CLOSE WINDOW

GT2666: shrI ba san ta ti la ka zhes bya ba
Wyliee-texts produced with BDRC’s OCR application

བྷ་སན་ཏ་ཏི་ལ་ཀ་ཞེས་བྱ་བ། བཅོམ་ལྡན ་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བྱ། ་འཚལ་ལོ།། མི་མཉམ་དང་མཉམ་བདེ་ཆེན་བྱང་ཆུབ་ཚེ་ཕྱོགས་སུམ་ཅུ་རྩ་བདུན་ཆོས།། རང་བཞིན་ལུས་ལ ་གནས་པའི་རྩའི་འཁོར་ལོ་བཞིའི་དངོས།། མ་བཅུ་གཉིས་དང་གསལ་བྱེད་སུམ་ཅུ་རྩ་བཞིས་རྣམ་པར་བརྒྱན།། སྐུ་གསུང་ཐུགས ་ཀྱི་འཁོར་ལོའི་དབྱེ་བས་ཕྱེ་བ་གནས་པའི་གནས་ལ་སྩོགས།། སའི་དབང་ཕྱུག་ཀུན་འགྲོ་ཀུན་སྙིང་ནམ་ཀའི་དབུས་གྱུར་མཆོག་ཞིབ ་ཧེ་རུ་ཀ་དཔལ་མཆོག་ཏུ་མྱ་ངན་འདས་པ་དེ་ཉིད་དངོས།། བ་སན་ཏི་ལ་ཀ་སྤྲོས་རབ་གསལ་ཉེ་བར་མཁོ་བའི་མདོ། རང་དང་གཞན་དོན་དགེ་བ་སྐུ་གསུམ་རབ་ཏུ་རྒྱས་པར་ནི།། བསགས ་པབརྩའི་འཁོར་ལོ་འགྲོ་བའི་མགོན་ལ་ཕྱག་འཚལོ།། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མའི།། རང་གི་ལུས་ལ་གནས་དངོས་གྲུབ། ཤིན་ཏུ་ཉུང་མ་དགའ་རྣམས་ཀྱིས།། གསལ་བར ་རྟོགས་པར་བྱ་བའི་ཕྱིར།། རྣལ་འབྱོར་གནས་ལས་བྱུང་བ་ཡིས།། ཕྱི་དང་ནང་དུ་བཅས་པའི་ཚུལ།། འཁོར་ལོ་སྡོམ་པའི་རིམ་པ་ལས།། བ་སན་ཏི་ལས་ཀ་བཤད ་བྱ།། བཙོས་མོའི་སྦྱིན་བསྲེག་ལས་ནི་དང་ནི།། བཅོས་མའི་དཀྱིལ་འཁོར་སྤངས་པར་བྱ།། བཅོས་མ་ཡིས་ནི་བསྒོམ་པ་དང་།། བཅོས་མའི ་མའི་བཟླས་བརྗོད་དེ་བཞིན་ཏེ།། དེ་ལ་སོགས་པའི་བཅོས་མ་ཀུན།། རྣལ་མའི་སྦྱོར་མའི་ཚུལ་མ་མིན།། རང་བཞིན་རྟོགས་པར་བྱ་བའི་ཕྱིར།། ཕྱི་རོལ་བཅོས་མ་རབ་ཏུ་སྦྱར།། རང་བཞིན ་རྟོགས་པར་གྱུར་ནས་ནི།། ཕྱི་རོལ་བྱ་བ་དགོས་པ་མེད།། དཔེར་ན་ཕ་རོལ་དོན་གཉེར་འགའ།། གཟོངས་ལ་བརྟན་ནས་འགྲོ་བྱེད་དེ།། ཕ་རོལ་ཕྱིན་ནས་འདོར་བར་བྱེད།། ཕྱི་རོལ་བྱ་བྱེད་དེ་བཞིན་ནོ།། བཅོས་མ་ཡི་ནི་བློ ་ཅན་ལ།། ལས་རྒྱས་པའི་རྒྱུད་དག་ལས།། དངོས་མཆོག་རིགས་པའི་རྒྱལ་བ་ཡིས།། དཀྱིལ་འཁོར་ལ་སོགས་ལས་རྣམས་གང་།། དེ་དག་གསལ་བར་ལྡན་མཛད་པོ།། ཐམས་ཅད་ལོགས་དང་ལེགས་མིན་གཟུང་།། ཇི ་ལྟར་སྒྲ་རྣམས་ཤེས་བྱའི་ཕྱིར།། དེའི་སྟན་བཅོས་དྲང་སྲོང་བྱས།། ལས་ཀྱི་རྗེས་འགྲོ་སྐྱེས་བུ་ཡི།། ཕྱི་རོལ་བྱ་བྱེད་དེ་བཞིན་ནོ།། འབད་པས་ཉོན་མོངས་ཀུན་བསླངས་ནས།། རང་རིག་སེམས་ནི་འཚེ་བར་བྱེད།། དེ་ཕྱིར ་དཀྱིལ་འཁོར་རྩོག་ཆོ་ག། བྱ་བའི་འབད་པ་ཐམས་ཅད་ནི།། རྣམ་པར་ཐར་པར་མི་འགྱུར་ཞིང་།། མཆོག་ཏུ་ཉོན་མོངས་རྒྱུ་རུ་ཟད།། མི་རྟོག་པ་ལས་སངས་མི་རྒྱ།། དེ་བཞིན་རྟོག་དང་པའི་ཚུལ་གྱི་སུ།། ཤིན་ཏུ་རྣམ་དག་སྤོངས་ཤེས་ན།། ་བརྣག་པ་ཅན་ནི་དེ་ཉིད་འགྱུར།། རང་བཞིན་ཉིད་ནི་བྱ་བས་སྟེ།། བྱེད་པ་པོ་ཡང་རང་བཞིན་ཉིད།། བྱ་བ་བྱེད་པོར་རྣམ་ཕྱིན།། དངོས་པོའི་རང་བཞིན་ཉིད་སྤངས་འགྱུར།། རྣམ་པ་ཡི་ནི་དབྱེ་བ་ཀུན།། ཐོག་མཐའ་མེད་པའི་ཚུལ ་པ། རྣམ་ན་ནུམ་བྱུང་བ་།། རང་བཞིན་འདུས་ཡང་གགནས།། གན་རྟག་ཏུས་བྱུང་།། འཇིག་རྒྱུན་ལས་འདས་ད་།། འང་བ་འརྫུན་སྐྱེས།། རླུང་ན་ལྡན་པ་ནས་མ་ཡན། ས་ན ་ངྱས་རྒྱས་ཤིང་།། དེ་ཉི་གྱིས་ནི་འཛམ་ས་ཞེས་བྱ།། རྡུལ་མའི་ལམ་ལ་བརྟན་ནས་ནི།། ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ།། བ་སན་ཏ་ཏ་ལ་ཀ་ལས།། བཙས་མའི་དཀྱིལ་བྷྱོམ་དང་སྦྱིན་སྲེག་དང་།། མནི་དེ་སྦྱིན་དང། ས་བརྗིད ་ན་དང་། འི་པ་ལས་ངོན་པ་ཤེད་པའི་རྣམ་པ་པ་སྔོན་དུ་འགྲོ་བ་ན་མས་ན་བྱ་བ་ས་པང་བན་པ་སྐྱེ་པའོ།། དོན་ན་ཡོ་མ་མན་པད ་རྒྱས་པར་བསྟན་པ་ལ་སོགས་པ་ཚུལ་དུ་གསུངས་པ་རྒྱུད་ཀྱི་བདག་ཉིད།། དྲུང་པོ་དང་། ཁམས་ད་སྐྱེས་ཅིད་ཀྱི་རང་བཞིན། ལུས་ཆེན་རྣམས་ཀྱི་ལུས་རྡོ་ལྦུ་བ་བཞིན་དུ་ལྕེའི་རང་བཞིན་དུ་བསྟན་པར་བྱ་སྟེ། གཟུགས་ནི་སངས་རྒྱས་རྣམ་པར་སྣང་མཛོད། ་ཚུ་བྱཱ་ཛྱ་དྷི་ཧྲཱི་མདྷཱི། འདུ་ཤེས་པ་དྲུག་ང་དྲུག། བྱེད་རྡོ་རྟུ་ལ་བའོ།། ནམྦྷ་སརྡོ་རྗེ་སེམས་དཔ་སྟེ།། ཐམས་ཅད་བཞིན་ས།། དྲེན་ཆུ་རྡོ་རྗེའཾཥྚསྭཱ། !