་མདུན་དུ་གནོད་སྦྱིན་ཆེན་པོ་ཅི་ལྟ་བ་བཞིན་བསྒོམས་ལྷ་འཇམ་པའི་མཆོད་པ་བྱས་ཏེ། ཨོཾ་ཧྲཱིཿཛཱ་ཨ་པ་ར་ཛི་ཏཱ་ཛཿཞེས་བརྗོད།། དམ་ཚིག་གི་ཕྱག་རྒྱ་བསྟུན་ལ ་མཆོད་ཅིང་དངོས་གྲུབ་ཡང་དག་པར་བླང་བར་བྱའོ།། དེ་ལྟར་ཟླ་བ་གཅིག་ཏུ་བསྒྲུབས་པས་དངོས་སུ་མདུན་དུ་འོང་བར་འགྱུར་རོ།། དེ་ལ་དམ་ཚིག་བསྲེས་ཏེ་ཅི་འདོད་དེ་བཀའ་སྒོ་བར་བྱའོ།། དེ་ནས་སྲོག་གི་འཁོར་ལོ་ཆེན་པོ་རང་གིས་བཅང་ཞིང་གཞན ་ཀྱིས་མཐོང་བར་བྱའོ།། གཞན་ཡང་མི་མ་ཡིན་པ་དབང་དུ་བྱ་བར་འདོད་ན། བདག་ཉིད་ཅི་ལྟ་བ་བཞིན་བསྒོམས་ལ། ལྕགས་ཀྱུ་སྙིང་ཁ་ནས་བཟུང་བར་བར་བསམ་ཞིང་། རང་གི་གནས་གསུམ་ནས་འཁྲོ་བོ་རྟ་འགྲིན་དཔག་ཏུ་མེད་པ་སྤྲོས་ཏེ། མི་མ་ཡིན་པ ་ངག་གི་གནས་གསུམ་དུ་ཞུགས་ནས་སྲོག་རྩ་ནས་དམ་དུ་བཟུང་སྟེ་འདར་པྲི་ལི་ལི་བྱེད་པར་བསམ་ཞིང་ཨོཾ་ཀུ་རུ་ཀུལླེ་དྷཱི་བཛྲ་ཊོ་དྷ་ཡ་ཧྱ་གྷྲཾ་གུ་ལུ་ཧུ་ལུ། ཨ་མུ་ཀ་ཏྲྀཥྚ། སྥོ་ཏ་ཡ་སྨྲྀ་ཏ་ཡ། བཱི་གྷོ་ཏ་ཡ་བི་བྷོ་ཏ་ཡ། ཙྪིནྡི་ཙྪིནྡི། བིནྡྷ་བིནྡྷ། གནྡ་གརྦྷ། ་བྷནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པཱ་ཙ་པ་ཙཱ་ཛཿཧཱུཾ་བཾ་ཧ~ཾ། ཨ་ཀཪྵ་ཡ་ཛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཅེས་དྲག་ཏུ་བཟླ་ཞིང་འདུག་པར་བྱོའོ།། རྨི་ལམ་ངན་པ་བཟློག་པར་འདོད་ན། སྤེན་པ་དང་། བོང་བ་དང་། རིལ་མ་ལ་མངོན་གསུམ་དུ་སྔགས་བཟླས་ཏེ་ཆུ་ལ་རྟོར་བར ་བྱའོ། དའང་ཁམས་ཀྱི་བདག་མོར་བསྒོམས་ཏེ། ལྟས་དང་མཚན་མཱ་ངན་པ་ཐམས་ཅད་བཟློག་པར་དམིགསཱ་ལ། ཨོཾ་ཀུ་རུ་ཀུལླེ་ཧཱུ~ཾཿན་མ་པྲ་ཏི་ཛོ་ཧི།། ནི་མ་བྷིན་དྷ་ཡ་ཀྲོ་དྷ་ཡ། ཛ་ལ་ཛྭ་ལ། ན་མཿཀར་ཛྭ་ལ་ཨི་པྲ་ཛཱ། སཱུ་ཏ་སཱུ་ཏཱ། སརྦ་ན་ག་ནི་བྷ་བུ་ནི། ས་ར་ན ་ར་གིས་ར་སརྦ་དུཥྚ་བྷིནྡྷ་ནི། ཤ་ཥ་ནི་ཧཱུ~ཾ་ཕཊ། ཨ་དྷི་མ་རཱ་ཏཱི་པྲཱ་ཏི་སྭཱཏྨ། ཅེས་བཟླ་ཞིང་མི་མཐུན་པའི་ཕྱོགས་འགལ་རྒན་ཐམས་ཅད་འང་ཁོ་ན་བཞིན་དུ་ཐོང་ཅིག་ཅེས་བརྗོད་ཅིང་བྱས་ན་བར་ཆད་ཀྱི་རྐྱེན་ཐམས་ཅད་བཟློག་པར་བྱེད།། ཤེས་ར ་འཕེལ་བར་འདོད་ན། བདག་ཉིད་ཐ་མལ་པའི་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་ཙཀྲ་དམར་པོ་རྩིབས་བཅུ་དྲུག་པ་ལ་ཨ་ཕྲེང་གི་ཡི་གེ་རེ་བཀོད་ཅིང་། ཕྱི་རོལ་གྱི་མུ་ཁྱུད་ལ་ཀ་ཕྲེང་གི་ཚོགས་རྣམས་མུ་ཏིག་གི་ཕྲེང་བ་ལྟར་ཧྲཱིཿལ་གཡོན་དུ་འག་པར ་བསམ་ཞིང་། ཡང་དག་པར་མཆོད་བལྟས་བཟང་པོ་མ་མཐོང་གྲི་བར་དུ་བསྒྲུབ་པར་བྱའོ།། གསེའུ་གྲཝསོ་བཱར་འདོད་ན། རྣལ་འབྱོར་བདག་ཉིད་གོས་སར་པ་གོན་ཏེ། བུམ་པ་ཆོ་ག་དང་ལྡན་པར་བཞེངས་ཏེ། དོན་ཀུན ་གྲུབ་བྱེད་ཀྱི་ཙཀྵུ་ཏགས་ཤིང་། ཁྲོ་བོ་ཆེན་པོ་འམ་ཐུགས་རྗེ་ཆེན་པོའི་ཐུགས་ཁར་རིན་པོ་ཆེའི་གའུའི་ནང་དུ་བསྲུང་བྱ་དེ་བསྒོམ་ཞིང་བྱིན་གྱིས་བརླབ་པར་བྱའོ།། ལོག་རྟོག་ངན་པ་སྤངས་ནས་འཕོངས་སྐྱབས་ལྷ་མོ་ཡི།། བསྒྲུབ་ཐབས ་དངོས་གྲུབ་གཏེར་ཚན་ས་གསུམ་ལས་རྒྱལ་མ།། སལ་བར་ཡི་གེ་སྤྲུལ་པའི་ཚོགསུ་ཡི་དམ་ལྷ་ཡི་བཀའ་བཞིན་དུ། ཡང་དག་བཀོད་པས་འགྲོ་བའི་མགོན་དུ་ངེས་འགྱུར་ཤོག། རྗེ་བཙུན་སྒྲོལ་མ་ཁམོས་གསུམ་ལས་རྣམ་པོར་རྒྱལ་བའི ་བསྒྲུབ་ཐབས་ཡོན་ཏན་གཟུངས་ཅན། སློབ་དཔོན་པོ་དགེ་སློང་ཀླུ་གྲུབ་ཀྱིས་མཛད་པ་ལས། དུས་ཕྱིས་ཤཱཀྱའི་དགེ་བསྙེན་བརྟུལ་ཞུགས་སྦྱོང་བའི་བཻ་ར~ཾ་ཙ་ན་བཛྲའི་ཞལ་སྔ་ནས་རབ་སྒྱུར་དུ་བསྒྱུར་བ་རྫོགས་སྷོ།། ་བཀྲ་ཤིས།། ་