CLOSE WINDOW

GT2692: dpal mchog tu gyur pa'i ngo bo nyid bde ba chen po'i go 'phang rdo rje zhes bya ba'i ting nge 'dzin
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲི་པ་རཱ་མ་སཱ་རུ་པཱ་མ་ཧ་སུ་ཁཱ་པ་ད་བཛྲོའ་ན་མ་ས་མ་དི། བོད་སྐད་དུ། དཔལ་མཆོག་ཏུ་གྱུར་པའི་ངོ་བོ་ཉིད་བདེ་བ་ཆེན་པོའི་གོ་འཕང་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན། དཔལ་རྡོ་རྗེ ་སེམས་དཔའ་ལ་ཕྱག་འཚལོ།། དེ་ནས་བཅོམ་ལྡན་དཔའ་བོ་ཆེ།། བདག་བྱིན་རླབ་པའི་ཚུལ་གྱིས་གནས།། བདེ་བའི་རྣལ་འབྱོར་བྱིན་བརླབ་དེའི།། དེ་ཉིད་དགོངས་པ་པ་ཤ་ད་པར་བྱ།། སྙིང་ཀའི་ནང་སོན་ཟླ་བ་ལས།། ཟླ་བའི་གཟུགས ་ཉིད་མི་ཤིག་པ།། འོད་ཟེར་སྣ་ཚོགས་ཀུན་ཏུ་འཕྲོ།། དེ་ལས་རྡོ་རྗེ་རྣམ་པར་བསྒོམ།། རྡོ་རྗེ་ལས་ནི་བདག་མེད་དང་།། མཁའ་འགྲོ་མོ་ཡང་བསྒོམ་པར་བྱ།། ཆོ་ག་འདི་ཡིས་བསྐུལ་ན་ནི།། སྣའི་མཐར་གནས་ཡུངས་དཀར་ལ།། མཁའ་འགྲོ ་མ་རྣམས་བསྒོམ་པར་བྱ།། ཁམས་གསུམ་བརྟན་དང་གཡོ་བའི།། འགྲོ་བའི་རྒྱུད་ནི་ཡུངས་ཀར་རྣམས།། དེ་ལྟར་བསྒོམ་པར་གྱུར་པ་ནི།། རང་བྱིན་བརླབ་པ་རབ་ཏུ་གྲགས།། གཟུགས་སྒྲ་དེ་བཞིན་དྲི་དང་རོ།། རེག་བྱ་རོལ་པར་བྱེད་པ་ཡིན།། ་བདག་མིན་གཞན་མིན་རྒྱུན་ཏུ་བ།། རྣལ་འབྱོར་དེ་ཉིད་བདག་གི་གཞུང་།། བདེ་མཆོག་པ་རྣམས་དེ་ལས་གཞན།། རྡོ་རྗེ་པདྨ་ལས་བྱུང་བཞིན།། ལཱབ་རླབས་མེད་ཅིང་སྣང་བ་མེད།། རྣམ་པར་མི་རྟོག་འགྱུར་བ་མེད།། ཅུང་ཟད་འདོད ་པ་ལ་ཞུགས་པས།། བདག་དང་གཞན་ངག་རྣམ་པར་འབིགས།། བི་རེ་མ་དགའ་ངག་གི་མཐར།། རྟོག་པའི་དྲ་བ་རྣམ་པར་སྤངས།། མི་གཡོ་འཁྲུལ་པ་ལས་འདས་པ།། དགྱེས་པའི་རྡོ་རྗེའི་རྣམ་པར་གསལ།། བེམས་མིན། ་ཧེ་རུ་ཀའི་རང་བཞིན།། རྣམ་མེད་མ་ཡིན་འཁོར་དང་བཅས།། རང་ཉིད་ཧཱུཾ་རུ་ཀ་དཔལ་མགོན།། བདག་ཉིད་ཀྱང་ནི་རེག་པ་མེད།། འདས་དང་མ་བྱུང་ད་ལྟར་བྱུང་།། ཐམས་ཅད་དེ་ཚྭ་རིག་པར་འགྱུར།། རང་ཉིད ་ཀུན་མཁྱེན་བཞིན་དུ་མཐོང་།། དེ་བཞིན་དུ་ནི་སངས་རྒྱས་མཐོང་།། ཡན་ལག་ཀུན་གྱི་བུ་གྷཱ་ནི།། ཤྲཱི་བོའི་དྲ་བ་རྣལ་མར་བཅས།། ལུས་པོ་མེང་པ་བཞིན་མཐོང་ནས།། རྐ་ཅིག་དགྱེས་རྡོར་རང་བཞིན་འཛིན།། ཇི་ལྟར་དམིགས་མེད ་ནིམ་ཀ་བཞིན།། མཚན་མ་མང་ནི་སྐྱེ་བ་མེད།། ཐོས་པ་མེད་ཅིང་རྣམ་རྟོག་མེད་།། སྒྲིབ་པ་སྔོ་ནི་རྣམ་པར་སྤངས།། མེ་ལོང་ནང་གི་གཟུག།། སེམས་ཅན་མི་ཤེས་པ་ཡིས་སྒྱུ་སྨྲ།། དེ་བཞིན་བླདག་ཉིད་དེ་རུ་ཀཱའི། ་རྣམ་པར་གསལ་བྷར་མཐོང་བྱ་ཡིས།། དེ་ལྟ་ན་ཡང་དཔའ་བོའི་དོན།། ཕུང་པོ་ཡོད་བཱ་ནམ་ཀ་བཞིན།། དེ་བཞིན་ཀུན་འབྱུང་ལུས་པོ་ནི།། འདུསྟེ་བྱས་དག་གི་གནོད་པ་མེད་།། གཟུགས་ནི་མིག་གི་བཟུང་བྱ་མིན།། སྠཱ་ནཱ་རྣ་བས ་ཐོས་མ་ཡིན།། ལྕེ་ཡི་རོ་ནི་མི་མྱོང་སྟེ།། དྲི་ཡང་སྣ་ཡིས་མྱོང་མ་ཡིན།། རེག་བྱ་ལུས་ཀྱི་གོང་བུས་མིན།། འོན་ཀྱང་བདེ་ཚན་རང་བཞིན་ཉིད།། བུད་མདོ་བཟང་མཐོང་ལས་བདེ་ཞིང་།། གླུ་ཐོས་པ་ལས་མཆོག་ཏུ་བདེ།། སྣའི་གྲྀ་ལས་བང་བ ་ཆེ།། མངལ་ལ་རེག་པ་བདེ་ཆེན་ཉིད།། བཅུད་ཀྱི་ལེན་གྱི་སྦྱོར་བ་ལས།། བདེ་བ་གང་གི་བཟློག་པར་བྱེད།། འགྲོ་བབང་བ་ཆེན་པོས་ཁྱབ།། ཕན་པའི་བདེ་བ་རྟག་མ་ཡིན།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། མཁའི་འགྲོ་མ་སོགས ་བཙུན་མོ་བཟང་།། སངས་རྒྱས་ལྔ་འམ་དུ་མས་ནི།། འགྲོ་བ་བདེ་བ་ཉིད་དུ་རྟོག། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་བང་པ་ཆེན་པོ་སོ་སོར་སྨྲས་པ་ཐོས་ནས། ཆུང་ངུ་བརྗོད་པ་འདིས་ཆེད་དུ ་བརྗོད་དེ་དགོངས་པ། ཐ་མལ་ང་རྒྱལ་གཞོམ་དོན་ཏུ།། བསྒོམ་པ་རུ་ནི་རབ་ཏུ་གྲགས།། ཐ་མལ་གནས་སྐབས་སྤངས་ནས་སུ།། བསྒོམ་པ་ཉིད་ནི་བསྒོམེ་པ་མིན།། བྱང་ཆུབ་སེམས་དཔའ་ཉིད་ནི་དེ་དེ་བཞིན་ཏེ།། འོན་ཀྱང་མེ་དག་པའི་ལུས ་སྦྱངས་ནས།། སངས་རྒྱས་ཀྱི་སྐུར་བསྒོམ་པ་ཡིན་ནོ།། ཕྱག་ན་རྡོ་རྗེས་གསོལ་པ།། བཅོམ་ལྡན་འདས་ཐབས་གང་ལགས། ལུས་ཅན་དུ་བསྒོམ་པའི་དགོས་པ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀྲའ་སྩལ་པ། གསང་བའི་བདག་པོ་དགོས ་པོ་ཡོད་དོ།། བཅོམ་ལྡན་འདས་མངོན་པར་བརྗོད་པ་དེ་གང་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། སངས་རྒྱས་ཉིད་དོ།། སངས་རྒྱས་ཇི་ལྟ་བུ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ལུས་ཅན་ཡིན་ནམ། དེ་ནི་མད་ཏེ། དེའི་རྒྱུ་ཅི་ལགས། ་རྡོ་རྗེ་འཆང་གིས་བཀའིའ་སྩལ་པ། མཚན་སུམ་བཅུ་རྩ་གཉིས་དང་། དེའི་བྱད་བརྒྱད་ཅུའི་སྐུ་དེ་ལྟར་བདག་ཉིད་ཡིན་ནོ།། ཅིའི་ཕྱིར་ཞེ་ན། མི་མཐུན་པའི་རྒྱུ་ལས་ཀྱང་། བསྒྲུབ་བྱ་ཐོབ་པར་འགྱུར་རོ།། ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན ་འདས་བམ་པོ་ལགས་སམ། རྡོ་རྗེ་འཆང་གིས་བཀའ་སྩལ་པ། ང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། དེ་ལྟ་བུའི་ཡེ་ཤེས་ཇི་ལྟ་བུ་ཡིན་ཞེ་ན། བདེན་པ་ཡང་མ་ཡིན།། བརྫུན་པ་ཡང་མ་ཡིན།། བསླང་བར་བྱ་བ་འང་མ་ཡིན། དོར་བར་བྱ་བ་ཡང་མ་ཡིན། ་དེ་བཞིན་དུ་ང་ནི་མཉམ་པ་ཉིད་ཀྱིས་ཡེ་ཤེསོ།། ང་ནི་སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེསོ།། ང་ལྟ་བྱས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་སྐད་མ་ཟེར་ཅིག། ་དེ་ནི་རྣམ་པ་མེད་པའི་རྟོག་པ་ཡིནོ།། དངོས་དང་དངོས་པོ་མང་པ་དང་།། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། གཟུགས་དང་མི་ལྡན་ཟབ་མོ་གང་། རྒྱ་ཆེ་བའི་གཟུགས་ཅན་ནོ།། སེམས་དཔའ་ཆེན་པོ་ཧེ་རུ་ཀར།། བདག་མེད་ལྷན་ཅིག། ་ཁ་སྦྱོར་བ་།། ང་ནི་བེམས་མིན་བདེ་ཆེན་པས།། འཇིག་རྟེན་ངོན་བམ་པོ་པ།། བུད་མེད་སྐྱེས་མིན་མ་ནིང་བཞིན།། ང་ཡིས་འགྲོ་བ་འདི་དག་ཁྱབ།། དེ་ལྟ་བས་ན་འདུས་པར་བཤད།། ང་ཡི་རྒྱལ་བ་རྒྱ་མཚོར་བསྟན།། སངས་རྒྱས་བྱང་སེམས་རྡོ་རྗེ ་ཅན།། མ་ནིང་པོ་འཕང་དུ་ནི་གྲུབ།། ལྷ་མོ་མ་མཱ་ཀི་གང་དེ།། བཙུན་མོའི་རང་བཞིན་མ་ཡིན་ཏེ།། སངས་རྒྱས་ཧེ་རུ་ཀ་ད་མིན།། དེས་ན་ང་ནི་མ་ནིང་ཡིན། འགྲོ་བས་དངོས་པོ་གཉིསུ་མཐོང་།། ཐབས་དང་ཤེས་རབ་རང་བཞིན་པ།། ཤིན་ཏུ་ཁ ་སྦྱར་རྣལ་འབྱོར་གྱིས།། མི་བསྐྱོང་བ་མིན་མ་མ་མིན།། ། དཔལ་མཆོག་ཏུ་གྱུར་པའི་ངོ་བོ་ཉི་དབང་བ་ཆེན་པོའི་གོ་འབང་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་རྫོགས་སོ།། ། སློབ་དཔོན ་མཆོག་ཞབས་ཀྱི་ཞལ་སྔ་ནས་མཛད་པ།། ། བཀྲ་ཤིས།། ་