CLOSE WINDOW

GT2707: bdag med ma'i stobs kyia 'khor lo sgrub pa'i thabs
Wyliee-texts produced with BDRC’s OCR application

སྟོབས་ཀྱི་འཁོར་ལོ་བསྒོམ་པའི་ཐབས་བཟུག་སོ།། ། ཨོཾ་སཱ་སྟྲི། རྒྱ་གར་སྐད་དུ། ནཻ་རཱཏྨ་བ་ལ་ཙཀྲ་སཱ་དྷ་ན། བོད་སྐད་དུ། བདག་མེད་མའི་སྟོབས་ཀྱིས་འཁོར་ལོ་སྒྲུབ་པའི་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལོ།། ་སྒོམ་པའི་རིམ་པ་རྒྱས་པ་འམ།། སྐད་ཅིག་རྣམ་པས་རབ་འགྲུབ་སྟེ།། ཡང་ན་འཁོར་ལོ་རྫོགས་པའི་ལྷ།། གཞན་དུ་ཀྱང་པའི་སྦྱོར་བས་ཏེ།། ལྷན་ཅིག་སྐྱེས་དགའི་གཟུགས་ཅན་མ།། སྐྱེ་གནས་འཁོར་ལོ་རྩིབས་དྲུག་པ།། ལྟེ་བའི ་གནས་སུ་འབད་པས་སྒོམ།། དབུས་སུ་བདག་མང་རྣལ་འབྱོར་མ།། དེ་ཡི་སྙིང་གར་ཨོཾ་ཡི་གོ། ཨ་ཨི་ཨུ་ཨེ་ཨཽ་ཨཾ་ལས།། ཤར་སོགས་གཡ་སུ་བསྐོར་བ་ཡི།། གཽ་རཱི་རྩོ་རཱི་དེ་བཞིན་དུ།། བཻ་ཏ་ལཱི་དང་གྷསྨ་རཱྀ།། སྤོས་མོ་རི་ཁྲོད་མ་ཡང་སྟེ།། རྣལ་འབྱོར ་ག་འགོང་པ་ཡིན།། ནགས་ངང་དམར་ལ་སོགས་དེ་བཞིན།། རང་གི་ས་བོན་དག་གིས་མཚན།། བདག་ཉིད་ཉི་མའི་ལུས་དེ་བཞིན།། ཟླ་བའི་འོད་ཟེར་རྣམ་པར་འཕྲོ།། སྣོད་དང་གྲི་གུག་ལག་ན་ཐོགས།། ལུས་ནི་གསང་བའི་འཁོར་ལོ་རུ།། བགེགས ་རྣམས་ཕུར་བུས་གདུབ་པར་བྱ།། བང་ཆེན་འཁོར་ལོའི་དབུས་གནས་པར།། ཟླ་བ་ཆུ་ཤལ་མཉམ་པའི་འོང་།། ཨཱ་ཨཱི་ཨཱུ་ཨཻ་ཨོ་ཨཿཧཾ།། དེ་ལས་ཡེ་ཤེས་ཆུ་རྒྱན་གྱིས།། སྡིགས་འཇོམས་ལམ་ལས་འོངས་པ་གང་།། རྣལ་འབྱོར་མ ་སོགས་ཁྲུས་བྱའོ།། ཨོཾ་ཨཱཿོཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟར་ཡིད་ཀྱིས་བཟླས་བྱས་ཞིང་།། གཞན་ནི་གང་ཡང་མི་བསམ་སྟེ།། ཟློ་དྲུག་ཙམ་གྱི་ངེས་པར་ནི།། ཡེ་ཤེས་སྐྱེ་བར་ཐེ་ཚོམ་མེད།། ནག་པོ་དམར་པོ་དེ་ནས་སེར།། ལྗང་ཁུ་སྔོན་པོ་དཀར་པོ་ཡི།། ་སྤྲོ་དང་དེ་བཞིན་བསྡུད་པ་དག། རྣལ་འབྱོར་མཆོག་གི་རྟག་ཏུ་བསྒོམ།། ཅེས་པ་སློབ་དཔོན་བདེ་བ་ཆེན་པོའི་ཞལ་གྱི་མན་ངག་སྟོབས་ཀྱི་འཁོར་ལོ་བསྒོམ་པའི་ཐབས་རྫོགསོ།། །། པཎྜི་ཏ་པུརྞྞ་བཛྲ་དང་། ཏཱ་ར་ནཱ་ཐས་བསྒྱུར་བའོ།། ཨོཾ་ཧྲཱིཿཕཊ། ་