CLOSE WINDOW

GT2691: he ru ka dran pa gcig pa'i sgrub thabs
Wyliee-texts produced with BDRC’s OCR application

དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ།། ཡིན་དང་ཡིན་པར་བྱེད་པ་དང་།། ཤས་དང་སྒྲུབ་པའི་རྣལ་འབྱོར་པས།། དབེན་ཞིང་ཉམས་དགྲའི་རང་ཁྱིམ་དུ།། མཚན་དུས་མ་འདལ ་ཁྲུ་གང་བར།། དྲི་དང་མེ་ཏོག་ཚོམ་བུ་དགྲ་མ།། གཏོར་མ་འབྱོར་པཱ་ཚིད་བྱས་ལ།། དད་པས་ངེས་པར་བསྒོམ་པར་བྱ།། སྙིང་གར་པཾ་རཾ་པོད་ཉིའི་སྟེང་།། ཧཱུ~ཾ་ལས་ན་མཁར་རྗེ་བཙུན་ནི།། ཞལ་ཅིག་ཕྱག་གཉིས་དམིགས་པ་ནི།། ཕྱི་ནང ་གསང་བའི་མཆོད་པས་མཆོད།། སྡིགས་བཤགས་སྐྱབས་འགྲོ་ཡི་རང་ནས།། དང་པོ་བྱམས་པ་བསྒོམས་པར་བྱ།། གཉིས་པར་སྙིང་རྗེ་བསྒོམ་པར་བྱ།། གསུམ་པར་དགའ་བ་སྒོམ་པར་བྱ།། ཐམས་ཅད་ཐ་མར་བཏང་སྙོམས ་ཡང་ནི་སྟོང་པའི་བྱང་ཆུབ་སྟེ།། གཉིས་པ་ལ་ནི་ས་བོན་བསྡུ།། གསུམ་པ་ནི་གཟུགས་རྫོགས་ཏེ།། བཞི་པ་ལ་ནཽ་ཡིག་འབྲུ་དགོད་།། མདུན་དུ་རང་ལས་ཉི་མ་བསྒོམ།། ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ།། རྡོ་རྗེ་དེ་ཉིད ་ཀྱི་ནི་བསྒོམ་པར་བྱ།། ར་པ་དང་ནི་གུར་ཡང་རབ་ཏུ་བཅིང་།། པཾ་ལས་ཆུ་སྐྱེས་འདབ་བརྒྱད་སྟེ།། དང་པོ་རོ་ནི་བསྒོམ་པར་བྱ།། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དམིགས།། དེ་སྟེངས་རྣལ་འབྱོར་པ་ཉིད་ནི།། ཧེ་རུ་ཀེ་རུ་རྣམ ་པར་བསྒོམ།། སྙིང་ཁར་རཾ་ལས་ཉི་དཀྱིལ་འཁོར།། དེ་ལྟར་དེ་ལ་ཧཱུཾ་ཉིད་ངོ་།། ཤེས་རབ་ཐབས་ཀྱི་བདག་ཉིད་དོ།། ཁ་དོག་ནག་པོ་འཇིགས་ཆེན་པོ།། ཧཱུཾ་ལས་རྡོ་རྗེ་ཡང་དགེ་བསྐྱོད།། རྡོ་རྗེ་ལྟེ་བའི་དབུས་གནས་པ ་ཧཱུཾ་གི་དེ་ཉིད་བསྒོམ་པར་བྱ།། ཧཱུཾ་གྱུར་པ་ལས་བལྟ་བར་བྱ།། སྔོ་ཞིང་ཅུང་ཟད་དམུར་བའི་མདོག། ངན་དུ་དམར་པོའི་དམིགས་འདྲ་བ།། འགྲོ་སྐྱེས་གྱེན་དུ་བརྫེས་པ་སེར།། འཁོར་ལོ་རྣ་ཆ་འགུལ་འཕྲེང་དང་། ་ལག་གདུབ་དང་ནི་སྐྱེ་རགས་རྣམས།། ཕུང་པོ་ལྔའི་རྣམ་དག་པ།། སངས་རྒྱས་ལྔའི་དག་པའོ།། ཕྱག་རྒྱ་ལྔ་ཡི་སྟེ་རྣམ་པར་བརྒྱན།། བཅུ་དྲུག་ཆའི་གཡོན་པ་ན།། རྡོ་རྗེ་མཚན་པའི་ཐོད་པ་དང་།། ཁ་ཏྲོང་ཀ་ཡང་བར་ན་གནས།། གཡས་ནཱ་རྡོ་རྗེ ་ནག་པོ་འཛིན།། ཧཱུཾ་སྒྲོགས་གསལ་བ་གཟུགས་རྫོགས་པ།། བསྟན་པ་ཚང་བ་རོ་མནན་རྗེས།། ཉེ་བའི་བསྙེན་པ་ཡ་ཤས་དང་།། ཏིང་འཛིན་སེམས་དཔའ་ཧཱུཾ་དང་ལྡན།། ཨོཾ་ཨཱ་ཧཱུཾ་འཕྲོ་འདུ་ལས།། སྐུ་གསུང་ཐུགསུ་བྱིན ་རླབས་བརྟན།། དམ་ཚིག་འཁོར་ལོ་གསལ་བ་དང་།། ཕྱོགས་དུས་ཡེ་ཤེས་འཁོར་ལོ་བསྟིམ།། བསྒྲུབ་པ་དེ་ཉིད་བསྒྲུབ་ཚན་པོ།། བླ་མ་བདེར་གཤེགས་སྤྱན་དྲངས་ཏེ། མི་མེར་གྱུར་པའི་མཆོད་པའི་རྗེ།། ཨོཾ་ཨཾ་བི་ཤིན་ཙཱ་ཏུན་མ་སརྦ ་ཏ་ཐཱ་ག་ཏ།། ཞེས་བརྗོད་ཧེ་རུ་ཀར་གྱུར་ཏེ།། བདར་གཤེགས་བདུད་རྩི་ལྔ་གང་བའི།། གསར་གྱི་སྒོ་ནས་དབང་བསྐུར་དང་།། དཔུང་སྩོགས་འཆར་འབེབས་ཧཱུཾ་སྒྲ་སྒྲོགས།། གཟུགས་སོགས་མཆོད་དེ་གླུས་བསྟོད་བྱེད།། མཆོང་ནས ་རང་གི་རི་སུ་འགྱུར།། ཐམས་ཅད་གཉིས་མེད་ཡེ་ཤེས་དེ།། དེ་ཉིད་ཧེ་རུ་ཀ་བདག་ཉིད།། མཐུན་བཞིར་བྱིན་རླབས་བསྒོམ་པའི་རྗེས།། ཆུ་སྐྱེས་དྲུག་ཅུ་རྩ་བཞིའོ།། ཚངས་པའི་མེ་ནི་ཨ་ཉིད་དོ།། ནེར་མ་ག་ཡའི་གནསུ ་བསམ།། སུ་གཙུག་ཀའི་གནས་ཉིད་དུ།། ཡེ་ཤེས་ཐིག་ལེ་ཡི་གེ་ཧ།། སུམ་ཅུ་རྩ་གཉིས་ལྟེ་བར་དམིགས།། ལས་ཀྱིས་རླུང་གི་བསྐྱོད་པ་ཡིས།། ཚངས་པའི་མ་ནི་སུམ་འདོད་འབར།། ཏི་ལ་ཀ་ལས་བྱུང་སེམས་རྒྱུན།། རྐརྔ་བརྒྱར ་བཤགས་ཚང་དུ་ནི།། གཉིས་མེད་ཡེ་ཤེས་བལྟ་བར་བྱ།། རྐྱང་མ་རོ་མ་ཀུན་དར་མ།། བླ་རྩི་གུར་གུམ་ག་པུར་དག། ལྟེ་བ་འགྲིན་པ་གནས་ཉིད་དུ།། ལྷན་ཅིག་སྐྱེས་པ་རྟག་ཏུ་ནི།། པའི་བདེ་བ་བཟང་པོ་འབབ།། རང་གི་བང་བ་བཟང་པོ་སངས ་རྒྱས་ཉིད།། སངས་རྒྱས་གཞན་དུ་བཙལ་དུ་མེད།། སྤྱོད་ལམ་ལྷའི་ཏིང་འཛིན་དམིགས།། རང་བཞིན་གནས་པ་བསྒོམ་པ་ནི།། ནི་རང་སུ་འམ་གཞན་ལས་ནི།། བློ་ལྡན་སྔགས་ཀྱི་བཟླས་པ་བྱ།། ཨོཾ་ཏྲཻ་ལོག་ཀྵ་ཀྐ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ ་སྭཱཉྫ་8་ཁྱུས་དང་ལོངས་སྤྱོད་ཐམས་ཅད་ལ།། དབང་བསྐུར་མཆོད་པའི་རང་བཞིན་དུའོ།། བདག་མཆོད་པའི་གཙོ་པོའི་ཕྱིར་རོ།། རླུང་གི་ལྷ་ལ་བདུད་རྩིས་མཆོད།། ཨ་ལས་ཀ་པེ་ལི་དཀྱིལ་ཕྲ།། ཧཱུཾ་ལོས་བྱུདུད་རྩི་ལྔ་བྱིན་བ་རླབ།། རླུང་མིས ་སྐྱེངས་ཞིང་རྟོག་བྱ་བ།། ཡི་གེ་ཨོཾ་གྱི་སྨྲ་བར་བྱ།། འདོད་ལྷ་རོ་འཛིན་གནས་སུ་ནི།། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མྱང་།། མཱཾ་ཨ་ཁཱ་རོ་མུ་ཁཾ་སརྦ་དྷརྨ་ན།། ཨ་དྱ་ཊད་བྷན་ན་ཏྲོད་ཏ། ཨོཾ་ཨ་ཧཱུཾ་པནྡྷ་སྭཱཧྨ། ཁམས ་གསུམ་སེམས་ཅན་ཐམས་ཅད་དམིགས།། ཆོས་ཀྱི་སྐུ་དྲོ་བྱིན་གྱིས་བརླབ།། འབའི་སྔགས་ཀྱིས་བདུད་རྩི་བྱེ།། ཛ་ཧཱུ~ཾཿགིས་བྱིན་རྡོ་རྗེ་ཧཱུ~ཾ་ར་ས་ཡ་ན་དྲངས་ཏེ་ཚིམ།། བར་ཆད་ལོ་སོགས་ཞི་བྱའི་ཕྱིར། ་xxx ་xxx ་xxx ་xxx ་