CLOSE WINDOW

GT2683: rngon pa'i man ngag
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ལུ་བྷཱ་ཀོ་པ་དེ་ཤ། བོད་སྐད་དུ། རྔོན་པའི་མན་ངག། རྡོ་རྗེ་འཆང་ལ་ཕྱག་འཚ་ལོ།། རབ་དམར་ཆུ་སྐྱེས་ཟེ་འབྲུ་རྒོད་དང་བཅས། བདེ་བས་ཀུན་དུ་རབ་གང་གཉིས་མེད་པ།། གློག་ཕྲན་འགྱུ་ལྟར་རོལ ་པའི་གར་མཛད་པའི།། ལང་ཚེ་མ་ལ་སྤྱི་བོས་བཏུད་ཕྱག་འཚལ།། ཀ་ལི་ཛ་ཡི་བདེ་བ་འབྱུང་གྲོང་དུ་རབ་སྐྱེས་ནས།། རིགས་དང་འཁྲུལ་འཁོར་རྣམ་མང་ལེགས་སྦྱངས་རིགས་ཆེན་པོ།། དམན་ལ་རབ་དགའ་འདོད་པའི་གནས་དོནི་གཉེར ་བ་ན། དཔལ་ལྡན་གསང་བའི་ཞབས་ཀྱིས་རྗེས་སུ་བསྐྱངས་པ་ལས།། དེ་ནས་འདོད་རྣམས་བོར་ནས་གྲོལ་ལོ་མངོན་དགར་གྱུར།། འདོད་པས་སྤངས་ནས་སྲིད་ལ་རྒྱབ་ཕྱོགས་ཡུལ་གཞན་དུ།། བགྲོད་དང་བགྲོད་ལས་རྗེ་བཙུན་ཚོལ་བར ་མངོན་འདོད་གྱུར།། ཇི་ཞིག་ལྟར་ལ་དཔལ་ལྡན་བདེ་བའི་རི་བོར་ཕྱིན།། ཟླ་བ་དྲུག་ཏུ་མཉམ་པར་བཞག་པ་ན།། དཔལ་ལྡན་བདེ་བའི་མགོན་པོ་རྔོན་པའི་ཞབས།། རྗེ་བཙུན་གདུང་པ་མ་དང་སིམ་བྱེད་མ།། བདེ་བ་ཆེན་པོའི་ཡུལ་དང་ལྷན ་ཅིག་སྣང་།། དེ་ནས་ལག་པའི་པདྨོ་མཉམ་སྦྱར་བ།། སྟེང་བཅས་མགོ་བོས་བཏུད་ནས་འདི་སྐད་གསོལ།། སྒྱུ་མའི་འཁོར་ལོས་རྣམ་པར་འཁོར་བ་རྣམས།། སྐྱོབ་མཛད་ཚིག་འབྲུ་སྤངས་པ་དངོས་ཀུན་རྟོགས།། མགོན་པོ་ཁྱོད ་ནི་ན་མཁའི་དཀྱིལ་འཁོར་ཏེ།། འགྲོ་བའི་སྐྱེ་བོ་སྐྱོབ་པ་ཁྱོད་ཀྱིས་སྐྱོངས།། དེ་ནས་པདྨོ་དམ་པའི་ཞལ་བཟང་ལས།། རབ་ཏུ་གསལ་བའི་འོད་དང་ལྷན་ཅིག་ཏུ།། ཚངས་པའི་དབྱངས་ཀྱི་ཀུན་ནས་འགེངས་བཞིན་པ།། བཱ་རཱ་ཧཱི་དབང་འཁྲིལ ་ལྡེམ་གར་མཛད་ནས།། དེ་ལྟར་ལེགས་པར་ཁྱོད་སེམས་ཏེ།། བདེ་བས་རྩེ་གཅིག་ཡིད་ཀྱིས་ཉོན།། ཨོཾ་ཛྫ་ཨཾ་ཧཾ་ཧཱུཾ། དངོས་དང་དངོས་མེད་རྒྱུ་བ་དང་།། བརྟན་རྣམས་རང་གི་གསལ་བ་དང་།། དངོས་པོ་ཀུན་ཡང་ཡེ་ཤེས་མཉམ ་ཇི་ལྟར་མཁའ་སྤྲིན་དག་པ་བཞིན། ཨོཾ་སྭ་བྷཱ་བ་ཤུད་དྷཿསརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ&ཧཾ་ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ&ཧཾཿོཾ་བཛྲ་ཤུདྡྷཿསརྦ་དྷརྨཿབཛྲ་ཤུདྡྷོ&ཧཾཿརྐང་པ་རླུང་དུ་གྱུར་པ་དང་།། མཁའ་ལས་གློག་ཕྲན་གཡོ་བ ་བར་གྱུར།། དེ་ན་རྗེ་བཙུན་ཐུགས་ཀ་ནས། གསང་བའི་ལྟེ་བར་གཉིས་མེད་གྱུར།། གར་མཛད་དེ་ཚོ་ཚངས་པ་ཡི།། འཇིག་རྟེན་ལས་ནི་ཆར་ཡང་བབས།། བདེ་བ་རྒྱས་པ་ཉིད་ཀྱིས་ནི།། འོད་ལྔ་རྣམ་པར་སྣང་བར་གྱུར། ཨོཾ་ཡཾ་རཾ་བཾ་ལཾ་ཧཱུཾ་བཛྲ ་བཱ་རཱ་ཧཱི་ཨ་པ་ཤ་ཡ་ཨཿཿཿོཾ་སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ཡ་ཏིགྣ་བྷ་བཱནྠ། ཏིཥྛ་བཛྲ། རྡོ་རྗེ་ཐིག་ལ་དངོས་ཀུན་ཟ་མ་ཏོག། མ་ལུས་འགྲོ་ལ་བདེ་སྟེར་མིག་འཕྲུལ་ལྟ།། ཀུན་འགྲོ་དཔ་ལྡན་ཕག་མོ་ཆོས་ཀུན་བསྐྱེད།། སྒྱུ་འཕྲུལ་སྙིམ་པའི ་མ་ཏོག་བཞེས་ཤིག་ཧོ།། དེ་ནས་མེ་ཏོག་སྤྱིར་བཅིངས་ནས། གུས་པས་བཏུད་ནས་གསོལ་བ་བཏབ།། ལྷ་མོ་རྣམ་བཞིའི་རྡོ་རྗེ་ནཾ། སྒྱུ་འཕྲུལ་མི་ཤིག་བདེ་བ་དང་།། ཡེ་ཤེས་རྒྱ་མཚོ་ཕྱག་འཚལ་བསྟོད།། ཁྱོད་ཀྱི་ཡེ་ཤེས་མཉམ་མེད ་བདག་ལ་དེ་རིང་གནང་བར་གསོལ།། དེ་ནས་བདག་ནི་ལྷར་གྱུར་ནས།། སྐྲ་ཡིས་བྱིན་རླབ་དབང་བསྐུར་རོ།། ཡེ་ཤེས་འཕོ་བ་འདི་ལ་ནི།། རྡོ་རྗེ་ཆ་ཆའི་ཕྱག་རྒྱས་བཏབ། ཨོཾ་བཾ་ཧ~ཾ་ལྀ་ཧྲིཾ་མོ་ཞེས། དེ་ནི་ཕྲེཾ་ཕྲེཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་སཿ ་ཏཐཱ་ག་ཏཱ་ཀཱ་ཡ་བཛྲ་སྭ་བྷ་བཱ་ཨཏྨ་ཀྵོ&ཧཱུཾ། སངས་རྒྱས་རྡོ་རྗེ་ཁྲུ་ཁྲག་རྣམས།། ཆུར་བཞིན་ཁ་རུ་དབབ་པ་ན།། དམ་ཚིག་སྦྱིན་གྱི་འོང་འཕྲོ་ཞིང་།། ཚངས་པའི་བུ་མོའི་རྒྱུད་ཡང་བབ། ཨོཾ་ཨཱ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ག་བཛྲ་སབྷཱ་བཱ་དྷཱ་ཀཿ། ་དེ་ནས་ཡང་གསུངས་པ། ལྷ་མོ་འདི་ནི་ཁྱོད་དང་འཐུན།། འདི་ནི་སངས་རྒྱས་ཀུན་གྱིས་སྔགས།། གཉིསུ་མེད་དང་བདག་མེད་པས།། འདོད་པ་ལྔ་ལ་སྦྱར་བར་གྱིས།། ལྷ་མོ་དམ་འཁྱུད་ཙམྦ་ནཱ།། རྣལ་འབྱོར་གསལ་བའི་རྣམས་ཤེས་སོ།། ་འདོད་བཅས་སྦྱོར་བ་གཉིས་པ་སྟེ།། རྗེས་སུ་རྣལ་འབྱོར་ཡིན་པར་འདོད།། རྩོད་བྲལ་ཤིན་ཏུ་རྣལ་འབྱོར་ནི། ལྷག་པའི་བདེ་བ་གསུམ་པའོ།། རྣལ་འབྱོར་ཆེན་པོ་གསུམ་ལས་གཞན།། མཚན་ཉིད་བྲལ་བའི་སྐད་ཅིག་མའོ།། སྦྱོར་དང་འཛག ་དང་ལྷུང་བ་ལས།། སྐད་ཅིག་བཞི་པོ་མཐོང་ཞེས་གསུང་།། གསང་བ་ལས་བྱུང་རྡུལ་གྱི་ནི།། ཐིག་ལེ་གནོང་བའི་བཀའ་དྲིན་སྩལ།། ཨོཾ་ཨ་ཧཱུཾཿཾཿོཾ་སརྦ་ཏ་ཐཱ་ག་ཏཾ་ཙཏྟ་བཛྲ་སྭ་བྷ་བཱིཏྨ་ཀོ&ཧཾ། དེ་ནས་འབྱུང་རྔུབ་ཚུལ་གྱིས་ནི།། དཔལ ་དགྱེས་སྒྲོག་མཛན་ན་མཁའ་འཛིན།། གསུངས་པ། འདིར་ནི་དབང་པོ་ཐིམ་པར་སོན།། བདག་གི་རང་བཞིན་ཉམས་པ་སྟེ།། ངེས་པར་ལྷན་སྐྱེས་རྒྱལ་བའི་སྐུ།། བླ་མའི་ཞལ་ལ་གསལ་བར་བྲིས།། སྡུག་མ་ན་མཁའི་ནར་བུ་དང་།། འདུས་བྱས ་སྤྲོས་པ་ཀུན་བཟློག་ཀྱང་།། དེ་ནི་རྒྱ་ཆེན་ཡིད་ལ་བྱེད།། ཨཱ་ཧོ་འོད་གསལ་མཛེས་མའོ། ཤེས་རབ་མཛེས་མ་ལ་ཆགས་སྦྱོར་བ་ཡིས།། འདུས་བྱས་འདུས་མ་བྱས་པ་ལས་གྲོལ་བ།། བསྐལ་པ་འམ་བསྐལ་པ་སྟོང་གི་བར་དུ་ཡང་།། ཡེ་ཤེས་འདི ་སྦྱོར་སྒྲུབ་པས་གནས་པར་བྱོས།། ཨ་དྱཾ་མྦྷ་ཧོ།། རིམ་པར་བྱེད་པ་དང་པོ་རྫོགསོ།། གསེལ་པ། རྗེ་བཙུན་ལྷའི་རྣལ་འབྱོར་ནི་ཇི་ལྟ་བུ། སྤྱུགས་ཀྱི་ཚུལ་ན་པང་། ལྷན་ཅག་སྐྱེས ་བ་ཡབ་ཅི། ཟབ་པ་དང་རྒྱ་ཆེ་པོ་གང་ལགས། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་གྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀླུ་ཡི་གདན་དང་ལུས་བསྲངས་བཅས།། རྡོ་རྗེ་ཐལ་མོ་གསུམ་བརྡབ་པས།། སྒྲ་ཙམ་ཉིད ་དུ་རྣམ་པར་བརྟག། སེམས་དང་རང་བཞིན་ལྷ་བདེ་བ། ཨོཾ་སྭ་བྷ་བ། ཨོཾ་བཛྲ། ཨོཾ་ཡོ་ག། ང་ཚུལ་བྱ་སྟེ་འདི་རྣམས་ནི་སྔགསོ།། རང་བཞིན་མཚན་ཉིད་འབྲས་སྟོང་པ།། སྟོང་པ་མཚན་མ་མེད་པ་དང་།། གང་ཡང་སྨོན་པ་མེད་པ་ནི།། རང་བཞིན ་སྤོས་དང་བྲལ་བ་བསྒོམ། ཨོཾ་ཤུ་ནྱ་ཏ། ཨ་ན་མི་ཏ། ཨ་པྲ་ནི་ཧི་ཏ། ཞེས་པའི་སྔགསོ།། རླུང་ནི་ཡང་དགུ་བསྐུལ་བ་ལས།། སྣང་བ་མེད་པར་རབ་ཏུ་བརྟག། སླར་ཡང་རླུང་གི་སྦྱོར་བ་ལས།། སྒྱུ་མ་ཙམ་དུ་རྣམ་པར་བསྒོམ།། ཡིད་ཀྱི་རྫོགས ་པ་སངས་རྒྱས་པ་ཀུན།། སྐད་ཅིག་ལྷ་མོའི་རང་བཞིན་བརྟག། སངས་རྒྱས་ཟླ་བའི་ཁུ་བ་རྣམས།། ན་མཁའི་དབྱིངསུ་རབ་ཏུ་བསྒོམི།། རྣམ་པར་ཤེས་པ་རླུང་དང་བཅས།། བཾ་ཡིག་ཁུ་བོ་གཉིས་མེད་གྱུར།། ང་ཚེ་བྷ་ག་ཆོས་ཀྱི་དབྱངས།། ཕྱི་རོལ་སྲུང་བ ་ཡང་དག་བཅས།། ཧཱུཾ་ལྷ་མོ་རྡུལ་དུ་གྱུར་པའི་དབུས།། ཟླ་བ་ཁུ་རྡུལ་གཉིས་མེད་ཐིམ།། དེ་ལས་བཱ་རཱ་ཧཱི་དབང་ལང་ཚོ་མ།། འཆར་ཀའི་སྣང་བ་དང་ལྡན་ལུས་ཕྲ་མོ།། ནུ་མ་མཐོ་ཟླུམ་རྒྱས་ཤིང་པདྨོ་ལ།། ཉིན་བྱེད་དང་ནི་ཡི་དགས་སྟེང་ན ་རོལང་སྐུ་ལུས་གསུམ་འཁྱོག་ཉིད་ཀྱི་གར་སྟབས་ཅན།། གཅེར་བུ་གཡོན་བརྐྱང་ཤ་རྒྱུས་འཇམ་ཞིང་མཉེན།། པདྨའི་ཟེའུ་འབྲུ་རྒོད་པས་འོད་ཕྲེང་འཁྲུག། ཟླ་བ་མེ་ཏོག་རྒྱན་ལ་རབ་དགྱེས་པ།། ཐོང་པ་དང་ནི་གྲི་གུག་ལག་ན་བསྣམས།། ་ཤུ་ལ་བསྣུན་དང་ཅང་ཏེའུ་སྟེང་བཅས་འཛིན།། སྐྲ་ཚོགས་རྟག་པར་བཅིངས་དང་རབ་གྲོལ་བ། བན་དྷུའི་སྤྱན་དང་མཆེ་བའི་མྱུ་གུས་སྤྲས།། སྟེང་དུ་གཟིགས་དང་གཉིས་ན་ཟུར་གྱིས་ལྷ།། རབ་སྔོ་ཕག་གདོང་གྱེན་ཕྱོགས་གཡ་སྲི་སྟེ། ་ཧཱུཾ་ཧཱུཾ་རབ་བསྒྲགས་མཆོག་ཏུ་ཁྲོ་ཞིང་འཁྲུག། ཁྲོ་དང་ལྷག་པར་རབ་ཆགས་བཞིན་བསྒྱུར་བ།། ཕྱག་རྒྱ་ལྔ་དང་མི་མགོའི་འཕྲེང་བ་ཅན། ཐོད་པའི་ཕྲེང་བས་སྐུ་འཚམས་རྒྱས་པ་བརྒྱན།། རབ་བླངས་ཁ་ཊ་ཡན་ལག་གཉིས་མེད་འདུས།། པདྨོ་ཅན ་གྱི་ལྷ་མོ་རབ་ཡིད་འོངས།། འབར་ཞིང་གཡོ་བའི་གཟི་བརྗིད་དཀྱིལ་འཁོར་དབུས།། དེ་འདྲའི་སྒྱུ་འཕྲུལ་ལྷ་མོ་བསྒོམ་བྱས་ནས།། ཕྱག་རྒྱ་དྲུག་དང་རྡོ་རྗེ་གསུམ་གནས་ལ།། འཁོར་ལྷོ་དང་ལྡན་པདྨ་རྡོ་རྗེའོ།། ཨོཾ་བཾ་ཧཾ་ཡོཾ་པྲེ་མོ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ ་ཕཊ་ཕཊ།། ས་བོན་གྱིས་བཀོད་ནས་སྐུ་བྱ་སྟེ། བཱ་ར་ཧཱི། ཡ་མི་ནི། མོ་ཧ་ནཱི། སཉྩ་ལཱི་ནཱི། སནྣ་ས་ནཱ~ཾ། ནཛྫ་ཀཱ། ཞེས་པ་ནི་མིང་ཏཾ། ཡི་གཽ་ཨོཾ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧ་ནི་ཐམས་ཅད་དུའོ།། ཨོཾ་ཨཿཧཱུཾ། མི་འཁྲུགས་པའི་སྤྱི་བོ་མནན་པའི་ལྷ་མོ ་དེའི་སྨིན་མ་བསྒྱུར་ཞིང་། ལྟེ་བའི་དཀྱིལ་འཁོར་གྱི་སྣང་བས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པར་བྱའོ།། བོ་ཛེ་ཧཱུཾ་བཾ་ཧོ།། ཨོཾ་ཡོ་ག་ཤུད་དྷ་སརྦ་དྷ་མཿཡོ་ག་ཤུད་དྷ་ཧཾ། ཨོཾ་ཨཾ་པྲཾ་ཨཾ་པཱཾ་པུ་ཛཱ་ཙྱཻ་ཨཱཾ་བཱཾ་གི་ཏི་ནོ་ལཾ་བྲུཾ་ཤཾ་ཨཱ་ཧཱུཾ། ཞེས་བྱའོ།། ་ཨོཾ་ཨརྒྷཾ་ཨཱཿཙྪ། བོརྡྷཱཿ། ཨཉྫ་མ་ནཾ། པཥྤཾ་པུཛྫ། དྷཱབཾ། ནནྟ། དཱི་པཾ།། ནཱཾ། ཀིཥྚཾ། ནཊ་ཏྱཾ། ན། ཨུཿན་ཡ། ཀི། ནོཿ། བྷཱི་ཨཱ་ཧཱུཾ་ཞེས་པས་མཉེས་པ ་མཆོད་ནས་རྣལ་འབྱོར་ལ་འཇུག། ཨ་བ་དྷུ་ཏི་ཁ་དོག་དམར་བ་ཉིད།། ལྟེ་བ་ནས་ས་ཀློག་གི་དཔྲལ་བ་མིག་གཉིས་ཀྱི་སྟེང་གི་བར་དུ་དང་། གསང་བའི་བར་དུ་ཀུན་དྷ་ར་ལ་བྱ་གདོང་ཕྲ་མོ་དབུས་སུ་དང་། དེའི་དབུས་ན་སྣང་བྱེད་དང་། ་ལྟེ་བའི་ལྟེ་བར་ཧྲི། ཨོཾ་ཨཿཧཱུཾ་དང་ཕྲེང་བ་དང་ངོས་གཉིས་དང་ལོག་གཅིག་དང་འཁྱིལ་བ་གཉིས་ཏེ་བཞི་བསམ་མོ།། སྨིན་མར་བདུད་རྩིར་བྱེད་པ་ལཱ་བཾ་ཡིག་གོ། ཡི་གེ་རྣམས་ལས་འོད་ཀྱི་སྦུ་གུའི་རྩེ་མོ་སྣ་བུག་གཡོན་དང་། ་གདེང་གི་རྩེ་ལས་བྱུང་སྟེ། བུད་མེད་དང་སྐྱེས་བུའི་གསང་བའི་ལམ་ལས་སྤྱི་བོ་དང་། ཤཾ་ཁཱི་དང་ཁཱ་ཁ་མུ་ཁམས་ཁུ་རྡུལ་དྲངས་ཏེ་ཉི་ཟླ་དང་གཅིག་ཏུ་གྱུར་པ་དེའི་རྒྱན་གྱི་སྔགས་ཕྲེང་བྱིན་གྱིས་བརླང་ཏེ་ཐམས་ཅད་བ་གདོང་གི་ནང་དུ་བྱོན་པ་ལ་བསམ ་ཞིང་སྔགས་བཟླ་བར་བྱ་སྟེ་བདེ་བས་མྱོས་པས་འདར་གཡོ་བ་ལ་གཅིག་ཏུ་བསམ་མོ།། ཨོཾ་བཛྲ་བྷཱ་རཱ་ཧཾ་ཨ་བེ་ཤ་ཡ་ཨཱཿསརྦ་པུཥྤཾ་ཧྲཱིཿསྭཱ་ཧཱ། སྙིང་པོའོ།། པ་དང་བསྡུ་བའི་འཁོར་ལོ་བར་མེད་དུ་འཁོར་བ་བསྒོམ་པར་བྱ་སྟེ་གསང་བར ་ཐུར་སེལ་བསྡུ་བར་བྱས་ལ། ཨོཾ་སརྦ་བུད་དྷ་ཌ་ཀི་ཞེས་པ་ལ་སོགས་པ་ནི་རྩ་བའི་སྔགསོ།། ཨོཾ་བཛྲ་བེ་རོ་ཙ་ནཱི་ཡེ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ།། ཨོཾ་ཧྲི་བ་ཕེཾ་ཨཱ་ཧཱ། ཉེ་བའི་སྙིང་པོའི་སྙིང་པོའོ།། འགའ་ཞིག་ཏུ་སྲོག་དང་རྩོལ་བ ་བ་བསྡམས་ནས་ཡིད་ཀྱིས་བཟླ་ཞིང་། དེ་ལ་རིང་དུ་སེམས་གནས་ན་རླུང་འཇུག་པ་དང་གནས་པ་འབྱུང་བ་ལ། ཨོཾ་ཨ་ཧཱུཾ་ཞེས་པའི་སྙིང་པོས་གསང་བའི་ལྟེ་བ་ནས་སྤྲོ་བསྡུའི་བཟླས་པ་བྱ་སྟེ་ཧྲཱིཿཉིང་ལས་ཀྱང་བཟླས་པ་བྱར་རུང་བ ་ཉི། དག་པ་གསུམ་གྱི་སྒྲ་ཡི་ནི།། སྟོང་པ་ཉིད་ལ་རྣམ་པར་གཞུག། སླར་ཡང་རྨིག་རྒྱུ་ལྟ་བུ་དང་།། ཁམས་གསུམ་སྒྱུ་མའི་ལུས་སུ་རྟག། སྣང་བ་སྒྲ་དང་རྣམ་རྟོག་གང་།། ཆུ་ཟླ་ལྟ་བུར་ལྷ་ཉིད་བསྒོམ།། འདི་ལ་བརྟུལ་ཞུགས་ཡོད ་མ་ཡིན།། ཐམས་ཅད་དུ་ཡང་རྣམ་པར་ཐར།། རིམ་པར་བྱེད་པ་གཉིས་པ་རྫོགས་སོ།། ། ད་ནི་གཞན་ཡང་། རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས།། ་དགོན་པ་ཆེན་པོའི་ས་ཕྱོགསུ།། མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན།། རི་བོ་དབེན་པའི་ས་ཕྱོགས།། དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ།། ས་ཆ་མཉམ་པ་ཡིད་འོང་བར།། དྲི་མཆོག་གི་ནི་བསྒྱུར་བར་བྱ།། རྟག་པ་ཉིད་དུ ་བདག་ཉིད་དང་།། དང་ལྡན་བཱ་རཱ་ཧཱི་ལ་མཆོད་པ། བུ་བཟང་སྐུ་ཡི་རྣལ་འབྱོར་ཅན།། དེ་ལྟར་སྔགས་ཀྱི་དེ་ཉིད་བསྟན།། ལྷ་མོས་བྱིན་རླབས་བཟླས་པ་ཡི།། རྡོ་རྒྱུས་ཀྱིས་ནི་ཡང་དག་བྲི།། རིགས་བྱེད་རྣམས་ཀྱི་དང་པོ་སྦྱིན། ་ས་ཡི་གཡས་དང་ཛྷ་འོག་སྦྱར།། བྷ་འོག་ཛྷ་འོག་སྦྱར་བ་ནི།། འོག་གི་ཆ་དང་མོ་དང་བཅས།། ཧ་སྟེང་ཉ་འོག་སྦྱར་བར་བྱ།། ཐ་ཡིག་གཡས་དབུཛྙཱ་གཡོན་སྦྱར།། མ་སྟོང་ཊ་ཡི་གཡོན་པ་སྦྱར།། དབུས་མའི་མདུན་གྱི་མཐོའ་ནས་བླངས ་དབུས་མིའི་རྒྱུ་བ་རྐཎ་སྟེང་བླངས།། ཝ་ཡིག་གཡས་དང་ཛ་འོག་སྦྱར།། ཛ་འོག་ལ་འོག་དང་ནི་སྦྱར།། ན་ཡི་སྟེང་ནས་བླང་བར་བྱ།། ལན་གཉིས་ཙམ་དུ་བཀླག་པར་བྱ།། ཤ་འོག་ཤྭར་ཕྱོགས་མཐའ ་ཡི་གྲོང་།། ཐ་འོག་ཛྷ་འོག་སྦྱར་བ་ནི།། སྟེང་དུ་གཟི་བརྗིད་བརྒྱན་པར་བྱ།། དྷ་ཡི་གཡོན་དང་ཌ་འོག་སྦྱར།། བསྟེང་ར་འོག་བོརྩེག་པ་ནི།། དྷ་ཡི་སྟེང་གིས་སྤྱི་བོ་བརྒྱན།། དབུས་མ་ཎ་འོག་བཅས་པོ་ནི།། ཊ་ཡི་གཡོན་དོང་སྦྱར་བར ་བྱ། རྣམ་པར་བཅང་བས་རབ་ཏུ་མཛེས།། བྷ་སྟེང་ཐ་འག་ཉ་འགྲ་བཅས།། ཉ་འོག་དབུས་ཀྱི་ཡུལ་ལ་སྦྱར།། འདི་ནི་རྩ་བའི་རིག་པ་མཆོག། ཨོཾ་ནི་ཐམས་ཅད་གསང་སྔགས་ཏེ།། དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད།། བ་ཡི ་ཁུ་བ་རེངས་པ་དང་།། ཛཱ་ཡིག་རླུང་དང་རྡུལ་འཆང་བ།། བཱ་ཡིག་སྨྲ་བའི་བདགུ་པོར་འགྱུར།། རཱ་ཡིག་དབང་དང་དགུག་པར་བྱེད།། ཧཱི་ཡི་འཇིགས་པ་ཀུན་ལས་ཐར། ཨ་ཡི་མི་སྣང་འགྱུར་བ་དང་།། བེ་ཞེས་བྱ་བས་མཁའ་སྤྱོད་དང་། ་ས་འོག་རྐང་བྱུག་ཤ་ཡ་ཡིས།། ཨཱཿའདིས་གཏུ་མོ་འབར་བར་བྱེད།། ས་ཡིག་མངོན་ཤེས་ལྔ་རུ་འགྱུར།། རྦ་ཡིག་འདིས་ནི་རྟོག་མེད་པ།། དུ་ཞེས་བྱ་བས་ཐིག་ལེ་འགོག། ཥྚུ་ཡིས་ནི་ཏིང་འཛིན་ཐོབ།། ཧཱི་རལ་གྲི ་དངོས་གྲུབ་ཐོབ་པར་འགྱུར།། སྭཱཧཱ་ཞེས་པ་ཉིད་ཀྱིས་ནི།། དྲོད་དང་ལྷན་སྐྱེས་དགའ་ཐོབ་འགྱུར།། མཐེ་བོང་བྱིན་པ་བརླ་གསང་བ།། ལྟེ་བ་ལྷོ་དང་ནུ་མ་ལག། མགྲིན་མཆུ་འགྲམ་པ་མིག་དང་སྔ།། སྤྱི་གཙུག་སྟེང་འོག་ཚིགས ་ཀུན་དང་།། བྱ་གདོང་སྤྱི་བོ་རྣམས་ལའོ།། དེ་ནས་གཞན་ཡང་དོན་དམ་པའི་སྔགས་ཏེ།། གང་ཡང་འདི་ན་འཁོར་བའོ།། དེ་བཞིན་མྱ་ངན་ལས་འདས་པ།། འདི་དག་ཀུན་གྱི་གནས་གཅིག་པུ།། འོད་གསལ་ན་མཁའ་ལྟ་བུའོ།། ་སེམས་ཀྱི་རྒྱུད་ལས་རྣམ་གཞན་དུ།། ཐར་པ་ཚོལ་བའི་ངལ་བས་ཅི།། ཟླ་བ་མངོན་དུ་མཐོང་གྱུར་ནས།། རི་མོར་བྲིས་ལ་སུ་ཞིག་ཆགས།། བཅོས་མིའི་ལས་དང་ཏིང་འཛིན་དང་།། དེ་ཡིས་རྩོལ་བ་ཇི་སྙེད་པ།། དེ་ཉིད་རིག་ལ་དགོས་པ ་མེད། སེམས་ཀྱི་རང་བཞིན་རིག་པ་ནི།། དངོས་དང་དངོས་མེད་རྣམ་པར་དག། གང་མ་གྱུར་པ་ཞི་བ་དང་།། རྣམ་རྟོག་འཁོར་བ་ཉིད་ཅེས་བྱ།། དེ་ཕྱིར་དེ་ནི་རྒྱལ་བས་མཁྱེན།། དེ་ནས་རྫོགས་པའི་རིམ་པ་ཡང་།། འདི་ལྟར་རྫོགས ་སངས་རྒྱས་དང་རྒྱལ་སྲས་དང་།། ཀུན་གྱི་ཡེ་ཤེས་འདི་མི་བརྗོད།། རང་རིག་རྣམ་པ་ཀུན་དང་བྲལ།། གཞོལ་མང་སྒྲ་དང་རྣམ་ཀུན་བ་ཅན།། འདི་ནི་དོན་དམ་བཱ་རཱ་ཧཱི།། གང་ནི་ཆུ་སྐྱེས་དབུས་ན་གནས།། རླུང་དང་ཐིག་ལེ་ལུས ་གཅིག་པུ།། རྡུལ་ནི་གཏུམོ་ཉིད་དུ་རིག། གསང་བར་བྷ་ག་ཟུར་གསུམ་པ། དེའི་དབུས་ན་རྡོ་རྗེ་ཕག་མོ་གཡོན་སྐོར་དུ་དྲག་ཏུ་འཁོར་བ་བཀོད་ནས་རླུང་གི་སྦྱོར་བས་སྦྱར་བར་བྱའོ།། ལྟེ་བ་ལྔ་པོ་ཡོངས་ཕུག་ནས།། ཐིག་ལེ་རྒྱུན་ནི་རབ་ཏུ ་བསམ།། དེ་ལས་དགའ་དང་མཆོག་དགའ་བ།། བྲལ་དང་ལྷན་སྐྱེས་སྐད་ཅིག་མའོ།། གལ་ཏེ་སྤྱི་བོ་སྙིང་ནང་གདུང་།། ལྗོན་པ་འགྱེལ་བའི་ཚུལ་ཉིད་དམ།། གཏུན་ཤིང་གཉིས་ཀྱིས་སྦྱར་བར་བྱ།། བརྒྱལ་ཞིང་སྟེང་ཕྱོགས་འོད ་འཕྲོ་བ། དེ་ཚེ་ལག་གི་རྡོ་རྗེ་དབབ།། སྨིག་རྒྱུ་ཟླ་བ་དེ་བཞིན་དུ།། མེ་ཁྱེར་མར་མེ་ནམ་མཁའ་སྟེ།། མཁའ་སྣང་ཐམས་ཅད་དེ་ལ་སྣང་།། ཁམསུཾ་གྱི་ནི་གཟུགསུ་འགྱུར།། དགའ་ཆེན ་ཤིན་ཏུ་གཉིད་ཡུརརྱ་ལ།། རླུང་འགོག་སྦྱོར་བས་གནས་གྱུར་པ།། ཁྱོད་ཀྱིས་དེ་སྲིད་འདི་སྒྲུབ་བྱས།། རིམ་པར་བྱེད་པ་གསུམ་པ་རྫོགསོ།། ། ཡངས་གསུངས་པ ་ནཱནྡ་ཀུཎྜ་ལ་བཱ་རཱ་ཧཱུཾ།། རྡུལ་རྒྱས་པ་ལས་བདེ་བ་ཐོབ་འགྱུར་ཏོ།། རྡོ་རྗེ་པདྨ་སྦྱོར་ལས་རྡུལ་ལྷག་རྒྱསཽ།། སྒྱུ་མའི་ལུས་དང་ཐིག་ལ་བཞི་གཡོ་བ།། སྣ་རྩེ་དག་ཏུ་རླུང་སེམས་ཞུ་ཞིང་འབབ།། མ་ལོང་ཤིན་ཏུ་དངས་པ་ལ། ་ལེགས་བྲིས་གཟུགས་བརྙན་གསལ་བ་ལྟར།། ལྷ་ཡི་དེ་ཉིད་རབ་ཏུ་དམིགསོ།། ལུས་འདི་སྒྱུ་མ་ཉིད་དུ་རྟག། རབ་ཏུ་འཇིགས་པའི་ཡིད་དགའ་བ།། རི་བོ་ན་འདབ་ཆུ་ངོགས་དང་།། དུད་ཀྱི་ཁྲོད་མ་ཕུག་དག་ཏུ།། རང་གི་རིགས ་ཀྱི་ལྷ་མོ་གཟུང་།། ཐ་མལ་ཚུལ་ནི་ཡོངས་བོར་ནས།། རྡོ་རྗེ་སྦྱོར་བས་སྦྱར་བར་བྱ།། སྔགས་དང་ལྷ་ཡི་དེ་ཉིད་བསྟན།། དེ་ནས་དགའ་བ་བརྩམ་པར་བྱ།། རེག་པ་དང་སྦྱོར་བ་དང་བསྲུབ་པ་དང་ལྷུང་བའི་སྐད་ཅིག་ལ ་དགའ་བ་དང་། མཆོག་ཏུ་དགའ་བ་དང་ཁྱད་པར་གྱི་དགའ་བ་དང་ལྷན་ཅིག་སྐྱེས་པ་རྣམས།། བསྙེན་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་ཆེན་པོའོ།། དེ་བཞིན་དུ་རྣལ་འབྱོར་དང་རྗེསུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ ་དང་། རྡུལ་དང་འདོད་གཡོ་བ་ནི་གཉེན་པོའོ།། འབྱུང་བ་རྣམས་ཞུ་ཞིང་དབང་པོ་ཐིམ་པ་ནི་ཉེ་བར་བསྒྲུབ་པའོ།། ཁུ་བའི་རྒྱུན་གྱིས་སྔགས་ཀྱི་བདག་པོ་རྡུལ་ལ་ཐིམ་པ་ནི་སྒྲུབ་པའོ།། ཁུ་བའི་དམ་ཚིག་རིགས་ཀྱི་བདག་པོ ་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ།། དེ་ལ་དེ་ཉིད་ལྔ་པོ་རྣམས་ལྔ་དེ་ཉིད་རྣམས་ཉིད་ཀྱི་དབྱེ་བས་གནས་ཏེ་གཅིག་ཏུ་ནི་ས་དང་རླུང་གཡོ་ལ་མེ་དང་ཆུ་གཡོ་བའོ།། གཞན་དུ་ནི་རིམ་པར་གཡོ་བ་དང་།། རེ་རེ་ཡང་ལྔ ་དང་ལྔ་དུས་གཅིག་ཉིད་ལ་གཡོ་ཞིང་འཁྲུགོ། ས་གཡོ་བ་ནི་ལྕི་ཞིང་ལྕི་ལ། ཆུའི་དཀྱིལ་འཁོར་འཁྲུག་པ་ནི་ཆུའི་རྡུལ་གྱི་གཤེར་བར་འགྱུརརོ།། མེ་ཡི་དཀྱིལ་འཁོར་འཁྲུག་པས་ནི་ཚ་བར་འགྱུར་ཞིང་། རླུང་གི་ཚོགས་གཡོ ་བས་འང་ར་ཞིང་དཀྲུག་སྟེ། ན་མཁའི་ཁམས་གཡོ་བས་ནི་བདེ་བ་ཉིད་དང་། ལྷག་པ་ཉིད་དང་། ཚིམས་པ་ཉིད་དང་། བྲལ་བ་རྣམསུ་འགྱུར།། འདི་ལ་འདོད་པ་དང་། བདེ་བ་དང་། བརྒྱལ་བ་དང་། རང་རིག་ཅེས་བྱ ་བ་དགའ་བཞི་སྟེ། ཐམས་ཅད་ཀྱང་བཅིངས་ཤིང་བརྟན་པ་ནི་གྲོལ་བ་དང་། གང་འཕོ་བ་དང་འགྱུར་བ་ནི་སྡུག་བསྔལ་བའོ།། བློ་དང་ལྡན་པ་འདི་ལ་གང་དག་དམ་ཚིག་གི་སྦྱོར་བ་ཡང་འདི་ལྟ་སྟེ། དེ་ལ་གང་གི་ཁུ་བ་ཞུ་བ་ལས ་དགའ་བ་བཞིར་འགྱུར་བ་དང་། རྡུལ་གྱི་ཁམས་རྒྱས་པ་ལས་ཁུ་བ་གཡོ་བ་ཉིད་དུ་འགྱུར་ཏེ། བློ་དང་ལྡན་པ་འདི་ལྟ་སྟེ། དཔེར་ན་རྡོ་རྗེའི་འདབ་མ་ཡང་རུང་། རྡོ་རྗེའི་རྩ་བ་ཡང་རུང་། རྡོ་རྗེའི་མེ་ཏོག་ཀྱང་རུང་སྟེ།། བཅུད ་ལེན་གྱི་གནས་སུ་བོར་ན། བཅུད་ཀྱི་དངོས་པོ་རྣམ་པར་གཡོ་ཞིང་ཁོལ་ལ། འཕར་བ་དང་། ད་དུང་ཡང་རླུང་གི་ཤུགས་ཀྱི་མནན་ཅིང་བོར་བ་ན། བཅུད་ལེན་སྲ་བ་གཡོ་བ་མེད་པར་བསྟན་ལ། སྣོད ་རྣམས་ཉིད་ཞིག་ཅིང་། རྡོ་རྗེ་རྩ་བ་ཡང་རུང་། རྡོ་རྗེའི་མེ་ཏོག་ཀྱང་རུང་སྟེ། དེའི་ཚང་དེ་རྣམས་ཉིད་སྣོང་དུ་འགྱུརརོ།། འདི་ལ་རྡོ་རྗེ་རྩ་བ་དང་འདབ་མ་དང་མེ་ཏོག་གང་གི་འབྲས་བུ་གཅིག་ཏུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན ་དེ་རྣམས་ཉིད་རང་བཞིན་དང་། རོ་དང་ནུས་པ་མཉམ་པའི་ཕྱིརརོ།། འོན་ཀྱང་གྲོང་བུ་ཅན་ནི་རྡོ་རྗེའི་རྩ་བ་དང་། ཆུ་ཐིག་ཅན་ནི་རྡོ་རྗེའི་འདབ་མ་དང་། གཡོ་བ་ཅན་ནི་རྡོ་རྗེའི་མེ་ཏོག་གི་མྱུར་དུ་འཆིང་སྟེ། དེ་ཅིའི་ཕྱིར་ཞན ་དེ་རྣམས་སྟོབས་མི་མཉམ་པའི་ཕྱིརརོ།། བློ་དང་ལྡན་པ་དེ་བཞིན་དུ་རང་བཞིན་གྱི་གཏུ་མོ་ཡང་རུང་། རྣལ་འབྱོར་གྱི་ཡང་རུང་། ལས་ཀྱི་ཡང་རུང་སྟེ་ཀུ་ཛྭ་ལ་རེག་པར་གྱུར་ན་ཁུ་བ་གཡོ་ཞིང་ཞུ་བ་ལ་བབ་པ་ན་ད་དུང་ཡང་རླུང ་གཏུམ་མོས་གཡོ་མེད་དུ་བྱས་ནས།། ཁུ་བ་རབ་ཏུ་སྐྱེ་བ་གྱེན་དུ་བཅིངས་པས་ལུས་ཀྱི་བུམ་པ་རྣམ་པར་འགག་ནས་དེའི་ཚེ་རང་བཞིན་གྱི་གཏུམ་མོ་ཡང་རུང་། རྣལ་འབྱོར་གྱི་ཡང་རུང་། ལས་ཀྱི་ཡང་རུང་སྟེ། དེའི་ཚེ་དེ་རྣམས་ཉིད་སྣོང ་འགྱུརརོ།། འདི་ལ་རང་བཞིན་གྱི་གཏུམ་མོ་དང་། རྣལ་འབྱོར་དང་། ལས་ཀྱིས་གཏུམ་མོ་གང་གི་འབྲས་བུ་གཅིག་ཏུ་འགྱུར་ཏེ། དེའི་ཅིའི་ཕྱིར་ཞེ་ན། དེ་རྣམས་རང་བཞིན་གཅིག་པའི་ཕྱིརརོ།། འོན་ཀྱང་རྣལ་འབྱོར་ཅན་ལ་ནི་རང་བཞིན་དང་། ་རྟོག་པ་ཅན་ལ་ནི་རྣལ་འབྱུང་དང་། འདོད་པ་ཅན་ལ་ནི་གཏུམ་མྱོས་མྱུན་དུ་བྱུང་བ་ཆེན་པོར་འགྱུར་ཏེ། ང་ཅིའི་ཕྱིར་ཞེ་ན། དེ་རྣམས་ཡུལ་དང་གནས་སྐབས་ཐ་དད་པའི་ཕྱིར།། དེ་བས་འདིར་རླུང་གཉིས་ཡང་དག་པར ་བསྐུལ་བས་རྣལ་འབྱོར་གྱི་གོདྷ་མོ་བཛྲ་བཱ་རཱ་ཧཱུ~ཾ་བསྐུལ་ནས་དགུའི་བ་བཞི་སྒྲུབ་ཅིང་ཐིག་ལེ་བརྟན་པ་ཡང་སྟེ། དེ་བཞིན་དུ་མངོན་སུམ་གྱི་ཤེས་པ་རྒྱ་མཚོ་ལས་འཕྲོག་བྱེང་ང་ཁྱེར་ལྟ་བུ། དྲི་ནི་རླུང་ཕྲ་མོ་དང་བཅས་པས་ཀྱང་རྣལ་འབྱོར ་ཅན་ལ་འང་བསྟེར་བར་བྱེད་དོ།། རིམ་པར་བྱེད་པ་བཞི་པ་རྫོག་སོ།། ། ཐོག་མ་མེད་པནྡྷ་འཁོར་བནྡྷ་འཁོར་བར་གང་གིས་འཁོར་བ་འང་ཡང་ཉོན་ལ ་བརྡུང་ཤིག། གསོལང་སྟེང་དང་འོག་གི་ཕྱོགས་ལས་དང་པོ་ལྔ་དང་ཡཱི་དང་། ངརྒྱལ་དང་། རྣམ་པར་ཤེས་པ་དང་གཟུགས་ཀྱི་ཕུང་པོ་རྣམས་ཀྱི་འོང་ཟེར་སྣ་སྣའི་ཚོགས་ལྔས། སྐྱེ་བ་དངའ་ཆི་བར་བྱེད་ཅིང་གཡས ་ཕྱོགས་ལས་ཕུང་པོ་རྣམས་ཀྱི་འཁོར་བ་དང་། གང་ཡང་གཅིག་ཤོས་མྱི་འབྱུང་བ་ལྔ་རྣམས་འབྱིན་དང་བསྡུས་བྱས་རྣམ་པར་རྟོག་པ་དང་ཡེ་ཤེསུ་འགྱུར་ཞིང་། དང་པོ་རྣམས་ལས་འགྲོ་བ་དང་འོང་བས ་ཏི་གཟུང་བ་དང་འཛིན་པར་སྣང་བས་དང་། འཁྲུལ་ཞིང་བག་ཆགས་བགོ་བར་བྱེད་།། ཁམས་གསུམ་པ་འབྱུང་བ་དང་། ཟློག་པ་ཡང་། འགྲོ་བ་དང་འོང་བས་ཏེ། དེ་ལྟ་བས་ན་ཐམས་ཅད་རླུང་སྟེ། འོད་ཟེར ་སྣ་ལྔ་ཁུ་བ་དང་རྡུལ་དུ་ལྷན་ཅིག་པས་གནསོ།། གཞན་ཡང་འདི་ལྟ་སྟེ། ཇི་ལྟར་རླུང་པོ་རྣམས་ན་མཁའ་དྲི་མ་མེད་པཱ་ལ་རིང་དུ་རྒྱུ་བ་ན། མི་སྣང་ཞིང་ཇི་ཞིག་པར་ལ་སྣང་བ་མེད་ཅིང་ཞི་བར་འགྱུར།། ་བློཐོང་ལྡན་པ་དེ་བཞིན་དུ། འོད་དང་ལྡན་པའི་རླུང་རྣམས་བཱ་རཱ་ཧི་ཀུནྡྷར་གྱི་དབྱིངས་སུ་ཐིམ་པ་ན་ཇི་ཞིག་ལྟར་ལ་མི་སྣང་ཞིང་ཞི་བར་འགྱུར་རོ།། དེ་ཞི་བས་སྦྲུལ་དང་ཁུ་བའི་ཚོགས་པ་འཇིགས་པར་འགྱུར་ཅིང་། དེ་ལ་རླུང་ཐིམ ་པས་མི་གཡོ་ཞིང་སེམས་ཀྱི་རྡོ་རྗེ་འགྱུར་ལ། རྡུལ་དགས་པས་མི་ཞིག་པ་དང་བརྟན་པ་དང་། གཞོམ་དུ་མེད་པར་འགྱུར་ལ། བུ་བ་དག་པས་རྡོ་རྗེའི་ལུས་སྲབ།། ཁོང་སྟོང་མེད་པ་གར་ཡང་ཕྱིན་པ་ཞེས་བྱའོ།། དེ་ལྟར ་སྐུ་དང་གསུང་དང་ཐུགས་དག་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ།། གཞན་ཡང་འོད་ཟེར་བསྡུ་བ་ལ་སོགས་པ་གོམས་པ་ནི། དབང་པོ་རྣམས་ནུབ་ཅིང་བདེ་བས་གཉིས་ལོག་པ་དང་། བ་སྤུ་འགྲེང་ཞིང་གང་གི་དྲུང་དུ་དུང་གི་སྒྲ ་ཡང་རིང་མོར་སྣང་བ་དེའི་ཚེ། ཤིང་དྲུང་རྣམསུ་སྦྱོང་པ་སྦྱང་ལ། དེ་ནས་ཡུལ་ཀུན་ཏུ་རྒྱུ་བ་ན་སྐུད་པའི་གྲོང་གི་ལྷ་མེས་རྗེསུ་འཛིན་པར་བྱེད་པས། ཟླ་བ་ཕྱེད་དམ་ཟླ་བ་གཅིག་གམ་ཟླ་བ་དྲུག་ན་ཕྱག་རྒྱ་ཆེན་པོར་འགྱུར་རོ།། ་ཞེས་བྱ་བ་ནི། རིམ་པར་བྱེད་པ་ལྔ་པ་རྫོགས་སྷོ།། ། དེ་ནས་དབྱེ་བ་ཆེན་པོས་གར་མཛད་ནས།། སླར་ཡང་ནམཁའི་དབྱིངསུ་མི་སྣང་འགྱུར།། དེ་ཚེ་རྗེ་བཙུན་སྔོན་པའི་སྐུ་གསལ་བས། ་རྟག་ཏུ་སེམས་ཅན་རྣམས་ལ་རྗེས་རྩེར་མཛད། འདིར་སྨྲས་པ། བསྒོམ་དང་རྫོགས་དང་སྔགས་མཆོག་དང་།། གཏོར་མ་གཞོན་ནུ་མ་ཆོད་དང་།། ཉལ་དང་ལྗང་བ་བུམ་པ་སྒྲུབ།། སྦྱོང་དང་སྐྱོང་དེམ་བྱིན་རླབས་རྒྱལ།། ཞེས་པ ་ཡང་སྨྲ་སོ།། འདིས་ཀྱང་སེམས་ཅན་ཁམས་རྣམས་དྲི་མེད་རང་བཞིན་ལ། བདེ་དང་ཕན་པས་དགའ་བ་མཆོག་ཏུ་འགོད་པར་ནི།། དེ་རིང་གྱུར་ཅེས་དཔའ་བོ་བསྐལ་པ་བརྒྱར་ཡང་སེམས།། འདོད་དོང་རྙེད་པས་ཁོ་ཅི་བགྱི་བ ་བརྒྱས།། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རིམ་པ་བྷཱ་པ་ཞེས་བྱ་བ་རྔོན་པའི་གདམས་དག་རྫོགས། རྗེ་བཙུན་པའི་དྷ་གུ་འི་ཞལ་སྔ་ནས་དྲ ་ཀུན་དགའ་སྙིང་པོས་གཡར་ཁྲེལ་དུ་འཚལ་བའོ།། ། མད་ལམ། ་