CLOSE WINDOW

GT2679: rdo rje phag mo don kun grub pa'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སརྦྦནྡྲ་སཱ་དྷ་ཀ་བཛྲ་གྷོནས་དྷ་ན་རྣམ། བོད་སྐད་དུ། རྡོ་རྗེ་ཕག་མོ་དོན་ཀུན་གྲུབ་པའི་སྦུབས་ཐབས་ཞེས་བྱ་བ། རྗེ་བཙུན་རྡོ་རྗེ་ཕག་མོ་ལ་ཕྱག་འཚའོ།། ཨོཾ་ད~ཾ་གྷེཏཡ་སརྦ་དུཥྚཱ་ན་ཧཱུཾ་ཕཊ་སརྦྦ། ་ཞེས་བྱ་བས་གཏོར་མ་བྱིན་ནས་བསམ་གཏན་བྱའོ།། ལྟེ་བའི་དབུསུ་རཾ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ། དེའི་དབུསུ་པདྨ་དམར་པོ་འདབ་མ་བཞི་པ། དེའི་སྟེང་དུ་ཧྲཱིཿཡིག་བསྐལ་པའི་མེ་ལྟ་བུར་འབར་བར་གྱུར་པའོ།། དེ་ཡོངསུ ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ།། གཅེར་བུ་ཡི་དྭགས་ཀྱི་གདན་ལ་ཞབས་གཡས་བརྐྱང་གཡོན་བཏུམ་པས་གནས་པ་དབུ་སྐྲ་གྱེན་དུ་རྗེས་པ། ཐོབ་པའི་དབུ་རྒྱན་དང་། ཕྱག་རྒྱ་ལྔས་རྒྱན་པ། ཕྱག་བཞིའི་གཡས ་པས་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ། གཡོན་པས་ཁ་ཊྭཱཾ་ག་བསྟན་ཅིང་ཐོད་པ་དང་སྡིགས་མཛུབ་ཞགས་པ་འཛིན་པ། ཞལ་གཅིག་མ། སྤྱན་གསུམ་མ། ཁྲོ་གཉེར་དྲག་ཏུ་གཅིག་པ། འཇིགས་རུང་མ། གསུས་ཁྱིམ་ཆེ་བ་དང་ལྡན་པཱི། ་རྡོ་རྗེ་ཕག་མོར་བསྒོམ་པར་བྱའོ།། འདབ་མ་བཞི་ལ་བདུད་རྩི་ལྔས་གང་བའི་པདྨའི་སྣོད་རྣམས་བསམ་མོ།། ཨོཾ་བཛྲ་ཝཱ་རཱ་ཧི། ཨཱ་བེ་ཤཱ་ཡ། སརྦ་དུཥྚ་ནརི་ཧཱུཾ་སྭཱ་ཧཱ། ཉེ་བའི་སྙིང་པོའོ།། ཨོཾ་ཧཱུཾ་ཧྲཱི་ཧཱ། སྙིང་པོའོ།། འབུམ་ཕྲག ་གཅིག་བཟླས་པར་བྱའོ།། མཉམ་པར་བཞག་པར་གྱུར་པས་འདིར་ཐེ་ཚོམ་མེད་པར་འི་གྲུབ་པར་འགྱུར་རོ།། ཨོཾ་ཨཱ་ཧྲཱི་ཧཱི་ཧཿསྔགས་འདིའི་བྲིས་སྐུའི་དྲུང་དུ་ཤ་ཆེན་ཕྱེ་མར་བྱས་པའི་བདུག་སྤྲོས་དབུལ་བར་བྱའོ།། ཇི་སྲིད་དུ་ཞག་ཉི་ཤུ ་གཅིག་གིས་འགྲུབ་པར་འགྱུར་ཏེ། རྣམ་པ་གཞན་གྱིས་མ་མནན།། ཨཊྚ་རྫུས་པ་མ་མ་ནས་བདག་ཉ་ས་པ་ཐམས་ཅཅན་པ་དན་པ་ཐརྣམས་མ་གྱུར།། མཚན་མ་གཏ་མ་དང་ཉར་སྦྱང་རྫས་མཛད ་པར་བྱའོ།། གལ་ཏེ་གང་ཅི་ཡང་རུང་བ་ལ་སྨྲ་བར་མི་བྱའོ།། དེ་ཡང་འདིར་ཐེ་ཚོམ་མེད་པར་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརློབ་པར་འགྱུརརོ།། དཔལ་རྡོ་རྗེ་ཕག་མོའི་རྟོག་པ་ལས། རྡོ་རྗེ་ཕག་མོ་དོན་ཀུན་གྲུབ་པའི་སྒྲུབ་ཐབས་རྫོགསོ།། ་རྒྱག་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བན་ཥྚི་ནས་སྔ་ནས་དང་། ལ་ཙ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྦྱོར་བའོ།། །། རྒུ་གེ་སློ་། བཛྲ་བ~ཾ་མཾ་སི་ནིན་མེ་བཛྲ་བཱ་ར་ཧི་སཱདྷ་ནཱི། བོད་སྦྱ་། ་