| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། འགྱུའ་ཡ་མཧཱ་ཀོ་ཤ་ན་མ་ཤཱ་མ?། བོད་སྐད་དུ། སྔགས་ཀྱི་བསྟན་ཆོས་གསང་དེའི་མཛད་ནས་བྱ་བ། ཡུལ་བའི་རྡོ་རྗེ་ལ་ཕྱག་འདུལ།། རང་བྱུང་གདོད་ནས་དག་པ་ཡ། ་རྡོ་ཕྱག་འཚལ་ཏེ།། རང་དང་གཞན་གྱི་གྲུབ་མཐའ་དང་།། ཐེག་པའི་རིམ་པ་རྣམ་པར་ཤྱེ།། ཐེག་པའི་རིམ་པ་དྲུག་མང་ལ།། རེ་ཤིག་བདག་གི་ས་དུ་།། འཇུག་པའི་གྲང་དག་བསྲུང་བའི་ཚུལ།། བཚྭ ་ལམ་དང་ཐོབ་པའི་འབྲས།། མཱཉམ་བཞུག་བལྟ་དང་རྗེས་ཐོབ་སྤྱོད།། དང་པོ་དགླང་ཟག་རྙེང་པ་ཡང་།། སྒྲ་དང་ཐོ་སྙད་མ་ཞུགས་ཤིང་།། གཞན་གྱི་ཛྷ་སུ་མྱ་ཞུགས་པའི།། སྐྱེ་བོ་ཆང་ལྷ་ལ་ཞུག་ཡིན།། ཆང་ལྔ་ལི་ཞུག་གང་ཟག་ནི།། ་རྟག་ལྟ་ལ་འཇུག་གང་ཟག་ཡིན།། ཅིའི་རྟུལ་ཤུགས་ལ་སོགས་པ།། དེའི་བསྲུང་བའི་ཚུལ་ཁྲིམས་ཡིན།། ལམ་ནི་ལྔ་སྟེ་ཚོགས་དང་སྦྱོར།། མཐོ་ང་སྒོམ་དང་མཐར་ཕྱིན་ལམ།། ལམ་དྲི་ཐོབ་པའི་འབྲས་བུ་ནི།། རྙིངས་པ་དང་ནི་ཁྱཱ ་འཇུག་དང་།། མཧཱ་དེ་པ་ལ་སོགས་ཐོབ།། ལྦུ་བ་རྣམ་ནས་རེ་ཤིག་སྟེ།། ཇི་ལྟར་འཇིག་རྟེན་གྲག་འདི་ལ།། མུ་སྩོགས་རང་གི་སེམས་ལ་ཛྷལ་བས།། སྣང་བ་མེད་ལས་རྟག་པོ་དང་།། ཆད་པར་འདི་ལྟར་སྡུ་བ་མཐོང་།། འདི་ནི་ཀུན་རྫོབ་སྟེ་ཛ ་གྲངས་ཅན་འགྱུར་བ་ལ་སོགས་པ།། བླ་མའི་ཞལ་ནས་ཤེས་པར་བྱ།། ཤེས་པ་ཤེལ་སློང་དག་པ་དང་།། ཆོས་ཉིད་སྟོང་པ་ལྷུན་གྲུབ་དང་།། ཞི་ཚེའི་སྟོང་པ་ལ་སོགས་པའི།། སྟོང་པ་བརྒྱད་ནི་དོན་དམ་གྱི།། ལྟ་བ་ཡིན་པར་མུ་སྟེགས་སྤྲས།། ་སྦྱོད་བ་མིའི་མཆོད་སྦྱིན་སྩོགས།། སྙིང་རྗེ་བྲལ་བའི་ཡིན་པར་འདོད།། ། ཉན་ཐོས་འཇུག་པའི་གང་ཟག་ནི།། རྟག་རྟ་ལས་སོགས་གང་ཟག་གོ།། ཚུལ་ཁྲིམས་ཉིས་རྒྱུ་ལྔ་བཅུའི་སྩོགས།། བགྲོད་པའི་ལམ ་ལམ་ནི་རྣམ་པ་ལྔ།། ཚོགས་ལ་སྩོགས་པ་གོང་མ་བཞིན།། འདི་དགུ་མཚན་ཉིད་སོ་སོའོ།། འབྲས་བུ་སྐྱེས་བུ་ཟུང་བཞི་དང་།། གང་ཟག་ཡ་བརྒྱད་ཡིན་པར་གསུང་།། འདི་ལྟ་བ་རྣམ་པ་གཉིས།། འདི་ལྟར་སྣང་ཞིང་གྲགས་པ་ཀུན།། ཉན་ཐོས་རང ་སེམས་འཁྲུལ་བ་ཉིད།། ཕྲ་རབ་རྟུལ་དུ་རང་སེམས་སྣང་།། དེ་ནི་ཀུན་རྫོབ་ལྟ་བ་སྟེ།། དོན་དམ་སྟོང་པ་བཅུ་གཉིས་སྟེ། འདི་ནི་དོན་དམ་ལྟ་བའོ།། སྤྱོད་པ་ཁྲུས་དང་རྩང་སྒྲ་སོགས།། སྦྱངས་པའི་ཡོན་ཏན་བཅུ་གཉིས་སོགས།། སོ་སོར་ཐར་པའི་སྤྱོད་པའོ།། ་རང་རྒྱལ་འཇུག་པའི་གང་ཟག་ནི།། ཉན་ཐོས་སྔོན་དུ་སོང་བའོ།། བསྲུང་བ་གོ་དང་འོག་མ་དང་།། རྟེན་ཅིང་འབྲེལ་བ་བཅུ་གཉིས་སོ།། ལམ་དང་ཐུན་མོངས་ཡིན་པར་གསུང་།། འབྲས་བུ་བསེ་རུ་ལྟ་བུ་དང་།། ནེ་ཚོ་ལྟ་བུར་རིག་པར་བྱ།། ལྟ་པི་རྣམ ་པ་གཉིས་ཡིན་ཏེ།། ཇི་ལྟར་སྣང་ཞིང་གྲགས་པ་ཀུན།། རྟེན་ཅིང་འབྲེལ་པར་གཏོགས་པ་དང་།། སྟོང་པ་བཅུ་དྲུག་གཏོགས་པའོ།། སྤྱོད་པ་ཉན་ཐོས་ཐུན་མོངས་དང་།། ཐུན་མོང་མིན་པ་ཤེས་པར་བྱ།། རང་སངས་རྒྱས་ཀྱི་བྱེ་བྲག་གོ།། དེ་ནས་རྣལ ་འབྱོར་སྤྱོད་པའི།། འཇུག་པའི་གང་ཟག་རང་རྒྱལ་གྱི།། རྟེན་འབྲེལ་སྔོན་དུ་སོང་བའོ།། བསྲུང་བ་ལུས་དང་ངག་དང་ཡིད་།། སྡོམ་པ་གསུམ་ལ་གནས་པའོ།། ལམ་ནི་ཚོགས་ལམ་ལ་སོགས་ལྔ།། ཁྱད་པར་ལམ་དུ་ཤེས་པར་བྱ།། འབྲས་བུ ་བྱང་ཆུབ་སེམས་དཔའོ།། ལྟ་བ་ཤེས་རབ་རང་གསལ་ཏེ།། བཟུང་བ་མེད་པས་དེ་འཛིན་མེད།། འདི་ནི་དོན་དམ་ལྟ་བླ་སྟེ།། ཀུན་རྣོ་བ་ཇི་ལྟར་སྣང་བ་འངདི་།། རང་གི་སེམས་ཉིད་གྱུར་བར་འདོད།། སྤྱོད་པ་བྱང་ཆུབ་སེམས་དཔའ་ཡི།། ་ཕ་རོལ་ཕྱིན་དྲུག་ལས་སོགས་པ།། དེའི་སྤྱོད་པ་ཡིན་པར་གསུངས།། དེ་དག་རྣལ་འབྱོར་སྤྱོད་པའོ།། །། དབུ་མིའི་འཇུག་པའི་གང་ཟག་ནི།། ཤེས་པ་རང་གསལ་རྟོག་པའོ།། བསྲུང་བའི་ཚུལ་ཁྲིམས་ཐུན་མོངས་སྟེ།། གཉིས་ག ་ལྟ་བས་ཁྱད་པར་འཕགས།། ལམ་ཡང་གང་གི་ལྔ་ཉིད་།། མཆོག་གི་བྱང་ཆུབ་ཆོས་ལས་སྩོགས།། ལམ་གྱི་མཚན་ཉིད་མཁས་པས་བརྟག། ས་ནི་གསུམ་དང་བཅུ་དང་ཡང་།། བཅུ་གཅིག་བཅུ་གསུམ་རིམ་པ་ཡིན།། རང་རྒྱལ་ཉན་ཐོས་མུ་སྟེ ་ཀྱི། ས་ནི་དགུ་རུ་ཤེས་པར་བྱ།། སའི་མཚན་ཉིད་སོ་སོའོ།། དུས་ནི་བསྐལ་པ་གྲང་མེད་གསུམ།། དབང་པོ་ལ་སོགས་ཐ་མ་ཡིན།། འབྲིང་གིས་གྲངས་མེད་གཉིས་ཡིན་ཏེ།། རབ་ཀྱིས་གྲངས་མེད་གཅིག་གིསོ།། བསྐལ་པ་གཅིག་པ་ཡིས། དགུ་རུ ་མཁས་པས་ཤེས་པར་བྱ།། ཀྲི་ཡ་སྐྱེ་བ་བཅུ་གཉིས་དང་།། བཅུ་དྲུག་དང་ནི་ཉི་ཤུའི་དུས།། དབང་པོ་རབ་འབྲིང་རིམ་པས་དཔྱ།། ཡོ་ག་སྐྱེ་བ་བརྒྱད་དང་ནི།། བཅུ་དང་བཅུ་གཉིས་ཡིན་པར་གསུངས།། ཐབས་ཀྱི་རྒྱུད་ནི་ཚེ་གཉིས་ཏེ། ཤེས་རབ ་ཚེ་གཅིག་ཡིན་པར་འདོང་།། གཉིས་གིའི་རྒྱུད་ནི་གང་འོག་གི། ཆ་ལས་མཁས་པས་ཤེས་པར་བྱ།། རང་རྒྱལ་གྲངས་མེད་ལྔ་ཡིན་ཏེ། བདུན་དང་དགུ་དང་བཅུ་གཅིག་སོགས།། ཉན་ཐོས་དང་ནི་མུ་སྟེགས་ཀྱི།། དུས་ཀྱི་ངེས་པ་ཡིན་པར་གསུངས། ་ཚོགས་ཀྱིས་ལམ་བརྟག་བཅུ་གཉིས་སོགས།། བྱང་ཆུབ་སེམས་དཔའི་རྟག་ཡིན་ཏེ། བགེགས་ཞི་རིམ་ནང་ཞི་ལ་སོགས།། ཀྲི་ཡིའི་བརྟག་ཏེ་ཐུན་མོངས་གི། རྟགས་རྣམས་གོད་བཞིན་ཤེས་པར་བྱ།། དྲིལ་བུ ་ནམ་མཁར་འཇོག་ལས་སོགས།། ཡོ་གིའི་རྟག་སུ་འདོད་པ་ཡིན།། འཇིག་རྟེན་མཚན་མ་བརྒྱད་ལས་སོགས།། ཐེག་པ་གོང་མའི་མཚན་མ་ཡིན།། ཉན་ཐོས་བརྟག་ནི་ལྔ་ཡིན་ཏེ།། རང་རྒྱལ་གོང་དང་དེ་ཉིད་ཡིན།། མུ་སྟེགས་རྟག་ནི་གསུམ་དང་ལྔ།། ་འདི་དག་སེམས་ཀྱི་རྟག་ཡིན་ཏེ།། རྟག་ཀྱི་སྒོ་ནས་ས་དང་ལམ།། སེམས་ཀྱི་དག་པའི་མཚན་ཉིད་རྟོགས།། དེ་ལྟར་མ་གྱུར་གྲུབ་མཐའ་འམ།། ཐེག་པ་གང་ཡང་ཡོད་མ་ཡིན།། སེམས་ཀྱི་དེ་ཉིད་མ་རྟོགས་པས།། འབྲས་བུ་ཐ་སྙད་སངས་རྒྱསོ།། ་ལྟ་བ་གཉིས་མེད་སྤྲོས་བྲལ་ཏེ།། མདོར་ན་སྟོང་པ་བཅཝོ་བརྒྱད་དོ།། ཀུན་རྫོབ་འདི་ལྟར་སྣང་བ་ཀུན།། སྒྱུ་མ་ལྟ་བུར་འདོད་པ་ཡིན།། བྱང་ཆུབ་སེམས་དཔའི་ཆེན་པོའོ།། ཕ་རོལ་ཕྱིན་བཅུ་ལ་སོགས་པ། དབུ་མའ་བའི་སྤྱོད་པར་འདོད།། ་ཀྲི་ཡིའི་འཇུག་པའི་གང་ཟག་ནི།། དབུ་མ་མཐའ་རུ་ཕྱིན་པའོ།། ཕྱི་ཁྲུས་ནང་ཁྲུས་ལས་སོགས་བཱིའོ།། རིག་པའི་རྟུལ་ཤུགས་བཅུ་གཉིས་ཏེ།། འདི་ནི་སྲུང་བའི་ཚུལ་ཁྲིམས་ཡིན།། སྟན་གདིང་བདག་བསྲུང་ལྔ་སོགསོ་ནས།། ནད་པ་སྲུང ་དང་བཀྲ་ཤིས་སོགས།། ཀྲི་ཡ་ལུག་ཀྱི་ལམ་ལྔ་ཡོན། ཡོ་གི་ལ་ཚུལ་ལས་ཤེས་པར་བྱ།། ས་ནི་བཅུ་གཉིས་བཅུ་གསུམ་པ།། ཀྲི་ཡ་ཡོ་གའི་ས་རུ་འདོད།། སེམས་ཀྱི་བྱེ་བྲག་མ་གཏོགས་པས།། འབྲས་བུ་རིང་བའི་སངས་རྒྱས་ཡིན།། ་སེམས་ཉིད་སྟོང་པར་རྟོགས་པའི།། འདིའི་དོན་དམ་ལྟ་བ་སྟེ།། ཀུན་རྫོབ་རིགས་གསུམ་དཀྱིལ་འཁོར་ཡིན།། ཀླུ་ཡིའི་རྒྱུད་ལས་གསུངས་པ་ཡི།། སྦྱོད་བ་འདི་ཡི་སྤྱོད་པ་ཡིན།། ། ཡོ་ག་ལ་འཇུག་གང་ཟག་ནི།། ་ཀྲི་ཡ་རྟོགས་པའི་གང་ཟག་གོ།། བསྲུང་བའི་ཚུལ་ཁྲིམས་ཁྲུས་བཞི་དང་།། དེ་བཞིན་གོས་གསུམ་རྗེ་བ་དང་།། རིག་པའི་རྟུལ་ཤུགས་བཅུ་དྲུག་སོགས།། འདིའི་བསྲུང་བའི་ཚུལ་ཁྲིམསོ།། ལམ་ནི་རྣམ་པ་ལྔ་ཡིན་ཏེ།། ལྕེ་ལ་བྱིན་རླབ་ནས་བཟུང་ན།། ་དཀྱིལ་འཁོར་བསྡུ་བ་ཚོགས་ཀྱི་ལམ།། གཟུགས་པ་རྣམ་སྦྱོར་བའི་ལམ་ཡིན་ཏེ།། ཡེ་ཤེས་དབབ་པ་མཐོང་བའི་ལམ།། འགྲོ་བ་སྦྱང་བ་སྒོམ་པའི་ལམ།། རྟེན་གྱི་རྡོ་རྗེ་སེམས་དཔའ་སོགས།། མཐར་ཕྱིན་ལམ་དུ་ཤེས་པར་བྱ།། ལམ་ལྔ་དེ་དག ་རེ་རེ་ལ།། སྦྱོར་བ་བར་ཆད་མེད་པ་དང་།། རྣམ་པར་གྲོལ་དང་ཁྱད་པར་གྱི།། ལམ་གཞིའི་རིམ་པས་ཤེས་པར་བྱ།། འབྲས་བུ་རྟོག་པས་སངས་རྒྱས་ཏེ།། སྐུ་བཞི་ཡེ་ཤེས་བཞི་ལས་སོགས།། ལྟ་བ་རོང་སེམས་སྟོང་པར་རྟོགས།། ཀུན་རྫོབ ་དཀྱིལ་འཁོར་བྱིན་ལས་སོགས།། སྤྱོད་པ་ཀློག་དང་ས་ཚ་དང་། སྦྱིན་སྲེག་ལས་སོགས་རིམ་པ་ཡིན།། ། ཐབས་ཀྱིས་འཇུག་པའི་གང་ཟག་ཀྱང་།། རྣལ་འབྱོར་སྔོན་དུ་སྤོང་བའོ།། བདུད་རྩི་ལྔ་ལས་སོགས ་པ་ནི།། བསྲུང་བའི་ཚུལ་ཁྲིམས་ཡིན་པར་འདོད།། ལམ་ལྔ་ལམ་ནི་ཉི་ཤུ་ཡང་།། ཚིམ་པ་ལྔ་དང་བསྙེན་བཀུར་སོགས།། ཅི་རིགས་པ་རུ་ཤེས་པར་བྱ།། སྔགས་ཀྱི་ས་ལ་སོགས་པ་ཡཽ།། སའི་རིམ་པ་དེ་བཞིན་ནོ།། འབྲས་བུ་འོད ་གསལ་ཟུང་འཇུག་ཡིན།། ལྟ་བ་རང་སེམས་དཀྱིལ་འཁོར་ལྔའི་རིམ་པ་ཡིན།། སྤྱོད་པ་འབུ་སུ་ཀ་ལས་སོགས།། གསུམ་དུ་ངེས་པར་ཤེས་པར་བྱ།། ཐབས་རྣམས ་སྔོན་བུ་སོང་བ་དེ། ཤེས་རབ་འཇུག་པའི་གང་ཟག་ཡིན།། ཁྱད་པར་བདུད་རྩི་ལྔ་ལས་སོགས། འདིའི་བསྲུང་བའི་ཚུལ་ཁྲིམས་ཡིན།། དབང་བཞི་བསྐྱེད་རྫོགས་བྱེ་བྲག་ལས།། ལམ་གྱི་རིམ་པས་ཤེས་པར་བྱ།། འབྲས་བུ་རང་ཉིད ་ཡེ་ཤེས་ཏེ།། སྐུ་ལྔ་ཡེ་ཤེས་ལྔ་སོགས་ཡིན།། ཀུན་གཞི་མ་སྐྱེས་སྤྲོས་དང་བྲལ།། རང་རིག་ཡེ་ཤེས་གདོད་ནས་གསལ།། འདི་ནི་དོན་དམ་ལྟ་བ་སྟེ།། རྒྱུད་ལྔ་དཀྱིལ་འཁོར་ལྔ་ལས་སོགས།། ཀུན་རྫོབ་ལྟོ་བར་བྱ་བས་ན།། ལྟ་བའི ་ངོ་བོ་ཞེས་བྱ་ལ།། དེ་ལྟར་རྟོགས་པའི་ཤེས་རབ་ནི།། ལྟ་བར་བྱེད་པས་ལྟ་བ་ཡིན།། འོག་མ་ཀུན་ལ་ཤེས་པར་བྱ།། འབུ་སུ་ཀུ་ལས་སོགས་པའི།། ཁྱད་པར་སྤྱོད་པ་གསུམ་ཡིན་ནོ།། །། དེ་ལྟར་ཐེག་པ་རིམ ་བཅུ་འདི།། འདུ་ཤེས་བཅུ་པ་དགོངས་ནས་གསུངས།། འདི་ནི་མདོར་བསྡུས་ཐེག་པ་སྟེ།། དེ་ནས་བྱེ་བྲག་འབྲིང་པོ་ཡང་།། ཉི་ཤུ་རྩ་བཞི་དྲུག་བཅུ་ནི།། གཞན་གྱི་སྡེ་བའི་ཐེག་པ་ཡིན།། བཞི་དང་བརྒྱད་དང་བཅོ་བརྒྱད་དག། ཉན་ཐོས་ཀྱི ་ནི་ཐག་པ་ཡིན།། རྣལ་འབྱོར་གཉིས་ལ་དབུ་མ་གསུམ།། དེ་བཞིན་གཉིསུ་འདོད་པ་ཡིན།། ཀྲི་ཡ་གསུམ་ལ་ཡོ་ག་བཞི།། ཐབས་ལ་ལྔ་སྟེ་ཤེས་རབ་ལ།། བཞི་དང་བཅུ་དྲུག་ཉི་ཤུ་སོགས།། འདི་དག་ཐེག་པའི་བྱེ་བྲག་སྟེ།། ་སེམས་ཅན་འདུ་ཤེས་ཇི་ཙམ་པ།། རང་དང་གཞན་གྱི་གྲུབ་པའི་མཐའ།། ཐེག་པའི་མཐའ་ལ་ཐུག་པ་མེད།། ཚུལ་ཁྲིམས་ལ་སོགས་དེ་བཞི་ནོ།། དེ་ལྟར་ཐེག་པའི་རིམ་བསྟན་ནས།། བཞི་པ་མཛོའི་བསྟན་ཆོས་ཀྱིས།། གོང་མ ་གོང་མའི་ཁྱད་པར་གྱིས།། འོག་མ་འོག་མ་སུན་ཡང་དབྱུང་།། ཇི་ལྟར་འཇིག་རྟེན་གྲགས་པ་འདི།། གང་དུ་ཡང་ནི་མི་སྤྱོད་ཅིང་།། སྒྲ་དང་ཐ་སྙད་མི་འཇུག་པ། དེ་དག་འདུ་ཤེས་དམན་པ་སྟེ།། དེ་དག་ཚད་ལྟས་སུན་ཡང་དབྱུང་།། ་བྱིས་པ་བླུན་པོ་འདིར་ཉོན་ཅིག། སྒྲ་དང་གཏར་ཀ་མི་ཚོལ་མིན།། འཇིག་རྟེན་གྲག་འདི་ཡོང་མེད་ཀྱིས།། མ་ཤི་ཚེ་ལ་ཚེ་ཚོལ་ཅིག། ཤི་ན་དེའི་སྤྱོད་ཡུལ་མིན།། མ་ཤི་ཐལ་བ་བཞིན་སོང་སྟེ།། སླར་འཚོ་བ་དག་ག་ལ་སྲིང་།། དཔེར་ན ་མཚོའི་འཁྱག་པ་དང་།། ནམ་མཁའི་སྤྲིན་བཞིན་དུ། མེད་པར་ངེསོ་བྱིས་པ་རྣམས།། ཆད་ལྷ་མ་ཡིན་དོན་དམ་ནི།། ནམ་ཡང་ཡོད་པ་མ་ཡིན་ནོ།། དངོས་པོར་སྨྲ་བ་ཡོད་སྲིད་ཀྱི།། དངོས་པོའི་གནས་ཐབས་ཡོད་མ་ཡིན།། རང་སེམས ་འཁྲུལ་པ་ཡོད་པར་སྣང་།། ཡོད་པ་མ་ཡིན་མི་རྟག་མིན།། དངོས་པོའི་མཚན་ཉིད་ཆད་པར་འདོང་།། ཆད་ནས་བདེའི་བྱིས་པ་རྣམས།། ཞེས་པ་ཆང་ལྕིའི་རིགས་པའོ།། ། དེ་ནས་རྟག ་པར་ལྟ་བ་ཡིས།། དངོས་པོ་ཆད་པ་མ་ཡིན་ཏེ།། རྟག་པའི་རང་བཞིན་ཡིན་པར་ངེས།། བརྟག་པ་བདག་གི་རང་བཞིན་ཅན།། མི་འགྱུར་སྐྲ་རྩེ་བརྒྱའི་ཆར།། དཀར་ལ་འཚེར་བ་སྙིང་ལ་གནས།། སྙིང་གི་བདག་ནི་བྱིའུ་འདྲ།། བདག་གི་ཉེ ་ལེགས་རྫ་མ་འདྲ།། རྫ་ཆགས་བྱེ་འཕུར་ཇི་བཞིན་ཏུ།། བདག་ལ་དུས་སུམ་འགྱུར་བ་མེད།། དེ་ཕྱིར་མི་ལས་མི་རུང་འབྱུང་།། དཔེར་ན་རྩཝ་ལས་རྩ་འབྱུང་བཞིན།། བདག་ལས་ཕྱག་དང་དབང་ཕྱུག་སོགས།། འགྱུར་བ ་ལས་ནི་འགྲོ་བར་འདོད།། ཆད་ན་འཁོར་བ་སྟོངས་པར་འགྱུར།། མི་རྟག་འཁོར་བ་འཕེལ་བར་འགྱུར།། རྟག་པས་འཁོར་བ་འཕེལ་འགྲིབ་མེད།། འདི་ནི་རྟག་པའི་གྲུབ་མཐའོ།། རིགས་བྱེད་སྡེ་པ་འདི་ལྟར་འདོད།། རྟག་པ་གཟུགསུ་ཡོད ་མ་ཡིན།། གཟུགས་ནི་མི་རྟག་ཆུ་བུར་འདྲ།། དེའི་ཕྱིར་ན་བདག་མ་ཡིན།། རང་སེམས་འཁྲུལ་པར་བདག་ལྟར་སྣང་།། རང་སེམས་ཤེལ་སྒོང་དག་པ་ལ།། བདག་དང་ཕྱ་དང་དབང་ཕྱུག་འདོད།། འདི་ནི་དངོས་པོའི་དེ་ཉིད་པས།། རྟག་པའི་གཟུགས ་འོར་འདི་ལ་གནས་སོ།། གསང་བ་ཆེན་པོའི་སྡེ་པ་ནི།། སེམས་ནི་རྟག་པ་མ་ཡིན་ཏེ།། སེམས་ཀྱི་རང་བཞིན་འཁྲུལ་པའི་ཕྱིར།། བདག་ཏུ་ཡང་ནི་མི་འགྱུར་རོ།། སྐྱེ་མེད་འོད་ཀས་ལ་ནམ་མཁའི་དང་།། བྱ་རྩལ་བྲལ་བའི་ལྷུན་གྲུབ་ཉིད།། ་འདི་ནི་སོ་སོའི་མཚན་ཉིད་པས།། འདི་ལ་གླནས་པ་ངས་པ་ཡིན།། བྲིས་པ་རང་སེམས་འཁྲུལ་པ་དག། ཤེས་པ་ཤལ་སྐྱོང་དག་པར་སྣང་།། གསང་བ་ཆེན་པོའི་སློབ་མཐའོ།། དེ་ནས་ཉན་ཐོས་བྱེ་བླག་པ།། ཇི་ལྟར་འཇིག་རྟེན་གྲགས་འདི ་ལ།། བདག་དང་བརྟག་པ་ཡོད་མ་ཡིན།། ཕྱི་ན་བདག་མེད་ནང་ན་མེད།། བར་ལ་སོགས་ལ་བདག་མེད་ཕྱིར།། དངོས་པོའི་མཚན་ཉིད་རྡུལ་ཕྲན་ཏེ།། འཕྱར་བ་དང་ནི་བསྐོར་བ་དང་།། བར་མེད་པའི་རིམ་པ་སྟེ།། བྲལ་བའི་རྫས་རྣམས་ཇི ་སྙིང་པ།། ལྡན་པའི་རྫས་རྣམས་དེ་སྤྱོད་།། བྱེ་བྲག་པ་ཡི་གྲུབ་མཐའ་ཡིན།། དེ་ནས་ཉན་ཐོས་མདོ་སྡེ་པ།། ཕྱི་དང་ནང་གི་དངོས་པོ་ལ།། རྫས་དང་རྡུལ་ཕྲན་ཡོད་མ་ཡིན།། ཐ་དད་ལ་སོགས་གནོད་ཕྱིར་རོ།། ཇི་ལྟར་སྣང་བཏགས་པའི། ་རྫས་ཀྱི་རང་བཞིན་ཡིན་པར་འདོང་།། དོན་དམ་སྟོང་པ་སོ་སོར་འདོད།། རང་སེམས་འཁྲུལ་པ་རྫས་ལྟར་སྣང་།། རྫས་དང་རྡུལ་ཕྲན་མིང་ཡང་མེད།། མདོ་སྡེ་པའི་འདོད་པ་ཡིན།། དེ་ནས་རང་རྒྱལ་གྲུབ་མཐའ་ཡང་།། ཕྱི་དང་ནང་གི་དངོས་པོ ་ཡང་།། བཏགས་དང་རྫས་ཀྱི་མིང་ཡང་མེད།། ཕྱི་ནང་རྟེན་འབྲེལ་ངོ་བོ་སྟེ།། འདི་ནི་དངོས་པོའི་མཚན་ཉིད་ཡིན།། དོན་དམ་སྤྱིའི་སྟོང་པར་འདོད།། རང་རྒྱལ་བའི་འདོད་པའོ།། དེ་ནས་རྣལ་འབྱོར་སྤྱོད་པ་ཡང་།། འདི་ལྟར་སྣང་ཞིང་སྲིད་པ་ཀུན།། ་རང་གི་སེམས་ཀྱི་སྣང་བ་སྟེ།། དཔེར་ན་མེ་དང་སྣང་བ་བཞིན།། ཐམས་ཅད་སེམས་ཀྱི་སྒྱུར་བ་ལས།། རྟེན་འབྲེལ་རང་བཞིན་མིང་ཡང་མེད།། རང་སེམས་འཁྲུལ་པ་རྟེན་འབྲེལ་ལྟར།། སྣང་བ་རང་རྒྱལ་འཁྲུལ་པ་སྟེ།། ཤེས་པ་རང་རེག་རང ་གསལ་ནི།། དོན་དམ་ཚུལ་ཏུ་འདོད་པ་དག། རྣལ་འབྱོར་སྤྱོད་པའི་འདོད་པའོ།། དེ་ནས་དབུ་མའི་འདོད་པ་ཡང་།། ཕྱི་ནང་ཀུན་རྫོབ་སྒྱུ་མ་སྟེ།། དོན་དམ་ཕྱི་ནང་སྐྱེ་མེད་སྟོང་།། སྤྲོས་བྲལ་ལྷུན་གྱིས་གྲུབ་པ་ལས།། ཤེས་རབ ་རང་རིག་རང་གསལ་ནི།། མིང་ཡོད་པ་མ་ཡིན་ཏེ།། རང་རིག་མི་རུང་ལས་སོགས་དང་།། སེམས་ནི་འཁྲུལ་པའི་རང་བཞིན་ནོ།། གནོད་པ་ཅན་གྱི་ཚད་མ་མང་།། འདི་ནི་དབུ་མོའི་འདོད་པ་ཡིན།། །། དེ་ནས་ཀྲི ་ཡའི་གྲུབ་མཐའ་ཡང་།། ཕྱི་དང་ནང་དུ་སྣང་བ་ཀུན།། རྟོག་བཅས་རིག་གསུམ་ངོ་བོར་སྣང་།། དོན་དམ་རང་བཞིན་སྤྲོས་དང་བྲལ།། ཀུན་རྫོབ་སྒྱུ་མར་སྣང་བ་ཡི།། དེ་ལ་ཐ་སྙད་ཙམ་ཡང་མེད།། རང་སེམས ་འཁྲུལ་པས་སྒྱུ་མར་སྣང་།། དོན་དུ་མེད་དོན་ལྟར་སྣང་།། སྣང་བ་དག་པས་རིགས་གསུམ་སྣང་།། ཀྲི་ཡ་བའི་འདོད་པ་ཡིན།། དེ་ནས་ཡོ་གའི་གྲུབ་མངའ་ཡང་།། རྟོག་བཅས་རིགས་གསུམ་སྣང་བ་ཡང་།། རྨན་པ་ཡིན་ཕྱིར་ཡོང་མ་ཡིན།། ་རྟོག་མེད་དཀྱི་ལ་འཁོར་བཞིའི་ནི།། ལྷ་རུ་ཕྱི་ནང་དངོས་པོ་སྣང་།། དོན་དམ་སྐྱེ་མེད་སྟོང་པ་སྟེ།། ཡོ་ག་པའི་འདོད་པའོ།། ། དེ་ནས་ཐབས་ཀྱི་གྲུབ་མཐའ་ཡིད་།། རང་ལས་གཞན་པའི་དཀྱིལ་འཁོར ་ཡང་།། གཞན་པའི་ཕྱིར་ན་རང་མ་ཡིན།། དེས་ན་སྙིང་པོ་དེས་མི་ལེན།། རང་གི་ཕུང་པོ་ལ་སོགས་པ།། ལྷ་སྟེ་ཕྱི་ནང་དངོས་པོར་སྣང་།། འཁྲུལ་གཞི་ལས་སོགས་རྣམ་རྟོག་ལས།། འབྱུང་བ་རྟོག་ཕྱིར་ལྷ་མ་ཡིན།། ཕྱུང་སོགས་རང་འབྱུང ་ཀྱི་དཀྱིལ་འཁོར་ཏེ།། ཐབས་དེས་སྙིང་པོ་ལེན་ཕྱིར་རོ།། དོན་དམ་འདུ་གསལ་སྟོང་པ་ཡིན།། ། དེ་ནས་ཤེས་རབ་བླ་མ་ནི།། ཕྱི་རླུང་དངོས་པོ་མོ་ལུས་པ།། ཡཾ་ནས་དཔའའི་རང་བཞིན་ལས། ་ཕུང་སོགས་ལྷའི་དཀྱིལ་འཁོར་གྱི།། ཐ་སྙད་རང་འབྱུང་འདི་ལ་མེད།། ཕུང་སོགས་ཡིན་ཕྱིར་ལྷ་མ་ཡིན།། དེ་གཉིས་སྣང་བ་འགལ་ཕྱིར་རོ།། དེ་ལྟར་ཐབས་ཀྱི་སྣང་བ་རྨན།། དེ་ལས་ཤེས་དོན་དམ་ཡང་།། རེ་ཤིག་འདི་ལྟར ་ཤེས་པར་བྱ།། ཇི་ལྟར་འཇིག་རྟེན་གྲགས་སྐྱེ་གནས།། རྣལ་འབྱོར་སྤྱོད་པ་མན་ཅད་ནི། དངོས་པོར་སྨྲ་བ་ཁོ་ན་སྟེ། དབུ་མ་ནས་བཟུང་ཐབས་ཀྱི་བརླ།། དངོས་པོ་སྟོང་པ་སྐྱེ་མེ་ནི།། རྟོག་པ་མ་ཡིན་ཤེས་པ་མིན།། སྤྱོད ་བ་འམ་སྐྱེ་མེད་འདྲ་བར་རྟོགས།། འདྲ་བའི་ཕྱིར་ན་དངོས་མ་ཡིན།། ཀུན་གཞི་མ་ཡིན་ཕྱི་ནང་གི། གཟུགས་སོགས་སྟོང་པར་གང་རྟོགས་པ། དེ་ནི་འདྲ་བའི་སྟོང་པ་སྟེ།། དངོས་པོའི་སྟོང་པ་དེ་མ་ཡིན།། རང་རིག་ཡེ་ཤེས་མ་ཡིན་གྱི ་ཕྱི་བང་ན་བོད་སྣང་བ་ཡང་།། དེ་དག་གཞན་པ་མ་ཡིན་ཏེ།། ཀུན་གཞི་ཁོ་ནའི་སྣང་བའི་ཕྱིར།། དེ་དག་ཀུན་གྱི་སྟོང་པ་ཡང་།། ཀུན་གཞི་ཁོ་ནའི་སྟོང་པ་སྟེ།། གཅིག་གི་སྟོང་ཉིད་གང་ཡིན་པ།། དེ་ནི་ཀུན་གྱི་སྟོང་ཉིད་ཡིན།། ཅིག་གི་སྣང་བ ་གྲོང་ཡིན་པ།། དེ་ནི་ཀུན་གྱི་སྣང་བ་ཡིན།། དེ་ཕྱིར་འཁོར་དང་མྱ་ངན་འདས།། ཀུན་གི་ནི་ཁོ་ནོར་མ་ཤེས་པས།། དེ་དག་འཁྲུལ་པར་མཁས་པས་བརྟག། དེ་ལྟར་རང་ལས་གཞན་པའི།། འཁོར་དང་མྱ་ངན་འདས་པ་མེད།། རང་གི་ལུས་ངག ་ཡིད་གསུམ་ལས།། ལུས་ངག་ཡིད་གསུམ་མི་བརྟན་ལ།། འགྱུར་བ་ལ་སོགས་ངོ་བོ་ལ།། གཉིས་པའི་ངོ་བོ་དེ་དག་མིན།། སེམས་དང་སེམས་ལས་བྱུང་བ་ལས།། སེམས་ལས་བྱུང་བ་གཉིས་མ་ཡིན།། ཉི་མ་དང་འོད་ཡིན་ཕྱིར།། ་རྡོ་ལྔའི་རྣམ་ཤེས་གཉིས་མ་ཡིན།། རྣམ་ཤེས་ཡིན་ཡང་མི་བརྟན་ཕྱིར།། ཡིད་ཀྱི་རྣམ་ཤེས་གཉིས་མ་ཡིད།། མི་བརྟན་རྟོགས་བཅས་ཡིན་པའི་ཕྱིར།། གཉིད་ལས་སོགས་ན་མེད་པོ་སྟེ།། མེང་པ་རྒྱུ་འབྲས་གཉིས་མི ་དཔེར་ན་ན་མཁའི་མེ་ཏོག་བཞིན།། ཉོན་མོངས་ཡིད་ཀྱང་གཉིས་མ་ཡིན།། མཱི་བརྟན་ཉོན་མོངས་ཡིན་པའི་ཕྱིར།། ས་བརྒྱད་པ་དང་དགྲ་བཅོམ་ན།། མེད་སྟེ་ཁྱིམ་བྱ་ཤི་བ་བཞིན།། དེ་ལྟར་ཕྱི་དང་ནང་ནས་ནི།། ་རང་གི་ཉོན་མོངས་ཡིད་ཀྱི་བར།། འཁོར་བའི་ངོ་བྲོར་མི་འགྱུར་བར།། ཤེས་རབ་མཚོན་གྱི་ལེགས་གཤེགས་ཤིང་།། མན་ངག་རྒྱུད་པས་ཤེས་པར་བྱ།། འཁོར་བའི་ངོ་བོ་གྲང་ཡིན་པ།། མྱོ་ངན་འདས་པའི་ངོ་བོ་ཡང་ངོ་།། འཁོར་བའི ་ངོ་བོ་ཀུནྡ་གཞུ་སྟེ།། ས་བཅུ་སྐད་ཅིག་ཐ་མའི་བར།། བརྟན་ཞིང་ལུང་དུ་མ་བརྟན་ལ།། རྣམ་རྟོག་ཤེས་པ་ཕྲ་མོ་ནི།། དེ་དག་བག་ཆགས་དྲོ་བོ་སྟེ།། དེ་གནས་ཕྱིར་ན་ཀུན་གིཞུ་ཡིན།། ཀུན་གཞི་ཀུན་གཞིས་སྟོང་པ་ལས།། ཀུན་གྱི་གཞན ་གྱིས་སྟོང་པ་མིན།། འཁོར་བ་ཡོངསུ་ཤེས་པ་ལས།། མྱ་ངན་འདས་ཞེས་དེ་ལ་བྱ།། སེམས་དང་བག་ཆགས་ཀུན་གཞི་ནི།། འཁོར་བའི་མིང་གི་རྣམ་གྲངས་ཡིན།། གཞན་གྱི་སྐྱེ་བ་མེད་མིན་ཏེ།། ཀུན་གཞི་ཀུན་གཞིར་མ་སྐྱེས་པ།། ་མྱ་ངན་འདས་པའི་ངོ་བོ་སྟེ། སྐྱེ་མེད་སྟོང་པའི་འོད་གསལ་ཏེ།། སངས་རྒྱས་དེ་བཞིན་གཤེགས་ལས་སོགས།། མྱ་ངན་འདས་པའི་རྣམ་གྲངས་ཡིན།། ཐོག་མར་ཀུན་གཞི་མ་སྐྱེས་པས།། སྐྱེ་བ་མེད་ཅེས་དེ་ལ་བཏགས།། རང་གི་རང་གི ་མཚན་ཉིད་ཤེས།། རྟོག་དང་ཉམསུ་མྱོང་བ་ལ།། ཡ་ནས་སྟོང་པའི་ངོ་བོར་ཤེས།། དེ་ལ་ཡེ་ཤེས་གསུངས་པ་ཡིན།། མེ་ལོང་ཡེ་ཤེས་ལས་སོགས་དང་།། དངོས་སུ་ཡོད་པ་མ་ཡིན་ནོ།། མ་རིག་མུན་པ་ཡེ་ནས་མེང་།། དེའི་ཕྱིར་ན ་ན་འོད་གསལ་ཡིན།། རང་གསལ་རང་རིག་ཡོད་མ་ཡིན།། སྤྲིན་མེད་མཁའ་འདྲ་རྙོག་མེད་ཆུ།། གཡའ་མེད་ཟེར་འདྲ་རང་སེམས་ཤེས།། རྟོགས་དང་ཉམསུ་མྱོང་བ་ལ།། དེ་ལ་སངས་རྒྱས་ཞེས་གསུངས་ཀྱི།། ཇི་ལྟར་གསུངས་པའི ་སངས་རྒྱས་ནི།། དྲང་དོན་ཡིན་གྱི་ངེས་དོན་མིན།། ཀུན་གཞིའི་རྟོག་པ་སངས་རྒྱས་ཏེ།། ཀུན་གཞི་ཅི་ཏའི་ཧཱུཾ་ལ་གནས།། དེ་ཉིད་འོག་མེད་གན་སུ་ངེས།། ཞིང་ཁམས་དག་པ་དྲང་དོན་ཡིན།། ཆོས་ཉིད་རང་རིག་འོད་གསལ་ལ།། སྤྱི་དང་རང་གི་མཚན ་ཉིད་སྟེ།། སྤྱི་ནི་རིགས་དང་མན་ངག་གིས།། ཇི་ལྟར་གཏན་ལ་ཕབ་པ་ལ།། དམིགས་ཤིང་མྱོས་པ་བྱེད་པ་སྟེ།། དཔེར་ན་དམུས་ལོང་སེམས་ཅན་ལོངས་སེམས་ཅན་ལ།། ཉི་མིའི་གཏམས་བྱས་མི་མཐོང་མང་།། ཉི་མ་ལྟ་བར་འདོད་པ་སྟེ།། དམིགས ་ཀྱི་སྒྲིབ་གཡོགས་མ་བྲལ་བར།། ཉི་མ་མཐོང་བར་མི་འགྱུར་རོ།། དེ་བཞིན་རྣམ་རྟོག་མ་བྲལ་བར།། རང་གི་མཚན་ཉིད་རྟོགས་མ་ཡིན།། མདོར་ན་ཡིད་ཀྱི་རྣམ་ཤེས་ཀྱིས།། དམིགས་པའི་ཆོས་ཉིད་གང་ཡིན་པ།། ཆོས་ཉིད་སྤྱིའི་རྣམ་པ་སྟེ།། ཚོགས ་དང་སྦྱོར་བ་མཐོང་བ་དང་།། བསྒོམ་པའི་ལམ་གྱི་བར་ཏུ་ནི།། ཆོས་ཉིད་སྤྱིའི་རྣམ་པ་ལས།། རང་གི་མཚན་ཉིད་རྟོག་མི་འགྱུར།། ས་བཅུའི་དབང་གིཅིག་ཐ་མ་ལ།། ཀློག་གི་རྣམ་པ་སྐད་ཅིག་མཐོང་།། མཐར་ཕྱིར་ལམ་དུ་ཆོས་ཉིད་ཀྱིས།། རང་གི ་མཚོན་ཉིད་རྟག་ཏུ་རྟོགས།། རང་གི་མཚན་ཉིད་རྟོག་པ་ན།། སངས་རྒྱས་སའི་རྟག་རྣམས་འབྱུང་།། དཔེར་ན་སྨན་ནི་འཐུབ་པ་ལས།། ནད་རྣམས་སེལ་བ་སྨན་གྱི་རྟགས།། ཆོས་ཉིད་སྤྱི་ལ་སེམས་གནས་ན།། ཚོགས་ཀྱི་ལམ་ལས་སོ། ་པའི།། རྟགས་རྣམས་སོ་སོར་འབྱུང་བས་ནཱ།། རྟགས་ཀྱི་སྒོ་ནས་རང་སེམས་ལ།། ས་དང་ལམ་གྱི་རིམ་པས་བརྟགས།། ས་དང་ལམ་རྟགས་མ་སྐྱེས་པའི།། ཤེས་པ་དེ་ལ་སྒྲོ་མི་གདགས།། ལམྦུ་གང ་ཡང་རུང་མེད་པ་རུ།། སེམས་ཉིད་རང་གསལ་སྨྲ་བ་ནི།། པཱི་ལྲྀ་རཱ་དང་བི་ཐཱ་ར།། མུ་སྟེགས་སྡེབས་པའི་གྲུབ་མཐའ་ཡིན།། ། དེ་ལྟར་གྲུབ་མཐའ་རྣམ་བཀོད་ན།། ཕྱི་ནང་སྣང་བའི་འཇུག་ཀྱང་བསྡུ།། ཇི་ལྟར ་འཇིག་རྟེན་གྲགས་སྡེ་ནས།། ཤེས་རབ་རྣལ་འབྱོར་བླ་མ་ཡི།། བཞི་པ་སྤྱིའི་རྣམ་པའི་བར།། ཐམས་ཅད་མཁྱེན་པར་སྣང་བས་ན།། བརྟག་པ་ཁོ་ནར་སྣང་བ་སྟེ།། རང་སེམས་ངལ་ཞིང་དུབ་པ་ལ།། རི་ཤིག་དབུགས་དབྱུང་སྟེ་གནས་ས།། ་དཔར་ན་ཆུའི་དངོས་པོ་ལྔ།། ལྷ་དང་མི་དང་དུད་འགྲོ་དང་།། དམྱལ་བ་དཱ་ནི་ཡི་དགས་ཀྱིས།། དངོས་གཅིག་སྣང་བ་ཐ་དད་པར།། གང་ཡང་མ་གྲུབ་སྣང་བ་བཞིན།། སྣང་བ་མ་གྲུབ་པ་རུ་བརྟག།། བལྟ་བའི་མེ་ལོང་གཞོའ ་བའི་མཛོད།། བཞོན་པའི་གླང་ཆེན་ལ་སོགས་འདྲ།། ། བདག་གིས་བསྟན་བཅོས་འདི་བརྩམས་པས།། འགྲོ་བས་འདི་དོན་རྟགས་པར་ཤིག།། གསང་བའི་མཛོད་ཅེས་བྱ་བ།། འགུ་རུ་མཚོའ ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ།། ། པན་ཥི་ཏ་གཉའ་ན་ཤྲི་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། ། བཀྲ་ཤིས།། ་