CLOSE WINDOW

GT2695: go bar byed pa'i snying po brgya pa rnam par bshad pa zhes bya ba
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། པྲཏྟི་པཱ་ར་ཤྭ་རཀ། བི་བར་ཎཱཾ་ན་མ། བོད་སྐད་དུ། གོ་བར་བྱེད་པའི་སྙིང་པོ་བརྒྱ་པ་རྣམ་པར་བཤུང་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། བདེན་པ་གཅིག་པུ་ཚད་མ་ལ་སོགས ་ཟབ་མོའི་ཚུལ།། འདི་ནི་བསྒོམས་རྟོགས་པར་སླ་བའི་སྙིང་པོ་སྟེ།། རྫོགས་པའི་རིམ་པ་ཀུན་ཏུ་སྤྱོད་པའི་དྲིང་དག་ལས།། ཐམས་ཅད་ལ་ནི་གོ་བར་བྱེད་པའི་སྙིང་པོར་གྱུར།། གང་ཞིག་ཤིན་ཏུ་ཕུལ་བྱུང་ཆོས་ཀུན་མཉམ་ཉིད་རང་བཞིན ་ཡང་།། རྡོ་རྗེ་རྣམ་པར་སྒེག་མོ་རྣམས་ཀྱིས་དགྱེས་པར་གྱུར་རྒྱལ་བ།། སྤྲུལ་པའི་གཟུགས་ནི་རྣམ་པ་མང་མཛད་དཀྱིལ་འཁོར་ལོའི་དཔལ།། མཉམ་ཉིད་ཧེ་རུ་ཀ་དཔལ་དེ་ཡི་ཞབས་ནི་བསྟེན་པར་བགྱི།། གང་ཞིག་ཅེས་བྱ་བ་ལ་སོགས ་པ་ནས།། བསྟན་པར་བགྱི་ཞེས་བྱ་བ་ནི་གུས་པ་དང་བཅས་པས་བར་མ་ཚད་པར་སོ་སོར་རང་གི་རིག་པའི་བདག་ཉིད་དུ་བྱ་བ་ཉིད་དོ།། ཧེ་རུ་ཀ་དཔལ་ཞེས་བྱ་ལ།། བླ་ན་མེད་པ་ཆོས་མཐའ་དག་གི་རང་བཞིན་ཕྱིན་ཅི་མ་ལོག་པའི་ཆོས་ཉིད ་འཇིག་རྟེན་གཉིས་པོའི་ཕུན་སུམ་ཚོགས་པ་མཐའ་དག་མངོན་པར་གསལ་ཞིང་བདེ་བར་གཤེགས་པའི་ཡོན་ཏན་མཐའ་དག་ལ་རྗེས་སུ་ཆགས་པས་དཔལ་ཏེ། དེ་ཡིས་ཡང་དག་པར་བསྟན་པའོ།། ཧཾ་ཞེས་བྱ་བ་ནི་རྒྱུ་ཡིས་སྟོང་པ་སྟེ། སྐྱེ་བ ་དང་བྲལ་ཞིང་དམན་པ་ཉིད་ཀྱིས་དེ་བཞིན་ཉིད་ལྷན་ཅིག་སྐྱེས་པ་སོ་སོར་རང་སྣང་བའོ།། རུ་ཞེས་བྱ་བ་ནི་ཕྱི་དང་ནང་གི་དམིགས་པས་སྟོང་པ་ཉིད་དེ། རྨི་ལམ་དང་སྒྱུ་མ་དང་སྣང་བརྙན་དང་མཚུངས་པའི་སྣང་པོ་མཐའ་དག་གཟུང་བའི་མཚོན ་དང་སྣ་ཚོགས་པའི་རྟོག་དང་རྣམ་པར་བྲལ་བའོ།། ཀཱ་ཞེས་བྱ་བ་ནི་གང་དུའང་མི་གནས་པ་སྟེ།། དཔེར་བྱ་བ་ཐམས་ཅད་དང་བྲལ་ཞིང་དཔྱོད་པ་མེད་པའི་རང་གི་ངོ་བོ་དམིགས་པ་མེད་པ་ཉིད་དམིགས་པ་ཐམས་ཅད་དུ ་གནས་པའོ།། འདི་ཉིད་ནི་ཆོས་མཐའ་དག་གི་གནས་ལུག་དངོས་པོའི་མཚན་ཉིད་དང་བྲལ་བ་རྣམ་པར་དཔྱད་པར་བྱ་བ་དང་བརྟེན་པ་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བ་ཆེན་པོའི་རང་བཞིན་གྱི ་སྐུ་དེ་ཉིད། གང་ཞིག་དེ་བཞིན་དུ་གྱུར་པ་ཞེས་བྱ་བར་འབྲེལོ།། ཆོས་ཀུན་ཞེས་བྱ་བ་ནི་ངག་གི་སྤྱོད་ཡུལ་ལས་འོངས་པའི་དག་པའི་རང་བཞིན་གྱི་རང་གི་མཚན་ཉིད་འཛིན་པས་ན་ཆོས།། དེ་རྣམས་ཉིད་ཀྱི་མཉམ་པ་ནི་འདྲ་བ་སྟེ།། ་འགྱུར་བ་མེད་པའི་དེ་བཞིན་ཉིད་དུའོ།། ཇི་སྲིད་ཉན་ཐོས་ལ་སོགས་པའི་བར་ལས་ཤིན་ཏུ་ལྷོག་པས་ཤིན་ཏུ་ཕུལ་དུ་བྱུང་བ་སྟེ། བླ་ན་མེད་པའོ།། དེ་བཞིན་ནི་གང་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྟོབས་བཅུ་དང་མི་འཇིགས་པ་ལ ་སོགས་པའི་རྟེན་དང་ངེས་པའི་གནས་བྱ་བ་སྟེ། ཆོས་ཀྱི་སྐུའོ།། དེ་ལྟར་གྱུར་པས་དཔེར་བྱ་བ་ཐམས་ཅད་དང་བྲལ་ཡང་དགྱེས་པ་ཞེས་བྱ་བ་སྟེ། དགྱེས་པ་ནི་དགའ་བ་ཐོབ་པའོ།། ད་ནི་རྒྱུན་ཆད་པ་མེད་པའི་སྦྱིན་པ་ལ་སོགས ་པ་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་བདོག་ཉིད་མཚན་དང་དཔེ་བྱད་ཀྱི་རྣམ་པར་མཛེས་ཤིང་རང་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་ལ་རྫོགས་པར་ལོངས་སྤྱོད་པ་ཡང་དག་པར་འབྱུང་བའི་སྐུའོ།། རྡོ་རྗེ་རྣམ་པར་སྒེག་མོ ་རྣམས་ཀྱི་ཤེས་བྱ་བ་ལ། བརྟན་པ་དང་སྙིང་པོ་ལྔ་སོགས་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་རྡོ་རྗེ་སྟེ། རང་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པའི་ཚད་དུ་རོལ་བསླུ་ན་སྒེག་པའོ།། འདི་ནི་འོད་གསལ་བ་ལས་གཞན་མ ་ཡིན་པས་མོ་སྟེ། སྒེག་པར་གྱུར་པའི་ངང་ཚུལ་གྱིས་ན་དེ་རྣམས་ཀྱི་ཤེས་བྱའོ།། བར་མ་ཆང་བར་རྣམ་པར་མི་རྟོག་པར་སྐྱེ་བ་ཉིད་ཀྱིས་རྣམ་པར་རྟོག་པ་ཡོངས་སུ་དག་པ་རང་གི་རང་བཞིན་དུ་གྱུར་པས་དགྱེས་པར་གྱུར་པ་ཞེས་སོ།། ་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་སྟོན་པས་ཉན་ཐོས་ལ་སོགས་བླ་ཟིལ་གྱིས་མི་ནོན་ཞིང་འཇིགས་པ་མེད་པས་རྒྱལ་བ་ཞེས་བྱ་སྟེ། ལོངས་སྦྱོང་རྫོགས་པའི་སྐུའོ།། སྦལ་པ་ཞེས་བྱ་བ་ནི་སྙིང་རྗེའི་གཞན་དབང་དུ་གྱུར་པས་རྣམ་པ་མང ་པོའི་མཛད་པ་སེམས་ཅན་གྱི་བསམ་པའི་དབང་ལས་སྟོན་ཅིང་འཇུག་པ་ནི་སྤྲུལ་པ་སྟེ། དེའི་གཟུགས་ཀྱི་རང་བཞིན་ནི་ཤིན་ཏུ་རྒྱ་ཆེ་ཞིང་གློངས་ལས་འདདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བརྙེས་པའོ།། དཔལ་ནི་གཉིས་སུ་མེད་པའི ་ཡེ་ཤེས་ཀྱི་རང་བཞིན་གང་གི་ཤེས་བྱ་བ་སྟེ། དེ་དང་དེར་གསུངས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རང་གི་ངོ་བོ་ཐ་མི་དད་པ་རྣམས་ནི་སྤྲུལ་པའི་སྐུའོ།། དེ་ལྟ་བས་ན་གཞན་མ་ཡིན་པའི་ཡོན་ཏན་གྱི་ཚོགས་ཀྱིས་གང་བའི ་ཟབ་མོ་ཉིད་གཅིག་པུ་ནི་སྐུ་གསུམ་པོ་རོ་གཅིག་པའི་སྐུ་བཅོམ་ལྡན་འདས་ཏེ། བདེ་བ་ཆེན་པོ་རྟོགས་པ་ཞེས་བྱ་བའོ།། དེ་ལ་ཕྱག་འཚལ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བག་ཆགས་ཉེ་བར་ཞི་ཞིང་སྡོམ་པས ་དེའི་རྗེས་སུ་རྟོག་པར་གྱུར་ཅིག་པའོ།། མང་པོའི་རྣམ་པར་རྟོག་འདི་ཞེས་བྱ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཉིད་སྐྱེ་བ་དང་གནས་པ་དང་འཇིགས་པས་སྤྱོང་པ་ཉིད་དེ་ཉིད་ལ། འཇིག་རྟེན་ཀུན་རྫོབ་ཏུ་གཉིས་བྱ ་རང་བཞིན་དུ་ལྷག་པར་གནས་པ་ལ་དམིགས་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པའི་ཚོགས་ཏེ། ཇི་ལྟར་ཞེ་ནཱ། ཤིན་ཏུ་རློམ་པ་ལྟ་བུ་ཉིད་ཀྱི་སོ།། གང་གིས་སྤངས་པ་ནི་རོ་གཅིག་ཏུ་མཉམ་པ་སྟེ་རྣམ་པར་དབྱིང་པ་ནུབ་པའི ་ཚེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་ཡང་དག་པར་སོན་པར་རྟོག་པའོ།། མཛེས་པའི་དགའ་བ་ཞེས་བྱ་བ་ནི་གང་ཡང་མཉམ་པར་གོ་བར་བྱེད་པའི་སྙིང་པོ་ནི་དགའ་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྡིའི་དེ་ཁོ་ན་ཉིད་དོ།། དེ་ཡིས ་མཛེས་པས་ན་མཛེས་པའོ།། ཡོངས་བསྒྱུར་ཆེད་དུ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་ཕ་རོལ་རྗེསུ་བཟུང་བའི་ཕྱིར་བག་ཆགས་མ་ལུས་པ་དང་བྲལ་ཞིང་གཡོ་བ་མེད་པའི་ཆོས་ཉིད་ཀྱི་རང་གི་ངོ་བོ་ཉིད་དུ་སྟེ། འདི ་ནི་དེ་ལྟ་བུ་ཉིད་དུ་ཞེས་བྱ་བའོ།། ཇི་ལྟའི་དོན་ཞེས་བྱ་བ་ལ་ཇི་ལྟ་བའི་དོན་ནི་མིང་གི་ཇི་ལྟ་བའི་དོན་ཏེ། ཕྱི་ནས་འཆང་བར་འགྱུར་བ་རྟོགས་པའི་དོན་ཏོ།། གློ་བར་བྱེད་པ་ནི་ཤེས་རབ་སྟེ། གཞི་མེད་པ་མཉམ་པ་ཉིད་དུའོ།། དེ་ནི་འདི ་ལྟར་སྟོང་པ་ཉིད་དང་སྙིང་རྗེའི་ངོ་བོ་ཉིད་རྣམ་པ་དེ་དང་དེས་བཅོམ་ལྡན་འདས་སུ་གསུངས་པ་སྟེ། རྣམ་པར་རྟོག་པ་དག་པ་གང་ཡིན་པའོ།། འདི་ནི་སྟོན་པ་སྟེ། ཤྲི་ཧེ་རུ་ཀ་ཞེས་བྱ་བའོ།། ཤྲི་ཞེས་བྱ་བ་ནི། མཛེས་པ་དང་ལྡན་པའོ།། ་ཧེཧེ་ཞེས་བྱ་བ་ནི་ཧཱུཾ་ཡིག་གི་རྒྱུ་ལས་བྱུང་བའོ།། རུ་ཞེས་བྱ་བ་ནི་རང་བཞིན་ཕུན་སུམ་ཚོགས་པའོ།། ཀ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དག་པི་སྐུའོ།། ཞེས་བྱ་བའི་དོན་ཀྱང་།། སེམས་ཉིད་ཀྱེའི་རྡོ་རྗེའི་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་གྱུར ་པ་ལས་གཞན་མཱ་ཡིན་པའི་སེམས་ནི་ཀྱེའི་རྡོ་རྗེ་སྟེ། དེའི་ཕྱིར་རྟོག་པར་བྱང་ཞིང་བསྒོམ་པར་བྱའོ་ཞེས་བྱ་བོར་དགོངས་པའོ།། དེ་ནི་ཆེན་པོ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་གཉིསུ་མེད་པའི་ལྷག་པའི་རྣམ་པོའི་རང་བཞིན་ཅན་ནོ།། ཀུན་ཏུ ་རྟོག་མེད་ཅེས་པ་ནི་དམིགས་པ་ལ་ཤེས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་གསལ་ཞིང་བྲལ་བའོ།། མི་འདྲེས་པ་ཞེས་བྱ་བ་ནི་ལྟོས་པ་མེད་པར་ཕུལ་དུ་བྱུང་བའི་རང་བཞིན་དེ་བཞིན་ཉིད་སྣང་བཞིན་པའོ།། སྐྱེ་བ་མེད་ཅེས་བྱ་བ་ནི་མ་བྱུང ་བ་སྟེ། སྐད་ཅིག་ལས་ཀུན་ནས་མ་སྐྱེས་པར་ངེས་པའོ།། ཐོགས་པ་མེད་ཅེས་བྱ་བ་ནི་ནང་དང་ཕྱིའི་དམིགས་པ་དང་བྲལ་བྱས་མི་ཐོགས་པའི་ཆོས་གཅིག་པུར་ངེས་པའོ།། དོར་དང་བསྲེགས་པ་སྤངས་པོ་ཞེས་བྱ་བ་ནི་ཇི་ལྟ་བའོ། ་རང་གི་ངོ་བོ་ཉིད་ཀྱིས་རྒྱ་ཆེ་བ་བསལ་བ་མེད་པ་དང་། ཕྱིན་ཅི་ལོག་གི་མངོན་པོར་ཞེན་པའི་བྲོག་ཆགས་མ་ལུས་པས་སྟོང་པ་སྟེ། དེ་བས་ན་དེ་དང་དེ་ལྟ་བུར་གྱུར་པའི་སེམས་ནི་ཀྱེའི་རྡོ་རྗེའོ།། དེ་རྣམས་ཀྱི་འདི་སྐད་སྟོན་ཏེ། ཛྙཱན་མེད ་བ་ཉིད་གཟུགས་སུ་ཉེ་བར་སྟོན་པ་ནི་ཀྱེའི་རྡོ་རྗེ་སྟེ། བག་ཆགས་དང་བག་ཆགས་ཅན་དུ་ཡོད་པའི་གཟུགསུ་རྟོག་པས་མོས་ཤིང་རློམ་པ་དང་མངོན་པར་གསལ་བ་དང་འདོད་པ་ནི་ཡང་དག་པར་ཉེ་བར་གྱུར་པ་མ་ཡིན་ནོ་ཞེས་བྱ་བར་བརྗོད་དེ།། ་སྒྲ་ཚོགས་སྤྲུལ་པའི་གཟུགྲུས་རྣམས། སྣཚོགས་མས་བྱས་རྣམ་པ།། ས་བྱུ་བ་ནི་རྣམ་པར་རྟོག་པའི་རླུང་བཞིན་སྣ་ཆགས་འཇུག་པར་ཇུག་ག་མས་དང་ལུས་ཤྱཱ་བྷ་མྦྷ། སྤྱོད་པ་ཉིད་བ་དྲུག། ་ལ་མོས་པས་ཕྱག་བཅུ་དྲུག་པ་ལ་སོགས་པ་རྣམས་སྟོང་པ་ཉིད་སྐྱེད་པ་ལ་སོགས་པའོ།། རང་གི་རང་བཞིན་རྟོག་པ་ཡིས། ཤས་བྱ་བ་ནི་བག་ཆགས་མཐའ་དྲུག་ནུབ་པའི་ལྷན་ཅིག་སྨྲས་པའི་རང་བཞིན་ནི་སོ་སོར་སྣང་བ་མེད་པོ་སྟེ། ་དེ་རྟོག་པ་ཉིད་ཀྱིས་ངེས་པའི་ངོ་བོར་དེ་རྣམས་ལ་མོས་པའང་མང་པོའོ།། འདི་ནི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ། ལྷན་ཅིག་སྐྱེས་པ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་འདི་ནི་རང་བཞིན་གྱི་དཀྱིལ་འཁོར་ཞེས་བྱ་བ་སྟེ། རྣམ་པ ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟེ་རཱ་པ་ཉིད་ཀྱི་སྙིང་པོ་ཅན་གྱི་སེམས་འོད་གསལ་བ་རབ་ཏུ་སྣང་བའི་ངང་ཚུལ་འཛིན་པ་ལསོ།། ཡེ་ཤེས་ལྔ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་དེ། དེ་ལ་མེ་ལོང་ལྟ་བུ་ནརྀ་རྣམ་པར་དག་པའི ་ལྷན་ཅིག་སྐྱེས་པ་ལ་རྣམ་པ་མཐའ་ངག་གི་དབྱེ་བ་སྣང་བས་མེ་ལོང་ཡེ་ཤེསོ།། རབ་ཏུ་གསལ་བ་ཡང་དམིགས་པ་མེད་པར་གཅིག་པ་ཉིད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེསོ།། ཕྱིན་ཅི་མ་ལྡོག་པར་རྟོགས་པས་སོ་སོར་རྟོག་པའི་ཡེ་ཤེསོ།། ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལྷག་པར་རྟོག་པས་བྱ་བ་གྲུབ་པའི་ཡེ་ཤེསོ།། དམིགས་པ་མཐའ་དག་ཉེ་བར་ཞི་ཞིང་ཚོགས་གཉིས་པོ་རྫོགས་པ་དང་ལྷག་པའི་ཐར་པ་སྟེར་བས་ཤིན་ཏུ་རྣམ་པར་དག་པའི་ཡ ་ཤེས་སོ།། འདི་རྣམས་དག་པའི་རང་བཞིན་ཏེ། ཡེ་ཤེས་འབའ་ཞིག་པ་ཉིད་ཀྱིསོ།། རྦ་རླབས་མེད་པ་ཞེས་བྱ་བ་ནི་ཐཱ་སྙད་ཀྱི་བག་ཆགས་ཀྱི་སྟོང་པའོ།། བླ་ན་མེད་པ་ཞེས་བྱ་བ་ནི་རང་ལས་ལྷག་པར་སྨྲ་བར་སྨྲ་བར་འོས་པ་སྟེ། དེ་ཉིད་ནི ་ཉེ་བར་བསྡུས་ནས་བརྗོད་པའོ།། སྤྲོས་པ་མེད་པའི་རང་བཞིན་གྱིས་ཤེས་བྱ་བ་ནི་སྣ་ཚོགས་པའི་བག་ཆགས་ཀྱི་སྟོང་པའི་སོ་སོ་རང་གི་རིགས་པའི་རང་བཞིན་གྱིསོ།། ལྷ་ཞེས་བྱ་བ་ནི་ཀྱེའི་རྡོ་རྗེ་སྟེ། དེའི་གཟུགས་ནི་དེ་འདྲ་བའོ།། མ་ལུས ་དགའ་བ་ཡིང་ངག་རྫོགས། ཤེས་བྱ་བ་ནི་གང་གི་ཕྱིར་དགའ་བྲལ་གྱི་དགའ་བའི་ཕྱིར་བྱུང་བ་དེ་ཡིས་ཡང་དག་པར་རྫོགས་པ་ཞེས་བྱའོ།། དེའི་རྗེསུ་རང་གི་ངོ་བོ་མངོན་པར་གསལ་བར་གྱུར་པ་ནི་ཐོགས་པ་མེད་ཅིང་ལྟོས་པ་དང་བྲལ་བ་རྨི་ལ ་ལ་སོགས་པའི་སྣང་བ་ལྟ་བུ་རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅནོ།། ཞེས་བྱ་བ་ཡང་སྟོན་པར་བརྗོད་དོ།། འདི་ཉིད་ཀྱིས་ཉོན་མོངས་པོ་དང་ཉེ་བའི་ཉོན་མོངས་པ་ཞི་བར་བྱེད་པའོ།། གཟུགས་ལ་སོགས་པ་ཤེས་བྱ་བ་ནི་ཕུང་པོ་དང་ཁམས ་དང་སྐྱེ་མཚད་རྣམས་ཏེ། དེ་བཞིན་ཉིད་འདི་ལས་བསལ་བ་དང་བཞག་པ་དང་བྲལ་བའོ།། ཇི་ལྟའི་རྣམ་པ་ཞེས་བྱ་བ་ནི་ཇི་ལྟར་གྱུར་པ་སྟེ། ཤིན་ཏུ་གསལ་ཞིང་མ་འདྲེས་པའི་རྣམ་པ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་གནས་པའོ།། གཟུགས་བྱ ་ཞེས་བྱ་བ་ནི་གཉིས་ཀྱི་ངོ་བོ་ཉིད་ཀྱི་ཐ་སྙད་དུ་བྱ་བ་སྟེ། དེ་མ་ཡིན་པར་རོ།། རྟག་པར་བྱ་ཞེས་བྱ་བ་ནི་རབ་ཏུ་གསོལ་བར་སྣང་བ་སྒྱུ་མ་དང་རྨི་ལམ་དང་མཚུངས་པར་ཡང་ངོ་།། དེ་འོང་ཞེས་པ་ནི་འདི་ལྟ་བུའོ་ཞེས་སྟོན་པའོ།། རྟོགས་པས་ཤོས ་ཞེས་བྱ་བ་ནི་ཉམ་སུ་མྱོང་བ་ཉིད་དེ། གཉིས་དང་བྲལ་བར་རོ།། དཀྱིལ་འཁོར་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཇི་ལྟ་བ་སྟོན་པ་སྟེ། དེ་ཡང་སྙིང་པོ་ཞེས་བྱ་བ་ནི་བདག་ཉིད་ལས་ལྷག་པ་གཞན་མེད་པའོ།། སྣོད་ཉིད་གཅིག་པུ་ཞེས ་བྱ་བ་ནི་འབའ་ཞིག་པ་གང་གི་ཕྱིར་རོ།། དེ་ལེན་པས་ཤེས་བྱ་བ་ནི་དེ་དང་རྣམ་པར་དབྱེ་བ་མེད་པ་སྣང་བཞིན་པོ་སྟེ། དེའི་ཕྱིར་གཉི་སུ་མེད་པའི་ཉིད་དཀྱིལ་འཁོར་རོ།། དེ་ལྟར་ཡང་གསུངས་པ། དཀྱིལ་ནི་སྙིང་པོ་ཞེས་གསུངས་ཏེ། དེ་ཡི་འཁོར་ལོ ་ཞེས་བརྗོད།། དེ་ལེན་བྱེད་པས་དཀྱིལ་འཁོར་ཏེ། ཐིམ་པ་ཞེས་བྱར་འདོད་པའོ།། ཞེས་སོ།། དེ་ཉིད་ཅེས་བྱ་བ་ནི་གང་གོང་དུ་གོ་བར་བྱས་པ་དེ་ཉིད་ལས་གཞན་མ་ཡིནོ།། རྣམ་པ་ཐམས་ཅད་མཚན་ཉིད་བྲལ་ཞེས་བྱ་བ་ནི་སྣང་བ་མཐའ་དག་སྒྱུ་མ་དང ་མཚུངས་པར་མཚན་ཉིད་ཁྱད་པར་མེད་པར་ཉམས་སུ་མྱོང་བའོ།། དེ་བཞིན་དུ་དེ་ལས་ཀྱང་། རྩ་རྣམས་ཞེས་བྱ་བ་ནི་རྩའི་རྒྱུན་རྣམསོ།། ཐམས་ཅད་ཅེས་བྱ་བ་ནི་སུམ་ཅུ་རྩ་གཉིས་པོ་ཉིད་དོ།། མཁའ་འགྲོ་མཱ་ཞེས་བྱ་བ་ནི་རང་གི་མཚོན་ཉིད ་ཀྱིས་སྟོང་པ་ཉིད་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམསོ།། ཕུང་པོ་ལྔ་ཡང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ།། དཀྱིལ་འཁོར་ཞེས་བྱ་བ་ནི་སྟོང་པ་ཉིད་ཡང་དག་པར་ལེན་པའི་སེམས་ཡིན་པས་སོ།། དངོས་པོ་ཐམས ་ཅད་མཉམ་སྦྱོར་བ་ཞེས་བྱ་བ་ནི་ལུས་པ་མེད་པའི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་དབྱེར་མེད་པའི་རང་བཞིན་ཏེ། འདི་ཉིད་ལས་རྣམ་པ་ཐམས་ཅད་བསྟེན་པར་བྱེད་པའོ།། བསམ་མེད་ཅེས་བྱ་ནི ་སྣ་ཚོགས་པའི་བག་ཆགས་དང་བྲལ་བའོ།། ཐུགས་ཤེས་བྱ་བ་ནི་གཉིསུ་མེད་པཱ་རྟོགས་པའོ།། སྐུ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་དུ་ལྷུན་གྱིས་གྲུབ་པར་ཕྱི་དང་ནང་ཡང་དག་པར་རིགས་པའི་སྐུ་གཅིག་པུས་ཀྱང་སྟེ། ཕྱག་དང་། ་ཞིབས་ལ་སོགས་པའི་ཆ་ཤས་ཀྱིས་སྟོང་པའོ།། རིགས་རྣམས་ཤེས་བྱ་བ་ནི་རིགསུ་སྣང་བ་རྣམ་པ་གཉིས་ཏེ། འགྲོ་བར་སྣང་བའི་རང་བཞིན་གྱི་དང་། ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་བདག་ཉིད་ཀྱིས་ཀྱང་ངོ་།། སྐུ་དང་རིགས་བྱི་བལྟ་བ་དེ ་བཞིན་དུ་མཚན་མ་དང་ཕྱག་རྒྱ་ལ་སོགས་པ་དེ་ལྟ་བུས་རོལ་པ་ཉིད་།། དོ་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། ནང་གི་ཕྱག་རྒྱའི་དྲིནི་གྱིས་རྒྱས་བཏབ་པས་གཉིད་འཐུག་པ་དང་བྲལ་བར་བྱས་པའི་བདེ་བ་ཆེན་པོའོ།། དེ་ལྟ་ཞེས་བྱ་བ་ནི་འོདིར་ཐམས ་ཅད་དུ་རབ་ཏུ་བཀོད་པ་ལ་བརྗོད་དོ།། དེ་ལྟར་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་དང་སྦྱོར་བའི་ངོ་བོས་གཉི་སུ་མེད་པར་ངེས་པར་སྡོམ་པ་ཡོངསུ་རྩོམ་པས་འཕེལ་བ་ཉིད་ཀྱིས་ཟབ་མོར་གྱུར་པའོ།། སྙོམས་འཇུག་ཅེས་བྱ་བ་ནི་ཀུན་ཏུ་རྣམ་པར་ཐམས ་ཅད་པའི་ཡེ་ཤེས་གང་ཡིན་པ་སྟེ། ཐམས་ཅད་དུ་ནི་ཞེས་བྱ་བ་ནི་དུག་དང་ཚེར་མོ་ལ་སོགས་པ་རྣམས་ཡང་ངོ་།། བདེ་བ་ཆེན་པོའི་དགའ་སྟོན་ཏོ།། ཞེས་བྱ་བ་ནི་བངདེ་བ་ཆེན་པོའི་རྣམ་པས་སྒེག་པས་རོལ་པ་དང་ལྡན་པ་སྟེ། དེ་ཡིས་སྙོམས ་བར་འཇུག་པའོ།། གཟུགས་ཕུན་ཚོགས་ཏེ། མཐའ་ཡོས་ཤེས་བྱ་བ་ནི་གདུལ་བྱ་རྣམས་ཀྱི་བསམ་པ་དང་དུག་དང་སྣང་བ་ཇི་ལྟ་བར་ཡང་དག་པར་རྫོགས་པས་ཀུན་ནས་ཆོས་སྟོན་པའོ།། དེ་ནི་རྡོ་རྗེ་ཅན་ཏེ། འགྱུར་བ་མེད་པའི་ཆོས་ཉིད ་ཀྱིས་ཡིན་གྱི། ཞལ་ཕྱག་ལ་སོགས་པར་ཡོངསུ་བགྲང་བས་མཛེས་པ་ནི་མ་ཡིནོ་ཞེས་བྱ་བར་དགོངས་སོ།། ཅི་ཞེས་བྱ་བ་ནི་སོ་སོ་རང་གིས་རིགས་པར་བྱ་བ་ཉིད་ཀྱིས་ཚིག་གི་སྐྲོང་ཡུལ་མ་ཡིན་པར་སྟོན་པའོ།། སླར ་ཡང་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན་ཉིད་འབའ་ཞིག་རྣམ་པ་ཐམས་ཅད་དུ་བདག་པོར་གྱུར་པ་ཉིད་གསལ་བ་དང་བཞག་པ་དང་བྲལ་བར་རྟོག་པར་བྱ་བ་ཡིན་པས་ན། ཕུང་པོ་ལ་སོགས་པ་དེ་རྣམས་ཀྱེའི་རྡོ་རྗེའི་རྣམ་པར་འཕྲུལ་པ ་སྟེ། དེས་ནི་ལྷན་ཅིག་སྐྱེས་པ་ཉིད་ཀྱི་འཁོར་གྱི་འཁོར་ལོའོ་ཞེས་གསལ་བར་བསྟན་ཏོ།། གསལ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་ཉེ་བར་དམིགས་ཤིང་ཡོད་པའི་གཟུགས་མ་འདས་པར་མངོན་སུམ་དུ་ཉམ་སུ་མྱོང་བས་དང་། ་བག་ཆགས་དང་བྲལ་བའི་སེམས་རྟོགས་པས་དང་། དམིགས་པ་མེད་པར་ཉམསུ་མྱོང་བར་བྱ་བ་ཡིན་པས་སོ།། གང་དུ་ཞེས་བྱ་བ་ནི་བག་ཆགས་མ་ཡིན་པའི་རོ་ཡིས་བཀྲ་བར་རོ།། མཐའ་དག་སྣང་ཞིང་ཞེས་བྱ་བ་ནི་དེ་བཞིན་ཉིད་རྒྱ་ཆེ ་བ་ཉིད་ཀྱིས་སོ།། གསལ་བ་ནི་མངོན་སུམ་དུ་གསལ་བའོ།། འཕྲོ་བ་ནི་ཇི་ལྟར་ཡོད་པ་བཞིན་དུ་ཡང་དག་པར་འཕྲོ་བ་སྟེ། དེ་དང་དེ་མ་ལུས་པ་གང་དུ་སྣ་བ་ལ་བསྙད་།། སེམས་དང་སེམས་བྱུང་བའི་དབྱེ་བ་རྣམས་པར་ཉམས་ལ་ཞེས་བྱ་བ ་ལ། སེམས་ནི་རང་བཞིན་རྟོགས་པ་པོའོ།། སེམས་ལས་བྱུང་བ་ནི་བདེ་བ་དང་སྡུག་བསྔལ་བའི་སེམས་ཀྱི་གནས་སྐབས་ལས་བྱུང་བའོ།། དེ་གཉིས་ཀྱི་དབྱེ་བ་རྣམ་པར་ཉམས་པ་ནི་ཡོངས་སུ་དོར་བ་སྟེ། སེམས་དང་སེམས་ལས་བྱིང ་བའི་མངོན་པ་ཞེན་པསྡུ་སྤྱད་པ་ཞེས་བྱ་བའི་དྲན་ཏེ།། ཐམས་ཅད་ཏི་འཛིན་གྱུར་པ་ཞེས་བྱཱ་བ་ནཱི་སྣ་ཚོགས་པའི་རྒྱུ་བ་དང་མི་རྨྱ་བར་བཅས་པ་ཏིང་འཛིན་དུ་གྱུར་བ་སྟེ། མཐར་དག་གཱི་ཐ་སྱཱད་བྱ་བ་ལས་ནས་ཀྱི་དབྱུངས།། དངན་ནས ་རྣམ་པ་ཐམས་ཅད་དུ་པའི་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ཆེན་པོ་འདི་ཉིད་དུ་སྟེ། ཨེ་བི་གྱི་ཡི་གྲི་གཉིས་ཀྱིས་ཤེས་བྱ་བའི་དོན་ཏོ།། བདེ་བ་ཆེན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་བང་བུ་ཆེན་པོའོ།། དེ་ཉིད་བླག་ཆགས་དང་བྲལ་བ་བྱེང ་འཕོ་བའི་རྣམ་པས་བདུད་རྩི་སྟ་རོའོ།། དཾ་ཡི་དབང་བསྐུར་བ་ནི་རྟོགས་པའི་དྲི་མཱ་མཐའ་དག་བཀྲུས་པའོ།། དེ་ལས་རང་བཞིནཱ་གསལ་བར་གྱུར་པ་ནི་བདག་ཉིད་རབ་དང་བ་སྟེ། དེ་ཡོང་ཨེ་བཾ་ལྷན་ཅིག་སྐྱེས་པ་མཆོག་དཀྱིལ་འཇོ་ལཱྀ་འཁོར་ཆེན་པོ ་ཉམ་སུ་མྱོང་བ་སྟེ། རྣམ་པར་རྟོག་པ་དང་ཉེ་བའི་རྟོག་པ་དང་བྲལ་བ་ལསོ།། དཀྱིལ་འཁོར་དང་ནི་དཀྱིལ་འཁོར་པ་ཞེས་བྱ་བ་ནི་རྟེན་དང་བརྟེན་པའོ།། ཆེན་པོ་ནི་མོས་པས་ཡོངས་སུ་གྱུར་པ་མ་ཡིན་པར་སྟོནྡ་པ་སྟེ། དེ་བཞིན་ཉིད་གཅིག་པུའི ་རྒྱུ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆེན་པོའོ།། སླར་ཡང་སྒྱུ་ཡིས་དེ་རྟོག་པའོ་ཞེས་བསྟན་པའི་ཕྱིར། རྣམ་རྟོག་པ་ཞེས་བྱ་བ་ནི་གཞལ་ཡས་ཁང་ལ་སོགས་པའི་ཡང་དག་པའི་རྟོག་པའོ།། དེ་ཅི་ལྟར་རྡུལ་ཡིན་ཞེ་ན། ཇི་ལྟར་མི ་ལོང་ལ་ཤིན་ཏུ་ཕྲ་བའི་རྡུལ་གྱིས་ཡུན་རིང་པོར་མཉེས་པ་ན་དྲི་མ་རྣམས་བླངས་ནས་མེད་པར་འགྱུར་རོ།། དེ་བཞིན་དུ་ང་ཡང་དག་པོའི་རྟོག་པས་མཉེས་ཤིང་རྣམ་པར་དག་པ་ལས་ཐམས་ཅད་དུ་དྲི་མ་མེད་ཅིང་ཕུལ་དུ་བྱུང་བའི་སྣང་བ ་འཆར་བའོ།། མཐའ་ཡས་པ་ཡི་སྨྱུང་བ་གཟུགས་བརྙན་གྱིས་དྷ་བ་ནི་རང་བཞིན་མྱེད་པ་ཉིད་ཀྱིས་སྣང་བནན་དང་མཚུངས་པའོ།། དེ་རྣམས་ཀྱི་ཚོགས་ནི་ཟབ་བྱའོ།། སེམས་ཀྱི་མེ་འོད་ཞེས་བྱ་བ་ནི་རང་བཞིར་རྗེས་པཀྱིས ་ཡོངས་སུ་དག་པའི་སེམས་ཉིད་མེ་ལོང་ངོ་།། མཛེས་ཤེས་བྱ་བ་ནི་ཁྱད་པར་དུ་གྱུར་པའི་ངོ་བཞིན་ཉིད་ཀྱི་རང་བཞིན་གྱིས་སྣང་བ་སོ།། དེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་མཆོག་གོ།། ཅི་ཞེས་བྱ་བ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་པའོ།། འོན ་ཀྱང་ཡང་དག་པའི་རྟོག་པ་དག་པ་ལས་ཀྱང་ལྷན་ཅིག་སྐྱེས་པོ་མཆོག་ཏུ་གསལ་བར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་མེ་ལོད་ལ་སིནྡྷུ་རའི་རྡུལ་གྱིས་ཐམས་ཅད་དུ་གོས་པ་ལས་ཡུལ་ཡོད་པའི་གཟུགས་ཀྱི་སྣང་བརྙ་ན་འཛིན་པ ་ཐོབ་པར་མི་འགྱུར་བ་དེ་བཞིན་དུ། ལྷའི་དམིགས་པས་བསྒྲིབས་པས་སེམས་ཀྱི་རང་བཞིན་འོད་གསལ་བ་རབ་ཏུ་རྟོགས་པ་རིང་བ་ཉིད་དུ་བྱེད་པའོ།། དེ་ཡང་དམིགས་པ་ལས་རྩོལ་བས་དེ་རྟོགས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ།། 8 ་བཞིན་གྱིས་ཡོངས་སུ་དག་པའི་སེམས་འདི་རླུང་གི་གཟུགས་ལས་གཞན་གྱི་མི་རྟོགས་པས་ན་ཕྱི་རོལ་གྱི་དམིགས་པ་ནི་ངལ་བར་བྱེང་མ་ས་ཉིད་དུ་མངོན་པར་ཞེན་པས་རྒྱུབ་པ་ནི་ཞེས་བྱ་བ་ནི་བདག་དང་གནན་གྱི་ཐ་སྙད ་སྒྲ་འདོགས་པར་བརྩོན་པས་ཉེ་བར་གནས་པའི་སེམས་སོ།། ཀུན་ཏུ་བྱས་ནས་ཤེས་བྱ་བ་ནི་གཉིས་ཀྱི་བག་ཆགས་ལྷག་པར་བརྟེན་པར་བྱས་པས་ན་ཀུན་ཏུ་བྱས་ཤེས་བྱ་བའོ།། ཡང་དག་འཕེལ་ཞེས་བྱ་བ་ནི་རྣམ་པ་སྣ ་ཚོགས་པའི་བརྫུན་པའི་ཀུན་ཏུ་རྟོག་པ་འཕེལ་བའོ།། དུབ་པ་ནི་ལྷན་ཅིག་སྐྱེས་པའི་གནས་སྐབས་ན་བདག་དང་གཞན་མེད་ཀྱང་རང་གི་ཐ་སྙད་དུ་བྱས་པས་སྣ་ཚོགས་སུ་སྣང་བ་ཐོབ་པས་སོ།། དེའི་ཕྱིར་གཉིས་ཉིད་རང་བཞིན་གྱིས་དག ་པར་རྟོགས་པ་ནི་རྣལ་འབྱོར་པ་འཁོར་བར་གནས་ཀྱང་འཆིང་བར་མི་འགྱུར་རོ།། ཞེས་བསྟན་པའི་ཕྱིར། ཇི་ལྟར་འདོད་པའི་ཀུན་སྤྱོད་དེ་ཇི་ལྟར་སོ་སོའི་སྐྱེ་བོ་རྣམས་མངོན་པར་འདོད་པའི་ཐ་སྙད་དུ་བྱས་པས་སྣ་ཚོགས་པས་རོལ་པར་བྱེད ་པཱ་ཇི་ལྟ་བ་དེ་བཞིན་དུ་འཁོར་བར་གནས་པ་ན་མཆོག་ཏུ་གཉིས་ཀྱིས་དབང་བྱས་པའི་སེམས་པ་སྣ་ཚོགས་པའི་རྣམ་པར་སྒེག་པས་རོལ་པར་བྱེད་ཀྱང་གོས་པར་མི་འགྱུར་བ་དང་། དེ་བཞིན་དུ་གང་ཡང་རུང་བའི་རིགས་ལ་གང་ཅི་ཡང་རུང ་བའི་མི་ཕན་པའི་བྱེ་བས་ཀྱང་གཉིས་སུ་མེད་པར་སྤྱོད་པ་ཅན་གྱི་རྫོགས་པའི་རྣལ་འབྱོར་པ་ངལ་བར་མི་འགྱུར་བའོ།། མཚར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བའི་དགའ་བ་ཐོབ་བྱ་ལསོ་ཞེས་མཚར་བའོ།། ད་ནི་གཉིས་སུ་མེད་པ་གསལ ་བར་ཉམ་སུ་མྱོང་བར་བརྗོད་པར་བྱ་སྟེ། གཉིས་ཀྱི་རྣམ་དོར་རབ་གསལ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བར་མངོན་སུམ་དུ་ཉམསུ་མྱོང་བའི་བདག་ཉིད་དོ།། མཁས་པ་ནི་ནུབ་པ་ལ་སོགས་པའི་སྐྱོན་གྱིས་སྟོང ་པའོ།། ཡང་དག་རིགས་པ་ནི་རྣམ་པར་འགྱུར་བ་མེད་པར་ཡང་དག་པར་རིག་པའོ།། སྐལ་བཟང་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། འདི་ཉིད་ཡོན་ཏན་འདི་རྣམས་ཀྱི་རྟེན་དུ་གྱུར་པ་ཞེས་བྱ་བ་ནི་རང་གི་སྒྲའི་དོན ་ཏེ་དེ་ལའོ།། སྟུག་པོའི་དགའ་བས་ཤེས་བྱ་བ་ནི་འདི་ལས་དམིགས་པ་དང་བྲལ་བ་ཉིད་ཀྱིས་བར་མ་ཆད་པར་འདོད་པ་ལ་མངོན་དུ་ཕྱོགས་པའི་མཚན་ཉིད་ཀྱིས་དགའ་བ་དང་པོའོ།། དེ་ཡིས་གྲང་བ་ནི་སྟོབས་ཆེན་གྱུར་པའོ།། ་དེ་ལ་མངོན་དུ་ཕྱོགས་པ་ལས་རབ་ཏུ་སྟོབས་སུ་གྱུར་པའི་བདེ་བོ་འབའ་ཞིག་ཡང་དག་པར་རིག་པ་མཆོག་ཏུ་དགའ་བའོ།། རོ་ནི་དེ་ཉམསུ་མྱོང་བ་གོམས་པས་རྣམ་པར་བརྩོན་པའོ།། ད་ཡིས་ཡོངསུ་རྫོགས་པ་ནི་རྣམ་པ་ཐམས་ཅད་པའི་སྟོང ་པ་ཉིད་ཀྱིས་དྲི་དམིགས་པ་མེང་པ་ཉིད་དུ་གྱུར་པ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་ཉིད་དུའོ།། དེ་ལྟ་མོད་ཀྱི་དྲང་པོ་དང་གཉིས་པ་ནི་འདོད་པའི་བདེ་བ་ཡང་དག་པར་རིག་པའི་མཚན་ཉིད་ཀྱིས་ཡོངསུ་མ་རྫོགས་པའོ་ཞེས་དེ་དང་དེ་ལྟ་བུར ་གསུངས་པ་ཡིནོ།། ནམ་མཁའི་མཐིལ་དུ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུའོ།། རྣམ་པ་སྣ་ཚོགས་འཕོ་བ་ཞེས་བྱ་བ་ནི་ཇི་ཞིག་ལྟར་འབྱུང་བ་ཉིད་ཀྱིས་སྣང་བཞིན་པའི་རྣམ་པ་སྣ་ཚོགས་འཕྲོ་བ་གང་ཡིན་པའོ།། དེ་རྣམས་བསགས་པ་ནི་ཡོངས་སུ ་རྫོགས་པའི་སྣང་བ་མ་ལུས་པའོ།། ནང་གི་དེ་ཁོ་ན་ཉིད།། སོན་པ་ནི་གང་གི་གནས་སྒྲིབས་ཏེ། དེ་ཡང་འདི་ལྟར་གཉིསུ་མེང་བ་ཉམ་སུ་མྱོང་བའི་མནི་ངག་བསྒོམ་པ་འདི་ཉིད་ལས།། ཡིད་ལ་ཞེས་བྱ་བ་ནི་རང་བཞིན་རྟོགས་པའི་བདག་ཉིད་ཀྱི ་སེམས་ལའོ།། འཇིག་རྟེན་གསུམ་པོ་འདི་དེ་ཞེས་བྱ་བ་ནི་ཁ་ངོགས་དང་དབྱིབས་ལ་སོགས་པའི་ཐ་སྙད་ཀྱི་ཚོགས་རྣམ་པ་མང་པོ་དེ་དང་དེ་སྟེ། འདི་ལྟ་བུའི་རང་བཞིན་གྱི་འཇིག་རྟེན་གསུམ་པོ་ནི་འཇིག་རྟེན་གསུམ་མོ།། སྣང་བ་ཞེས་བྱ་བ་ནི ་ཡོང་སུ་དག་པའི་ར་བཞིན་གྱིས་སྣང་བའོ།། ཐིམ་པ་ལྟ་བུར་གནས་པ་ཞེས་བྱ་བ་ནི་ཕྱི་རོལ་ཏུ་མངོན་པར་ཞེན་པ་དང་བྲལ་ཏེ་ནང་དུ་སོན་པ་ཉིད་ལས་སྐྱོན་དེ་དང་དེ་ལྟ་བུར་མི་འབྱུང་བའི་སྣང་བ་མཐའ་དག་མངོན་སུམ་དུ་ཉམས་སུ་མྱོང་བས ་ཡིན་གྱི། དེ་ལ་ཐིམ་པ་ཉིད་ནི་མི་ཡིནོ།། དེ་ནི་རྣམ་པར་འགྱུར་བ་མེད་པའི་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པ་བརྗོད་པར་བྱ་སྟེ། རང་བདག་ཉིད་ཀྱིས་ཤེས་བྱ་བ་ནི་རྟོགས་པའི་དོན་ཏེ། རང་བྱིན་རླབས་པ་ཞེས་བྱ་བ་ནི་རང་ལྷག་པཱ་ཀ ་ནུས་པའོ།། དེ་ཡང་རྒྱུ་གཞན་ལ་ལྟོས་པ་མེད་པ་སྟེ། ལྷན་ཅིག་སྐྱེས་པ་གསལ་བར་རབ་ཏུ་གྲུབ་པའི་མཚན་ཉིད་ནི་རང་བྱིན་གྱིས་བརླབ་པའོ་ཞེསོ།། རིམ་པ་ནི་ཡེ་ཤེས་ཏེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རིམ་པ་ཉིད་ཀྱིསོ་ཞེས་བྱའོ།། དེ་ལྟར ་ན་གཉིས་དང་རྣམ་པར་བྲལ་བ་ཉིད་ཡང་དག་པར་རིག་པ་ལ་རང་གི་སྒྲའི་ཟོལ་གྱིས་བསྟན་པ་སྟེ། དེའི་ཕྱིར་མངོན་པར་ཞེན་པ་མ་ལུས་པས་སྟོང་ཞིང་འགྱུར་བ་མེད་པའི་ཆོས་ཉིད་རབ་ཏུ་གསལ་བ་གཡོ་བ་མེད་ཅིང་བརྟེན་པ་མེད་པ་ལྷན་ཅིག ་སྐྱེས་པ་ཉིད་ནི་རླུང་བྱིན་གྱིས་བརླབ་པའི་རིམ་པར་བརྗོད་པ་སྟེ། གཞན་ནི་མ་ཡིནོ་ཞེས་བསྟན་པ་ཡིན་ནོ།། སྔགས་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་གོ་བར་སླའོ།། རང་བྱིན་གྱིས་བརླབ་པའི་རིམ་པ་དེ་ཉིད་རྒྱས ་པོར་བསྟན་པའི་ཕྱིར། གང་དུ་ཞེས་བྱ་བ་ནི་རང་བྱིན་གྱིས་བརླབ་པའི་རིམ་པའོ།། དངོས་རྣམས་ཤེས་བྱ་བ་ནི་ཆོས་ཐམས་ཅད་དོ།། རང་བཞིན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་སྟེ། རང་བཞིན་མེད་པ་ཉིད་ཀྱི་རང་བཞིན་ནོ།། རང་བཞིན་ཉིད་ཀྱིས ་ཤེས་བྱ་བ་ནི་དཔེ་ཐམས་ཅད་དང་བྲལ་བ་སྟེ། དེ་ཡིས་མཚོན་པར་བྱེད་པ་ལ་གསུམ་པའོ།། རྟོག་པར་བྱ་ཞེས་བྱ་བ་ནི་ཇི་ལྟར་བྱུང་བ་རྟོགས་ཤིང་རྟོགས་པ་ཐོབ་པ་སྟེ། སླར་མངོན་པར་ཞེན་པར་བྱ་བ་མ་ཡིན ་པར་བསྟན་ཏེ་ཞེས་བྱ་བའི་དོན་ཏོ།། དགའ་བ་ཞེས་བྱ་བ་ནི་གང་དུ་བག་ཆགས་ཉེ་བར་ཞི་བས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། རང་འབྱུང་བ་ཉིད་ཀྱིས་རང་ཉིད་མངོན་པར་གསལ་བའི་རང་བཞི་ནོ།། འདི་ཞེས་བྱ་བ་ནི་སོ་སོ་རང་གི་རིག ་པའི་སྤྱོད་ཡུལོ།། འཆར་ཞེས་བྱ་བ་ནི་གསལ་བར་གྱུར་པའོ།། དེ་བཞིན་དུ་དེ་ཉིད་བསྟན་པའི་ཕྱིར་འདིས་རྟོགས་པས་ན་རྣམ་པར་རྟོག་པ་སྟེ། གཉིས་ཀྱི་རང་བཞིན་དུ་གཟུང་བ་ལསོ།། བདྨ་སྡུག་ཅེས་བྱ་བ་ནི་རྟག་ཏུ་ཉོན་མོངས་པ་སྟེ། དེ་སྦྱིན ་པར་བྱུང་བའོ།། གཉིས་ནི་དེ་ཡི་ཟླས་དབྱེ་བའོ།། རྣམ་པར་མི་རྟོག་པ་ནི་རྟོག་པ་མེད་ཅིང་སྤྱོད་མེད་པའོ།། དམིགས་མེད་ནི་ངར་ཏེ། བདེ་བ་ཆེན་པོའོ།། དེ་བཞིན་དུ་སྣང་བ་མེད་ཅེས་བྱ་བ་ནི་རྣམ་པ་མཐའ་དག་ལ་མངོན་པར་ཞེན་པ་ཉེ་བར ་ཞི་བའོ།། གསལ་བ་མེད་ཅེས་བྱ་བ་ནི་དམིགས་པ་ཉེ་བར་ཞི་བ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིསོ།། འཇུག་པ་མེད་ཅེས་བྱ་བ་ནི་སྒྲོ་བཏགས་པ་དང་བྲལ་བ་ཉིད་།། བསམ་པ་མེད་ཅེས་བྱ་བ་ནི་ཀུན་ཏུ་སྦྱོར་བས་སྟོང་པ ་ཉིད་ཀྱིསོ་ཞེས་བྱ་བར་དགོངསོ།། དེ་ལྟར་ན་འགྲོ་བའི་རྣམ་པའི་ཚོགས་ཤེས་བྱ་བ་ནི་ཡང་དག་པའི་ཚོགས་བསགས་པ་སྟེ། དེ་ནི་ཤེལ་ལྟ་བུའོ།། འདིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་བསྟན་པར་བརྗོད་པ་ཡིན་ནོ།། ་ཅིའི་ཕྱིར་འགྲོ་བ་འདི་དག་རང་བཞིན་གྱིས་ཡོངསུ་དག་པ་ཡིན་ཞེ་ན། དེ་མདོར་བསྟན་པས་གསུངས་པ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱིས་རང་བཞིན་གི་མཚན་ཉིད་ཀྱིས་སྒྱུ་མ་ལ་སོགས་པ་དང་མཚུངས་པར་གནས་སྐབས་ཐམས ་ཅད་དུ་ཉམསུ་མྱོང་བར་བྱ་བས་ན་རྣམ་པར་དག་པའོ།། དེའི་ཕྱིར་དེ་རྟོག་པས་གཅིག་ཏུ་རིག་པའི་རྣལ་འབྱོར་བྱ་བར་སྟོན་པ་སྟེ། ལྷུན་གྱིས་གྲུབ་པ་ནི་མངོན་པར་ཞེན་པ་མེད་པའོ།། དེ་མངོན་པར་གསལ་བར་བྱ་བའི་ཕྱིར། དངོས་པོ ་ཞེས་བྱ་བ་ལ་དེའི་སྒྲ་འཇུག་པའི་རྒྱུ་མཚན་ནི་གྱུར་པས་དངོས་པོ་དང་། རང་གི་མཚན་ཉིད་འཛིན་པའི་ཆོས་ཡིན་པས་དང་། དེར་མངོན་པར་ཞེན་པར་བྱ་བས་ཀྱང་དངོས་པོ་ཞེས།། དེའི་གནས་སྐབས་མི་འཇུག་ཅིང་འཇུག་བཞིན་པ་མ ་ཡིན་པོ་ནི་དངོས་པོ་མེད་པ་སྟེ། འདི་དག་དང་འབྲེལ་པ་མེད་པའི་ཕྱིར་ཡོད་པར་དམིགས་པས་སྟོང་པའི་དངོས་པོའོ།། འདི་མཐོང་བ་ཡང་འདིས་ཀུན་ནོས་མཚུངས་པར་ཐམས་ཅད་ལ་སྒྲིབ་པར་བྱེད་པས་ན་འཇིག་རྟེན་གྱི་ཐ་སྙད་ནི་ཀུན ་རྫོབ་ཡིན་ལ། དེ་ལ་འདིར་མཐོང་བ་ནི་དེ་ལས་མཆོག་ཉེ་བར་དམིགས་པའོ།། ཉེ་བར་དམིགས་པ་མང་པ་ཉིད་དམིགས་པ་ལས་དོན་དམ་ཞེས་ཡང་སྟེ། འདི་ནི་ཞེས་བྱ་བ་ནི་རྗེ་སུ་སྟོན་པའོ་ཚིག་ལས།། འོ་ན་ཅིའི་ཕྱིར་འདི་ལྟ་བུ་ལ་འདི ་ཞེས་བྱ་ཞེ་ན། སྲིད་པ་ཡོངས་སུ་ཤེས་པ་ཉིད་ལས་མྱ་ངན་ལས་འདས་པ་གཞན་མ་ཡིན་པ་གང་ལས་ཏེ། དེ་ལྟར་ཡང་སྲིད་པ་ཡོངསུ་ཤེས་པ་ཉིད། མྱ་ངན་འདས་ཤེས་བརྗོད་པར་བྱ། ཞེས་སོ།། དོན་དམ་པ་དེ་ཉིད ་ཀྱི་རང་བཞིན་བསྟན་པར་བྱ་བའི་ཕྱིར་གསུངས་པ། མཐའ་གསུམ་ཞེས་བྱ་བ་ནི་རྟོག་པར་བྱ་བ་དང་རྟོག་པ་དང་རྟོག་པ་པོ་སྟེ། རྟོག་པའི་འཁོར་གསུམ་དང་བྲལ་བའོ།། རྟོགས་པའི་ངོ་བོ་ཞེས་བྱ་བ་ནི་རྣམ་པར ་རྟོགས་པ་མཐའ་དག་དང་བྲལ་བླུན་པའི་རང་བཞིན་མ་ཡིན་པའོ།། གཞི་མེད་པ་ནི་ཇི་ལྟར་གྱུར་པའི་ཡུལ་རྟོགས་པའོ།། དོར་དྲང་ཞེས་བྱ་བ་ལ་སོགས་པ་ནི་གསལ་བ་དང་བཞག་པ་དང་བྲལ་བ་མཉམ་པར་མི་འཕྲོག་པའོ།། ཞི་བ ་ཞེས་བྱ་བ་ནི་གཉིས་ཀྱི་འདྲིང་པ་དང་བྲལ་ཞིང་བརྫུན་པ་མ་ཡིན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཞི་བའོ།། དབང་ཕྱུག་མིན་པ་ཞེས་བྱ་བ་ནི་འཇུག་པོའི་རྣམ་པར་ཤེས་པ་བསྐྱེད་པ་པོའི་རུང་བཞིན་པ་ཡིན་པའོ།། དཔུང་ཕྱུག་ཅེས་བྱ་བ་ནི་ཆོས ་རྣམས་ཆོས་ཀྱི་དབྱིངས་ཀྱི་གཞན་དཔུང་དུ་གྱུར་པས་ན་དེ་ཐམས་ཅད་དུ་འདི་བདག་པོར་གྱུར་པའོ།། དབང་ཕྱུག་མིན་ཞེས་བྱ་བ་ནི་ཆོས་རྣམས་དེའི་དབང་ལས་ཤེས་པ་ཡང་སྟོང་པ་ཉིད་དོར་བ་ལས་མ་ཡིན་པ་ཉིད་ཀྱིསོ།། གནས་ཤེས ་བྱ་བ་ནི་དེ་རྣམས་ལ་ཡོངས་སུ་གྲུབ་པའི་རྣམ་པ་དབྱེར་མེད་པའོ།། དེ་བཞིན་དུ་གནས་ལ་སྩོགས་པ་ཞེས་བྱ་བ་ནི་གནས་དང་གནས་པ་དང་གནས་པ་པོའི་དབྱེ་བ་དང་ངོ་།། བྲལ་ལས་ཤེས་བྱ་བ་ནི་བག་ཆགས་ཀྱིས་མ་གོས་པའོ།། ་བློ་ནི་བདག་པོར་གྱུར་པ་སྟེ། རྣམ་པ་གཅིག་ཉིད་གྱུར་པ་ནི་རང་བཞིན་གྱི་ཡོངསུ་དག་པ་འཛིན་པའི་ཆོས་སྣང་བར་མཚུངས་པ་ཉིད་ཀྱིསོ།། ཐོག་པ་མེད་པ་ནི་མཚོན་པར་བྱ་བའིའོ།། རྣམ་པར་འགྱུར་བ་དང་བྲལ་བ་ན་ལྷན་ཅིག་སྐྱེས་པསོ།། ་ལེགས་པར་གནས་པ་ནི་གཡོ་བ་མེད་པ་ཉིད་ཀྱིསོ།། དེ་བཞིན་དུ་དེ་ཉིད་མངོན་པར་གསལ་བར་བྱ་བའི་ཕྱིར་ཡང་གསུངས་པ། དེ་བཞིན་སེམས་ཉིད་ཀྱིས་ནི་སེམས། གཅིག་ནི་སྣ་ཚོགས་པར་རྟོགས་པ།། དེ་ཡང་གཟུགས་བརྙན་བདག ་ཉིད་ཀྱི།། རྣམ་པ་སྣང་བ་མཚུངས་པའོ།། གཟུགས་བརྙན་གྱི་བདག་ཉིད་དང་མཚུངས་པ་ཞེས་བྱ་བ་ནི་ཇི་ལྟར་གཟུགས་བརྙན་རང་བཞིན་གྱི་དོན་དང་ལྡན་པས་སྟོང་པ་སྟེ། དེ་བཞིན་དུ་དམ་པའི་ཆོས་དེ་རྣམས་ཀྱང་ངོ་།། དེ་ཉིད་རྒྱས་པར་བསྟན ་པའི་ཕྱིར། རྣམ་པ་ཞེས་པ་ནི་དེ་དང་དེ་ལྟ་བུར་ཡང་དག་པར་རིགས་ཅིང་སྣང་བ་ནི་རྣམ་པ་སྟེ། དམིགས་པ་ལས་གཞན་པའི་རྣམ་པ་ནི་མེང་དོ།། འོན་ཀྱང་རྣམ་པ་མེད་ཅེས་བྱ་བ་ནི་ཉམ་སུ་མྱོང་བའི་རྣམ་པ་མེད་པ་ཡང་སྟེ། བོགས་ཆགས ་སྤངསོ་པ་ལས་གཞན་དུ་ཉེ་བར་དམིགས་ཤིང་ཡོད་པ་མ་ཡིན་པའི་རང་འབྱུང་ཡི་དངོས་པོ་ཉམས་སུ་མྱོང་བ་གང་ཡིན་པ་དེས་ན་ཅུང་ཟད་ཀྱང་སྐྱེ་བ་དང་འཇིགས་པ་མེད་པའི་ཆོས་ཅན་དུ་གྲུབ་པའོ།། དེ་ལྟར་ན་རྣམ་པ་དང་བཅས་པ་དང་རྣམ་པ ་མེང་པའི་ཆོས་གཉིས་སུ་གནས་པར་གྱུར་པ་འདི་ནི་རྣམ་རྟོག་འཕེལ་བ་སྟེ། ཞེས་པ་ནི་དེ་ཉིད་ལ་དོན་གཞན་དུ་གསལ་བར་བྱེད་པས་སོ།། རྣམ་བུ་མེད་ན་ཞེས་སྔོགས་ནི་རྟོགས་པར་སླའོ།། དེ་བཞིན་དུ་ཕུལ་དུ་བྱུང་བའི་རང་བཞིན་གྱི་ལྷན་ཅིག་སྐྱེས ་པ་སྤྱོད་ཡུལ་མ་ཡིན་ཞིང་གཡོ་བ་མེད་པ་ལས་དེ་ལྟ་བུ་ཉིད་ཀྱིས་རང་བཞིན་དུ་ཉེ་བར་སྟོན་པ་གསུངས་ནས། བློ་བཟང་གི་འདི་ལས་གཞན་དུ་ཡོངས་སུ་རྟོག་པ་ནི་སྒྲིབ་པར་བྱེད་པ་ཉིད་ཀྱིས་ཤེས་སྟོན་པ་ཡིན་ནོ།། འདི་རྣམས་ཤེས་བྱ་བ་ནི་སྲོང ་པ་འདི་རྣམས་སོ།། སམ་ཞེས་པནྟི་གྷོ་སྟེ། གཉིས་ཀྱི་ངག་ཆགས་ཀྱིས་ཐ་སྐ་དུ་བྷམྦྷ་པ་དྨསྦྱར་འཁོར་བ་ཉིད་དུངཆིང་བར་འགྱུར་བྱས་སྷོ།། དྭེ་ལྟ་བུའི་བག་ཆགས་དང་བྲལྔ་བ་ཉིད་བསྟན་པའི་ཕྱིར། རང་གི་ས ་ཀྱི་ཀུན་ཏུ་རྟོག་པ་སྤངས་པ་ཉིད་ནི་ཐར་པ་སྟེ་གྲོལ་བའོ།། དེ་ཡང་ཡུལ་གཞན་རྟོགས་པ་ལས་མ་ཡིན་པ་ཉིད་ཀྱི་རང་གི་མཚན་ཉིད་ཀྱི་དོན་ལ་ཙམ་གྱི་སྒྲའོ།། ད་ནི་ཤིན་ཏུ་ཕུལ་དུ་བྱུང་བ་མ་ཡིན་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར ་པ་འབྲེལ་པའི་དབང་གིས་དད་པ་ལ་སོགས་པས་བསྒོམ་པའི་བྱ་བ་ལ་མངོན་དུ་ཕྱོགས་པ་ལས་ཐད་དུ་དེ་འདི་ལྟ་བུ་ཉིད་དོ་ཞེས་ཕྱག་རྒྱའི་སྦྱོར་བ་ལས་རྗེསུ་གཏོགས་པའི་མན་ངག་གསུངས་པ། ཀཀྐོ་ལ་ནི་ལུས་ཀྱི་ཚོགས་པོའོ།། ། ་ཀ་པུར་ནི་ཀ་པུར་དང་འདྲ་བསྡུ་སོ།། ཞུ་བ་ནི་ཇི་ཞིག་ལྟར་བྱུང་པོ་ཉིད་ཀྱིས་ཏེ། གཅིག་དང་དུ་མའི་སྦྱོར་བས་རྣམ་པར་མ་སྤྱད་པར་མངོན་པར་གསལ་བར་གྱུར་པའོ།། དྲི་མེད་ཅེས་བྱ་ནི་འདི་ཉིད་རང་བཞིན་གྱི་ཡོངས་སུ་དག་ཅིང ་ཤིན་ཏུ་དགའ་བའི་ཡིད་ཡིན་པ་ཉིད་ཀྱིས་བག་ཚུགས་བསྒོ་བར་བྱེད་པའི་རབ་རིབ་དང་བྲལ་བྱ་སྟེ། ཆོས་ཀྱི་དབྱིངས་རྟོགས་པའོ།། དེ་ནི་བཟང་པོའི་རོ་སྟེ། ལྷན་ཅིག་སྐྱེས་པའི་བདེ་བ་གཞི་མེད་པའི་སྤྱོད་ཡུལ་ལོ།། འོན ་ཀྱང་ཀཀྐོ་ལའི་དང་འདྲ་བའི་ཞེས་བྱ་བ་ནི་ཕྱག་རྒྱའི་སྦྱོར་བས་རྣམ་པར་རྟོག་པ་ཉིད་མ་ཡིན་པའོ།། རྩེ་དགའ་ནི་ངོ་གཅིག་ཏུ་རྗེས་སུ་ཆགས་པའོ།། ལོངས་སྤྱོད་ནི་རྣམ་པ་ཐམས་ཅད་དུ་དེ་ཉམསུ་མྱོང་བའོ།། རྣམ་པ་མཐའ ་དག་དང་བྲལ་བའི་ཆོས་ཉིད་རྣམ་པར་སྤྱོད་པ་ཉིད་ཀྱིས་ཤེས་རབ་ནི་རབ་ཏུ་གསལ་བར་གྲགསོ།། སྐལ་བཟང་ནི་དེ་ཡི་སོ།། འོན་ཀྱང་པོ་ལ་ཡི་དང་འདྲ་བའང་མིན་ཞེས་བྱ་བ་ནི་རྣམ་པར་འགྱུར་བ་མེད་པའི་ཡིས་ཡིན་པ་ཉིད་ཀྱིསོ།། ། ་ཅིར་ཡང་ཞེས་བྱ་བ་ནི་ཡུལ་མི་འདོར་པ་ལྔ་ཆེད་དུའོ།། བསམ་བྱ་མིན་པའི་དགའུ་བྲལ་གྱི་དགའ་བས་སྟོང་པ་སྟེ། དྲན་པས་གོ་བར་བྱ་བའི་ཡུལ་མ་ཡིན་པའི་རང་བཞིན་གྱིསོ།། འདི་ནི་ཞེས་བྱ་བ་ནི་སོ་སོ་རང་གི་མངོན་སུམ་དུ་རིག་པའོ།། ་མཐའ་དག་ཀུན་ཏུ་རྟོག་པའི་ཚོགས་ནི་བདྲེ་བའི་ལོངས་སྤྱོད་ལ་མངོན་པར་ཞེན་པའི་ཀུན་ཏུ་རྟོགས་པའི་བག་ཆགས་ཀྱི་ཚོག་སོ།། ཟད་པ་ནི་དུམ་བུར་བྱས་པའོ།། དམིགས་པ་མེད་པ་ནི་འདི་ལྟར་ཀཀྐོ་ལ་དང་བྲལ་བས་ཀྱང་སྟེ། ལྷན་ཅིག ་སྐྱེས་པ་ནི་རྟེན་མེང་པ་ཉིད་ཀྱིསོ།། དེ་བཞིན་དུ་ཡང་དག་པ་གསལ་བ་ལྷག་པར་རྟོགས་པས་ཆེན་པོ་ཉིད་ཀྱང་སྟེ། དེ་ཡང་རྣམ་པར་རྟོག་པ་ནི་སློབ་པ་དང་གནོད་པར་བྱེད་པས་མུན་པ་དང་འདྲ་ལ། དེ་དག་ནི་རབ་ཏུ་གསལ་བའི ་ཕུལ་དུ་གྱུར་པ་གང་གིས་སོ།། དགའ་བ་ཡིས་ཤེས་བྱ་བ་ནི་མཆོག་དགའ་དང་དགའ་བྲལ་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་རང་བཞིན་འདི་ཙམ་ཉིད་དེ་དང་དེ་ལྟ་བུར་སྣང་བ་ཆེན་པོ་ཡང་།། ན་མཁའ་ཞེས་བྱ་བའི་སྟོང་པ་ཉིད་དོ།། དེ་གང ་བ་ནི་རྣམ་པ་ཐམས་ཅད་པའི་བདག་ཉིད་ཀྱི་སྟོང་པ་ཉིད། འདི་ལྟར་ཐམས་ཅད་དུ་དེ་རྟོག་ཤིང་ཡང་དག་པར་འཆར་བ་ཡིན་ནོ།། ཞེས་བྱ་བའོ།། དེ་བཞིན་དུ་དང་པོ་དང་གཉིས་པ་ཡང་ཉེ་བར་བསྟན་པའི་ཕྱིར་གསོངས་པ། རྣམ་པར་མི་རྟོག་པས ་པ་ཚ། འདོད་པའི་མཚན་ཉིད་བདག་ཉིད་ཅན།། དགའ་བའི་བདེ་བའི་ཁྱིམ་གྱི་ནི།། སྒོ་ཡི་ཐེམ་སྐས་ལྟ་བུའོ།། ཨེ་མའོ་བདེ་བ་ཨེ་མའོ་བདེ་ཆེན་ཉིད།། ཨེ་མའོ་ཇི་ལྟ་ཇི་ལྟར་ལྗོངས་སྦྱང་བགྱི།། འདོད་པ་ཞེས་བྱར་རྩོལ་བའི ་སེམས་ཀྱི་ནི།། དགའ་དེ་སྔོན་དུ་འགྲོ་བ་ལྟ་བུ་ཡིན།། ཚིགསུ་བཅད་པ་གཉིས་པོ་འདི་དག་གིས་དགའ་བའི་མཚན་ཉིད་གསུངས་པ་ཡིན་ལ།། ཡང་མཆོག་ཏུ་དགའ་བའི་མཚན་ཉིད་བསྟན་པའི་ཕྱིརརོ་གསུངས་པ། དངོས་པོ་རྣམས་ལ་ངོ་བོ ་ཉིད་རྟགས་པྲ།། སྟོང་པ་ཉིད་ཀྱིས་རྣམ་པར་འཇོམས་པར་བྱེད།། རང་བཞིན་མེད་པ་ཉིད་དུ་སྦྱོར་བ་ལས།། མཆོག་ཏུ་དགའ་བ་ཡི་ནི་རང་བཞིན་ཅན།། ཨེ་མའོ་ཡེ་ཤེས་ཨེ་ཡེ་ཤེས།། ཡེ་ཤེས་གསལ་བ་འདི་ངོ་མཚར།། ཞེས་བྱར་ལོངས ་སྦྱོང་རྩོལ་བའི་སེམས།། མཆོག་ཏུ་དགའ་བ་འདི་ངོ་མཚར།། ཡེ་ཤེས་འདི་དག་ནི་ནིག་ཆགས་ལོངས་སྤྱོད་པ་ཉིད་ཀྱི་མཛེས་པ་མ་ཡིན་པ་སྟེ། དེ་ལས་འདིར་གཉིས་ཀྱི་མཚན་ཉིད་རྗེས་སུ་དམིགས་པས་མཚོན་པར་བྱ་བ་མ་ཡིན་པའི་ལྷན་ཅིག ་སྐྱེས་པ་མི་བླུན་པ་ཉིད་བསྟན་པའི་ཕྱིར་གསུངས་པ་དངོས་པོ་ཞེས་བྱ་བ་ནི་ཡོད་པ་ཉིད་མཆོག་ཏུ་དགའ་བའོ།། དངོས་པོ་མེད་པ་ཞེས་བྱ་བ་ནི་མང་པ་ཉིད་དགའ་བྲའོ།། འབའ་ཞིག་ཉིད་དང་རྣམ་བྲལ་ནི་དེ་གཉིས་ཀྱི་དབྱེ་བ་དང་བྲལ་བར་རྟོགས་པའོ། ་དོ་ལཱི་རང་ཉིད་དེ་བླུན་པའི་ལྷན་ཅིག་སྐྱེས་པ་ལ་ལྟོས་པ་མེད་པ་ཉིད།། མཛེས་པ་ནི་བག་ཆགས་དང་བྲལ་བའི་སྣང་བ་མ་ལུས་པའོ།། ལྕག་པོར་གྱུར་པའི་དགེའ་བ་ཞེས་བྱ་བ་ནི་སྟུག་པོ་སྟེ་ཕ་རོལ་ཏུ་ཕྱིན་པ་ལྔའི་དེ་ཁོ་ན་ཉིད་ཀྱི་དངོས་པོ ་རབ་ཏུ་རྟོག་པ་ཞེས་བྱ་བ་ནི་ཀུན་ཏུ་འདོད་པའི་ལོངས་སྤྱོད་ཀྱི་ཡུལ་དྲན་པའི་རང་བཞིན་གྱི་དགའ་བ་གསུམ་པོ་རྣམ་ལ་ཤིན་ཏུ་ལྷག་པ་རྟོག་པ་སྟེ། གཞི་མེད་ཅིང་ཐོགས་པ་མེད་པའི་རང་བཞིན་ཇི་ལྟར་ཡོད་པ་ལྷག་པར་རྟོག་པའི་བདག་ཉིད་ཀྱིསོ།། ། ་ཆེན་པོ་ཞེས་པ་ནི་གོང་དུ་ཉེ་བར་བསྟན་པའི་མཚན་ཉིད་བཞི་པོ་དག་གི་ནང་ནས་དེ་ཡང་དག་པ་རྟོགས་པར་བྱེད་པ་ཉིད་ཀྱིས་ཆེན་པོའོ།། ནུ་མཁའི་ནང་ཁྱབ་པ་ནི་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ནོ།། རྣམ་པ་སྣ་ཚོགས་ནི་སྣང་བ་སྣ་ཚོགས་པའོ།། ་དེ་རྣམས་ཀྱི་རྒྱ་ཆེ་བ་ནི་ངང་ཚུལ་རྒྱ་ཆེ་བའོ།། དྲི་མེད་ནི་དྲི་མ་དང་བྲལ་བ་ཉིད་ཀྱིས་སོ།། དུས་ན་དེའི་དཔེ་གསུངས་པ་སྟེ། མེ་ལོང་ནི་མེ་ལོང་ངོ་།། དཀྱིལ་འཁོར་ནི་གཟུགས་བརྙན།། འཕྲོ་བ་ནི་སྣ་ཚོགས་པའི་རྣམ་པ་འཛིན་པས་མཛེས་པ་སྟེ ་འདྲ་བ་ནི་མཚུངས་པའོ།། བདེ་བ་ཀུན་གྱི་གིཞ་ནི་ཕུན་སུམ་ཚོགས་པའི་བདེ་བ་མ་ལུས་པའི་ས་ཡིན་པསོ།། དེ་ཉིད་ནི་འདི་ལྟར་གཟུགས་བརྙན་དང་མཚུངས་པའི་རྣམ་པ་ཐམས་ཅད་པའི་དངོས་པོ་རང་བཞིན་གྱི་འོད་གསལ་བ་རང་གཞན་དང ་བྲལ་བའི་དེ་ཁོ་ན་ཉིད་གཅིག་པུ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་གནས་སྐབས་ཀྱི་དམ་པའི་གཟུགས་ཇི་སྙེད་པའི་རང་བཞིན་རང་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པའི་མཚན་ཉིད་སྐུ་གསུམ་གྱི ་ཕྱེ་བའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྩ་བའོ།། བཞི་པ་ཡིན་པར་བརྗོད་ཅེས་པ་ནི་གསུམ་པ་འདི་ལའོ།། དེ་བཞིན་དུ་ནི་ཝཱ་པས་ཀྱང་སྟེ། རྣམ་པར་རྟོག་པ་མ་ལུས་པ་སྐྱེ་བ་བཅོམ་པས་རྣམ་པ་ཐམས་ཅད་ཀྱི་མཚན་དང་ལྡན་པ་ཉིད་ཀྱི་ལུས ་པ་མེད་པའི་རང་བཞིན་དུ་གྱུར་པའི་དགའ་བའོ།། ད་ནི་ལྷུན་གཅིག་སྐྱེས་པ་སྣང་བཞིན་པ་ཡང་དས་པ་རིགས་པའི་རྣལ་འབྱུང་བ་ཉམས་སུ་མྱང་བ་གཅིག་དུ་སྤྱོང་པ་ཉེ་བར་འགྱུར་བ་པྟ་དྨ་གསུངས་པ། ཨོཾད་། ་ཞེས་པ་ནི་བདེ་བ་ཡང་དག་པར་རིག་པ་ལས་ཉམསུ་མྱོང་བ་གཞན་མེད་པ་ལ་ངོ་མཚར་བ་སྟེ། ཕུལ་དུ་བྱུང་བའི་ཡིད་དགའ་བའོ།། བད་ཆེན་ཞེས་པ་ནི་རང་བཞིན་མེད་པ་ཉིད་ལས་རྣམ་པ་ཐམས་ཅད་པར་སྣང་བཞིན་པོའོ།། དེའི་རོལ་པ་ནི་ངལ་བ ་མེད་པར་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དེ་དང་དེ་ལྟ་བུར་སྣང་བར་གྱུར་པའོ།། སྲིད་པ་གསུམ་ནི་འཇིག་རྟེན་དུ་གདགས་པ་གསུམ་ཉིད་ངམ་ལུས་ཡིད་གསུམ་མོ།། གང་བ་ནི་ཁྱབ་པའོ།། གང་གིས་ནི་རོལ་པ་གང་གིས་སོ།། རང་གཞན ་དབྱེ་བ་ནི་བདག་དང་གཞན་གྱི་དབྱེ་བའོ།། འདི་ཞེས་བྱ་བ་ནི་བག་ཆགས་ཀྱིས་དབང་བྱས་བཞིན་པའི་མངོན་སུམ་མོ།། སྐད་ཅིག་ནི་ལྷན་ཅིག་སྐྱེས་པའི་སྐད་ཅིག་འདིའོ།། དབྱེར་མེད་ནི་རོ་གཅིག་པ་ཉིད་དུའོ།། འགྲོ་བ་ནི་རྟོགས་པའོ།། དེ་ཡང་འདི ་ལྷོར་ཡིད་ལྷན་ཅིག་སྐྱེས་པ་ལ་མཉམ་པར་བཞག་བཞིན་པའི་རྣལ་འབྱོར་པ་ནི་རང་དང་གཞན་དུ་དམིགས་པའི་རྒྱུའི་དབྱེ་བས་སྟོང་པས་དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་ཀྱི་དབྱེ་བ་མེད་དེ་ཉིད་སླར་ཡང་གསལ་བར་བྱ་བའི་ཕྱིར་གསུངས་པ་ནི། ་རྟོགས་པར་སླའོ།། དེའི་ཕྱིར་འདུ་བྱེད་པ་མེད་པ་ཤིན་ཏུ་གསལ་བ་ཉིད་གཉི་སུ་མེད་པར་རྟོག་སོ་ཞེས་བསྟན་པའི་ཕྱིར་གསུངས་པ། དངོས་པོ་རྣམས་ནི་ཆོས་རྣམ་སོ།། དབྱེར་པ་མེད་པ་ཡང་ཞེས་པ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་གྱིས ་དབྱེར་མེད་ཡིན་པ་ཡང་ངོ་།། སླར་ཡང་ཞེས་བྱ་བ་ནི་གཉིས་སུ་མེད་པ་ཉིད་ཀྱི་གནས་སྐབས་ན་ཡང་དབྱེ་བ་མེད་པར་འགྱུར་བ་སྟེ། འགྱུར་བ་མེད་པའི་ཆོས་ཉིད་བླང་དོར་དང་བྲལ་བ་རྟོགས་ཤིང་ཁོང་དུ་ཆུང་བསོ།། ཅིའི་ཕྱིར་འདི་དེ་ཁོ་ན ་ན་ཉིད་རྟོགས་པ་ཡིན་ཞེ་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་དངོས་པོ་རྟོག་པ་ལས་ཏེ། དེའི་ཕྱིར་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའོ།། དེ་ལྔ་རྣམ་པ་མཐའ་དག་སྤངས་ནས་ན་མཁའ་ལ་སྟོང་པ་ཉིད་སྣང་བས་མཛེས ་ཉི་ནི་ཀུན་ཏུ་འདོད་པའི་རང་བཞིན་གྱི་སྐད་ཅིག་མ་གསུམ་ལས་ཕུལ་དུ་བྱུང་བས་ཆེན་པོ་ཉིད་ཡིན་པ་གང་གི་ཕྱིར་བདེ་བ་ཆེན་པོའི་སྒྲས་བརྗོད་པ་ཡིན་ནོ།། དེ་ཡང་འདི་ལྟར་རང་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པས་རྣམ་པར་རྒྱལ ་བའི་རྣལ་འབྱོར་པའི་ཡིད་གཉིས་ཀྱི་རྣམ་པ་དང་བྲལ་ཞིང་རོ་གཅིག་ཏུ་གྱུར་པས་དབང་བྱས་པ་ལས་དེ་འདི་ལྟ་བུ་ཉིད་དུ་ཁྱད་པར་དུ་སྣང་བའོ་ཞེས་བྱ་བ་སྟེ། དེ་ཉིད་ལ་བདེ་བ་ཆེན་པོ་ལེགས་པར་རྟོགས་པ་ཞེས་ཀྱང་བསྟན་པ་ཡིན་ནོ།། ད་ནི་རང ་བཞིན་ལྷན་ཅིག་སྐྱེས་པ་དང་རྗེ་སུ་འཐུན་པའི་མོས་པས་ཞི་གན་སུ་བྱ་བའི་ཕྱིར་ཤིན་ཏུ་ཕྲ་བའི་གཏུ་མོའི་སྦྱོར་བ་ཁྱད་པར་དུ་བྱ་བ་གསུངས་པ། དངོས་པོའི་ཚོགས་རྣམས་ནི་ཆོས་ཀྱི་ཚོགས་རྣམསོ།། རྣམ་པར་དཔྱོད་པས་ནི་དེའི་སྐྱེ་བ་མེད་པ་ལ ་སོགས་པ་རྣམ་པར་དཔྱོད་པ་དྲི་མ་མེད་པའོ།། འཕེལ་བ་ནི་དེ་རབ་ཏུ་གྱུར་པའོ།། ཤེས་རབ་ནི་དེ་ཁོ་ན་ཉིད་དུ་སྐྱེ་བ་དང་བྲལ་བས་འགྱུར་བ་མེད་པའི་ཆོས་ཉིད་རྟོགས་པ་སྟེ། བག་ཆགས་དང་བྲལ་བའི་རིག་པའོ།། རླུང་ནི་མའི་གྲོགས་ཉིད། ་དེས་སྐུལ་བས་དང་། ཡང་དག་པར་རྣམ་དཔྱོད་པའི་རྒྱུན་ཡོངསུ་ཤེས་པས་ཀྱང་།། གཏུམ་མོ་ནི་བར་མ་ཆད་པར་ཇི་ལྟར་ཡོད་པ་རབ་ཏུ་གསལ་ཉིད་ཀྱིས་རྣམ་པར་རྟོག་པའི་དྲ་བ་མཐའ་དག་སྲེག་པའི་བདག ་ཉིང་དོ།། འབར་བ་ནི་བག་ཆགས་མཐའ་དག་བསྲེག་པས་མངོན་པར་གསལ་བར་གྱུར་པའོ།། རབ་ཏུ་གསལ་བ་ནི་རབ་ཏུ་དངས་པའོ།། རྒྱ་ཆེ་བ་ནི་རྒྱ་ཆེར་འཕེལ་བཞིན་པ་ཉིད་ཀྱིས།། ཡང་དག་ཡེ་ཤེས་ཏེ། བག་ཆགས་ནི་བླུན ་པ་ལས་གཞན་མ་ཡིན་པ་ཉིད་ཀྱིསོ།། དྲི་མ་མེད་པ་ནི་སྒྲིབ་པ་ཐམས་ཅད་རབ་ཏུ་བཅོམ་པསོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ལྔར་མོས་ཤིང་མཚོན་པར་བྱ་བ་གཟུགས་ལ་སོགས་པ་རྣམས་སུ་རྣམ་པར་རྟོག་པ་སྟེ་མངོན་པར ་ཞེན་པའི་ཕུང་པོ་བསྲེགས་ཤིང་ཉམས་པར་བྱས་པསོ།། བདུད་རྩི་ནི་སྐྱེ་བ་དང་འཇིགས་པས་སྟོང་པའི་ཆོས་ཐམས་ཅད་དེ་སྟོང་པ་ཉིད་།། ཞུ་བ་ནི་རབ་ཏུ་གསལ་བར་བྱེད་པ་སྟེ། འབར་བ་འབའ་ཞིག་གིས་མ་ཡིན་པར་འཛག་པས་ཀྱང་ངོ་། ་ཞེས་བྱ་བའི་དོན་ཏོ།། དམིགས་མེད་ཡང་དག་རིག་བྱེད་པ་ནི་རྟེན་མེད་པར་རྟོག་པའོ།། ན་མཁའ་ཡང་ནི་ཁྱབ་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཚུལ་གྱིས།། དངོས་པོ་མཐའ་ངག་མཉམ་པ་ཉིད་ནི་ངས་འཐོབ་པ་སྟེ། མངོན་པར་སྦྱོར་བ་ལས་དང་ཡིག ་ཕྱིས་པའོ།། དེ་ཡང་འདི་ལྟར་མོས་པའི་འབྲས་བུ་གཞི་མེད་པ་ཉིད་ཀུན་ཏུ་མཚུངས་པར་མངོན་དུ་གྱུར་པ་ནི་རྫོགས་པ་སྟེ། མཆོག་ཏུ་ལྷན་ཅིག་སྐྱེས་པའོ།། རྩ་རྣམས་ཀྱང་ཉེ་བར་བཏགས་པ་དང་བྲལ་བའི་ལྷའི་གཟུགས་དེ་བཞིན་ཉིད་ལྷན ་ཅིག་སྐྱེས་པའི་བདག་ཉིད་ཞེས་ཉེ་བར་བསྟན་པའི་ཕྱིར་གསུངས་པ། རང་བཞིན་གྱི་ནི་རྩ་རྣམས་ནི། དེ་ཁོ་ན་ལས་ལྷ་ཉིད་མིན།། འདི་རྣམས་ཀྱིས་ནི་ཤིན་ཏུ་དག། རང་བཞིན་མེད་ནི་རླུང་པོ།། དེ་བཞིན་དུ། ཤེས་རབ་ཐབས་དག་ཅིག་ཉིད ་གང་རྣམ་པ་ཐམས་ཅད་སྡོམ་པ་གཅིག། ཨ་བ་དྷུ་ཏཱི་རྣམ་སེལ་བ་དག། དེ་ནི་དབུ་མའི་རྟོགས་པར་འདོད།། གཅིག་པུ་ཨ་བ་དྷཱུ་ཏཱི་ཉིད་ཅེས་བྱ་བིའི་བ་རཱ་དུའོ།། གང་དུ་ཞེས་བྱ་བ་ནི་ཡང་དག་པར་རིག་པ་གང་དུ་སྟེ་དགའ་བའོ།། ཡང ་དག་པར་རྟོག་པ་ནི་གཉིས་སུ་མེད་པར་རྟོགས་པའོ།། དེ་ནི་དག་པ་སྟེ། སྟོང་པ་ཉིད་ཀྱི་ཕྱིར་དག་པའི་དངོས་པོར་ཡོད་པའོ།། ནམ་མཁའི་ཚེ་ཞེས་པ་ནི་སྟོང་པ་ཉིད་ཀྱིས་རང་བཞིན་གྱིས་སྟོང་པས་ཆེན་པོ་ཉིད་དེ། དེ་ལས་ལྷག་པ་མེད་པ ་གཉི་སུ་མེད་པའི་དོན་ཏོ།། འདི་ཉིད་ཀྱི་ཕྱིར་གང་དུ་ཕྱིན་པ་ལྔའི་རང་གི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉི་སུ་མེད་པ་ཉིད་ནི་ཡོངསུ་དག་པའོ།། རྣམ་ཀུན་ཉེ་བར་བསགས་པས་མཐའ་དག་རྫོགས་པར་རྟོགས་བྱ་ལོངས་སྤྱོད ་རྫོགས་ཤེས་བྱ་བ་ནི་ཡོངས་སུ་རྫོགས་ཤེས་བྱ་བ་ནི་ཡོངས་སུ་རྫོགས་པ་ལ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པ་སྟེ། དེའི་རྟོགས་བྱ་ནི་ཐོབ་པར་བྱ་བའོ།། དངོས་པོའི་ཚོགས་ནི་ཐ་སྙད་དུ་སྣང་བཞིན་བྱ་རྣམས་ཏེ། དེ་བཞིན ་ཉིད་དུ་རོ་མཉམ་པ་ཉིད་ཀྱིས་རྨི་ལམ་ལྟ་བུ་ནི་སྤྲུལ་པའོ།། སྒྲིབ་པ་བྱུང་བའི་ཡེ་ཤེས་ཡུལ་དེ་རྣམ་དག་ཨ་པ་དྷཱ་ཏཱིའོ་ཞེས་བྱ་བ་ནི་སླར་ཡང་སྒྲོ་བཏགས་པ་མ་ཡིན་པ་ཐོབ་པ་ཉིད་དོ།། ད་ནི་འཁོར་ལོ་བཞིའི་ལྷག་པའི་དབྱེད ་པ་གསུངས་པ། སྙིང་ཁ་དང་མགྲིན་པ་དང་བྷ་ག་དང་སྤྱི་བོ་རྣམས་ལ་འཁོར་ལོ་བཞི་རྣམས་ཏེ། རིམ་པ་ནི་ཡོངས་སུ་བསྟར་བའོ།། ད་ལ་བླུན་པའི་རང་བཞིན་གྱི་འགྲོ་བར་འགྱུར་བ་མེད་པའི་དེ་བཞིན་ཉིད་རྟོགས་པ་འཛིན་པར ་བྱེད་པས་ཆོས་དང་། ངག་གི་ཐ་སྙད་ཀྱིས་རང་དང་གཞན་ལ་ཕན་པ་ཡང་དག་པར་ཉམ་སུ་མྱོང་བར་བྱེད་པས་ལོང་སྣ་སྤྱོད་རྫོགས་པ་དང་། སེམས་ཅན་གྱི་བསམ་པའི་དབང་བཞིན་དུ་སྐུ་སྤྲོ་བ་སྟོན་པར་བྱེད་བྲས་སྤྲུལ་པ་དང་། འཁོར་ལོ་གསུམ ་ལས་ཁྱད་པར་དུ་གཡོ་བ་མེད་པའི་དགའ་བ་ཕུན་སུམ་ཚོགས་པ་རྟོགས་པར་བྱེད་པས་བདེ་བ་ཆེན་པོའོ།། དེ་ཡང་འདི་ལྟར་འཁོར་ལོ་བཞི་པོ་ཡང་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདག་ཉིད་ཀྱིས་དེ་བཞིན་ཉིད་དུ་མཚུངས་པའོ།། འོན་ཏང་དགའ ་བའི་ཡང་འགྱུར་བ་མེད་པའི་ཆོས་ཉིད་རྟོགས་པ་ལ་ནི་རྣམ་པར་དཔྱོད་པ་མེད་པའི་ཕྱིར་དབྱིབས་ཀྱིས་དབྱེ་བས་གྲངས་སུ་བྱ་བ་ཡང་མེད་དོ་ཞེས་གསུངས་ནས། དེ་བཞིན་ཉིད་འོདི་ལ་ནི་ཁྱད་པར་གྱི་དབྱེ་བའི་རྣམ་པའང་མེད་པ་སྟེ། དེ་ལྟར་ཡང་སྣ་ཚོགས ་པའི་རྩ་དང་ཤིང་གི་ནགས་བསྲེགས་པ་ནཱ་ནམ་མཁའ་ལ་དབྱེ་བ་མེད་པ་དེ་བཞིན་དུ་མ་ལུས་པའི་བགོ་ཆགས་ནུབ་པ་ན་དེ་བཞིན་ཉིད་དུ་དབྱེ་བ་མེད་པའོ།། དེ་ལྟ་ན་ཀུན་རྫོབ་དང་དོན་དམ་པ་ཡང་རང་བཞིན་ཉིད་བོད་གསལ་བར་རོ་གཅིག་པ་ཉིད་ཀྱིས ་དབྱེར་མེད་པའོ།། འོན་ཀྱང་ཀུན་རྫོབ་ཏུ་ཇི་ལྟར་ཡོད་པའི་ཆོས་རྟོགས་པས་དང་། དེ་མེད་པ་ཉིད་ལ་སོགས་པས་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་བལྟ་བར་བྱ་བའོ།། དངོས་པོ་རྣམས་ཉིད་ཅེས་བྱ་བ་ནི་ཐ་སྙད་དུ་ཡོད་པའི་དོན་གྱི་དངོས་པོ་ཉིད། ་རང་བཞིན་ཞེས་པ་ནི་སྔར་བསྟན་པ་བཞིན་ཏེ། གཞན་ནི་རྟོགས་པར་སླའོ།། འདི་ལས་ན་གང་ཤིན་ཏུ་ཕྲ་བར་དམིགས་པས་ཀྱང་དེ་ཁོ་ན་ཉིད་དུ་མི་འགྱུར་ཞེས་མདོར་བསྡུས་ནས་གསུངས་པ། ཕྲ་མོའི་རང་བཞིན་ཞེས་པ་ནི་དམིགས་པ་བརྗོད་པ་སྟེ། སྔར ་ཉེ་བར་བསྟན་པ་ལས་གཞན་མ་ཡིན།། ངེས་པར་ནི་ངེས་པ་ལས་ཏེ། དེ་ཁོ་ན་ཉིད་ནི་ཡང་དག་པའི་མཐའོ།། དེ་ལྟར་ན་འདི་ཉིད་དུ་བཤད་པ་ཙམ་ལས་དེ་ཁོ་ན་ཉིད་མ་ཡིན་པར་བརྗོད་པའོ།། དམིགས་པས་སྟོང་པས་ན་མཆོག་གི་བདེ་བར་རོ་གཅིག་པ་སྟེ། ་བར་མ་ཆད་པའི་བདག་ཉིད་འབའ་ཞིག་པསོ།། དང་བ་ནི་རྣམ་པར་དག་པའོ།། རྒྱུན་ནི་དེ་ལྟ་བུར་རྒྱུན་ཆགས་པའོ།། སྣང་བ་ནི་གང་གིས་སྟེ། དེ་དང་དེ་ལྟ་བུར་གསུངས་པ་རྣམས་སོ།། ཉམ་སུ་མྱོང་བའི་སྙིང་པོ་ཞེས་པ་ནི་སོ་སོ་རང་གི་རིག་པར་བྱ་བའི་ངོ་བོའོ།། ། ་དམིགས་པས་སྟོང་ཞེས་པ་ནི་ཐ་སྙད་སྣ་ཚོགས་ཀྱི་དམིགས་པ་མི་འཇུག་པའོ།། དེ་ཉིད་ནི་དོན་ཇི་ལྟ་བའི་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོ་ཞེས་བྱ་བའོ།། དེ་བཞིན་དུ་བདེ་བ་ཆེན་པོའི་སྐུ་སྟེ། ངེས་པར་གཅིག་ཏུ་ཡུལ་གྱིས་འདོད་པ་མེད་ཅིང་མཆོག་ལ ་བརྟེན་པ་འབའ་ཞིག་པའི་སེམས་སོ།། མཆོག་ནི་རྣམ་པ་དང་ལྷ་སྟེ། དེའི་ཕྱིར་དེ་ལ་ཡང་དག་པར་བརྟེན་པ་ནི་མ་འཁྲུལ་པ་ཡིན་ལ། གང་འཁྲུལ་པ་མེད་པ་ནི་ན་མཁའི་རང་བཞིན་ཤིན་ཏུ་འོད་གསལ་བ་དམིགས་པ་མཐའ་དག་ལས་འདས་ཤིང ་མི་ཉམ་པ་བདེ་བ་ཆེན་པོའི་སྐུའོ།། རང་བཞིན་མེང་པའི་ངོ་བོ་ཉིད་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ལ། རང་བཞིན་མེད་པ་ཉིད་ལས་བར་མ་ཆད་པ་རྣམ་པ་སྟོན་པ་ཡང་སྟེ། རྟོག་པའི་རང་བཞིན་ཅན་ཞེས་བྱ་བ་ནི་བཏགས་པའི་ངོ་བོ་ཉིད་དོ།། ་རང་བཞིན་གྱིས་རྣམ་པར་རྟོག་པ་ལས་མ་བྱུང་ཞིང་སྟོང་པས་ན་རང་གཞིན་མེད་པ་སྟེ། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བས་ན། རང་གི་འདོད་པས་འཇུག་པ་ཡིས། བག་ཆགས ་སྟོབས་ཀྱིས་གཡོས་པ་ལས། རྣམ་པར་རྟོག་པ་སྐྱེས་གྱུར་པ། ཕྱི་རོལ་དོན་འབྲས་ཉིད་ལྟ་བུ། ཞེས་ཏེ། རང་གི་འདོད་པས་ཤེས་བྱ་བ་ནི་རང་ཉམས་ཀྱི་གཞོན་དབང་གྱིས་ཏེ། ཡང་དག་པར་སྒྲོ་བཏགས་པའི་བག་ཆགས་བརྫུན་པའི ་སྟོབས་ཀྱིས་བྱས་པ་ལས་རྣམ་པར་རྟོག་པའི་ཤེས་པ་སྐྱེས་པ་ན་ཕྱི་རོལ་གྱི་དོན་གྱི་འབྲས་བུ་ཉིད་ལྟ་བུ་སྟེ་བར་མ་ཆད་ཅིང་དབྱེར་མེད་པའི་བག་ཆགས་ཀྱི་དབང་ཉིད་ཀྱིས་སོ་ཞེས་པའོ།། ཀྱེ་ཧོ་ཞེས་བྱ་བ་ནི་ཆེད་དུ་ངོ་མཚར་པོ་ལ ་མཚར་བའོ།། རྣམ་བཀྲ་ཞེས་བྱ་བ་ནི་སྣ་ཚོགས་པ་ཉིད།། རྣམ་རྟོག་རྗེས་སུ་སོང་གྱུར་པ་ཞེས་པ་ནི། ཀ་དམྨ་སྟེ་གླིང་བུ་གློ་ལ་ཀའི་རོལ་མོའི་སྒྲ་ལྟ་བུརྱ། རང་གི་ཉམས་ཀྱི་དབང་གིས་ཡུལ་གཅིག་ཉིད་ལ་དུས་གཅིག་དུ ་རྣམ་པ་མང་པོར་ཉེ་བར་རྟོག་པའོ།། དེ་བཞིན་དུ་གཅིག་གི་དངོས་པོ་ཉིད་ལ་ཞེས་བྱ་བ་ལ་དངོས་པོ་ནི་ཡུལ་ཏེ་ཡང་ཞེས་པའི་དོན་ཅན།། ནི་ཞེས་བྱ་བ་ནི་ཡང་ཡིག་ཕྱིག་པའོ།། རྣམ་པ་སྣ་ཚོགས་དོན་དུ་རྟོགས་པ་ནི། ལྷན་ཅིག་ཏུ ་འབྱུང་བ་མེད་པས་དེ་དང་དེའི་བདག་ཉིད་དུ་མེད་ཀྱི། རང་གི་འདོད་པས་ཉེ་བར་བཏགས་པ་ཙམོ།། དེ་བཞིན་དུ་ཡུལ་ལ་ལྟོས་པ་མེད་པར་ཡང་འདོད་པ་སྐྱེ་བ་ནི་ཞེས་བསྟན་པ་གསུངས་པ་ནི་གོ་བར་སླའོ།། འོ་ན་ཇི་ལྟར་རང་བཞིན་གྱིས ་ཡོངས་སུ་དག་པའི་སེམས་ལས་ཀུན་ཏུ་རྟོག་པ་འབྱུང་ཞེ་ན། དེ་བསྟན་པའི་ཕྱིར་གསུངས་པ། རིགས་ཀྱིས་བུ་གང་བྱིས་པར་གྱུར་པས་རང་བཞིན་ཡོངསུ་མ་ཤེས་པ་ཟླ་ལྡུམ་ལ་རེག་པས་སྡུག་བསྔལ་བར་འགྱུར་རོ།། དེ ་བཞིན་དུ་སེམས་འདིའི་ཡང་ཡོངསུ་དག་པའི་རང་བཞིན་མ་རྟོག་པ་ལས། ཕྱི་རོལ་དུ་དམྱིགས་པས་སྡུག་བསྔལ་བར་འགྱུ་རོ།། དེའི་ཕྱིར་སེམས་ཀྱི་ཕྱི་རོལ་དང་དོན་དམ་པའི་གནས་སྐབས་བསྟན་པར་བྱ་སྟེ། སེམས་དེ་རྟོག་པའི ་རྣམ་པ་སྟེ། ཕྱི་རོལ་དོན་དུའང་བརྟག་པ་ཉིད། རྟོག་པ་འདི་སྤངས་པ་ན། གཅིག་པུ་ན་མཁའི་བདག་ཉིད་དོ།། འོན་ཀྱང་མི་ཤེས་པས་ནཽ་དངོས་རྣམས། རང་བཞིན་རང་བཞིན་བཅས་པ་ཉིད། དངོས་པོ་རྣམས་ནི་ཡོངས་ཤེས་པས།། ་རང་བཞིན་རང་བཞིན་མེད་པའོ།། ཞེས་བྱ་སྟེ། མི་ཤེས་པ་འདི་ཡིས་ཇི་ལྟར་ཡོད་པ་ཉིད་དོན་དུ་རྣམ་པར་དཔྱོད་ལ། དངོས་པོ་རྣམས་ཀྱི་རང་བཞིན་ཏེ་དེ་ཉིད་རྣམ་པར་དཔྱད་པ་གང་གི་ཚིག་འདི་རྣམ་ཤེས་པའི་རྣམ་པ་ཉིད་དང་དེའི་ཚེ ་དེ་རྣམས་རང་བཞིན་མེད་པའི་དངོས་པོ་ཡིན་པ་ཉིད་ཀྱི་རང་གི་ངོ་བོ་རང་བཞིན་མེད་པའོ།། དེ་བས་ན་རྣལ་འབྱོར་པས་ལྟོས་པ་མེད་པར་རྣམ་པ་ཐམས་ཅད་བྱེའོ་ཞེས་བསྟན་ཏེ། བྱ་བ་དེ་རྣམས་དབྱེ་བ་དང་། བྱེད་པ་པོ་ཡང་དེ་བཞིན ་དུ་འགྱུར་བ་མེད་པའི་དེ་བཞིན་ཉིད་དུ་རོལ་ཞིང་ལོངས་སྤྱོད་པར་བྱེད་པ་དང་། འདི་ལྟ་བུར་རྒྱ་ཆེ་བའི་སྐུའི་ཕུན་སུམ་ཚོགས་པའི་འབྲས་བུ་ལ་ལོངས་སྤྱོད་པའི་བར་དུ་འགྱུར་བ་དང་། དེ་ཉིད་སྦྱིན་པར་མི་བྱེད་པ་ལ་སོགས་པའི་ངན་པའི ་བསམ་པའི་དྲི་མས་དྲི་མར་བྱས་པ་ལས་དེའི་འབྲས་བུའང་དྲི་མར་བྱས་པ་ལས་དེའི་འབྲས་བུའང་དྲི་མ་དང་བཅས་པ་ཉིད། གཞན་གསོད་པ་ལ་འཇུག་ཅིང་རྗེ་སུ་ཡི་རང་བའི་མེས་བསྐོར་བའི་སེམས ་ཀྱིས་འདི་ཉིད་དུ་དམྱལ་བར་ཉོན་མོངས་པར་བྱེད་པ་ལ་སོགས་པའོ།། དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ཀྱི་དགའ་བ་ནི་དེ་ཁོ་ན་ཉིད་དེ། འདི་ལྟར་དེ་ཡོངས་སུ་རྟོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕ་རོལ་ཏུ་ཕྱིན་པའོ་ཞེས།། དེ་ཉིད ་ནི་མཆོག་སྟེ་དབྱེར་མེད་པའི་བདག་ཉིད་དུ་བསྟན་པ་རྒྱས་པར་གསུངས་པ། དགའ་བ་ཞེས་བྱ་བ་ལ་སོགས་པ་ལ། འདི་རྣམས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིའོ།། འབྲས་བུ་དགའ་བ་ཞེས་བྱ་བ་ནི་དགའ་བ་ཕ་རོལ ་ཏུ་ཕྱིན་པའི་འབྲས་བུར་ཉེ་བར་སྟོན་པའི་དོན་ཏོ།། དེ་ནི་འདི་སྟེ་དངོས་པོ་ཉིད་ཡིན་ལ། རྟོགས་པ་ནི་དེའི་དེ་བཞིན་ཉིད་ཁོང་དུ་ཆུད་པ་སྟེ། དེ་རང་བཞིན་མེད་པ་ཉིད།། གཉིས་པོ་ཞེས་པ་ནི་བར་མ་ཆད་པར་དགའ་བོ་དང་རྟོག་པ་དག་ངེས་པར ་སྡོམ་པ་སྟེ། དབྱེར་མེད་པ་ནི་དབྱེ་བས་སྟོང་པའོ།། དགའ་བ་ཉིད་ཅེས་པ་ནི་གཉིས་སུ་མེད་པཱ་ལ་རྗེསུ་ཆགས་པའོ།། བླང་བ་ཆེན་པོ་ནི་དེ་ལས་བཞིན་མ་ཡིན་ཏེ་དེ་ཡང་འདི་ལྟར་སྟོང་པ་ཉིད་དང་སྙིང་རྗེ་དག་དབྱེ་བས་སྟོང་པར་རྟོགས་པ ་ནི་བདེ་བ་ཆེན་པོའོ།། འོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་མེད་པ་ནི་སེམས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་ལྷན་ཅིག་སྐྱེས་པ་ཡིན་ན། དེ་ལ་སྟོང་པ་ཉིད་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་རང་བཞིན་གྱིས་མངོན་པར་གསལ་བ ་བ་རབ་ཏུ་རྟོགས་བཞིན་བཞིན་པ་ཉིད་ཡིན་ལ། སྙིང་རྗེ་ནི་བྱེད་པ་པོའི་འདོད་པའི་དབྱེ་བས་སྨོན་ལམ་གྱི་རྣམ་པར་རྟོག་པ་བྱ་བ་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པ་མ་ཡིན་ནོ།། དེའི་ཕྱིར་དེའི་དགུའ་བ་དྲི་ཡང་ཐེ་ཚོམ་མདོ་པར་ལུས ་ལ་ལྟོས་པ་བཅོས་མ་ལ་སོགས་པ་མཚན་མའི་རྒྱུན་ལ་ལྷག་པར་ཞེན་པའི་བདེ་བ་ཡིན་པས་ན་དེ་ཁོ་ན་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ནི་ཀུན་ནས་ཉོན་མོངས་པ་བརྟེན་པའི་འདོད་ཆགས་ལ་སོགས་པས ་སྟོང་པ་མཆོག་ཏུ་ཞི་བའི་དངོས་པོ་སྟེ། དེ་ནི་ཉོན་མོངས་པ་འཇོམས་པར་བྱེད་པ་དང་རང་བཞིན་གྱིས་དགའ་བ་ཉིད། དེ་བས་ན་འདི་ལྟར་སྟོང་པ་ཉིད་དང་དབྱར་མེང་པའི་སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམསོ་ཞེས་བྱ་བར་གནས་པས་སོ།། ་དེ་ལྟར་ན་དེ་ཉིད་དབྱེར་མེད་པའི་རང་བཞིན་དུ་རྒྱས་པར་བསྟན་པ་ནི་སྒྲོན་མཱ་དང་ནི་སྣང་བ་ཞེས་སོགས་ཏེ། རྟོགས་པར་སླའོ།། གཉིས་པོ་འདི་དག་གི་ཆུ་བའི་བདག་ཉིད་ཀྱང་གསུངས་པ་ནི་འདི་ནི་ཞེས་བྱ་བ་སྟེ། རང་གི་བདག ་ཉིད་སྟོང་པ་ཉིད་དང་སྤྲིང་རྗེ་དབྱེར་མེད་པར་ཡོད་པ་གང་ཡིན་པའོ།། འདི་ནི་སེམས་གཅིག་པུའི་རང་བཞིན་ཏེ། སེམས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡིན་པ་དེའི་ཕྱིར། ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། བཛྲ་ཤྲེས་རབ་བརྗོད་པར ་བྱཞེས་བྱ་བ་ཀྱེའི་རྡོ་རྗེའོ།། རིམ་པ་འདིའི་དེ་མཐའ་དག་ཀྱེའི་རྡོ་རྗེའི་རང་བཞིན་ཡིན་པ་ཉིད་ཀྱི་རྣམ་པར་དབྱེ་བ་མེད་པའོ་ཞེས་སྟོན་པ་ནི་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པའི་དོན་ཀྱང་ངོ་།། འཇིག་རྟེན་གྱི་ཐ་སྙད ་དེ་མཐའ་དག་ཡོངས་སུ་དག་པའོ་ཞེས་བྱ་བ་ཡང་བསྟན་པའི་ཕྱིར། རྣལ་འབྱོར་མཱ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་བཞིན་ཡོངསུ་དག་པ་རྣམས་ནི་དཀར་མོ་ལ་སོགས་པའི་རྣལ་འབྱོར་མ ་རྣམས་སོ།། སྲིད་པ་གསུམ་ནི་ལུས་ངག་ཡིང་གསུམ་སྟེ། སྟོང་པ་ཉིད་ཀྱི་སྙིང་པོ་ཅན་ཉིད་ཀྱི་ཕྱིར་དཀྱིལ་འཁོར་རོ།། བདེ་བ་ཆེན་པོ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་དེ་ཁོ་ནའི་དགའ་བའོ།། དེར་ནི་དགའ་སྟོན་ཏེ་རང ་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་པས་སོ།། དེ་བས་ན་ལྡིདི་ལྟར་འགྲོ་བ་མ་ལུས་པའི་དོན་བྱེད་པར་ནུས་པའི་རྣལ་འབྱོར་པ་སྐྱེ་བ་མེད་བཞིན་དུ་ཡང་དེ་དང་དེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དང་དེ་ནི་ཐུ་སྙད་རྣམས་སོ།། ལྷན ་ཅིག་སྐྱེས་པ་བདེ་བ་ཆེན་པོ་ལྔ་ཡིད་མཉམ་པར་བཞག་པས་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ངོ་བོར་དབྱེར་མེད་པའི་སྣང་བ་ཡང་དག་པར་རིག་པའི་རྣལ་འབྱོར་པ་ནི། ཡང་དག་པར་ལྷུན་གྱི་གྲུབ་པའི་རྒྱུན་གྱི་ཏིང་འཛིན་ལས་ཀྱེའི་རྡོ་རྗེ ་མཆོད་པར་བྱེད་པ་པོ་སྟེ། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཏིང་འཛིན་ལ་མངོན་དུ་ཕྱོགས་པའི་རྣལ་འབྱོར་པས་ཇི་ལྟར་མངོན་པར་འདོད་པའི་ལོངས་སྤྱོང་ལ་སོགས་པ་ཁྱད་པར་དུ་སྤྱོད་པ་ནི། ལྷག་པར་མོས་པ་བསྒོམ་པ་འབའ ་ཞིག་གི་མ་ཡིན་པར་ཕུན་སུམ་ཚོགས་པའི་བྱ་བས་སོ་ཞེས་བྱ་བར་དགོངས་སོ།། རྒྱུ་མཚན་དེས་ནི་ཏིང་འཛིན་ཕུན་སུམ་ཚོགས་པའི་རྣལ་འབྱོར་པས། ཐམས་ཅད་དུས་སུ་ཞེས་པ་ཇི་ལྟར་མངོན་པར་འདོད་པའི་རྣམ་པར་རོལ་པ་སྣ ་ཚོགས་ཀྱི་དུས་སུའོ།། ཆོ་སྣ་ཐམས་ཅད་ལ་དགོས་མེད་མངོན་པར་ཞེན་པས་སྒྱོདྱཱ་ངསྱཱ་ཀུན་ཏུ་སྦྱང་བར་བྱ་བའོ།། དེ་དགོས་པ་དྲུང་གཉིས་ཀྱི་ཐ་སྤྱད་འཁོར་བའི་དབུས་སུ་གནས་ཀྱང་དེ་ལས་བྱུང་བའི་སྐྱོན་གྱི་གོས་པར་མི་འགྱུར་ཏེ། མངོན་པར ་ཞེན་པས་སྐྱོ་བའི་རྒྱུ་མཚན་གྱིས་འདི་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ནོ།། དེ་ཉིད་མདོར་བསྡུས་ནས་གསུངས་པ་ནི་ཇི་ལྟར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་སླའོ།། དེ་ཉམསུ་མྱོང་བའི་རང་གི་ངོ་བོ་ཉིད་ཉེ་བར་བསྟན ་པ་གསུངས་པ། བསྒོམ་བྱ་མེད་ཅེས་བྱ་བ་ནི་འདིར་ལྷན་ཅིག་སྐྱེས་པ་སྒོམ་པ་ན་མངོན་པར་འདོད་པའི་སེམས་ལས་གཞན་པའི་ཕྱི་རོལ་གྱི་དངོས་པོ་མེད་པ་སྟེ། དམིགས་པ་མེད་པ་ལས་གཞན་རིགས་པར་བྱ་བའི་བསྒོམ་བྱ་མེད་པའོ།། དེ ་མེད་པས་ན་བསྒོམ་པ་པོ་ཞེས་པ་སེམས་ཏེ་དེ་ཡང་མེང་ལ། དེ་གཉིས་པོ་མེད་པའི་ཕྱིར་དྲན་པ་འབའ་ཞིག་ངག་ཏུ་སྐྱེ་བའི་བསྒོམ་པ་ཡང་མེདོ།། དེ་བས་ན་འདི་ལྟར་བསྒོམ་པར་བྱ་བ་དང་བསྒོམ་པ་པོ་དང་བསྒོམ་པ་དང་བྲལ་ནི་གཉིསུ་མེད ་པའི་དེ་བཞིན་རྟོག་པ་སྟེ། དེ་ཡང་སེམས་ཉིདདྨོ།། དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་གསུངས་པ། གཉིས་ཀྱིས་རྣམ་པ་ཡོངས་དེར་བྱས། དབྱེ་བ་དབྱེ་བ་མེད་པ་སྦྱངས་པ་ནི་དེ་ལས་སྐྱེས་པ་སྟེ། དེ་དེ་བཞིན་དུ་གནས་པས་ཉམས་ཤིང་དུབ་པ ་མེད་པ་ན། དེ་བཞིན་ཉིད་ཀྱི་དངོས་པོར་ཡོད་པའི་དེ་ཁོ་ན་ཉིད་ཡེ་ཤེས་འབའ་ཞོག་པ་ཙམ་ནི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་དེ་བསྒོམ་པ་ལ་སྐྱོན་ཡོད་པ་མ་ཡིན།། ད་ནི་གཉིས་སུ་མེད་པའི་རང་བཞིན་གྱི་སྔགས་བཟླས་པ་ལ་སོགས་པ ་ཡང་ཡོངས་སུ་དག་པའོ་ཞེས་ཉེ་བར་བསྟན་པའི་ཕྱིར། གསལ་བར་དག་ཏུ་ཐོན་པའོ།། ལྔ་སོགས་ཞེས་པ་ནི་དཀའ་ཐུབ་ལ་འཇུག་པ་ལ་སོགས་པའོ།། འདི་རྣམས་ཤེས་བྱ་བ་ནི་མངོན་དུ་ཕྱོགས་ཤིང་མ་བཀག ་བའི་བྱ་བ་རྣམས་ཏེ། བྷགྶ་པའི་བསམ་པའི་རྒྱུན་ལས་ཁ་ཐོན་དང་དཔྱོང་བ་དང་འཇུག་པ་གསུམ་ལ་སོགས་པའི་དམིགས་པ་ལ་བརྩོན་པ་ཉིད་ཀྱང་།། དེ་ཡང་གཉིས་ཀྱི་ཐ་སྙད་མངོན་པར་གསལོ་བས་སྔགས་བཟླས་པ་ལྔ་སོགས་པ ་མ་བཀོག་པ་ནི་མ་ཡིན་གཉིས་སུ་མེད་པའི་གནས་སྐབས་དག་པ་ཡང་དག་པར་རིགས་པས་འདི་རྣམས་ཐམས་ཅད་དུ་བྱ་བའོ།། རྣམ་པར་དག་པ་ཉིད་འདི་ལས་ནི་དེ་ཐམས་ཅད་བྱས་ཀྱང་བཀག་པ་མེད་པ་སྟེ། གང་གི་ཕྱིར་འགྲོ་བ་ལྷན ་ཅིག་སྐྱེས་པའི་རྣམ་འཕྲུལ་ཡིན་པས་སོ།། དེ་ཉིད་སླར་ཡང་རབ་ཏུ་རྟོགས་པར་བྱ་བའི། ཡི་གེ་བྱིས་པས་སྐུ་གསུམ་གྱི་རང་བཞིན་ནི་ཡི་གེ་ཧཱུཾ་སྟེ། དེ་ལྟར་ན་རྡོ་རྗེ་གསུམ་གྱི་དབྱེ་བས་གསུངས་པའང་ཡང་དག་པའི་ཐ་སྙད་དོ།། དོག ་མད་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་ཆོས་ཉིད་ཀྱིས་དོགས་པ་དང་བྲལ་བའོ།། ཧེ་རུ་ཀོ་ལྟ་བུ་ཞེས་བྱ་བ་ནི་རྒྱུས་སྟོང་པ་དྲང་སྣ་ཚོགས་པའི་རྟོག་གེ་དང་བྲལ་བ་དང་བརྟན་པ་མེང་པ་ཉིད་ཀྱིས་ཀྱང་ངོ་།། ཀུན་རྟོག་ཀུན་ཏུ་རྨོངས་པ་འཇོམས་པ་ནི་དགྲ ་པར་དགེ་བའོ།། དེས་ནི་འདི་ལྟ་བུར་སྔགས་བཟླས་པ་ལ་སོགས་པ་ལ་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་ཡི་ནི་སྔགས་མ་ལས་པོའི་རང་བཞིན་ནི་ལྷན་ཅིག་སྐྱེས་པའི་རྟོགས་པའོ་ཞེས་བསྔོན་པའི་ཕྱིར། འོ་ཤེས ་ནི་གཉིས་ཀྱི་ཐ་སྙད་སྒྲིབ་པ་ཡིན་ལ། དེ་དག་ཀུན་སྤངས་ནས་བརྟགས་པ་མ་ཡིན་པ་ཉམས་མྱོང་བ་གང་ཡིན་པ་ནི། གསང་བ་དེ་ཉིད་ཅེས་པ་ཚིག་ཏུ་བརྗོད་པར་བྱ་བ་མ་ཡིན་པས་གསང་བའི་སྐད་ཀྱང་དེ་ཉིད་ཡིན་ལ། སྔགས་དེ་རྣམས་ཤེས ་བྱ་བ་ནི་བསམ་གྱིས་མྦུ་ཁྱབ་པར་བསྒོམ་པ་དེ་ཉིད་སྔགས་ཏེ། སྟོང་པ་ཉིད་མཆོག་ཉིད་ཀྱིསོ།། དེ་བཞིན་དུ་དེ་ཉིད་བསྲུང་བ་མཆོག་དང་། འདི་ལྟར་མ་ལུས་པའི་སྔགས་ཀྱིས་བསྒྲུབས་པར་བྱ་བ་ཐམས་ཅད་ཀྱང་དེས་འགྲུབ་པར་བྱེད་པའོ།། ་རོང་བཞིན་སྟོང་པ་ཉིད་ཡོན་ཀྱང་སྣ་ཚོགས་པའི་དོན་གྱི་བྱ་བ་བྱེདོ་ཞེས་བསྟན་པའི་ཕྱིར། རྨི་ལམ་ལྟ་བུའི་ཆོས་རྣམས་ཤེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྨི་ལམ་ན་དོན་གྱི་དངོས་པོ་མེད་ཀྱང་དོན་གྱི་སྣང་བ་མངོན་སུམ་དུ་ཉམས་སུ་མྱོང་བས་བླང ་དོར་ལ་སོགས་པའི་རང་བཞིན་གྱི་བྱ་བ་དེ་དང་དེ་བསྐྱེད་པར་བྱ།། དེ་བཞིན་དུ་རྣམ་པར་དབྱུང་བ་ལས་སྟོང་པ་ཉིད་ཡིན་ཀྱང་ཁུ་བྱུག་ལ་སོགས་པས་བདེ་བར་དྲུང་། བོང་བུ་ལ་སོགས་པའི་བོང་བུའི་སྐད་ཀྱིས་སྡུག་བསྐུལ་བར་བྱེད་པ་དེ་བཞིན ་དུ་ཞི་བ་དང་རྒྱས་པ་ལ་སོགས་པའི་ངེས་པར་སྦྱོར་བ་རྣམསུ་སྔགས་ཀྱིས་ཀྱང་དེ་དང་དེའི་བྱ་བ་སྐྱེད་པར་བྱེད་པའོ།། དེ་ཡང་འདི་ལྟར་ཡིད་ཐོགས་མེད་པའི་ཏིང་འཛིན་ལ་མཉམ་པར་བཞག་པའི་སེམས་ནི་སྔགས་ཏེ་དེ་བཟླས་པར་འགྲུབ་པ ་ཡིན་ནོ།། དེ་ཡང་འདི་ནི་དངོས་པོའི་ནུས་པ་ལ་སོ་ཞེས་སྟོན་པ་ནི། དངོས་པོའི་ནུས་པོའི་རང་བཞིན་འདི་ཀུན་རྫོབ་ལས་ནི་ཉེ་བར་འཐོབ་ཅེས་བྱ་བ་སྟེ། འོན་ཀྱང་སྔགས་ནི་དོན་དམ་པ་ལས་ཀྱང་དངོས་གྲུབ་ཏུ་འགྱུར་བ་ནི། འདི་དག་ཀྱང་རིང་བ་ནི། ་རབ་ཏུ་རྟོགས་པ་ཉིད་ཀྱིསྔ་ན་ཀུན་རྫོབ་རྣམ་པར་སྤངས་ནས་དོན་དམ་པར་མི་འགྱུར་བ་ལས་སོ།། ད་ནི་ལྷ་མ་ལུས་པའི་རང་བཞིན་ལྷན་ཅིག་སྐྱེས་པ་ཡང་དག་པར་རིག་པའི་རྣལ་འབྱོར་པས་ལྷ་ལ་ཕྱག་བྱས་ཀྱང ་སྐྱོན་དུ་མི་འགྱུར་ཞེས་ཤེས་པར་བྱ་བ་ནི། ཤིང་ལ་སོགས་ལས་བྱུང་ཉིད་ཀྱིས། སངས་རྒྱས་གཟུགས་བརྙན་ཏེ་རྣམ་པར་དཀྲ་བིའི་ལྷ་རྣམས་ལ་ཞེས་བྱ་བའི་ཐ་ཚིག་གོ།། དོར་མི་བྱ་བ་སྟེ། དོན་གྱི་དབང་ལོས་ཐམས་ཅད་དམིགས་པ་མེད་པའི ་ཆོས་ཉིད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་རྟོགས་པ་ན་ཞན་པ་ཡང་དེ་ལྟ་བུར་ཡང་དག་པར་རིགས་པ་དེས་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཕྱག་བྱས་པ་ལ་སྐྱོན་འཐོབ་པར་འགྱུར་བ་ཡོད་པ་མ་ཡིན་པའོ།། ས་སོགས་ཏེ་ཤིང་དང་རྡོ་ལས་བྱུང ་བ་ལ་སོགས་པའི་ལྷོ་འདི་རྣམས་ལ་རབ་ཏུ་རྟོགས་པས་ཕྱག་མི་བྱ་སྟེ། དེ་ནི་ང་ལ་དམིགས་པའི་རྩོལ་བ་འགོག་པའོ།། ཕྱག་མྱ་བྱས་ཀྱང་ལྷན་ཅིག་སྐྱེས་པ་རྟོགས་པར་གྱུར་པ་ནི་དེ་ཉིད་ཕྱག་ཡིནོ་ཞེས་སྟོན་པ་སྟེ། དམིགས་པ ་དང་བྲལ་བའི་ཆོས་ཉིད་ལྷག་པར་ཤིན་ཏུ་གསལ་བར་མངོན་སུམ་དུ་ཉམ་སུ་མྱོང་བས་ཕྱི་དང་ནང་མཉམ་པ་ཉིད་ཀྱི་ཏིང་འཛིན་ཕུན་སུམ་ཚོགས་པས་བརྫུན་པ་མ་ཡིན་པའི་ཆོས་ཉིད་རྟོགས་པ་ཉིད་ནི་ལུས་པ་མེད་པའི་དེ་བཞིན ་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་ཡིན་ལ། དེ་ལྟར་ན་གང་དམིགས་པ་དང་བྲལ་བའི་རང་གི་ངོ་བོ་ཉིད་རྟོགས་པ་འདི་ཉིད་ནི་གུས་པ་དང་བཅས་པའི་ཡིད་ཀྱི་ཕྱག་འཚལ་བ་བླ་ན་མེད་པ་ཡང་ངོ་།། དེ་བཞིན་དུ་གཏོར་མ་དང ་ར་སྤྱོད་ཀྱི་མཆོད་པའི་རིམ་པ་ཡང་རྨི་ལམ་དང་སྤྲུལ་པ་ལྟ་བུ་ཉིད་ཅེས་པ་སྟེ། གང་བརྫུན་པ་མ་ཡིན་པའི་ཆོས་ཉིད་རང་བཞིན་གྱི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་བྲལ་ཞིང་མཚན་ཉིད་མེད་པའང་ནུབ་པ། ཀུན་ནས་ཐམས་ཅད ་ཀྱི་རྟེན་དང་ཀུན་ནས་ཉོན་མོངས་པ་མཐའ་དག་ཉེ་བར་ཞི་བཾ། ངོ་བོ་ཉིད་ཀྱི་དྲི་མ་མེད་པ་འབའི་ཞོག་དུ་ལྷག་པར་གནས་པ་མཆོག་ཏུ་མྱ་ངན་ལས་འདས་པའི་རང་བཞིན་གྱི་སེམས་ཉིད་ཅིག་པུ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ལ་གསལ་བར་སྣང ་ཞིང་ངག་གི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་དོགས་པ་མེད་པའི་རང་བཞིན་འཛིན་པས་ན་ཆོས་དང་། དེ་ལྟ་ནའང་ལྷག་པར་གནས་པ་ཉིད་ཇི་ལྟར་གྱུར་པའི་གནས་སྐབས་དེ་ལྟ་བུའི་སྣང་བར་འབྱུང་བས་དབྱིངས་སོ།། དེ་བས་ན་འདི་ལྟར་གཞི་མེད ་ཅིང་མངོན་པོར་གསལ་བའི་སེམས་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། སྦྱིན་པ་པོ་ལ་སོགས་པའི་འཁོར་གསུམ་པོ་དེ་ནི་དེའི་རང་བཞིན་དུ་མཉམ་པ་ཉིད་ཡིན་པ་དེའི་ཕྱིར་འགྱུར་བ་མེད་པའི་འབྲས་བུ་འཐོབ་པའོ།། དེ་དང་དེ་ལྟ་བུ་ཉིད་དུ་ཕྱི་རོལ ་ཉེར་སྤྱོད་ཀྱི་མཆོད་པ་དགའ་བ་ཡངོ་ཞེས་བསྟན་པའི་ཕྱིར་གསུང་སྔོ་པ། ཇི་ལྟར་གྱུར་པ་ཉིད་ཀྱིས་ན་དེ་བཞིན་ཉིད་དེ། ངོ་བོ་ནི་རང་བཞིན་ནོ།། དེར་དབྱེར་མེད་པ་ནི་རྣམ་པའི་དབྱེ་བས་སྟོང་པ་སྟེ། གཞི་མེད་པའི་ཆོས་ཉིད་ཀྱིསོ།། ཁམས ་གསུམ་པོ་ནི་ལུས་དང་ངག་དང་ཡིད་ངོ་།། གཅིག་པརོ་ཡང་དག་རིག་པ་ནི་གང་འབའ་ཞིག་ཏུའོ།། རྣལ་འབྱོར་རྣམས་ཀྱི་རྒྱུན་ཆད་མེད་པ་ཡི་ཞེས་བྱ་བ་ནི་འདི་ལྟར་ཏིངེ་འཛིན་ལ་བརྟན་པར་མངོན་དུ་ཕྱོགས་པར་བྱས་པ་རྣམས་ཀྱི་གཞི་མེད ་པ་འབའ་ཞིག་པའི་བློ་ཇི་སྲིད་པར་མ་ཆད་པར་འཇུག་པ་དེ་སྲིད་དུའོ།། དགའ་འདི་ནི་མཆོད་པའི་སྙིང་པོ་སྟེ་ཆོས་ཀྱི་དབྱིངས་ཉིད་ཀྱི་གནས་པ་མངོན་སུམ་དུ་ཡང་དག་པར་རིགས་ཅིང་ཉམས་སུ་མྱོང་བས་དེ ་བཞིན་གཤེགས་པ་ལ་ཉེ་བར་སྤྱོད་པའི་མཆོད་པ་ཆེན་པོ་ཉིད་དུ་གྱུར་པའོ།། ད་ནི་ཤེས་རབ་དང་ཐབས་ཀྱིས་བདག་ཉིད་བློ་ཏིང་འཛིན་ཕུན་སུམ་ཚོགས་པ་ལ་གནས་པས་དུས་ཐམས་ཅད་པ་དང་རྣམ་པ་ཐམས་ཅད་པའི་གཏོར་མ ་ཆེན་པོའོ།། དེ་ལ་འདི་ལྟ་བུར་རྒྱ་ཆེན་པོའི་ཚོགས་གཉིས་ཀྱང་རྣམ་པར་དག་པའོ་ཞེས་སྟོན་ཏེ། བྱང་ཆུབ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་དག་པར་གསལ་བའི་སྐུ་གསུམ་མོ།། སྦྱིན་པ་ལ་སོགས་པ་ཡོངསུ་གྱུར་པས་ལོངས ་སྤྱོད་ཆེན་པོ་ལ་སོགས་པ་དང་མཆོག་གི་དབང་ཕྱུག་གི་སྐུ་ཡང་དག་པའི་འབྲས་བུ་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་དང་། དེ་ཉིད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་དངོས་པོ་ཉིད་ཀྱིས་ཇི་སྲིད་དུ་འོད་གསལ་བ་དང་དབྱེར་མེད་པའི ་དེ་བཞིན་ཉིད་དུ་གནས་པ་ནི་ཡེ་ཤེས་ཀྱི་ཚོགསོ།། དེ་དང་དེ་ལྟ་བུའི་ཚོགས་གཉིས་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྣམ་པར་དག་པས་ཕུལ་དུ་བྱུང་བའི་ངེས་པའི་འབྲས་བུ་བྱེད་པ་སྟེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར ་ཚོགས་ཐམས་ཅད་ཀྱང་དྲི་མ་མེང་པའི་ལྷན་ཅིག་སྐྱེས་པ་སྲིང་བ་དངོན་པ་ལ་མི་གནས་ཤིང་ཉོན་མོངས་པ་མ་ལུས་པ་སྤངས་པས་རྣམ་པར་དག་པ་ཉིད་དུ་གྱུར་པ་ལ་བརྟེན་པ་ཡིན།། དེ་བཞིན་དུ་ཡོན་ཏན་ཤིན་ཏུ་གསལ་བར་ཡོད་ལ ་བྱེད་པས་ཆེན་པོ་ཉིད་དུ་བྱེད་པ་རབ་གནས་དང་། སྔགས་དང་བཅས་པས་བཀུག་ནས་བསྲེག་ཟ་ལ་བསྲེག་བྱས་བསྲེག་ཐུགས་བྱེད་པ་སྦྱིན་བསྲེག་དང་། དེ་ཇི་ལྟར་མངོན་པར་འདོད་པའི་ལྷ་ལ་ཇི་ལྟར་རིག་པའི་མཆོད་པའི་སྦྱོར་བ་དང ་ལལ་སོགས་པའི་སྒྲས་སློབ་མ་བསྡུ་བ་དབདེ་ལ་དབང་བསྐུར་བ་སྦྱིན་པ་ལ་སོགས་པའོ།། བྱ་བ་ནི་ཡུལ་གྱི་ཐ་སྙད་ཀྱིས་ཇི་ལྟར་བྱས་པ་སྟེ། སྣ་ཚོགས་པའི་ཐ་སྙད་ཉེ་བར་བཏགས་པ་ལ་མངོན་པར་ཞེན་པ་བརྒྱུད་མར་འབྱུང་བ་ཀུན་ཀྱ་དེ་མི ་སྤོང་བར་ཏིང་ངེ་འཛིན་གྱིས་ཏིངེ་འཛིན་དུ་བྱེད་པས་རྣམ་པར་སྦྱོང་བས་ན་དྲི་མ་མེད་པའོ།། ཤེས་རབ་ནི་ཆོས་མཐའ་དག་འགྱུར་བ་མེད་པར་རྟོགས་པའོ།། ཐབས་ནི་དེ་གཞི་མེད་པར་སྣང་ཞིང་བདེ་བའི་རང་བཞིན་དུ་རྟོགས་པ་སྟེ། ཐབས་ནི ་དེ་དག་སྦྱོར་བ་ནི་ཡང་དག་པར་ཀུན་ནས་དབྱེར་མེད་ཅིང་ཐ་སྙད་དུ་འབྲེལ་བར་བྱས་པའོ།། རྫོགས་པའི་བྱང་ཆུབ་ནི་ཕུན་སུམ་ཚོགས་པའི་ཡོན་ཏན་མཐའ་དག་ཡང་དག་པར་རྟོག་པ་སྟེ། དེ་བསྒྲུབ་པར་བྱེད་པ་ནི་དྲི་དང་དེ་ལྟ་བུའི་ཏིང་ངེ་འཛིན། ་ཕུན་སུམ་ཚོགས་པ་འདི་མཐའ་ངག་ལ་སཽ་ཐ་སྙད་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ།། ད་ནི་རབ་ཏུ་གནས་པའི་དེ་ཁོ་ན་ཉིད་གསུངས་པ། ཕྱི་རོལ་གྱི་རྣམ་པར་ཡོངས་སུ་གཟུང་ཞིང་ཡིད་ལ་བྱས་པའི་ཡུལ་དང་ཡིད་ལ ་བྱེད་པ་ཐམས་ཅད་ནུབ་པ་ནི་ཉེ་བར་ཞི་བའི་དམ་ཚིག་པ་དང་ཡེ་ཤེས་ཀྱི་འཁོར་ལོ་སྤྲོ་ཞིང་བསྡུ་བ་དང་བཞུག་པ་ལ་སོགས་པ་སྟེ། དེའི་ཚེ་སྣང་བ་མཐའ་དག་སྒྱུ་མ་དང་རྨི་ལམ་དང་མཚུངས་པར་སྣང་བཞིན་པ་དྲི་མ་མེད་ཅིང་གསལ ་ཙམ་འབའ་ཞིག་པ་ཡང་དག་པར་རིག་པ་ལའོ།། རྡོ་རྗེ་སེམས་དཔའ་ནི་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་ཡང་སྟེ། གང་གནས་པ་ཞེས་པ་ནི་གང་དབྱར་མེད་པར་གནས་པའོ།། དེ་ཉིད་ནི་མཐའ་དག་སངས་རྒྱས་རྣམས ་ཀྱིའང་། རབ་ཏུ་གནས་པ་སྟེ་བླ་ན་མེད་པ་ནི་ཇི་ལྟར་ཡོད་པ་རྟོགས་པ་ཉིད་ཀྱིསོ།། འདི་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་ཏུ་གསང་བ་ཆེན་པོ་ལས་གཞོན་མ་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པ་ཡང་དག་པར་མཆོད ་པའི་ཆེང་དུ་འདི་ལྟར་ཆོ་ག་ཇི་ལྟ་བུས་ཁྲུས་ལ་སོགས་པ་དེ་རྣམས་བྱ་བཱ་དཾ་ལཱ་ནི་རྣམ་པར་དག་པའི་དད་པའི་སྟོབས་དང་ལྡན་པ་ལས་འདི་རྣམས་དེ་བཞིན་གཤེགས་པཱ་ཉིད་རབ་ཏུ་གནས་པ་དང་བྱིན་གྱིས་བརླབ་པ་ཡང་དེ་དང་མཚུངས ་པར་འགྱུར་བ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་འདི་ལྟར་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་རོལ་པ་ནི་ལུས་པ་མེད་པའི་རོལ་པ་སྣ་ཚོགས་པས་རྣམ་པར་བརྩོན་པ་འདི་ཉིད་ཡང་དག་པར་རིགས་པ་ལས་ཚོགས་མ་ལུས་པ་སྒྲུབ་པར་བྱེད ་པའོ་ཞེས་སྟོན་པ་ནི། གཉི་སུ་མེད་པའི་དག་པ་ཡང་དག་པར་རིག་པས་ཆོས་མཐའ་དག་ལྷའི་བདག་ཉིད་དུ་རབ་ཏུ་སད་པས་རྟོགས་པའི་རྣམ་པར་རོལ་པའི་ཚོགས་ཀྱི་རྒྱུར་གྱུར་པའི་རོལ་པ་ལ། བཅོས་མཱ་མ་ཡིན་པའི་ང་རྒྱལ་རབ་ཏུ ་བྱེད་པས་མཆོག་གི་བདེ་བའི་ཚོགས་ཉམས་སུ་མྱོང་བ་ལས་རྣལ་འབྱོར་པས་ཚོགས་གཉིས་པོ་རྫོགས་པར་བྱེད་པའོ།། དེ་བཞིད་དུ་མཆོད་པའི་དེ་ཁོ་ན་ཉིད་ནི་དགའ་བ་སྟེ། དེ་ཡང་འདི་ལྟར་ལྷའི་རང་བཞིན་གྱི་རོལ་པས་ན། འདི ་ཉིད་སྐྱོ་བ་མེད་པར་རྣམ་པ་ཐམས་ཅད་པའི་ཏིང་འཛིན་གྱི་བློས་རང་གི་འདོད་པའི་རོ་རབ་འབྱམ་དུ་གྱུར་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉིད། བསམ་གྱིས་མི་ཁྱབ་སྦྱོར་བའི་བདག་ཉིད་ཀྱིས་ཤེས་བྱ་བ་ནི་ཀུན་ཏུ་རྟོག་པ་མ་ལུས ་པས་སྟོང་པའི་རང་བཞིན་གྱི་ཏིང་ངེ་འཛིན་ཏེ། གཉིས་ཀྱི་དངོས་པོར་ཡོངས་སུ་དམིགས་པའི་དམིགས་པ་བཅོམ་ནུས་སྒྱུ་མ་རྨི་ལམ་དང་མཚུངས་པའི་སྦྱོར་བ་བརྩོམ་པའི་རིམ་པའི་རིམ་པ་མངོན་པར་འཕེལ་བ་ལས་བདེ་བའི་རོལ་པ་ཡང ་དེ་དང་མཚུངས་པར་རབ་ཏུ་གསལ་བའོ།། རྡོ་རྗེའི་དབང་ཕྱུག་ཅེས་བྱ་བ་ནི་བཅད་ཅིང་གཞག་ཏུ་མེད་པ་ལ་སོགས་པའི་མཚན་ཉིད་ཀྱིས་རྡོ་རྗེ་དོང་རང་དང་གཞན་ཕུན་སུམ་ཚོགས་པའི་བདག་པོ་ཉིད་ཀྱིས་དབང་ཕྱུག་སྟེ། སྐུ་གཉིས ་ནུས་པ་འདི་ཉིད་ལ་ཀྱེའི་རྡོ་རྗེ་ཉིད་དོ།། མཆོད་པར་བྱ་ཞེས་བྱ་བ་ནི་རྟོག་པར་བྱ་བ་སྟེ། རྟོགས་པར་བྱས་པ་ལས་རང་ཉིད་མངོན་པར་འཕེལ་བར་འགྱུར་བ་ཉིད་ཀྱིས་སོ།། གཟུགས་ལ་སོགས་པ་ལྔ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས ་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལྔ་ཞེས་པའོ།། བཏགས་པ་ནི་དེ་ལ་གཉིས་ཀྱི་རྣམ་པས་མངོན་པར་ཞེན་པའོ།། ཟ་བ་ནི་འཇོམས་པའོ།། དམ་ཚིག་ནི་ཀུན་ཏུ་བའི་ཡེ་ཤེས་ཏེ། དེ་ལྟར་ནར་གཉིས་སྤངས་ནས་རང་བཞིན་གྱིས་ཡོངསུ ་དག་པ་ཉིད་གོམས་པ་ལས་ཀྱང་ཀུ་ནས་མཐའ་དག་གསལ་ཞིང་གཏུགས་པ་མེད་པར་མ་ལུས་པའི་ཆོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གནས་སྐབས་ཐོབ་པར་འགྱུར་བ་འདི་ཉིད་ནི་འདིར་དམ་ཚིག་ཆེན་པོ་ཡིན་ནོ།། གང་གི ་དམ་ཚིག་དེ་ནི་རྣམ་པར་དག་པ་སྟེ། རྣམ་པར་དག་པས་ནི་ཐམས་ཅད་དུ་ཇི་ལྟར་འདོད་པའི་ཀུན་ཏུ་སྤྱོད་པས་གནས་པར་བྱ་བའོ།། དེའི་ཕྱིར་རྣམ་པར་དག་པ་ནི་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིནོ།། དེ་ལྟ་བུས ་ན་ཇི་ལྟར་འདོད་པའི་ཀུན་ཏུ་སྤྱོད་པས་གནས་པ་ཙམ་ཉིད་ཀྱིས་རྣམ་པར་དག་པར་འགྱུར་བ་ནི་མ་ཡིན་པས། འདི་ལྷོར་རྣམ་པར་དྲག་པོའི་ཡེ་ཤེས་ལ་བརྩོན་པར་བྱའོ།། ད་ནི་འདིའི་ཕན་ཡོན་གསུངས་པོ། རྣམ་པར་རྟོག་པ་དེ་ངས ་པ་ཡིས།། ལྷག་པར་མྱོས་པ་མི་འབྱུང་བ།། གསལ་བར་སྣང་བ་འདི་དེ་ནི།། རང་རིག་བདེ་བ་ཆེན་པོའོ།། འགའ་ཞིག་བདུད་རྩི་ཞེས་བྱ་བའི།། གཏམ་ཉིད་ཀྱི་ནི་ཚིམ་མོད་ཀྱང་།། མངོན་སུམ་ཉམས་མྱོང་བདག ་ཉི་ནི།། རོ་ལ་བརྩོན་པའི་རྣམ་སྨིན།། སུ་ཞིག་གཟུགས་ཀྱིས་ཚོགས་བསྡུས་པ།། དམིགས་དང་བཅས་ལ་ཆགས་མེད་དང་།། དམིགས་པ་མྱེད་པོར་རྩེ་གཅིག་པའི།། མཆོག་དེ་རྣམས་ནི་དཀོན་པ་ཉིད།། འགའ་ཞིག་སྟོང ་པ་ཉིད་ལ་དང་།། ལ་ལ་སྦྱོར་བའི་རིམ་པར་རྨོངས།། སུ་ཞིག་བདེ་བ་ཆེ་སྤྲོ་བའི།། རང་བཞིན་ཅན་འདིར་རྣལ་འབྱོར་པ།། ཞེས་སོ།། གོ་བར་བྱེད་པའི་སྙིང་པོ་རབ་ཏུ་དད་པས་གསལ་བྱས་ལ། བསོད་ནམས་ཕུང་པོ་དྲྀ་མ ་མེད་པ་བདག་གི་གང་འཐོབ་པ། དེས་ནི་འཇིག་རྟེན་རྣམ་པར་རྟོགས་པའི་དྲ་བ་ཡོངས་བསལ་ནས།། རྫོགས་པའི་བྱང་ཆུབ་ཚོགས་མཆོག་སྙིང་པོ་གོ་བར་བྱེད་གྱུར་ཅིག། དཔལ་ཤིན་ཏུ་རྨོངས་པར་རོ་གཅིག་གྱུར་པའི ་ཡིད་ཙུནྡ་རྣམས་ཀྱི་དཔེར་བྱ་རབ་གསལ་བ།། གསལ་བར་རིག་པ་བླ་མུའི་བླ་མར་གྱུར་ལ་གལཱ་ཏ་ཤེས་རབ་རང་བཞིན་ཅནྡ་ཡིན་ཀྱང་།། གཞན་ལས་རྟོགས་པའི་འབྲས་མིན་རྡོ་རྗེ་ཅན་གྱི་བཀའ་ལུང་ཐོབ་པ་རྒྱུད་རྗེས་འཐུན ་བད། དེ་རིག་པ་ལ་གློ་བྱེད་སྙིང་པོ་བརྒྱ་པ་དཔལ་ལྡན་ཧེ་རུ་ཀ་ཡིས་བརྗོད་པ་ཡིན།། དངོས་པོའི་ཡིད་ཀྱི་རོལ་པ་མང་པོའི་ཚོགས་ཀྱི་ཕལ་ཆེར་བརྩེ་བའི་རོ་ཡིས་ནི།། བསྙེམས་པའི་བརྩོམ་པས་རྣམ་པར་བཽ་སྒྱིངས་པའི ་གུས་པས་འཇུག་པ་ཙཾ་ཡང་རུང་བ་སྨྲོས།། རྣམ་པ་ཐམས་ཅད་དོན་ནི་ཇི་ལྟའི་ཉམས་ཀྱིས་ཀུན་ཏུ་རྟོག་པས་གཟུང་བ་ལས།། བདག་ལ་ཆེས་སྔར་དད་ཅེས་སྨྲ་བ་འམ་ཇི་ལྟར་བྱ་བ་དེ་བཞིན་བགྱིས།། གང་ཞིག་རྙེད་པ་ཤིན་ཏུ ་སྐོམ་པའི་གདུང་བ་ཡིས་ཀྱང་ཆུ།། མཐོང་ནས་དང་བས་དེར་ནི་བསྙེན་ཀྱང་རྣམ་པར་གཅོད་པ་ཡིས།། རྨོངས་པས་འདིར་ནི་འཐུང་དང་བསྟེན་པར་ཡང་ནི་མི་བྱེད་པ། དྲི་ལ་བདེ་བ་གཅིག་ཀྱང་ག་ལ་སྒོམ་པ་ཉིད་ཅེས་བྱ། ་གོ་བར་བྱེད་པའི་སྙིང་པོ་བརྒྱ་པ་རྣམ་པར་བཱ་ཤྭད་པ་ཞེས་བྱ་བ་དཔལ་ཧེ་རུ་ཀ་དེ་བིའི་ཞལ་སྔ་ནས་མཛད་པ་རྫོག་སོ།། ། རྒྱུ་གྲཝར་ཤྭར་ཕྱོགས་པནཱ་གཱ་རིའི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣེའི་ཞལ་སྔར། དགེ་སློང་ཆོས་སྨྲ་བ་བས ་ནམས་རྒྱོ་མཚོའི་སོ་ཞེས་པ་བས་དཔལ་དམ་རིང་གི་ཡང་རྩེར་མཉམ་ཞིང་བསྒྱུར་བ་ལས། ཕྱིས་ལེཌ་པར་རྟག་ཤིང་ཐུས་ཏེ་གཏན་ལ་ཕབ་པའོ།། དིར་ནི་ཇི་བཞིན་དོན་མིན་ལོག་པར་སྤྱས། སྦྱང་དང་བྲི་གཞན་ནོ་མཁྲུས་སྦྱིན་ཀྵ་ཛཱི་བྷིན་ནུ་བསྒྱུར་ག་བ་ལྡན ་