| Wylie | e-texts produced with BDRC’s OCR application |
རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པར་བཞུག་སོ།། ་རྒྱུ་གར་སྐད་དུ། ཀུ་ལི་ཀ་མཱམྨཱཿཏྲཱ་ནིརྣཱ་མ། བོད་སྐད་དུ། རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལོ།། རིགས་ལྡན་མ་སུམ་ཅུ་རྩ་བདུན་པོ་རྣམས་བཤད ་དེ། རིགས་ལྡན་སུམ་ཅུ་རྩ་བདུན་མ་ནི་འོདི་ལྟ་སྟེ། རྩ་བའི་རྒྱུད་དུ་གསུངས་པའི་རིགས་ལྡན་མ་རྡོ་རྗེ་ཕག་མོ་ནི། རིགས་བྱེད་མ་ཌོམྦི་མའོ།། མཁའ་འགྲོ་མ་ནི་དམངས་རིགས་མའོ།། ལཱ་མ་ནཱི་རྒྱལ་རིགས་མའོ།། དུམ་སྐྱེས ་མེ་ནེ་རྗེའུ་རིགས་མའོ།། གཟུགས་ཅནྡ་མ་ནི་བྲམ་ཟེ་མའོ།། ཁཱ་གདོང་མཱ་ནི་ཀླ་ཀློ་མའོ།། འུག་པའི་གདོང་ཅན་མ་ནི་ཕྱག་དར་མའོ།། ཁྱི་གདོང་མ་ནི་གདོལ་པ་ནྡན་མའོ།། ཕག་གདོང་མ་ནཱི་ཉེ་བའི་གླིང་མའོ།། གཤིན་རྗེའི་མཚ ་བ་ཅན་མའི་རི་ཁྲོད་མའོ།། གཤིན་རྗེའི་ཕོ་ཉ་མོ་ནི་ཉ་གསོད་མའོ།། གཤིན་རྗེའི་མཆེ་བ་གཙིགས་མ་ནི་ལྟོས་བྱེད་མའོ།། གཤིན་རྗེ་བསླབས་བྱེད་མ་ནི་འབར་བ་རི་མའོ།། རབ་ཏུ་གཏུམ་མོ་ནི་འདྲི་མཁན་མ་དང་ཐགས་མཁན་མའོ།། ་གཏུམ་པའི་མིག་ཅནྡ་མ་ནཱི་ཚང་འཚོང་མའོ།། འོད་ལྡན་མ་ནི་ཕྲེང་འཚོང་མའོ།། སྣ་ཆེན་མ་ན་སྟག་གཟིགས་མའོ།། དཔའ་བོའི་བློ་མི་ནི་མི་སྨོན་མའོ།། མེའུ་ཐུང་མ་ནི་གསུག་གར་མའོ།། སྲིན་པོའི་དབང་ཕྱུགས་མ་ནི་འཁར ་བ་མཁན་མའོ།། ཤིང་འགྲིབ་མ་ནི་ནོར་བུ་མཁན་མའོ།། ས་སྲུངས་མ་ནི་ལྕགས་མཁན་མའོ།། འཇིགས་བྱང་ཆེན་པོ་མ་ནི་རྒྱུ་སྐྱེགས་མཁན་མའོ།། རླུང་གི་ཤུགས་ཅན་མ་ནི་སྲིན་མཁན་མའོ།། ཆང་འཐུང་མ་ནི་ཏིལ་མཁན ་མའོ།། ལྷ་མོ་སྔོ་བསངས་མ་ནི་འབྲེག་མཁན་མའོ།། ཤིན་ཏུ་བཟང་མོ་ནི་པགས་པ་མཁན་མའོ།། རྟ་ན་མ་ནི་ཤིང་འཚང་མའོ།། བྱ་གདོང་ནི་སྨྱིག་མ་འཚང་མའོ།། འཁོར་མོའི་ཤུགས་ཅན་མ་ནི་ཤན་པ ་མའོ།། དུམ་སྐྱེས་མ་ནི་ཁུར་བི་མཁན་མའོ།། ཆང་དགའ་མ་ནི་སྲུབས་མཁན་མའོ།། འཁོར་ལོའི་གོ་ཆ་མ་ནི་གར་མཁན་མའོ།། ཤིན་ཏུ་དཔའ་མོ་ནཱི་ཆོས་མཁན་མའོ།། སྟོབས་ཆེན་མ་ནི་ཉ་ཤ་འཚོང་མའོ།། འཁོར ་སྒྱུར་མ་ནི་རྫ་མཁན་མའོ།། བརྩོན་ཆེན་མ་ནི་རྩིས་མཁན་མའོ།། དེ་རྣམས་ནི་གོ་རིམས་ཇི་ལྟ་བར་ཕྱི་རོལ་ཏུ་ལོངས་སྤྱོད་ཅིང་དུས་ཚོད་ལ་བབ་པའི་ཉིན་པར་ལོངས་སྤྱོད་པ་སྟེ། ལས་ཀྱི་ཚོགས་ཐམས་ཀྱིས་འཇིག་རྟེན་པའི ་དངོས་གྲུབ་བསྒྲུབ་པའི་དོན་དུ། སྔོན་ལ་རིགས་ཀྱི་ཕོ་ཉ་མོ་དེ་རྣམས་ལ་མཆོད་པའི་ཆོ་ག་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ།། ད་ནི་རང་གི་གཟུགས་ཡོངས་སུ་བསྒྱུར་བ་རྣམས་ཀྱིས་དམ་ཚིག་གི་ཕོ་ཉ་མོ་རྣམས་བཤད་དེ། ་འདིར་རིགས་ལྡན་མ་རྡོ་རྗེ་ཕག་མོ་ནི་ཀུན་གྱི་གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་མའོ།། རྡོ་རྗེ་མཁའ་འགྲོ་པ་ནི་ཁྱི་མོའོ།། ལཱ་མཱ་ནི་རྟ་མོའོ།། དུམུ་སྐྱེས་མ་ནཱི་གླང་པོ་མའོ།། གཟུགས་ཅན་མ་ནི་བཱའོ།། རབ་ཏུ་གཏུམ་མ ་ནི་ལུག་མའོ།། གཏུམ་པའི་མིག་ཅན་མ་ནི་ར་མོའོ།། འོད་ལྡན་མ་ནི་རི་དགེས་མའོ།། སྣ་ཆེན་མ་ནི་བོང་མའོ།། དཔའ་བོའི་བློ་མ་ནི་ཕག་མོའོ།། མེའུ་ཐུང་མ་ནི་རང་མོའོ།། སྲིན་པོའི་དབང་ཕྱུག་མ་ནི་ནགས་ཀྱི་ཝ་མོའོ།། ་ཤིང་གྲིབ་མ་ནི་ནགས་མཐའི་སེང་གེ་མའོ།། ས་སྤུངས་མ་ནི་བསེ་རུ་གཅིག་མའོ།། འཇིགས་བྱེད་ཆེན་མོ་ནི་སྟག་མོའོ།། རླུང་གི་ཤུགས་ཅན་མ་ནི་རི་ཁྱེད་མའོ།། ཆང་འཐུང་མ་ནི་ནེའུ་ལ་མའོ།། ལྷ་མོ་སྔོ་བསྣངས་མ་ནི་འབྲ་མ་འ། ་ཤིན་ཏུ་སྔོ་བསངས་མ་ནི་སྤྱང་མོའོ།། རྟ་རྣ་མ་ནི་སྲིམ་མོའོ།། བྱཱ་གདོང་མ་ནི་བྱི་ལ་མའོ།། འཁོར་ལོའི་ཤུགས་ཅན་མ་ཆེན་མོ་ནི་ཆུ་སྲིན་ཀུ་བྷཱི་ར་མའོ།། དུམ་སྐྱེས་མ་ནི་མགྲོན་བུ་མའོ།། ཆང་དགའ་མ་ནི་ཆུ་སྲིན་བྱིས་པ་བསོད ་མའོ།། འཁོར་ལོའི་གོ་ཆ་མ་ནི་ཉ་མོའོ།། ཤིན་ཏུ་དཔའ་མོ་ནི་ཆུ་སྲིན་མ་ཀར་མའོ།། སྟོབས་ཆེན་མ་ནི་རུ་སྔལ་ཆུང་ཤོསྲ་མའོ།། འཁོར་ལོས་སྒྱུར་མ་ནི་རུ་སྦལ་མོའོ།། བརྩོན་ཆེན་མོ་ནི་དུང་མོའོ།། ཁྭ་གདོང་མ་ནི་སྨིགས་མ ་མོའོ།། ཁྭ་གདོང་མ་ནི་བྱི་བ་མའོ།། ཁྱི་གདོང་མ་ནི་མ་ཧེ་མའོ།། ཕག་གདོང་མ་ནི་སྤྲེའུ་མའོ།། གཤིན་རྗེ་མཆེ་བ་ཅན་མ་ནི་བ་མེན་མའོ།། གཤིན་རྗེ་ཕོ་ཉ་མོ་ནི་སྲོག་ཆགས་ཤི་ལ་ཀི་མའོ།། གཤིན་རྗེ་མཆེ་བ་གཙིགས་མ་ནི ་མཛེས་ཏྭ་ཀྲི་མའོ།། གཤིན་རྗེ་བརླག་བྱེད་མ་ནཱི་རྩངས་པ་མོའོ།། འདི་དག་ནི་སྐམ་ལ་གནས་པ་དང་། གཤེར་ལ་གནས་པ་དང་། ནགས་ན་གནས་པ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་བ་ལྷ་མོ་རྣམས་ཀྱི་རམ་ཚིགས་སྟེ ་གང་གི་ཚེ་རྣལ་འབྱོར་པ་རྣམས་རང་རང་གི་རང་བཞིན་གཟུགས་དེ་རྣམསུ་ཤེས་ན་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་དངོས་གྲུབ་དུ་འགྱུར་རོ།། ད་ནི་མཁའ་ལ་སྤྱོད་པ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་བ་བཤད་དེ། འདིར ་ཡང་རིགས་ལྡན་མ་རྡོ་རྗེ་ཕག་མོ་ཉིད་ཐམས་ཅད་ཀྱི་གཟུགས་སུ་བསྒྱུར་མའོ།། དེ་ལ་རྡོ་རྗེ་མཁའ་འགྲོ་མི་ནི་ཁུག་ན་མའོ།། ལཱ་མ་ནི་ནེ་ཙོ་མའོ།། དམ་སྐྱེས་མ་ནཱ་བྱ་ཤ་ར་ཀ་མའོ།། གཟུགས་ཅན་མ་ནི ་བྱ་ཀོ་ཀི་ལི་མའོ།། རབ་ཏུ་གཏུམ་མོ་བྱི་ལ་བི་མའོ།། གཏུམ་པའི་མིག་ཅན་མ་ནི་ཕུག་རོ་ནི་མའོ།། འོད་ལྡན་མུ་ནི་ཁྲ་མོའོ།། སྣ་ཆེན་མ་ནི་མཆིལ་མའོ།། དཔའ་བོའི་བློ་ཅན་མ་ནི་རུལ་པ་མའོ།། མི་ཐུང་མ་ནི་ངང་པ ་མའོ།། སྲིན་པོའི་དབང་ཕྱུག་མ་ནི་ཆུ་སྲེགས་མའོ།། ཞིང་གྲིབ་མ་ནི་བྱ་ཀོ་རྫི་མའོ།། ས་སྲངས་མོ་ནི་ཀྲུང་ཀྲུང་མོའོ།། འཇིགས་བྱེད་ཆེན་མོ་ནི་བྱ་རྒོད་མའོ།། རླུང་གི་ཤུགས་ཅན་མ་ནི་བྱ་ཌཱ་ཀི་མོའོ།། ཆང་འཐུང་མ་ནི ་འོལ་བ་མོའོ།། ལྷ་མོ་སྔོ་བསངས་ནི་བྱེ་བུན་དྷ་ཙི་ལི་ཀ་མོའོ།། ཤིན་ཏུ་བཟང་མོ་ནི་ཁྱིམ་བྱ་མོའོ།། རྟ་རྣ་མྲྀ་ནཻ་བྱཾ་ཀཱ་ཀ་མ་མཆུ་རིང་སཽ་མོའོ།། བྱ་གདོང་མ་ནི་ཧ་རཱི་ཊ་ཀ་རི་མོའོ།། འཁོར་ལོའི་ཤུགས་ཅན་མ་ནི་དང་སྐྲ་མོའོ།། ་དུམ་སྐྱེས་མ་ནི་བྱ་ཀོ་ཀི་ལི་ཀི་ཀུ་ཀུ་ཧི་མའོ།། ཆང་དགའ་མཱ་ནི་བྱ་རི་རྩ་ཀི་མའོ།། འཁོར་ལྷོའི་གློ་ཆ་མ་ནི་ཁྲག་མོའོ།། བཅོམ་ལྡན་འདས་ཤིན་ཏུ་དཔའ་མོ་ནི་སྲེག་པ་མོའོ།། སྟོབས་ཆེན་མ་ནཱི་བྱ་ས་ང་ས་མོའོ།། འཁོར ་མིས་སྥོར་མྲ་ནི་ཆུ་བྱ་མའོ།། བརྩོན་ཚན་མ་ནི་ཆུ་སྨར་མོའོ།། ཁྭ་གདོང་མ་ནི་བྱཱ་ལ་ཚན་གྱི་མོའོ།། འགྱེ་གདོང་མྲ་ནི་བྱ་བྲང་མོའི།། ཁྱི་གདོང་མུ་ནརྀ་བྱ་འག་མོའོ།། ཕྲིག་གདོང་མ་ནི་བྱ་འབྲུ་པ་མོའོ།། ག་ཤཱིན ་ན་བྷག་མར་མའོ།། དག་ན་ནན་ས་ཏུ་མ་པ་བྱ་རྣམ་མ་སྤྱད་དུ་། ་ཀྱི་གཟུགས་ཡོངས་སུ་བསྒྱུར་བ་རྣམས་ཏེ། རྣལ་གྱུར་མ་སས་སུ་མདང་འམས་སོ།། མཱ་ལཱ་ནུས་པ་དང། ཆུས་ནས་པ་དང་། རྣམཐར་ལ་གངྱ་པ་རྣམས་གཅིག་ལྤ་གཅིག་བསྟན། བ་དེ་དག་གི ་ན་མ་ཐོ་བ་མེད་པ་ཇི་ལྟར་རྙེང་པ་དང་། བདུད་རྩི་ལྔ་མོཉམ་པར་བྱས་ལ། འོག་ནས་བཤད་པའི་རིམ་པས་དུར་ཁྲོད་ཀྱིས་བན་རཱ་རི་ལུ་བྱས་ཏེ། གསུང་གི་རྡོ་རྗེ་ལ་སོགས་པའི་མཆོད་པའི་རྫ་མི་རྣམས་ཀྱི་སྔགས་ཏེ་བསྒྲུབ ་བྱའོ།། དེ་ནས་ཇི་ལྟར་རྙེད་པའི་དམ་ཚིག་གིས་རྫས་རྣམས་རྟོགས་པས་རབ་ཏུ་སྔར་ཏེ་བདུད་རྩིར་བྱས་ཏེ་སྦྱངས་པསྟེ་རྡོ་རྗེ་མཆོད་པའི་དུས་སུ་ནི་རཱ་ལྔ་འབྱོར་མ་རྣམས་ལ་སྔགས་བས་དབུལ་བར་བྱ།། བསྒོམ་པའི་དུས་སུ་ནཾ་ཡང ་དག་པར་སྤྱོད་པའོ།། ཡང་དག་པར་སྤྱོད་པའི་དུས་སུ་སྙོམས་པར་འཇུག་པར་བྱའོ།། སྙོམས་པར་འཇུག་པའི་དུས་སུ་ནི་རི་ལུ་དེ་བདག་ཉིད་ཀྱི་ཕྱིར་བཞག་ཅིང་ཤེས་རབ་ཀྱི་ཁར་ཡང་གཞུག་ག། དཔའ་བོ་དང་དཔའ་མེའོ ་དབང་ཕྱུག་མ་རྣམས་ཀྱི་ཁར་ཡང་གཞུག་པར་བྱའོ།། འདི་དག་ནི་དམ་ཚིག་གི་མཆོད་པའི་ངེས་པའི་ཚིག་གོ།། ད་ནི་མཆོད་པའི་ཆོ་ག་བཤད་དེ། འདིར་ཕྱི་དང་ནང་གི་རིགས་བྲལ་མ་རྡོ་རྗེ་པག་མན་མི་འགྱུར་བ་ཆེན ་བདེ་བའི་འབྲས་བུ་ཡིན་པས་ན། འབྲིང་དང་མཆོག་གི་དབུགས་ཀྱི་དུས་ཀུན་ཏུ་མཆོད་པར་བྱ་སྟེ། སྔགས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་ཏུའོ།། འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་ནི་རྡོ་རྗེ ་ནམ་མཁར་འགྲོ་མ་ལ་སོགས་པ་རྣམས་གོ་རིམས་ཇི་ལྟ་བའི་ཁྱད་པར་གྱིས་མཆོད་པར་བྱའོ།། ཕྱི་རོལ་དུ་ཆུ་སྲིན་མ་ཀ་རར་ཡང་དག་པར་འཕོས་པ་ནི་ཞལ་ཤིར་ཕྱོགས་མ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་བསད་པའི་ལས ་བྱ་བའི་དོན་དུ་མཆོད་པར་བྱའོ།། འོག་ཏུ་ཡང་དག་པར་འཕོས་པ་ལ་གཡས་པའི་ཞལ་ཏེ་ལཱ་མ་ལ་དབང་གིས་ལས་བསྒྲུབ་པའི་དོན་དུའོ།། ཉ་ཁྱི་བར་ཡང་དག་པར་འཕྲོས་པ་ན་ནུབ་ཀྱི་ཞལ་ཏེ། དུམ་སྐྱེས་མ་ལ་རེངས ་པའི་དོན་དུའོ།། སྲང་དུ་ཡང་དག་པར་འཕོས་པ་ལ། གཡོན་གྱི་ཞལ་ཏེ་གཟུགས་ཅན་མ་ལ་ཞི་བར་བྱེད་པའི་དོན་དུ་སྟེ། ཟླ་བ་དེའི་རྒྱུ་སྐར་ས་རི་ཡང་དག་པར་འཕོས་པ་ནི་སྔགས་པས་མཆོད་པར་བྱའོ།། གཞན་རྣམས ་ནི་ཟླ་བ་དག་གི་ཐ་མར་རོ།། ལོའི་དུས་ཀྱི་ཆར་སད་པ་རྣམས་བཞི་པོ་ནོར་དང་། ནོར་གྱི་ལན་དང་། འཕེལ་བ་དང་འཇོམས་པ་ཞེས་བྱ་བར་ཕྱེ་བ་དེ་རྣམས་ཀྱི་ཡང་དག་པར་འཕོས་པའི་ཉོན་པར་རིམས་བཞིན་རྣམས་ལ ་ཇི་ལྟར་བཤད་པའི་རིམ་པས་མཁའ་འགྲོ་མ་བཞི་པོ་རྣམས་སུ་ལོངས་སྤྱོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཐུགས་གསུང་སྐུ་ཞལ་གྱི་དབྱེ་བས་ཤར་དང་ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱི་ལྷ་མོ་རྣམས་ཁོང ་དུ་ཆུད་པར་བྱའོ།། བསད་པ་ལ་སོགས་པའི་ལས་སྒྲུབ་པར་བྱེད་པ་ལ་སོགས་པའི་ཁམས་ཀྱི་དབྱེ་བས་ངེས་པར་ཡིན་ནོ།། དེ་ལྟར་ཐམས་ཅད་དུ་ཞལ་གྱི་དབྱེ་བས་བཤད་པའི་ལས་ཀྱི་ཚོགས་རྣམས་བསྒྲུབ་པ་ལས་ལྷ་མོ་དེ་རྣམས ་མཆོད་པའོ།། ད་ནི་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་མཆོད་པ་བཤད་དེ།། འདིར་ཆུ་སྲིན་མ་ཀ་རར་འཕོ་བའི་ཉིན་པར་ཁྭ་གདོང་མ་སྟེ་བསྐྲད་པའི་དོན་དུའོ།། བུམ་པར་འཕོས་པའི་ཕྱེད་ཀྱི་ཉིན་པར་འག་པོའི་གདོང་ཅན་མ་སྟེ་དགུག ་པའི་དོན་དུའོ།། ལུག་ཏུ་འཕོས་པའི་ཉིན་པར་ཁྱི་གདོང་མ་སྟེ་ཕུར་པའི་དོན་དུའོ།། གླང་དུ་འཕོས་པས་ཕྱེད་ཀྱི་ཉིན་པར་བག་གདོང་མ་སྟེ་རྒྱས་པའི་དོན་དུའོ།། ཉ་ཕྱི་བར་ཡང་དག་པར་འཕོས་པའི་ཉིན་པར་གཤིན་རྗེ་མཆེ་བ ་ཅན་ཏེ་དུག་མེད་པར་བྱ་བའི་དོན་དུའོ།། སེང་གར་འཕོས་པའི་ཕྱེད་ཀྱི་ཉིན་པར་གཤིན་རྗེ་ཕོ་ཉ་མོ་སྟེ་རྨོངས་པར་བྱ་བའི་དོན་དུའོ།། སྲང་དུ་ཡང་དག་པར་འཕོས་པའི་ཉིན་པར་གཤིན་རྗེ་མཆེ་གཙིགས་མ་སྟེ་རེངས་པར་བྱ་བའི ་དོན་དུའོ།། སྡིག་པར་འཕོས་པའི་ཕྱེད་ཀྱི་ཉིན་པར་གཤིན་རྗེ་འཇིམས་མ་སྟེ་དབྱེ་བར་བྱ་བའི་དོན་དུའོ།། ལོ་གཙོག་ལ་ཟླ་བ་ཕྱེད་དང་རེངས་པ་ལ་རྣལ་འབྱོར་པས་མཆོད་པའི་དོན་དུའོ།། ཐུན་མཚམས་བརྒྱད་ཀྱི་ཐ་མ་ལ ་སོགས་པར་ཕྱེ་བའི་ཉིན་པར་ཇི་སྐད་བཤད་པའི་རིམ་པས་རྣལ་འབྱོར་པ་བརྒྱད་པོ་རྣམས་ལོངས་སྤྱོད་པ་སྟེ། ཇི་སྲིད་ཟླ་བ་ཕྱེད་དང་ཟླ་བ་རྫོགས་པར་རྣལ་འབྱོར་མ་འདི་དག་ཏུ་ངེས་སོ།། ད་ནི་ཐུགས་དང་གསུང་དང་སྐུའི ་འཁོར་ལོ་རྣམས་ཀྱི་ལྷ་མོ་རྣམས་ལ་མཆོད་པར་བཤད་དོ།། འདིར་དགུན་ཟླ་ར་བར་འཕོས་པ་ལ་རབ་ཏུ་གཏུམ་མོ་དང་ཐོད་པའི་དུམ་བུ་ལ་བསད་པར་བྱ་བའི་དོན་དུའོ།། ཉའི་ང་རོ་འཕོས་པ་ལ་གཏུམ་པའི་མོག ་ཅན་མ་དང་། ཀེང་རུས་ཆེན་པོ་ལ་དབང་གི་དོན་དུའོ།། དགུན་ཟླ་འབྲིང་པོ་འཕོས་པའི་ངོ་བོ་ལ་ནི་འོད་ལྡན་མ་དང་ཀེང་རུས་ལ་རེངས་པར་བྱ་བའི་དོན་དུའོ།། ཉའི་ངོར་འཕོས་པ་ལ་ནི་སྣ་ཆེན་མོ་དང་མཆེ་བ་རྣམ་པར་གཙིགས་མ་ལ ་རྒྱས་པར་བྱ་བའི་དོན་དུའོ།། དཀུན་ཟླ་ཐ་ཆུང་ལ་ནི་དཔའ་བོའི་བླ་ཅན་མ་དང་། ཆང་དགའ་ལ་ཞི་བའི་དོན་དུའོ།། ཉའི་ངོར་འཕོས་པ་ལ་ནི་མེའུ་ཐུང་མ་དང་། འོད་དཔག་མེད་ལ་རྨོངས་པའི་དོན་དུའོ།། དཔྱིད་ཟླ་ར་བར་འཕོས ་པའི་ངོ་ལ་ནི་སྲིན་པོའི་དབང་ཕྱུག་མ་དང་། རྡོ་རྗེ་འོད་ལ་དགུག་པའི་དོན་དུའོ།། ཉུར་འཕོས་པའི་ངོ་ལ་ནི་ཤིང་གྲིབ་མ་དང་རྡོ་རྗེའི་སྐུ་ལ་དབྱེ་བའི་དོན་དུའོ།། འདི་དག་ནི་དགུན་ཟླ་ར་བ་ལ་སོགས་པའི་ཟླ་བ་བཞི་པོའི་ངོ་བརྒྱད ་ཀྱི་ཉིན་པར་རྣམས་ལ་ཇི་ལྟར་གསུངས་པའི་རིམ་པས་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལོངས་སྤྱོད་པའོ།། ། ད་ནི་གསུང་གི་འཁོར་ལོའི་མཆོད་པ་བཤད་དེ། འདིར་དཔྱིད་ཟླ ་འབྲིང་བ་འཕོས་པའི་ངོ་ལ་ནི་ས་སྲུངས་མ་དང་རྡོ་ཛྭ་མྱཱ་གུ་ལ་བསྒྲུང་བའི་དོན་དུའོ།། ཉར་འཕོས་པའི་ངོ་ལ་ནི་དཔའ་བོ་ཆེན་མོ་དང་། རྡོ་རྗེ་རལ་པ་ཅན་ལ་མཛའ་བར་བྱ་བའི་དོན་དུའོ།། དཔྱིད་ཟླ་ཐ་ཆུང་ངུ་འཕོས་པོའི་ང་ལ ་ནི་རླུང་གི་ཤུགས་ཅན་མ་དང་། དཔའ་བོ་ཆེན་པོ་ལ་སྡེ་དཔུངས་རེངས་པར་བྱ་བའི་དོན་དུའོ།། ཉ་རུ་འཕོས་པའི་ངོ་ལ་ནི་ཆུང་འཐུང་མ་དང་། རྡོ་རྗེ་ཧཱུ~ཾ་མཛད་ལ་སྐྱོན་ལས་ཆར་དབབ་པའི་དོན་དུའོ།། དབྱར་ཟླ་ར་བོར་འཕོས ་པའི་ངོ་ལ་ནི། ལྷ་མོ་སྔོ་བསངས་མ་དང་ཤིན་ཏུ་བཟུང་མོ་ལ་རིམས་བསལ་བའི་དོན་དུའོ།། ཉར་འཕོས་པའི་ངོ་ལ་ཤིན་ཏུ་བཟང་མོ་དང་། རྡོ་རྗེ་བཟང་མོ་ལ་བཅིང་བ་དབྱེ་བའི་དོན་དུའོ།། དབྱར་ཟླ་འབྲིང་པོ་འཕོས་པའི་ངོ ་ལ་ནི་རྟ་རྣ་མཱ་དང་འཇིགས་བྱེད་ཆེན་མོ་ལ་དབབ་པར་བྱ་བའི་དོན་དུའོ།། ཉར་འཕོས་པའི་ངོ་ལ་ནི་བྱ་གདོང་མ་དང་མིག་མི་བཟང་ལ་སྤྲིན་དྲལ་བའི་དོན་དུའོ།། འདི་དག་ནི་དཔྱིད་ཟླ་འབྲིང་པོ་ལ་སོགས་པ་བཞི་པོ་ངོ་བརྒྱད་ཀྱི་ཉིན་པར ་རྣམས་ལ་ཇི་ལྟར་བཤད་པོའི་རིམ་པས་གསུང་གི་འཁོར་ལོའི་དཔའ་བོ་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ།། ད་ནཱི་སྐུའི་འཁོར་ལོའི་མཆོད་པ་བཤད་དེ། འདིར་དབྱར་ཟླ་ཐ་མར་འཕོས་པའི་ངོ་ལ་ནཱི་འཁོར་ལོའི་ཤུགས ་ཅན་མ་དང་། སྟོབས་པོ་ཆེ་ལ་རལ་གྲི་ཆེན་པོ་བསྒྲུབ་པའི་དོན་དུའོ།། ཉུར་འཕོས་པའི་ངོ་ལ་ནི་དུམ་སྐྱེས་དང་། རིན་ཆེན་རྡོ་རྗེ་ལ་སྔགས་ཀྱི་དངོས་གྲུབ་ཀྱི་དོན་དུའོ།། སྟོན་ཟླ་ར་བར་འཕོས་པའི་ངོ་ལ་ནི། ཆང་དགའ་མ་དང ་རྟ་མགྲིན་ལ་ཀླུའི་རྒྱལ་པོ་རངས་པར་བྱ་བའི་དོན་དུའོ།། ཉར་འཕོས་པའི་ངོ་ལ་ནི་འཁོར་ལོའི་གོ་ཆ་མ་དང་། ན་མཁའི་སྙིང་པོ་ལ་བཅུད་ཀྱི་ལེན་ཆེན་པོ་བསྒྲུབ་པའི་དོན་དུའོ།། སྟོན་ཟླ་འབྲིང་པོ་འཕོས་པའི་ངོ་ལ་ནི ་ཤིན་ཏུ་དཔའ་མོ་དང་ཧེ་རུ་ཀ་ལ་འབྲས་བུ་བདུད་རྩིར་བསྒྲུབ་པའི་དོན་དུའོ།། ཉར་འཕོས་པའི་ངོ་ལ་ནི་སྟོབས་ཆེན་མ་དང་། པད་མ་གར་གྱི་དབང་ཕྱུགས་མ་ལ་གཏེར་བསྒྲུབ་པའི་དོན་དུའོ།། སྟོན་ཐ ་ཐ་ཆུང་འཕོས་པའི་ངོ་ལྔ་ནི། འཁོར་ལོ་སྒྱུ་མ་དང་རྣམ་པར་སྣང་མཛད་ལ་རིན་པོ་ཆེ་བསྒྲུབ་པའི་དོན་དུའོ།། ཉར་འཕོས་པའི་ངོ་ལ་ནི་བརྩོན་ཆེན་མ་དང་རྡོ་རྗེ་སེམས་དཔའ་ལ་འཇིག་རྟེན་གསུམ་གྱི་གནས་སུ་བགྲོད་པར་བྱ་བའི ་དོན་དུའོ།། འདི་དག་ནི་དབྱར་ཟླ་ཐ་ཆུང་ལ་སོགས་པའི་ཟླ་བ་བཞི་པོར་ངོ་བརྒྱད་པོའི་ཉིན་པར་རྣམས་ལ། ཇི་ལྟར་བཤད་པའི་རིམ་པས་སྐུའི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱད་པའོ།། ཡང་ན་སྡེ་ལྔ་སོས་བྷྲྀ་ཉིན་པཱ་ལ ་རྫིཞི་པཱ་འཕོས་པའི་ཉིན་བླ་ཕྱེད་དག་དང་གཞུར་འཕོས་པ་ལ་གཞུའི་ཕྱེད་དག་དང་ཆུ་སྲིན་མ་ཀ་རར་འཕོས་པ་ལ། ཆུ་སྲིན་མ་ཀ་རཱྀ་ཕྱེད་དག་དང་། བུམ་པར་འཕོས་པ་ལ་བུམ་པའི་ཉིན་པར་ཕྱེད་དུ་བྱས་པ་སྟེ། ཉིན་པར་བརྒྱད་པོ་དེ་རྣམས ་ལ། ཐགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ།། དེ་བཞིན་དུ་ཉར་འཕོས་པ་ལ་ཉའི་ཉི་མ་ཕྱེད་དག་དང་། ལུག་ཏུ་འཕོས་པ་ལ་ལུག་གི་ཉི་མ་ཕྱེད་དག་དང་། གླང་དུ་འཕོས་པ་ལ་གླང་གི་ཉི་མ་ཕྱེད་དག ་དང་། སྦྱོར་བར་འཕོས་པ་ལ་སྦྱོར་བའི་ཉི་མ་ཕྱེད་དག་དང་། ཉིན་པོར་བརྒྱད་པོ་འདི་རྣམས་ལ་ཇི་ལྟར་བཤད་པའི་རིམ་པས། གསུང་གི་འཁོར་ལོའི་དཔའ་བོ་དང་དཔའི་མོ་རྣམས་ལ་ལོངས་སྤྱོད་པའོ།། དེ་བཞིན་དུ་ཉོ་ཁྱི་བར ་འཕོས་པའི་ཉིན་པར་ལ་ཉ་ཁྱི་བའི་ཕྱེད་དག་དང་། སེང་གེར་འཕོས་པའི་ཉིན་པར་ལ་སེང་གེའི་ཕྱེད་དག་དང་། བུ་མོར་འཕོས་པའི་ཉིན་པར་རྣམས་ལ་བུ་མོའི་ཕྱེད་དག་དང་། སྲང་དུ་འཕོས་པའི་ཉིན་པར་ལ་སྲང་གི་ཕྱེད་དག་སྟེ། ་ཉིན་པར་བརྒྱད་པོ་དེ་རྣམས་ལ་ཇི་ལྟར་བཤད་པའི་རིམ་པས་སྐུའི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ།། དེ་ལྟ་བུའི་མཐུ་རྣམས་ཀྱིས་ལོ་གསུམ་དུ་ཕྱེ་བས་ལོ་དགུར་དང་པོར་ཡི་གེ་ཨོཾ་མཆོད ་ཅི་ང་ཡི་གེ་ཨོཾ་མཆོད་པར་བཟུང་སྟེ། དེ་ནས་ལོ་དང་པོར་ནི་ལྷ་མོ་བཞི་མི་དང་སྤེལ་བའི་ཞལ་བཞི་པའི་སྔགས་ཟླ་བ་གསུམ་གསུམ་དུ་ཕྱེ་བས་བཟླ་བར་བྱའོ།། ལོ་གཉིས་པ་ལ་ནི་རྣལ་འབྱོར་མ་བརྒྱད་པོ་རྣམས ་ཀྱིས་མིང་སྦྲེལ་པའི་རྐང་པ་བརྒྱད་པའི་སྔགས་ཟླ་བ་ཕྱེད་དང་གཉིས་གཉིས་སུ་ཕྱེ་བས་བཟླའོ།། ལོ་གསུམ་པ་ལ་ནི་ལྷ་མོ་ཉི་ཤུ་རྩ་བན་པོ་རྣམས་ཀྱི་མིང་དང་སྤེལ་བའི་རང་རང་གི་སྔགས་ཀྱི་ཕྲེང་བ་རྣམས་བཟླས་ཏེ། སྔོན་དུ་བཤད ་པའི་སྒྲུབ་པའི་དོན་དུའོ།། དེ་ལྟར་ལོ་གསུམ་པ་དང་ལོ་དྲུག་དང་ལོ་དགུ་རུ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་པོ་རྣམས་བསྒྲུབ་ཏེ། དེ་ནས་འཇིག་རྟེན་པའི་ལས་ཚོགས་རྣམས་ཀྱི་དངོས་གྲུབ་བསྒྲུབས་ན་སྔགས་པ་གྲུབ་པར་བྱེད་དོ་ཞེས་དེ ་བཞིན་གཤེགས་པས་ངེས་པ་གསུངས་སོ།། དེ་བཞིན་དུ་ནང་ལ་ཡང་ཟུང་བཞི་དང་ཐུན་མཚམས་བརྒྱད་དེ་ཆུ་ཚོད་ཕྱེད་དང་གསུམ་གྱི་བདག་ཉིད་ཕྱོགས་རེ་རེར་སྦྱར་ན་ཉི་ཤུ་རྩ་བཞིའོ།། དུས་ཚོང་དེ་རྣམས་སུ་སོ་སོའི་ཉིན་པར་རྣམས ་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ལ་མཆོད་པ་བྱས་ཏེ། སྔར་བཤད་པའི་དངོས་གྲུབ་རྣམས་བསྒྲུབ་བོ།། དུས་ཀྱི་ཁྱད་པར་གྱིས་ཕོ་ཉ་མོ་རྣམས་ལ་མཆོད་པའི་ཆོ་ག་ངེས་པའོ།། ད་ནི་ཐེག་པ ་ཆེན་པོའི་རྒྱུད་ལས་གསུངས་པའི་འབྲས་བུའི་ཁྱད་པར་བཤད་པ་དང་། འདིར་དུས་ཀྱི་ཁྱད་པར་བཅོམ་ལྡན་འདས་ཀྱིས་རྒྱུད་གཞན་དང་གཞན་ལས་གསུངས་པ་དེ་འདིར་སྡུད་པ་ཙམ་གྱིས་བཤད་དེ། འདིར་རྒྱུད་ལས་གསུངས་པའི ་དགོངས་པ་རྣམས་ཁོང་དུ་ཆུད་པར་བྱ་བ་ནི་རྒྱུད་དེ་དང་དེས་ཁོང་དུ་ཆུད་པར་བྱའོ།། ཞེས་དེ་བཞིན་གཤེགས་པས་གསུངས་སོ།། དེ་ལྟ་བུ་འདི་ནི་དུས་ཀྱི་ཁྱད་པར་རོ།། ད་ནི་དང་པོ་ཁོ་ནར་ཆུ་སྲིན་མ་ཀ་ར་ལ་སོགས་པར་གང་སྦྱར་བ་དེ ་དྲི་གདན་བཞིར་ནི་རོ་ཧི་ཏ་ལ་སོགས་པ་བཅུ་གཉིས་དང་ཆུ་ཚོད་རྣམས་དང་། དགུན་ཟླ་ཐ་ཆུད་ལ་སོགས་པ་བཅུ་གཉིས་པོ་གང་ཡིན་པ་རྣམས་དང་། འདིར་མ་རིག་པ་ལ་སོགས་པ་བཅུ་གཉིས་པོ་རྣམས་ནི་དེ་བཞིན་དུ་ཕྱི་དང་ནང ་གི་ལ་སོ་སོ་དང་ཉི་མ་སོ་སོ་ལ་འབྱོར་པ་བཅུ་གཉིས་ཏེ་ཆུ་ཚོད་ལྔ་ལྔའི་བདག་ཉིད་ནི་འབྱོར་པ་རེ་རེའོ།། ཆུ་ཚོང་དྲུག་ཅུ་ཐམ་པ་ལ་ཆུ་ཚོད་ནི་དབུགས་དྲུག་ཅུ་ཕྲག་དྲུག་བཅུའི་ཚད་ཀྱི་ཆུས་ཆུ་ཚོད་ཀྱི་སྣོད་གང་བའི་བདག་ཉིད་དོ།། ་འདི་ལྟར་ཉིན་མཚན་གཅིག་གིས་ནི་དབུགས་ཀྱི་འབྱུང་རྔུབ་རྣམས་བརྒྱ་ཕྲག་དྲུག་དང་། སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ་ནི་ཕྱི་རོལ་ཉི་མའི་ཆུ་ཚོད་དང་དབུགས་རྣམས་ཏེ་དེ་ལྔར་ཉིན་མོ་དང་མཚན་མོའི་ཆུ་ཚོད་དྲུག་ཅུ་རྩ་བཞིར་བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་ཀྱེའི་རྡོ་རྗེས་གསུངས་པ་འདིར་ནི་ཆུ་ཚོད་ཀྱི་དབུགས་དྲུག་ཕྲག་ལྔ་བཅུ་རྩ་དྲུག་ལ་བཞི་བཞི་ལ་དགོངས་སོ།། ད་ལ་ཆུ་ཚོད་དྲུག་ཅུ་རྩ་བཞི་ནི་སྤྲུལ་པའི་འཁོར་ལོའི་བདག་ཉིད་དོ།། ཅུང་ཟད་སུམ་ཅུ་རྩ་གཉིས་ནི ་བདེ་བ་ཆེན་པོའི་འཁོར་ལོའོ།། ཡང་དག་པར་འཕོ་བ་བཅུ་དྲུག་ནི་ཅུང་ཟད་གཉིས་གཉིས་ཀྱི་བདག་ཉིད་དེ། ལོངས་སྤྱོད་རྫོགས་པའི་འཁོར་ལོའི་བདག་ཉིད་དོ།། ཐུན་མཚམས་བརྒྱད་ནི་ཆོས་ཀྱི་འཁོར་ལོའོ།། ལོངས་སྤྱོད ་རྫོགས་པའི་འཁོར་ལོ་དང་། བདེ་བ་ཆེན་པོར་འཁོར་ལོ་རཱི་རིམ་པར་མ་སྨྲས་པ་རིམ་པར་སྦྱར་བ་ནི་འདིར་བླ་མའི་མ་ངག་ལས་ཤེས་པར་བྱའོ།། དེ་ལྟ་བུའི་ཉིན་མཚན་གྱི་དུས་ཀྱི་ཁྱད་པར་རྣམས་བསྡུས་པའི་རྒྱུད་དེ་དང་དེ་ལས ་རིགས་པར་བྱའོ།། རྩ་བའི་རྒྱུད་རྒྱ་མཚོ་ཆེན་པོའི་མཚན་གྱི་མཆོག་ཅེས་བྱ་བ་ནི་རྒྱུད་ཁྲི་ལོ་ལ་སོགས་པ་རྣམསུ་ཡང་གསུངས་པ་འདི་ལྟ་སྟེ། ཕྱི་རོལ་གྱི་ཉི་མའི་ལོ་སོ་སོའི་ཉོན་པར་ཡང་དེ་བཞིན་ཏེ། ཞི་ནི་མཚན་དེ་ནི་དུས ་ཀྱི་ཁྱད་པར་བརྒྱ་ཕྲག་དྲུག་དང་སྐྱོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་ནི་ཕྱི་རོལ་གྱི་ཉིན་མཚན་གྱི་ཆུ་ཚོད་ཀྱི་ཚད་དོ།། དེ་དག་གི་ནང་གི་ནི་ཉན་མཚན་སོ་སོའི་དབུགས་ཏེ་ལུས་ཅན་རྣམས་ཀྱིའོ།། དེ་ལྟ་བུའི་ཆུའི་ཚོང་དྲུག་ཅུ་པ ་ཉིད་བརྒྱ་ཕྲག་གསུམ་དང་དྲུག་ཅུ་ནི་ཕྱི་རོལ་གྱི་ལོའི་ཉིན་མཚན་གྱི་ཚད་དོ།། ནང་གི་ནི་དྲུག་ཅུ་དྲུག་ཅུ་པི་སུམ་བརྒྱ་དྲུག་ཅུའི་དབུགས་ཀྱི་བདག་ཉིད་དོ།། དེ་དག་འདི་ལྟར་ཟླ་བའི་ངོ་བོ་ཉི་ཤུ་རྩ་གཉིས་ལ་ཆུ་ཚོད་དགུ་བརྒྱ་དགུ་བརྒྱའི་བདག ་ཉིད་དོ།། ནང་གི་ནི་ང་དེ་ལྟར་དབུགས་ཀྱི་ཆུ་ཚད་དགུ་བརྒྱ་དགུ་བརྒྱའི་བདག་ཉིད་དོ།། དེ་དག་འདི་ལྟ་སྟེ། ཕྱི་རོལ་གྱི་བརྒྱ་ཕྲག་བཅོ་བརྒྱད་པོ་རྣམས་ནི་ཟླ་བ་བཅུ་གཉིས་སོ།། ཕྱི་རོལ་གྱི་སུམ་བརྒྱ་དྲུག ་ཅུ་པོ་ནི་ཆུ་ཚོད་དྲུག་ཅུ་པ་ཕྲག་སུམ་བརྒྱ་དྲུག་ཅུ་སྟེ་ལོའོ་འོ།། ནང་གི་ནི་དབུགས་ཀྱི་ཆུ་ཚོད་དྲུག་ཅུ་པའི་བདག་ཉིད་དོ།། ཕྱི་རོལ་གྱི་ཆུ་ཚོད་བཞི་དང་ལྔ་དང་དྲུག་བསྒོམས་པའི་བདག་ཉིད་ཀྱིའོ།། ནང་གི་ནི་དབུགས་ཀྱི་ཆུ་ཚོད ་བཞི་དང་ལྔ་དང་དྲུག་ཏུ་བསྡོམས་པ་སྟེ། དབུགས་ཀྱི་བདག་ཉིད་ཀྱི་ཆུ་ཚོད་བཞི་དང་ལྔ་དང་དྲུག་པའོ།། ཕྱི་རོལ་གྱི་ཆུ་ཚོད་བདུན་ཕྲག་གཉིས་དང་དྲུག་གི་བདག་ཉིད་ནི་ཐུན་གསུམ་མོ།། ནང་གི་ཡང་བདུན་ཕྲག་གཉིས་དང་དྲུག ་ཏུ་བསྡོམས་པ་སྟེ། དབུགས་ཀྱི་ཆུ་ཚོད་བདུན་ཕྲག་གཉིས་དང་དྲུག་པའོ།། ཕྱི་རོལ་གྱི་སྟོང་ཕྲག་བཅུ་དང་དེ་ལས་གཞན་པའི་བརྒྱད་བརྒྱ་ནི་ཆུ་ཚོད་ཀྱི་བདག་ཉིད་དེ། བགྲོད་པ་གཉིས་པ་སོ་སོར་རེ་རེའོ།། ནང་གི་ཡང་སྟོང་ཕྲག ་བཅུ་པོ་དེ་ལས་གཞན་པ་བརྒྱད་བརྒྱ་སྟེ། དབུགས་ཀྱི་ཆུ་ཚོད་ཀྱི་བདག་ཉིད་དོ།། དེ་ལྟར་ཉིན་མོ་དང་མཚན་མོ་ཡིས་བརྒྱ་ཕྲག་དྲུག་དང་སྟོང་ཕྲག་ཉི་ཤུ་རྩ་གཅིག་ནི་ཕྱི་རོལ་གྱི་ཉིན་མཚན་སོ་སོའི་ཆུ་ཚོད་རྣམས་སོ།། ནང་གི ་ཡང་ལུས་ཅན་རྣམས་སོ་སོའི་ཉིན་མཚན་གྱི་དབུགས་རྣམས་ཏེ། འདིར་ནི་མི་རྣམས་ཀྱི་ལུས་པོ་དབུགས་འབྱུང་བ་དང་རྔུབ་པའི་བསྐྱེད་པ་རིགས་དང་། དབྱིབས་སྣ་ཚོགས་ཅན་རྣམས་ཀྱི་ཉིན་མཚན་གྱིའོ།། དེ་ལྟ་བུ་ནི་འདིར ་དུས་ཀྱི་ཁྱད་པར་དུ་མངོན་པར་རྟོགས་པར་བྱའོ།། འདི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དགས་རྣམས་ཀྱི་ཉིན་མཚན་གཅིག་གོ། ལྷ་མ་ཡིན་རྣམས་ཀྱི་ལོ་གཅིག་ནི་ནོར་སྦྱིན་རྣམས་ཀྱི་ལོ་དྲུག་ཅུ་ཐམ་པར་འདུ་ཤེས་ཏེ། སེམས་ཅན་རྣམས ་ཀྱི་དབུགས་ཀྱི་འཁོར་ལོ་བསྡུས་པའོ།། ལྷོ་དང་ཉིན་མཚན་དེ་ལྟ་བུའི་བདག་ཉིད་གསུངས་ཤིང་བཤད། སེམས་ཅན་རྣམས་ཀྱི་དོན་གྱི་བྱ་བ་བྱེད་པའོ།། དེ་ལྟ་བུའི་དུས་ཀྱི་ཁྱད་པར་ཐམས་ཅད་ཀྱི་ཉིན་པར་སོ་སོ་བར་ཁོང་དུ་ཆུད་པར ་བྱ་བ་རྒྱུད་དེ་དང་དེ་ལས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། འདི་ལྟར་རྩ་བའི་རྒྱུད་དུ་ཐོབ་པར་མ་གྱུར་ན་ཡང་། འཁོར་ལོ་སྡོམས་པོར་གདན་བཞི་པའི་ལྷ་མོ་རྣམས་ཀྱི་དུས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ། རྒྱུད་འདིར་གསུངས ་པ་ནི་གནས་ལ་སོགས་པར་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་ནི། ལོངས་སྤྱོད་པ་དང་ཐིམ་པ་དང་། འཇུག་པ་རྣམས་སུ་མཁས་པ་རྣམས་ཀྱིས་རྟོག་པར་བྱ་སྟེ། ཕྱི་དང་ནང་གི་དུས་སུ་ཁྱད་པར་མཆོད་པའི་ཆོ་ག་ངེས་པ་ནཱའོ།། ་དེ་ནས་འོག་གི་གཞི་དང་། མ་དང་། རླུང་དང་། ཆུའི་དབུས་སུ་རི་རབ་བོ།། ཕྱོགས་བརྒྱད་ནི་མི་འཐོད་པ་ཆེན་པོ་དེར་ཤིན་ཏུ་དྲག་པའི་དུད་པ་ཙན་ནི་དུརོ་ཁྱེད་ཆེན་པོ་བརྒྱད་དེ། གསལ་ཤིང་གི་རྩེ་མོར་བསྐྱོན་པ་ནི་ཁའི་སྒྲ ་སྟེ་ཁྭ་གདོང་མའོ།། ལྷོར་ནི་རོ་ཚོགས་མ་སྟེ། སྣ་བུག་གཡས་པར་ནི་འག་པའི་གདོང་མའོ།། ནུབ་ཕྱོགས་སུ་ནི་དྲི་ང་བ་ཅན་ཏེ། བཤང་བའི་སྒྲར་ནི་ཁྱི་གདོང་མའོ།། བྱང་ཕྱོགས་སུ་ནི་འཇིག་པ་ཅན་ཏོ། སྣ་བུག་གཡ། ་པའི་སྒོར་ནི་ཕག་གདོང་མའོ།། འདི་དག་ནི་གཡས་བསྐོར་དུ་བསྐོར་བར་བྱའོ།། དེ་ནས་དབང་ལྡན་དུ་ནི་བྱིས་པ་སྤྲས་པ་སྟེ། རྣ་བ་གཡོན་གྱི་སྒོར་ནི་གཤིན་རྗེ་མཆེ་བ་ཅན་མའོ།། རླུང་དུ་ནི་སྦྲུལ་གྱིས་ཟན་པ་སྟེ། ་གཡས་པའི་སྒོར་ནི་གཤིན་རྗེ་ཕོ་ཉ་མོའོ།། བདེན་བྲལ་དུ་ནི་དྲག་ཏུ་འཐབ་པ་སྟེ། མིག་གཡས་པར་གཤིན་རྗེ་མཆེ་བ་གཙིགས་མའོ།། མེ་མཚམས་སུ་ནི་མེ་ལྕེ་གྱེན་དུ་འབར་བ་སྟེ། མིག་གཡོན་པའི་སྒོར་གཤིན་རྗེ་འཇོམས་མའོ།། ་རྣལ་འབྱོར་མ་འདི་དག་ནི་གཡོན་བསྐོར་དུ་བསྐོར་རོ།། དེ་ལྟ་བུར་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་རྣལ་འབྱོར་མ་རིམས་དང་རིམ་པ་མ་ཡིན་པར་གཡས་བསྐོར་དང་གཡོན་བསྐོར་དུའོ།། འཁོར་ལོ་འདུས་པ་ནི་འདི་དག་མཆོད ་པ་ནི། འདི་ལྟར་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་དབྱེས་རྣམསུ་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་དང་། ཁའི་སྒོ་ལ་སོགས་པའི་སྒོ་བརྒྱད་པོར་སྒོ་སྐྱོང་མ་རྣམས་ལའོ།། དེ་ལྟར་རྣལ་འབྱོར་མ་སུམ་ཅུ ་རྩ་དྲུག་པོ་རྣམས་ཀྱི་ཕྱི་དང་ནང་གི་གནས་ཀྱི་བདག་ཉིད་རྣམས་བསྟན་ཏོ།། ད་ནི་ལོངས་སྤྱོད་པ་དང་། ཐིམས་པ་དང་། གནས་པ་དང་། འཇུག་པ་དང་། ཁྱབ་བདག་རྣམས་བཤད་དེ་འདིར་རིགས་ལྡན་མ་ལ་སོགས་པ་རྣམས་ཀྱི་ཐམས ་ཅད་དུ་རིགས་ལྡན་མོའི་ལོངས་སྤྱོད་པ་དང་། ཐིམ་པ་དང་། འཇུག་པ་དང་། ཁྱབ་བདག་རྣམས་ཀྱི་བདག་གི་གདན་ལ་སོགས་པ་དང་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བར་བདག་གི་གདན་ལ་སོགས་པའོ།། འདིར ་བདག་གི་གདན་ནི་ལོངས་སྤྱོད་པའོ།། གཞན་གྱི་གདན་ནི་ཐིམ་པའོ།། དེ་ཁོ་ན་ཉིད་ཀྱི་གདན་ནི་འཇུག་པའོ།། སྔགས་ཀྱི་གདན་ནི་ཁྱབ་བདག་གོ། གཞན་གྱི་གདན་ནི་ལོངས་སྤྱོད་པའོ།། སྔགས་ཀྱི་གདན་ནི་ཐིམ་པའོ།། བདག་གི ་གྲདན་ནི་འཇུག་པའོ།། དེ་ཁོ་ན་ཉིད་ཀྱི་གདན་ནི་ཐིམ་པའོ།། གཞན་གྱི་གདན་ནི་འཇུག་པའོ།། བདག་གི་གདན་ནི་ཁྱབ་བདག་གོ། དེ་ཁོ་ན་ཉིད་ཀྱི་གདན་ནི་ལོངས་སྤྱོད་པའོ།། བདག་གི་གདན་ནི་ཐིམ་པའོ།། སྔགས་ཀྱི་གདན ་ནི་འཇུག་པའོ།། གཞན་གྱི་གདན་ནི་ཁྱབ་བདག་གོ།། དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཀྱི་གདན་ནི་ཁྱབ་བདག་གོ།། སྔགས་ཀྱི་གདན་ནི་ལོངས་སྤྱོད་པའོ།། འདི་དག་ནི་ཐུན་མཚམས་བཞིར་ཕྱེ་བས་ཕོ་ཉ་མོའི་ཀུན་ཏུ་སྤྱོད་པ་འཁོར་ལོ ་འདུས་པ་སྟེ། ལྟེ་བར་ཡེ་ཤེས་ཀྱི་འཁོར་ལོ་ལ་གཡས་བསྐོར་དུ་སྐོར་བའོ།། རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་ཨོ་ཥྱོན་དུ་གྲུབ་པས་མཛད་པ་རྫོགས་སོ།། ། ་རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་བཾ་ཀ་རའི་ཞལ་སྔ་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། ་