CLOSE WINDOW

GT2684: rdo rje rnal 'byor ma sbas pa'i sgom pa
Wyliee-texts produced with BDRC’s OCR application

ཨོཾ་སྭ་སྟི། རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་ལུ་ག་བྷ་བ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་སྦས་པའི་སྒོམ་པ། ཨོཾ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལོ།། ད་ནི་རྡོ་རྗེ་ཕག་མོ་ཡི། སྒྲུབ་པ་ཡང་དག་རབ་ཏུ་བཤད།། ་སེམས་ཅན་འཁོར་བ་སྒྲོལ་བའི་ཕྱིར།། དཱི་ན་ཀ་རས་བརྩམས་པར་བྱ།། ཡིད་ང་མཐུན་པའི་གནསུ།། ལུས་དྲང་པོར་བསྲང་ནས་འདི་ལྟར་བསྒོམ་པར་བྱ་སྟེ། དག་པ་རྣམ་པར་ཐར་པ་གསུམ།། བློ་དང་ལྡན་པས་བསྒོམ་པར་བྱ།། དེ་ནས ་སྐད་ཅིག་ཅིག་དེ་ལ། ལྷ་ཉིད་དུ་ནི་རྣམ་པར་བརྟག། བྱང་ཆུབ་ཙན་ངན་ཆུ་ཤིང་དང་།། དཔལ་གྱི་འབྲས་བུ་ཉི་མ་ཟླ།། མེ་དང་སྒྲ་གཅན་སྟེང་ན་མདོག། སྣ་ཚོགས་འཛིན་མ་དམར་མོ་ཆེ།། དམར་བའི་སྤྱན་གསུམ་ཁ་སྤུ་དང་།། ཀཱ་པ་ལ་སྣམ་གར་མཛད་མ།། ཐོད་འཕྲེང ་ཕྱག་རྒྱ་ལྔ་ཡིས་བརྒྱན།། སྐྲ་གྲོལ་ཁ་ཊེ་ག་དང་འདུས།། གཡསུ་སྔོན་མོ་གྲི་ཐོང་དང་།། ཌཱ་མ་རུ་ཁ་ཊཾ་ག་བསྣམས་པ།། གཡོན་དུ་དཀར་མོ་ཞག་པ་གྲི། ཆོས་འབྱུང་རྡོ་རྗེ་རྩེ་གཅིག་འཛིན།། ཉི་མ་རྀ་ཡི་སྟེང་ན་བཞུགས།། ཀུན་ཀྱང་རབ་ཏུ་འབར་བའོ།། སངས་རྒྱས ་རབ་བསྔགས་རྣམ་སྣང་མ།། དབུ་རྒྱན་རྡོ་རྗེ་གསུམ་གྱི་མཛེས།། རྩ་རྣམས་གསུམ་ལ་ཡི་གེ་རྣམས།། ཨཱ~ཾ་ཨཱཿཧཱུཾ་གིས་རབ་ཏུ་བརྒྱན།། ལྟེ་བའི་འོད་ཀྱི་སངས་རྒྱས་རྣམས།། རང་སྔགས་འཁོརློ་ལ་བཞུག་བྱ།། ཕེཾ། ཡང་ཡང་ལྷ་ཡི་དེ་ཉིད་དྲན་བྱས་ཏེ།། ་མཚན་ཁུང་བསྡམ་ནས་གསང་སྔགས་རྒྱལ་པོ་བཟླ། གང་འདི་རྣམས་ནི་རྟོག་པའི་སེམས་ཀྱི་སོ།། འདི་ནི་ལྷ་ཡི་དེ་ཉིད་ཉེ་བར་རིམིགས།། ལྟེ་བའི་དབུས་ན་ཐིག་ལེ་ནི།། ཁ་དོག་དམར་བ་ཉིད་དམིགས་མ།། རླུང་ནི་ཡང་དག་བསྡམ་པར་བྱ།། ལྟོ་བ་འཕེལ་བ་མ་ཡིན ་ཞིང་། རླུང་ནི་ཁ་སྦྱོར་ཉི་དུ་བྱ།། ཟེའུ་འབྲུའི་ནང་དུ་བདེ་བ་སྒྲུབ།། དཔྲལ་བ་མགྲིན་པ་མཐར་སྙིང་ག། ཐེག་ལེ་ཐིམ་པ་འོད་གསལ་བའོ།། དག་པ་གསུམ་གྱི་སྦྱོར་བ་ཡིས།། ཐུན་མཚམས་འཇུག་པ་ཉིད་དུ་བྱ།། ཤ་ལྔ་བདུད ་རྩི་ལྔར་བཅས་པ།། ཟླ་བ་རྡོ་རྗེ་ཨོཾ་ཡིག་གི། སྦྱངས་ཞིང་སྦྲེལ་པ་ལ་སོགས་བྷ~ཾ། ཨ་ཀཱ་རོ་སོགས་གསང་སྔགས་ཀྱིས།། གཏོར་མ་སངས་རྒྱས་རྣམས་ལ་དབུལ།། མཆོད་ཅིང་གསོལ་ནས་གཤེགསུ་གསོལ།། ཧེ་རུ་ཀ་འི་རྡོ་རྗེ་སེམས།། ཡང་ན་ལྷ ་མོའི་ང་རྒྱལ་གྱི།། ཕྱི་རོལ་འབྱུང་པོ་རྣམས་དགེས་བྱ།། ཧ་ཧིའི་བསྙེམས་བཅས་འཇིགས་མེད་པས།། རང་གི་སྟན་དུ་བཟླས་པ་དང་།། ཕེཾ་ཞེས་ཡང་ཡང་གར་སྟབ་བྱ།། ཚེས་བཅུ་ལ་སོགས་དུས་རྣམས་ལ།། གཞོནུ་མ་མཆོད་སྒྲུབ་པར་བྱ།། བུ་མོ་གསུམ་མཾ་བདུན ་དག་ལ་མཆོད་པ་རྫོགས་པ་རྩམ་བྱས་ནས།། བྱིན་གྱིས་རླབ་པ་དེ་རུ་བརྩམ།། ཡང་ན་རྡོ་རྗེའི་རྡུལ་གྱིའོ།། སྒྲོན་མ་ལྔ་བཅས་གཏོར་མ་ནི།། ལྷ་མོ་བཞི་ཡི་སྔགས་བཅས་པས།། སློབ་མིའི་འཁོར་ལོ་བཞིར་རེག་ནས།། འབྱུང་བ་བཞིའི་བར་ཆང་བསལ། ཡུལ་དང་ཝཱ་སྐུ ་སྔགས་ཐིག་ལེ།། རིམ་པ་ཡི་ནི་སྟོང་པའོ།། འདི་ལ་འཇུག་པ་ཡོད་མ་ཡིན།། དཀྱིལ་འཁོར་དབང་བསྐུར་ཉིད་ཀྱི་ཕྱིར།། ཧཱུཾ་སྟོང་པ་ཆོས་ཀྱི་འབྱུང་གནས་དབུས།། ལྷ་སྐུ་བུམ་པའི་ཆུ་ཡི་བཀྲུ། བླ་མ་ཡི་ནི་རྐྱང་མིའི་རླུང་།། ར་ས་ནས་རྔུབ་དྷུ་ཏིར་བཞུག། མཚན་ཁུང་བཅིང ་ནས་ཙཎྜ་ལི།། སྦར་ཞིང་ཐིག་ལེ་རླུང་དག་གི། དགའ་བ་རབ་སྒྲུབ་དེ་ནས་གཞན།། ཟུང་འཇུག་ཡིས་བཤད་པར་བྱ།། དེ་ལྟར་མདོར་སྡུས་སྦྱར་བ་ལས།། དགེ་བ་བདག་གང་བསཌ་པ།། དེ་ཡི་སེན་མ་ལུས་པ།། རྡོ་སེམས་དཔའ་ཉི་དུ་ཤོག། སློབ་དཔོན་ཆེན་པོ་གུཔྟ་ན་ཐ་དད་། རྒྱལ་ཁམྦ་པྲ་སྤྱད་པོ།། ་