| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཙ་ཏུར་མུ་དྲ་ན་མ་ས་དྷ་ནཾ། དྲོད་སྤྱད་དུ། ཕྱག་རྒྱ་བཞིའི་སྒྲུབ་ཐབས་ཞེས་བྱ་བ། ཀྱེའི་རྡོ་རྗེ་ལ་ཕྱག་འཚལོ།། ལྷན་ཅིག་སྐྱེས་དྲགའི་རང་བཞིན་ཅན།། མགོན་པོ་བྱེད་ཆེན་ཧེ་རུ་ཀ། ་སེམས་ཅན་རབ་ཏུ་སད་མཛད་པ།། དཔའ་བོ་ཆེ་ལ་ཕྱག་འཚལ་ནས། ཀྱེའི་རྡོ་རྗེ་རྒྱུད་ཚན་ལྔས།། མན་ངགི་རིམ་འོད་ཕྱག་རྒྱ་བཞི།། དབང་དང་དགའ་བ་སྐད་ཅིག་མ།། སྐུ་བཞིའི་སྒྲུབ་ཐབས་བཤད་པར་བྱ།། དང་པོ་གོམས་པར ་བྱེད་དུས་ཀྱི།། གནས་ནི་གང་དུ་སྔགས་པའི་སེམས། གཅིག་ཏུ་མཉི་མ་བཞག་འགྲུབ་འགྱུར་བའི།། གནས་བཟང་པོ་ནི་ངོས་པོར་བརྟག། རང་གི་ཁྱིམ་དུ་མཚན་དུས་སུ།། བདག་ཉིད་འགྲིབ་པའི་སེམས་ཀྱིས་ནི།། བཅུ་དྲུག་ཕྱག་ཅན ་ཧེ་རུ་ཀ། དམྦ་པ་དང་བཅས་རྣལ་འབྱོར་སྒོམ།། སྙིང་ཁིའུ་འོད་ཀྱི་ཧེ་རུ་ཀ། བཀུག་ནས་ཕྱག་རྒྱ་བཞི་རང་བཞིན།། ཕྱི་ནང་གསང་བ་དེ་ཁོ་ནས།། མཆོད་ནས་རང་གི་ལུས་ལ་བཞུག། རྣལ་འབྱོར་ཚེ་མཆོག་རང་གི་ལུས།། གྲུབ་པའི་དཀྱིལ ་འཁོར་སྐད་ཅིག་ལྷ།། ལྟེ་བར་དྲུག་བཅུ་བཞིའི་རྩ།། སའི་རང་བཞིན་ཅན་མ་སེར།། ལས་ཀྱི་ཕྱག་རྒྱའོ།། སྙིང་ཁར་བརྒྱད་ཀྱི་ཆུ་རྣམས་ལ།། རྡོ་རྗེ་བཙུན་མོ་མ་མ་ཀཱི། མདོག་སྔོ་གྲི་གུག་ཐོད་པ་འཛིན།། གར་གྱི་ལེགས་རོལ་ཆུའི་ཁམས།། ཆོས ་ཀྱི་ཕྱག་རྒྱའོ།། མགྲིན་པའི་ལོངས་སྤྱོད་འཁོར་ལོ་ཚར།། བཅུ་དྲུག་རྩ་ལས་གོས་དཀར་མོ།། མ་ཁམས་རྣམས་དག་ཁ་དོག་དམར། ཞལ་ཅིག་ཕྱག་གཉིས་མཛེས་པ་ལ།། ཕྱག་རྒྱ་ཆེན་པོའོ།། གསང་བར་པདྨ་སུམ་ཅུ་གཉིས། ་སྒྲོལ་མ་ལྷུང་སྔོན་རླུང་གི་ཁམས།། སྟེང་གི་བདེ་ཆེན་འཁོར་ལོ་ཁ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།། སུམ་ཅུ་གཉིས་ལྡན་ལྷ་དག་དཀར།། བདེ་ཆེན་ན་མཁའ་ཉིད་དུ་བརྗོད།། དམ་ཚིག་གི་ཕྱག་རྒྱའོ།། རྣམ་སྣང ་ལ་སོགས་སངས་རྒྱས་རྣམས།། འཁོར་ལོའི་དབུས་སུ་རོལ་ཞིང་གནས།། ཞལ་མདོག་མཚན་མ་ལ་སོགས་པ།། ཇི་ལྟར་རྒྱུད་ལས་གསུངས་བཞིན་བསྒོམ།། སམ་གཏན་མི་ནུས་རྣལ་འབྱོར་གང་།། རྒྱལ་ཆེན་འཁོར་ལོ་བསྒྱུར་བ་ལྔ།། ་བདེ་བ་དམ་པའི་ཡུམ་དང་བཅས།། ཀས་བརྐྱང་བ་མི་ངས་ཀྱི་། ནི་ག་རྒྱ་པ་ཅིག་ག། ལོ་པདྨ་རྡོ་རྗེ་དང་།། རིན་ཆེན་རལ་གྲི་གཡ་སུ་ན་སྟྭ~ཾ།། གཡས་པ་ཡིན་པར་དྲིལ་བུའོ།། ཀུན་གྱི་དབང་བསྐུར་གནས་ནི།། རྡོ་རྗེ་སེམས་དཔའ་ཟླ་བའི་མདོག། ཤེས ་མུ་དུང་མཉམ་སྦྱོར་བ།། རྡོ་རྗེ་དྲིལ་བུ་འཛིན་པ་བསྒོམ།། མིག་དང་རྣ་བ་སྣ་དང་ནི།། ལྕེ་ལུས་ཡིད་ལ་ས་སྙིང་པོ།། རྡོ་རྗེ་འཛིན་དང་ན་མཁའི་སྙིང་།། འཇིག་རྟེན་དབང་ཕྱུག་སྒྲིབ་སྣརེལ་དང་།། ཀུན་ཏུ་བཟང་རྣམས་རིག་དྲུག་གི། མདོག་དང་མཚན་མ ་ཇི་བཞིན་སྐུ། ལྔ་པ་སྣ་ཚོགས་རྡོ་རྗེ་སྟེ།། རལ་གྲི་དག་ནི་སྤངས་པའོ།། ལས་ཀྱི་ཕྱག་རྒྱའོ།། དེ་བཞིན་གཟུགས་སྒྲ་དཱི་དང་རོ།། རེག་དང་ཆོས་ཀྱི་ཁམས་རྣམས་ལ།། གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག། བདག་པོའི་མདོག་ཅན་ཕྱག་གཉིས་མ།། ་མེ་ལོང་པི་ཝཾ་དྲི་ཡི་སྣོད།། ནམ་ཟ་ཆོས་འབྱུང་འཛིན་པའོ།། ཆོས་ཀྱི་ཕྱག་རྒྱའོ།། ལག་པ་གཡས་པར་གཤིན་རྗེ་གཤེས།། གཡོན་ལ་ཤེས་རབ་མཐར་བྱེད་དོ།། བཤང་སྒོར་པད་མཐར་བྱེད་དེ།། བགེགས་མཐར་བདེ་པ་གས ་གནས་སུ།། དཔུང་གཡས་མི་གཡོ་གཡོན་འདོང་རྒྱལ།། དབུས་མོ་གཡས་ལ་དབྱུག་སྔོན་ཅན།། གཡོན་པ་ལ་ནི་སྟོབས་པོ་ཆེ།། གཙུག་ཏོར་ཅན་ནི་སྤྱི་བོར་སྟེ།། རྐང་མཐིལ་དག་ལ་སྣོད་མཛེ་སོ།། ཀུན་ཀྱང་ཁ་དོག་ནག་པོ ་སྟེ། གཉིས་དང་གསུམ་པ་དཀར་དམར་རོ།། ཐོ་བ་དང་པོ་ཅོན་པད་བཟོང་དང་། རྡོ་རྗེ་རལ་གྲི་ལྕགས་ཀྱུ་དང་།། དབྱིག་པ་རྩེ་གསུམ་ཆོས་འཁོར་ལོ།། བཏུན་ཤིང་རྣམས་ནི་གཡས་ན་སྟེ། གཡོན་ཀུན་སྡིགས་འཛུབ་མཛད་པའོ།། ཕྱག་རྒྱ ་ཆེན་པོའོ།། ཁྲོ་བོ་རྣམས་ལ་འཁྱུད་པའི་ཡུམ།། བདེ་བའི་རང་གཞན་ཁྲོ་མོ་བཅུ།། རང་བཞིན་ཡབ་དང་འདྲ་བ་སྟེ།། ལྷ་མོའི་ཆ་ལུགས་འཛིན་པ་མོ།། དམ་ཚིག་ཕྱག་རྒྱའོ།། ཐམས་ཅད་རྩཝ་ལས་སྐྱེས་པའི་དངོས།། སྐུ་གསུང ་ཐུགས་ཀྱི་དཀྱིལ་འཁོར་མཆོག། མཁས་པས་རང་གི་ལུས་ཉིད་ལ།། དངོས་གྲུབ་རྒྱུན་ནི་འབད་བས་བསྒོམ།། གཞན་ཡང་རྡོ་རྗེ་སྲ་གཞི་ནི། རྐང་འཐིལ་གཉིས་ཡིན་རྩིབ་རྒྱུས་རྣམས།། རྡོ་རྗེའི་ར་བ་བརྒྱས་པ་སྟེ།། ཀུན་གཡོག་རྡོ་རྗེའི ་དྲ་བའོ།། མེ་ནི་སེན་མོ་ཉི་ཤུ་དང་།། ཇི་ལྟར་སྣ་ཚོགས་རྡོ་རྗེ་ནི།། མ་ལུས་བསྐྱེད་ཅིང་སྤྲོ་བྱང་པ།། སྤྱི་བོར་གུནས་པ། ང་དེ་བཞིནོ།། ལས་ཀྱི་ཕྱག་རྒྱའོ།། གཏུམ་དྲག་བཤང་གི་དབྱིབས་ཅན་ཏེ།། གསང་བ་ཚང་ཚིང་ཁ་རུའོ།། ་འབར་བ་ཞེས་བྱའི་དུར་ཁྲོད་ནི།། སྣའི་བུ་ག་གཉིས་ན་གནས།། དམྱལ་སོགས་དེ་བཞིན་མི་ཟད་པ།། མིག་གཉིས་ལ་ནི་གནས་པའོ།། ཧཽ་ར་ཧར་རྒོད་པ་གཡེར་ཁ་ཅན།། རྣ་བ་གཉིས་ལ་གནས་པའོ།། ཆོས་ཀྱི་ཕྱག་རྒྱའོ།། རྐང ་པའི་མཐིལ་དུ་རླུང་ཆེན་བྱོ།། སུམ་མདོར་མ་དེ་ལྟོ་བ་ཆུ།། བྲད་ནཱི་ས་རྦ་ཤེས་པར་བྱ།། རྒལ་ཚིགས་རི་རབ་ཏུ་བརྡུང་ངོ་།། ཕྱག་རྒྱ་ཆེན་པོའོ།། ལུས་ཀུན་མཉམ་པ་གྲུ་བཞི་པ།། རྩའི་བུ་ཁ་སྒོ་བཞི་ཡིན།། ་ཀ་བརྒྱད་པོ་རྐང་རྣམས་དང་།། མིག་ནི་རྩིག་པ་ལྔ་རྣམསོ།། རྣ་བ་རྟ་བབས་སྣ་ཕ་གུ། ལྕེ་ནི་མཆོད་བ་མཆུ་སྣམ་བུ།། སོ་ནི་དྲ་བ་ལ་སོགས་བརྒྱན།། མ་ལུས་པ་རུ་བསམ་པའོ།། དམ་ཚིག་གི་ཕྱག་རྒྱའོ།། སྙིང་ཁིའི ་འོད་ཀྱི་བང་གཤེགས་ལྕིའི།། དཀྱིལ་འཁོར་མ་ལུས་སྤྱན་དྲངས་ལ།། མགོན་པོ་ཐུགས་རྗེའི་བདག་ཉིད་ཅན།། ཁྱེད་ཀྱི་བདག་ལྔ་དབང་བསྐུར་ཅིག། དེ་ལྟར་གསོལ་བས་མགོན་དེ་རྣམས།། བྲུམ་པ་བདུད་རྩི་ལྔ ་ཆུས། གང་བཐོར་ནས་བདག་ཉིད་ལ།། དཔུང་བསྐུར་བ་ནི་རྩོལ་བར་མཛོད།། སྨིན་མཚམས་བདུད་རྩིས་ཡོངས་གང་པོས།། སྤྱི་བོའི་འཁོར་ལོ་གནས་པའི་ལྷ།། དེབས་ཚིམས་པས་དགའ་བ་དང་།། བུམྦྷ་བིའི་དབང་ནི་རྫོགས་བྱ ་ཡིན། ལས་ཀྱི་ཕྱག་རྒྱའོ།། མགྲིན་པར་བདུད་རྩིས་རྒྱུན་བཅས་ནས།། གསུང་རྡོ་རྗེ་ལ་ཐིམས་པས་ནི།། མཆོག་ཏུ་དགའ་བའི་བདེ་བོ་དང་།། གསང་བའི་དབང་ནི་རྫོགས་པའོ།། ཆོས་ཀྱི་ཕྱག་རྒྱའོ།། སྙིང་གའི་པདྨར་བདུད་རྩིའི ་ཆུ།། སངས་རྒྱས་ལྔའི་རང་བཞིན་གྱིས།། ཁྱབ་པར་གང་བས་ཐུགས་རྡོ་རྗེ།། འཁོར་བཅས་བངདེ་བར་བྱས་པ་ནི།། རྣམ་པར་དག་པའི་རྟོག་པ་དང་། གསུམ་པོའི་དབང་བསྐུར་རྫོགས་པའོ།། ་ཕྱག་རྒྱ་ཆེན་པོའོ།། ཡང་ན་བདུད་རྩི་ལྔ་ཡིས་ཆུས།། ལུས་ཀུན་མ་ལུས་ཁྱབ་པ་ལུས།། ཡུམ་དང་རྒྱལ་བ་ལྷག་མ་དང་།། སེམས་དཔའ་ཁྲོ་བོ་ལྷ་མོར་བཅས།། བདེ་བའི་དངོས་པོར་བྱས་ནས་ནི།། ལྷན་ཅིག་སྐྱེས་དགའི ་རྟོག་པ་དང་།། བཞི་པའི་དབང་བསྐུར་ཐོབ་ནས་ནི།། དྲི་མ་མཱ་ལུས་དག་པར་བསྒོམ།། དམ་ཚིག་གི་ཕྱག་རྒྱའོ།། སླར་ཡང་བདེ་ཆེན་བྱང་ཆུབ་སེམས།། དབུ་མར་ཞུགས་ཏེ་ཡར་འོངས་པས།། དགའ་བ་བཞི་དང་ཕྱག་རྒྱ་བོཞིས།། རྒྱས ་བཏབ་ཤིན་ཏུ་མཉམ་བཞག་གོ།། གང་ཚེ་ཡེ་ཤེས་རླུང་གིས་ནི།། རང་རིག་དག་ནི་སྐྱེད་ནས་སུ།། སངས་རྒྱས་ལ་སོགས་བསྲེག་པ་ཡིས།། དགའ་བ་ལ་སོགས་ཏིང་འཛིན་སྐྱེ།། གཞོན་ནུ་མ་ཡི་བདེ་བ་དང་།། ལྐུག་པའི་རྨི་ལམ ་ཇི་ལྟ་བར།། རང་གི་སད་པ་ལས་གསལ་བས།། གཉིས་མང་ཡེ་ཤེས་སྐྱེ་བར་འགྱུར།། ཐོག་མ་ཐ་མ་དབུས་མེད་ཅིང་།། འཁོར་མིན་མྱ་ངན་འདས་པའང་མིན།། བདག་མེད་གཞན་ཡོང་ཡོད་མ་ཡིན།། དེ་ནི་མཆོག་ཏུ་བདེ་ཆེན་ཉིད།། ་བདག་མེད་ཡེ་ཤེས་ཉིད་གྱུར་གང་།། བདག་གཞན་ངེས་པར་རིག་པ་ཡང་།། མཁའ་མཉམ་སྐྱོན་བྲལ་ལྷན་ཅིག་སྐྱེས།། ཐམས་ཅད་ལུས་ལ་རང་བཞིན་གནས།། དགའ་བ་དང་པོ་སྲིད་རང་བཞིན།། དེ་བཞིན་མཆོག་དགའ་འཁོར་བ ་ཉིད་དུ། དགའ་བྲལ་འཁོར་བའི་བདག་ཉིད་དེ།། གསུམ་པ་ལྷན་ཅིག་སྐྱེས་པ་མེད།། དགའ་བ་དང་ནི་མཆོག་དགའ་ཉིད།། རྣམ་པའི་དགའ་བ་ལ་སོགས་པ།། གསུམ་པོ་སྤངས་པར་འགྱུར་བ་ནི།། བཞི་པ་གང་ལས་སྐྱེ་བར་འགྱུར།། ་དེ་བས་གསུམ་ནི་ཐབས་ཡིན་ལ།། བཞི་པ་བསྒོམ་པར་བྱ་བ་ཡིན།། དང་པོ་བུམ་པའི་དབང་ཡིན་ཏེ།། གཉིས་པ་གསང་དབང་བླ་ན་མེད།། གསུམ་པ་ཤེས་རབ་ཡེ་ཤེས་ཏེ།། བཞི་པ ་ཕྱག་རྒྱ་བཞི་པ་ཡིན།། མཉམ་དང་བར་མ་དུས་སུ་ཡང་།། བྱ་བ་གང་ལ་འཇུག་པ་ན།། ལྷན་ཅིག་སྐྱེས་ལོས་མ་རྟོགས་པར།། གཞན་པའི་སེམས་ཀྱི་མི་གནས་སོ།། བདག་གི་གྲུབ་པ་མཆོག་གི་མན་ངག་བཞིན།། ཀྱེ་རྡོ་རྗེ་ཕྱག་རྒྱ ་བཞི་ཡི་ལམ།། ཡང་དག་སྦྱོར་ལས་བྱུང་བཞིན་ཕྱེ་བའི་ལོ་མཐུས།། འགྲོ་བ་ལྷན་ཅིག་སྐྱེས་དགོའུ་རྒྱས་པར་ཤོག། ཕྱག་རྒྱ་བཞི་ཡི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤྲཱི་གོ་ཡ་དྷ་ར་དང་། བོད་ཀྱི་ལོ་ཙྪ་བ་གྱི་ཙོ་ཟླ་བའི་འོད་ཟེར་གྱི་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་