CLOSE WINDOW

GT2703: rnal 'byor mdor bstan
Wyliee-texts produced with BDRC’s OCR application

རྣས་རྒྱལ་ངོ་སྟོན་བརྒྱན་པོ།། ཨོཾན་མོ་བཛྲ་ཌཱ་ཀཱ་ཡ། དཔའ་བ་ཁྱོད་དགའ་མགུ་རངས་པར་བྱོས་ཤིག། སྲིད་པའི་རབ་རིབ་ཀུན་སེལ་བའི་སྨན་འདིས་རྡོ་རྗེ་སེམས་དཔའི་མིག་འཐོབ་སྟེ། སྐྱེད་པ་དང་རྫོགས ་པ་དུས་བཞིར་སྒོམ་པར་བྱའོ།། ཉམས་པ་དང་ལྡང་བཱ་ན་རྣལ་འབྱོར་དྲན་པར་བྱའོ།། ཁྲུས་ཐམས་ཅད་དབང་བསྐུར་བ་དྲན་པར་བྱའོ།། ཟས་ཀྱི་དང་པོར་གཏོར་མའི་བྱ་བ་ཡིད་ཀྱིས་བྱའོ།། དེ་བཞིན་དུ་ལྷག་མའི་གཏོར་མ་ཡང་བྱའོ།། ་བཟའ་བ་དང་བཏུང་བ་ད་མྱང་བ་ཐམས་ཅད་ལ་བྱིན་གྱིས་བརླབས་ཏེ། སེམས་པ་གསུམ་གྱི་བདག་ཉིད་ནང་གི་སྦྱིན་བསྲེག་བྱའོ་སྙམ་པའི་བསམ་པས་མཚན་མ་དང་ཡི་གེ་དང་ངོ་བོ་ཉིད་དང་བྲལ་བ་བསམ་ཞིང་།། འདོད ་ཆགས་ཆེན་པོས་གྲོང་གི་ཆོས་སྤྱང་།། སྐུ་གཟུགས་དང་པོ་ཏི་དང་བླ་མ་མཐོང་ན་བཞིན་གཅིག་ཏུ་ཤེས་པས་ཅི་ལྟར་རིགས་པར་ཡིད་ཀྱིས་མཆོད་པ་དང་བསྟོད་པ་ཕྱག་བྱ་ལ་ལུས་དང་ངག་གིས་ཀྱང་ངོ་།། གལ་ཏེ་གླུ་གར་དང ་ཅ་ཅོ་དང་གཞང་གང་དང་སྟོན་མོ་ནི་མཆོད་པར་བྱའོ།། ཅི་སྟེ་དབང་མེད་པར་སྤྱོད་པས་སྡིག་པར་སྤྱོད་ན་ཡང་ཆོས་ཉམས་སྟེ། དེ་ལ་བསྣུན་པ་དང་འཕྲོག་པ་དང་། ངག་ཚིག་འཁྲུལ་པ་དག་ཀྱང་བླ་ན་མེད་པའི་སྙིང་རྗེ་དང་མེ་སྤྲོ་བས་བསོད་ནམས ་དང་། དྲག་ཤུལ་སྦྱོར་བ་དང་། སྔགས་ཀྱི་ཚུལ་བསམ་པས་ནི་ཆེས་ཆེ་བོ་མ་ཡིནོ།། འདི་ལ་མཉམ་པ་ཉིད་ཀྱིས་ཀྱང་མྱུར་དུ་བཤགས་པར་ཡང་བྱའོ།། ཐམས་ཅད་ལྷར་ལྟས་ཏེ་བསོད་ནམས་ཐམས་ཅད་བྱའོ།། ཡུད་ཀྱིས་ཐམས ་ཅད་ལྷ་དང་ཕྱི་ནང་གཽ་ཟླས་པ་དང་ཐིག་ལེ་དང་གཏུམ་མོ་དང་རང་བཞིན་མེད་པ་རྣམས་སྐད་ཅིག་སྐད་ཅིག་ཙམ་སྐོམ་མོ།། ངོ་ཚ་དང་གཙང་སྦྲ་དང་འཛེམ་པ་དང་། བཟང་ངན་དུ་ཕྱེང་ཆེར་མི་བྱ་ཞིང་མཉམ་མོ།། འོས་པ་དང་མི ་འོས་པ་ཡང་རུང་རྣལ་འབྱོར་ལྡན་པས་བཟའ་བ་འརྐྱ་བ་ལྔ་ཆ་བྱང་དང་རྒྱན་དང་གནས་དང་མལ་ཆ་དང་བུད་མེད་དང་སྤྱོང་ལམ་ནི་ཅི་འདོད་པར་སྦྱད། རྣལ་འབྱོར་མི་བརྟན་པས་ནི་མཐུན་པར་བྱ། རྩ་བའི་བལྟུང་བ་དང ་སྦོམ་པོ་ནམ་ཡང་མི་བྱའོ།། གཞན་ཡང་སྡིག་པར་སྨོས་པ་ཐམས་ཅད་ཀྱང་འབདེ་སྤངས།། བླངས་པ་དང་དམ་བཅས་པའི་སླབ་སླབ་མཆོག་གལ་ཏེ་གཞན་ཡོད་ན་ཐམས་ཅད་དུ་མི་འདའ་བར་བྱའོ།། སྦྱོར་བ་དེ་དག་ནི་ཐམས་ཅད་ལ་ཐམས ་ཅད་དུ་གསང་ངོ་།། གལ་ཏ་བརྟན་ན་དཔའོ་སེང་གེ་ལྟ་བུ་འཇིག་པ་མེད་པས། བྱིས་པ་དང་སྨྱོན་པ་དང་། འདོད་པ་ཅན་དང་གྱ་ཆོམ་པ་ལྟ་བུར་ཨ་བ་དྷཱུ་ཏིའི་སྤྱོད་པ་གསང་ཏེ་བྱའོ།། སྦྱིན་པ་དང་། ཚུལ་ཁྲིམས་དང་ཤེས་རབ་དང་། ཏིང་འཛིན་ལ་ཅི ་ཙམ་ནུས་པར་འབོད།། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ལ་མོས་པས་ཐམས་ཅད་བྱའོ།། བརྟུ་ལོ་ཞུགས་གནས་པ་དེ་ལྟ་ན་ནི། རྒྱལ་རིགས་ཀྱི་རང་བཞིན་སྤྱོད་པ་ཅན་ཁྱིམ་ན་གནས་པ་ཉིད་དུ་ཡང་རྡོ་རྗེ་སེམས་དཔའ་འགྱུར་ན་གཞན་ཅི་སྨོས་ཏེ་དེ་ལྟར་བྱ། ་སློབ་དཔོན་རཱ་ཧཱུ་ལ་བཛྲའི་ཞལ་སྔ་ནས་ཟླ་བའི་སྙིང་པོ་ལ་གདམས་པ་རྫོགས་སོ།། བཀྲ་ཤིས།། ་