| Wylie | e-texts produced with BDRC’s OCR application |
ཨོཾ་ཨ་ཐ། རྒྱ་གར་སྐད་དུ། བཛྲ་བཱ་ར་ཧི་ཨརྫྫ་ནཾ་སངྒ་ན། བོད་སྐད་དུ། རྡོ་རྗེ་ཕག་མོ་མཆོད་པའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་ལ་ཕྱག་འཚལོ།། རྡོ་རྗེ་རྡོ་རྗེ་དཔལ་ལྷ་མོ།། རྡོ་རྗེའི་བུ་མོ་བཱ་རཱ་ཧྲཱི།། ཁྱོད་ལ ་ཕྱག་འཚལ་གུས་པས་འདུད།། བདག་གི་སེམས་ལ་ཁྱོད་བསྟན་མཛོད།། སྒྲུབ་པོ་དབང་བསྐུར་བ་ཐོབ་ཅིང་། དམ་ཚིག་དང་ལྡན་པས། རྡོ་རྗེ་ཕག་མོའི་མཆོད་པ་བསྒོམ་པར་བྱ་སྟེ། དེ་ལ་ཡེ་ཤེས་འཕྲོ་བའི་གནང་བ་ཐོབ་པས་སྔོན་དུ་བསྟན་པ ་བྱོའོ།། དང་པོར་ཁྲུས་བྱས་རྡོ་རྗེ་ཡཾ།། ཡི་གེ་སྲུང་བ་ཆེད་དང་བཅས།། བདེ་བར་གཤེགས་སོགས་སྤྱན་དྲངས་ལ།། ཡན་ལག་བདུན་གྱིས་མཆོད་པ་བརྩམས། ཨོཾ་ཤུ་ནྱ་ཏཽ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ&ཧཾ། ཆོས་དབྱིངས་ཨེ་དང་སྣ་ཚོགས་པའི།། ་ཆུ་སྐྱེས་བདུད་པའི་དབུས་གནས་པ།། མདོག་བཟང་ཡི་དག་མིག་གསུམ་པའོ།། སྟེང་ཕྱོགས་པ་གྱི་འོད་འཕྲོ་བ།། དེ་ལས་དཔལ་རྡོ་རྗེ་ཕག་མོ་མེ་ལྟར་འབར་ཞིང་།། སྤྱན་གསུམ་གྱེན་དུ་གཟིགས་པ། གྲི་གུག་དང་ཐོད་པ་བདུད་རྩིས་གང་བ་བསྣམས་པ། ་ཁྲོ་གཉེར་རིམ་པར་གཙིགས་ཤིང་མཆེ་བ་གཙིགས་པ། གཡས་པ་ཕག་གི་གདོང་ནི་མི་གདུགས་པའོ།། ནུ་མ་རྒྱས་ཤིང་ལང་ཚོ་ལ་བབ་པ། འདོད་ཆགས་ཆེན་པོ་ཁ་ཊྭཱཾ་གཱ་དང་འདུས་པས་བདེ་བ་རྒྱུ་སྒྲུབ། གཡོན་བརྐྱང་བའི་གཪྴ ་ད་ལྡན་པ་མ་པའི་ཕྱག་རྒྱང་ཆེན་རྗེའི་བླང་བ་དང་། སྲི་ཚང་པན་། ཛགི་མི་ལ་མགས་པས་པནི་མའོ།། དེ་ཁྲིམས་པ་ཀྱིའི་མཀྱི་གནས་མིགས་ནི། འདྲིག་བྱེད་ག་མི་མེ་ཀཽ་ཝ~ཾ་པམ ་མེས་པོ་མིག་སྟོང་རྔ་གཡབ་གདུགས།། རོ་ལང་གར་མཁན་ལྕེ་སྤྱང་རྣམས།། གླུ་ལེན་ཞལ་ཟས་དུར་ཁྲོད་ན།། མཁའ་ལྡིང་གནོད་སྦྱིན་རིགས་འཛིན་དང་།། མ་མོ་རྣམས་ཀྱི་བརྗིད་པར་བྱེད།། མི་བསྐྱོད་ལ ་སོགས་དབུ་རྒྱན་ནི།། རྣལ་འབྱོར་པ་ཡི་རབ་ཏུ་བརྟག། རྐང་པ་མནན་ཅིང་གྱེན་དུ་ལྷ།། སྟེང་དུ་ཕེཾ་གྱི་སྒྲ་གྲགས་པས།། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། དཔའ་བོ་རྣལ་འབྱོར་མ་རྣམས་དགུག། འཛུབ་མ ་འདུད་སོགས་ཕྱག་རྒྱ་དང་།། ཛ་ཧཱུཾ་བཾ་ཧོ་གཉིས་མེད་གྱུར། ཨོཾ་བཾ་ཧཾ་ཡོཾ་ཧྲི་མོ་ཧྲི་ཧྲིཾ་ཧུ~ཾ་ཧཱུཾ་ཕཊ་ཕཊ། འདོད་ཡོན་ཐིམ་པོའི་ལྷ་མོ་རྣམས།། མཆོད་པར་བཅས་པ་གཉིས་མེད་གྱུར།། ས་བོན་སྔགས་དང་འཁྱིལ་བ་དང་།། སྙིང་པོ་རྣམ ་གསུམ་སྦྱར་བར་བྱ།། དེ་ལྟར་ལྟེ་བ་ལས་བྱུང་བ།། གློག་དང་འོད་ཟེར་རྣམ་ལྔ་ནི། ཁུ་བ་དང་ནི་ཟེའུ་འབྲུ་གཡོ།། ཨ་བ་དྷཱུ་ཏི་གང་བར་ལྟ།། ཨོཾ་ཨོཾ་ཨོཾ་སརྦ་བུད་དྷཱ་ཌཱ་ཀི་ནཱི་ཡེ་བཛྲ་བཪྵ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ་རེ་ཞིག་སྙིང་གར་ཕྲེང་བ་བཀོད།། ཕྱི་ནས་ངག་གི་བཟླས་པ་སྤངས།། རླུང་འཇོམས་དེ་བཞིན་སེམས་མེད་པས།། མཆོག་ཏུ་བདེ་བ་ཐོབ་པར་འགྱུར།། ཐིམ་པ་ཡི་ནི་ཐིམ་པ་དང་། བརྟན་པ་ཡི་ནི་བསྟན་པ་དང་།། སྤྲོ་བ་ཡིས ་ཀྱང་སྤྲོས་བྱས་ནས།། སེམས་ཅན་དོན་ལ་འཇུག་པར་བྱ།། དེ་ལྟར་ཟླ་བ་དྲུག་དག་ན།། སྤུ་ལྡང་བདེ་བ་བླ་མེད་འགྱུར།། དེ་ནས་ཟླ་བ་ཡར་ངོ་དང་།། མར་ངོ་ཡི་ཡང་བཅུ་དག་ལ།། བླ་མེད་མཆོད་པ་ཡང་དག་བྱ།། ་དབེན་པ་དག་ཏུ་དཀྱིལ་འཁོར་ནི།། སྒྲུབ་བྱ་དང་པོར་ལག་གི་སོར།། བྱིན་རླབས་ལྷ་ནི་རབ་བསྒྲུབ་ལ།། དཀྱིལ་འཁོར་མེ་ཏོག་མཾ་ས་དང་།། ཆང་གི་རབ་ཏུ་མཆོད་བྱ་བ།། རང་མིང་རྡོ་རྗེ་གསུམ་སྔགས་ཀྱིས།། དེ་ནས་ཡང་ནི་བསྟོད་པ་བྱ།། ་མདའ་ཡི་རོ་ཡིས་མཆོད་དངོས་སྒྲུབ།། ཡོང་ཡང་བླང་བྱ་དེ་ནས་གཤེགས།། ཤ་ཆང་བཟའ་བའི་གཏོར་མ་གང་།། པདྨའི་སྣོད་ནང་རྫས་བཅུ་པོ།། ཡེ་ཤེས་ཡེ་ཤྲཱི་བདུད་རྩིར་གྱུར། ཨོཾ་ཨཱ་ཧཱུཾ་བརྗོད་རང་སྔགས་ཀྱིས། ལན་བདུན་ཕུལ་ནས ་མཆོད་པ་བྱ།། དེ་ནས་ཕྱི་རོལ་བཞི་མདོ་འམ།། ཡང་ན་དུར་ཁྲོད་སོགས་སོང་ནས།། ཤ་ཆང་སྒོག་བཅས་ཁྲག་གི་ནི། དྲག་མི་རིག་ཀྱི་མཁའ་འགྲོ་དང་།། འབྱུང་པོ་ཀུན་ལ་གཏོར་མ་ནི།། རྣལ་འབྱོར་མ་རྒྱུད་ལས་གསུངས་པའོ།། ཡང་ནི ་ཕྱོགས་བཞིར་སྲེག་བླུགས་ནི།། སྟོང་ཕྲག་བརྒྱ་དང་བདུན་བཅུ་དབུལ།། བུམ་པ་ལྷ་མོ་བཟླས་བྱེད་ལ།། མཆོད་ནས་བཟོད་པ་བྱ་དང་དེ།། དག་བྱེད་བདུད་རྩི་མཆོད་ཉིད་ལ། བྷ་ག་བུམ་པ་ཉིད་གྱུར་ཅིང་།། ལྷ་མོ་ཡང་ནི་བདུད་རྩིར་གྱུར།། ལྷ་སྐུ ་སྔགས་ཀྱིས་བྱིན་བརླབས་པ། ཡི་གེ་འོད་ལྔའི་ཁུ་བ་རྣམས།། འཐུང་ཤིང་མཚོན་རྩིའི་ཐིག་ལཱྀ་བདེ།། དགའ་ཆེན་བཞི་ལ་རྣམ་གནས་པ།། སྤྱི་བོ་རྐང་པ་ལྟེ་བར་གཞུག། འོད་ཟེར་གྱི་ནི་སྣང་བ་ཀུནྡ།། ཐིམ་པས་རྡོ་རྗེའི་ལྷ་ཉིད་སྒོམ། ་སྔགས་དང་ཏིང་འཛིན་ལྷུར་ལེན་བྱ།། དེ་ལྟར་ལན་བདུན་བསྒྲུབ་པས་ནི།། བསོད་ནམས་ཆུང་ངུའང་འགྲུབ་པར་འགྱུར།། ཕྲ་མོས་ལས་ཀྱི་ཆོ་ག་འགའ།། དེ་ནས་ད་ནི་ཕྱོགས་ཙམ་སྨོས།། ཏིང་འཛིན་འཁོར་ལོ་བྱ་བ་ནི།། བཾ་ཡིག་ལས་བྱུང ་མཆོད་བྱས་ནས།། རིགས་སྔགས་འབུམ་དུ་བཟླས་པ་བྱ།། བརྟན་བྱས་གང་ལ་རྟག་གྱུར་པ།། འབྱུང་པོ་རོ་ལངས་ཡི་དགས་དང་། ཤ་ཟ་ཡིས་ཀྱང་མཐོང་བ་མི་འགྱུར།། འཁྲུལ་འཁོར་དྲག་པོས་འཇིགས་རུང་བ།། ལྷ་རྣམས། ་སྲེགས་བླུགས་དམ་པ་ནི།། སྟོང་ཕྲག་བརྒྱད་ཀྱི་དགེས་པར་བྱ།། དེ་ནས་མཱཾ་ཡི་གྲོང་ཁྱེར་དང་།། ཀླུ་ཡི་གནས་སུ་ཕུར་བུ་བཏབ།། རྒྱ་སྐྱེགས་རི་ལུ་བདུན་གྱི་ནི།། ཟླ་བ་བདུན་གྱི་གསོད་པར་འགྱུར།། གདོལ་པ་སངྒ་ཁཱ་སོགས་ཀྱིས།། ་སངས་རྒྱས་འཇོམས་པ་དེབས་དེ།། མགྲིན་པ་མནན་ཅིང་རྡོ་རྗེ་ཡི།། དྲལ་ཞིང་དྲལ་ནས་འཐུང་བར་བྱ།། རྡོ་རྗེ་འཛིན་པའང་འཇིགས་འགྱུར་ན།། མི་དབང་ལ་ནི་གདོན་མི་ཟ།། ཕྱིར་བཟློག་སྔགས་དང་ལྷ་ཡི་ཚུལ།། རྩིབས་དྲུག་རྩིབས ་བཅུ་དེ་དག་ལ།། དཔལ་ལྡན་ཕག་མོ་གོ་ཆ་དྲུག། ཀ་ཀ་མཁའ་སྤྱོད་བྷུ་ཙཱ་ར།། ཡེ་ཤེས་དབང་དང་བཟླས་པ་བྱ།། སརྦ་དུཥྤཾ་སྟཾ་བྷ་ཡ་པྲ་ཏྱཾ་བཱི་ར་ཧཱི། རང་སྔགས་སྦྱོར་བ་འདི་ཡིས་ནི།། སྔགས་དང་འཁྲུལ་འཁོར་རྣམ་པར་འཇིག། ་རང་སྔགས་རཀྵ་སྤེལ་བ་ཆོ་ག་བཞིན།། རྡུལ་གྱི་རས་ལ་གེ་སར་གུར་གུམ་གྱི།། དེ་བཞིན་ཙན་དན་དམར་པོས་བྲིས་བྱས་ལ།། མཆོད་པ་སྒྲུབ་བྱ་འདི་ནི་སྲུང་བ་ཚ།། གཞན་ཡང་མཆོད་པ་རྣམ་པ་མང་པོ་ཡིས།། ལྷ་མོ་དགྱེས་ནས་རྣལ་འབྱོར ་རྣལ་འབྱོར་མ།། བཅུ་གཉིས་བླ་མར་བཅས་ལ་མཆོད་པ་བརྩམས།། རང་སྔགས་རྣལ་འབྱོར་རྣམ་པ་གཉིས་སྒྲུབས་ནས།། ཡོ་བྱད་བསྒྲུབ་ནས་དང་པོར་སློབ་དཔོན་དང་།། ལྷ་ལ་མཆོད་ནས་དཔའ་བོ་སོགས་ལ་ཕུལ།། རྣམ་རྟོག་མེད་པས ་པས་རྡོ་རྗེ་སེམས་འདྲ་བྱ།། དེ་དགུ་རྣམས་ཀྱི་མུཧཱ་བྷཻ་ར་བ།། མཆོད་ནས་ལྷ་དང་ལྷ་མོས་རྣམ་པར་སྤྱད།། བརྡ་དང་གླུ་གར་ཀུན་དྷུ་ར་མཆོད་པ། ཏིང་འཛིན་བཅས་པའི་ནང་གི་སྲེག་ཐུགས་བྱ།། དེ་ནས་མ་མོ་དགུ་དང་འབྱུང་པོ་དང་།། ཤྱཱ་བ ་མཚན་མོ་རྒྱུ་བའི་སྟོན་མོ་བྱ།། སློབ་དཔོན་གྱི་ནི་བྱིན་རླབས་དེ་ལ་སྦྱིན། སྐྱ་རེང་སེ་དུས་སུ་འོང་གསལ་ལྷ་གནས་པས།། མ་ལུས་རྡོ་རྗེ་འཛིན་པར་རབ་གྲུབ་འགྱུར།། རྡོ་རྗེ་ཕག་མོ་འདིར་མཆོང་བི་ལ།། ཚུལ་འང་མངོ་ཙམ ་བདག་གིས་ནི།། སྦྱར་བ་ཡོས་ཡང་སེམས་ཅན་རྣམས།། སངས་རྒྱ་ས་ཀུན་གྱི་ཡུལ་དུ་འགྱུར། བཱ་ར་ཧི་མཆོང་བའི་སྦུབས་ཐབས་ཞེས་བྱ་བ་གཉི་སུ་མེང་པའི་ཡེ་ཤེས་རྡོ་རྗེའི་ཞལ་སྔས་མཛད་པའོ།། ་འདི་བྲིས་པའི་དགེ་བས་སེམས་ཅན་ཐམས་ཅད་བང་བ་ཆེན་པོར་གྱུར་ཅིག། བཀྲ་ཤིས།། ་