CLOSE WINDOW

GT2668: rdo rje rnal 'byor ma dbu bcad ma'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཚིནྟ་མ་དྷྱ་བཛྲ་ཡཽ་གི་ནི་སཱ་དྷ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་དབུ་བཅང་མའི་སྒྲུབ་ཐབས་ཞེས་བྱ་བ། བླ་མ་དང་རྣལ་འབྱོར་མ་ལ་ཕྱག་འཚལོ།། རྣལ་འབྱོར་མ་དབུ་བཅད་མ་སྒྲུབ་པར ་འདོད་པས་ཐོག་མར། སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་སྔོན་དུ་སོང་བས། ཨོཾ་ཨཱཿཧཱུཾ་གི་རང་ལུས་བྱིན་གྱིས་བརླབས་ནས། རང་གི་ལྟེ་བར་པདྨ་དམར་པོ་རྣམ་པར་རྒྱས་སྒོམས་ལ། དེའི་སྟེང་དུ་འོད་ཟེར་སྣ་ཚོགས་འཕྲོ་བ་དེའི་སྟེང་དུ་ཟློ་བའི ་དཀྱིལ་འཁོར།། དེའི་སྟོང་དུ་ཆོས་འབྱུང་གྲུ་གསུམ་སིན་རའི་མདོག་ཅན། དེའི་སྟེང་དུ་ཧྲི་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་སིན་ཏུ་རའི་མདོག་ལྟ་བུ། ཞལ་ཅིག་ཕྱག་གཉིས་མ་སྤྱན་གསུམ་མ་སྐྲ་གྲོལ་བ། མི་མགོ་ལྔ་བཅུའི་ཕྲེང་བ། ་རུས་པའི་རྒྱན་ཅན། ཕྱག་གཡོན་པས་ཀ་པ་ལའི་ནང་དུ་རང་གི་དབུ་བཅད་ནས་ཞལ་རང་ཉིད་ལ། ཕྱོགས་པས་རྣམས་པའི་ཕྲག་པར་ཁ་ཊཾ་ཁ་འཛིན་པ། དཔུང་པའི་མཐར་དབུ་དང་འབྲལ་བིའི་མཚམ་སུ། རྩ་གསུམ་འབྲེལ་བའི་གཡས་སྔོ་བ། གཡོན་སེ ་བ། དབུས་མ་ནི་སྐུ་མདོག་ལྟ་བུ་དམར་བ། རྩ་གསུམ་ནི་སྐུ་གསུམ་སྐུ་དདེ་བ་ཆེན་པོའི་བདག་ཉིད་དོ།། དེས་གཡསུ་རྡོ་རྗེ་རྣམ་སྣང་མ་སེར་མོ།། གཡོན་དུ་རྡོ་རྗེ་རབ་སྔགས་མ་ལྗང་ཁུ། གཉིས་ཀ་ཕྱག་མཚན་གཙོ་བོ་དང་འདྲ་ཞིང་གཙོ་བོ་ལ་ལྟ་བ། སྒྲ་སིལ ་བུ་གྲོལ་བ། ཞབས་རྣམས་གཡས་བརྐྱང་བའོ།། བཅོམ་ལྡན་འདས་མ་ནི་ཏིང་འཛིན་ཐམས་ཅད་ཀྱི་སྙིང་པོ།། འཇིག་རྟེན་ཐམས་ཅད་ཀྱི་མ་འདྲེན་པ། བླ་མ་མགོན་སྐྱབསུ་གྱུར་པ། ཆོས་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་རེ་བ་སྐོང་བའོ།། དེ་ལྟར་སྤྱད་ནས ་མཆོད་པ་རྒྱས་བསྡུས་གང་རུང་བྱ།། མདུན་སྐྱེད་ཀྱི་དཀྱིལ་འཁོར་བྱ་བ་ནི། ཟུར་གསུམ་པའི་དབུས་སུ། ས་བོན་ལས་སྔར་སྟོན་པ་བཞིན། ལྷ་རྫོགས་པར་བསྐྱེད། སྙིང་པོའི་བཤམ་དུ། ཨ་རྒ་སོགས་བཏགས་ཏེ། མཆོད་པ་བྱས་ནས། ཡང ་འདི་ལྟར་སྔགས་ནས། ཨོཾ་སརྦ་བུད་དྷ་ཌ་ཊུ་ཀི་ནི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། གཡ་སུ་ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧཱུཾ་ཕཊ།། གཡོན་དུ་ཨོཾ་བཛྲ་ཝརྞ་ནི་ཡེ་སྭཱ་ཧཱ། ཨུདྡྷི་ཡ་ན་པུརྱ་གི་རི། ཀཱ་མ་ཀླ་ཤ་རི་སྭཱ་ཧཱ། ཅེས་པས་ཀྱང་བརྗོད་པས་མཆོད་ལ། ཨོཾ་སརྦ་བུད་དྷ། ་ཊ་ཀི་ནི་ཡེ་བཛྲ་ཝརྞ་ནི་ཡེ། བཛྲ་བེ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའོ།། ཨོཾ་བཛྲ་ཌ་ཀི་ནཻ་བཛྲ་ཝརྞ་ནི་ཡེ་ཧཱུཾ་ཕཊ། ཅེས་བཟླསོ།། སློབ་མ་ཁྲུས་བྱས་གྲལ་ལ་འཁོད། སློབ་དཔོན་ཁྲོ་བོའི་ང་རྒྱལ་གྱི་བགེག་བསྐོ་།། བསྲུང་འཁོར་བསྒོམ་ནས། ་མཎྜལ་འབུལ་དུ་བཞུག། བོ་དྷི་བཛྲེ་ན། བུད་དྷ་ནཾ། ཡ་ཐཱ་དད་དོ།། མ་ཧ་མ་ཧ་མ་ཡཱ། པི་ཏྲ་ནཱ་ཐཱ་ཡ་ཁ་བཛྲ། ཨརྱ་ད་དེ་ཧི་མེ། ཅེས་ལན་གསུམ་བརྗོད་པས་གསལ་བ་གདབ། དེ་ནས་གཏོར་མ་ཤ་ཆང་དང་བཅས་པ་ལྷར་སྐྱེད་པ་ཞུ་བ་ལས་ཡེ་ཤེས་ཀྱི ་མཆོད་ནས། སླར་དཔོན་སློབ་གཉིས་ཀས་གཏོར་མ་དང་སློབ་དཔོན་ལྷར་བསམས་ལ། སློབ་དཔོན་གྱི་ཐུགས་ཁའི་ས་བོན་ལས་འོད་བྱུང་གཏོར་མ་ལ་ཕོག། ཐུགས་ཁའི་གནས་ནས་བདུད་རྩི་སློབ་མའི་སྤྱི་བོ་ནས་ཞུགས་པས། ལུས་ངག་ཡིད་གསུམ་གྱི ་སྒྲིབ་པ་སྦྱངས། བདུད་རྩིས་གང་བར་དཔོན་སློབ་གཉིས་ཀས་བསམས་ནས། ཨ་བྷི་ཁེ་ཀཾ་མ་ཧཱ་བཛྲ་ཏྲི་བྱཱ་ཏུ་ཀཾ། ན་མཿཀྲི་ཏཾ་དྷ་ར་མི། སརྦ་བུད་དྷ་ནཱ་མ། ཏྲི་གུ་ཧྱ་ལ་ཡ། སཾ་བྷ་བཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཅེས་བརྗོད་ནས། ཨོཾ་ཨཱ་ཧཱུཾ། ་ཧཱུཾ་ཨཱཿོཾ། ཨོཾ་ཨཱ་ཧཱུཾ། ཞེས་གནས་གསུམ་དུ་རེག་ནས་བྱིན་གྱིས་བརླབ་བོ།། སྔགས་ཀྱི་རྗེས་གནང་འདི་སློབ་དཔོན་ལྷར་གསལ། སློབ་མ་ཐ་མལ་དུ་བྱས་པའི།། བླ་མའི་ཐུགས་ཁའི་ས་བོན་ལས། སྔགས་ཀྱི་འཕྲེང་བ་ཞལ་ནས་བྱུང་། ་སློབ་མིའི་ཞལ་དང་སྙིང་ཁར། དེ་ནས་བླ་མའི་ཐུགས་འཁར་བསམས་པས།། སྔགས་བཟླས་ནས་རྗེསུ་བཟླས་པ་སྦྱིན་པ་གསུང་གིའི། དེ་ནས་ཁྲིད་དུ་གསལ་བའི་རྫོགས་རིམ་གྱི་ཐུགས་ཀྱི་སྣང་བ་སྦྱིན་པ་ནི། བཅོམ་ལྡན་འདས་མ་ནི་མེ་ལོང་གི་གཟུགས ་བརྙན།། ཆུ་ནང་གི་ཟླ་བ་ལྟ་བུ། སྣང་ལ་རང་བཞིན་མེད་པ། འཇའ་ཚོན་ལྟ་བུ། ཁ་དོག་དབྱིབས་སོགས་དང་བྲལ་བ་འགྲོ་འོང་གནས་པ་མེད་པ། ཡེ་ཤེ་སྤྱི་གཟུགས་ཅན། ནམ་མཁའ་ལྟ་བུར་བསྒོམ་པར་བྱའོ།། ཞེས་བརྗོད་པས་དབང་བྱིན་ནས། ་མཎྜལ་མཆོད་བསྟོད། བསྔོ་བ་བཀྲིས་བརྗོད།། གཏོར་མ་ལས་དངོས་གྲུབ་བླང་ངོ་།། རྡོ་རྗེ་རྣལ་འབྱོར་མིའི་སྒྲུབ་ཐབས་རྫོགས་སྷོ།། ། རྡོ་རྗེ་རྣལ་འབྱོར་མའི་སྐྱེད་རྫོགས། མཆི་མེད་ཀྱི་མན་ངག་དང་བཅས་པ། ་རྒྱ་གར་གྱི་པཎྜི་ཏ་ཤ་རི་པུ་ཏྲས་ཞལ་ནས་གསུངས་པ་བཞིན། བློ་གྲོས་བསྟན་པ་བཞི་པས་བསྒྱུར་ནས་བྲིས་པའོ།། བླ་མའི་ཞལ་གྱི་བདུད་རྩི་ནི།། ཚིམ་པར་འཐུངས་པས་རྣམ་འགྱུར་ལས། རང་སེམས་སྐྱེ་བ་མེད་པ་ཡི།། ཟབ་མོའི་གླུ་དབྱངས་ཅི ་ཡང་སྒྲོག། འདིའི་རྒྱུད་པ་ནི། རྣལ་འབྱོར་དབང་ཕྱུག་བྷཱི་ཝ་པ། པཎྜི་ཏ་ཤ་རི་པུ་ཏྲཾ། ལོ་ཆེ་བ་གློ་གྲོས་བརྟན་པ་བཞི་པ། དེས་ཡང་ལུངས་པ་ཆོས་དཔལ་བསམ་འགྲུབ་ལ།། གས་ཀྱི་ཅ་ཆུ་ལགག། རྒྱ་གར་སྐད། ་