། རྫུ་རྡོཛ་ད།། རློམ་པ་ཕྲག་ད་རྡོ་རྗེ་ཛུད། ་ལྕེ་ནི་འདོད་ཚིགས་རྡོ་རྗེར་བརྗོད།། ལུས་ནི་སེར་སྔོ་རྡོ་རྗེམ།། དེང་དགེ་སྦོམ་པོའི་ལྷ་ལྔ་ཡིད།། སྐྱེ་མཆེད་ཁམས་རྣམས་ཐམས་ཅད་ནི།། དབང་ཕྱུག་ཆེ་མཚོས་ཧེ་རུ།། སའི་ཁམས་ནི་ལྟུང་བྱེད་མ།། ཆུའི་ཁམས་ནི་གསོད་བྱེད་བརྗོད།། ་།། ། ཁམས་ན་འཕྲུག་ཁྱོད་པ།། རྒྱུ་ནོ་གང་སོ་དང་དྲུག་བརྗོད། རབ་ཏུ་བརྫུན་པ་མྱུག་པ་ཁམས།། བཛྲ་དྲ་བ་ཅན་དུགས། འདམས་ཅན་རྣམས་ཀྱི་ལུས།། ཕུང་པོ་ལ་སོགས་ལྷ་བདག་ད།། རྫ་དང་སྡུག་བསྔལ་དཔཞིན་ལུས། ་ཉོན་མོངས་ལ་སོགས་སྐྱེ་བ་ཉིད།། སྐྱེ་དང་འཇིགས་པ་ལ་བརྟན་ནིག།། སྲིད་དང་མྱ་དྲན་འདིས་ཐོབ་པའོ།། བ་སན་ཏི་ཏི་ལཱ་ཀ་ལས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་བཞིན་གཤེགས་པའི་སྐུ་ཇི་ལྟར་གནས་པ ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷོ་རྣམས་ཀྱི་རང་བཞིན་དུ་ངེས་པར་སྟོན་པ་སྟེ་གཉིས་པའོ།། །། དེ་ནས་གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ལ་སྐུ་དང་། གསུང་ཐུགསུ་གྱུར་པའི་མ་དང་། འབྲིང་དང་རབ་ཀྱི་དབྱེ་བས་སྒོའི་དབྱེ་བ་བཤད ་པར་བྱ་སྟེ། ཀ་པ་ཅིག་དང་སྒོ་དགུ་སྟེ།། རགས་པ་ལྔ་ནི་ལྷག་པའི་ལྷ།། བུ་ག་དགུའི་ལམ་དག་ནི།། སྒོ་དགུ་ཞེས་ནི་བྱ་བར་གྲགས།། སྦོམ་པོའི་ལྷ་ནི་རྣམ་སྤྲུལ་པ།། ལུས་ཀྱི་སྒྲ་ནི་ཐ་མ་ཡིན།། མེད་དང་དེ་བཞིན་རླུང་དང་ནི།། དབང་ཆེན་སཾ་དང་དེ ་བཞིན་ཆུ།། འཁོར་ལོའི་སེམས་ནི་འཕོ་བ་སྟེ།། སྟེང་དང་ལོག་དང་ཐད་ཀ་འོག། ད་ལྟར་གཞན་ནི་རྣི་པ་བཞི།། ངག་གི་སྒོ་སྟེ་འབྲིང་པོར་བཤད།། གསུམ་པ་ཡིད་ཀྱིས་སྒོ་ཡིན་ཏེ།། ཟླ་བ་ཉི་མའི་བྱེ་བྲག་གིས།། འཇུག་པ་དང་ནི་འབྱུང་བ་ཉིད།། རབ་ཏུ ་གྱུར་པའི་སྒོ་ཞེས་བཤད།། གཙོ་བོ་མཆོག་གི་སྒོ་ཡིན་ཏེ།། འོག་དང་སྟེང་ཞེས་རབ་ཏུ་གྲགས།། འོག་སྒོ་རྣམ་པར་ཤེས་པ་སྟེ།། སྟེང་གི་སྒོ་རུ་ཁམས་རྣམསོ།། རྣམ་སྣང་ལ་སོགས་སངས་རྒྱས་རྣམས།། འོག་ཏུ་ཡང་དག་གནས་ནས་སུ།། ། ་དེ་རྣམས་སྟེང་གི་སྒོ་ནས་བསྐྱོད།། འོག་ཏུ་སྤྱན་དྲངས་སྟོང་གཤེགས་གསོལ།། སྤྱན་བྲས་གཤོགས་གསོལ་ཚུལ་གྱིས་ནི།། འགྲོ་དང་འོང་བར་རབ་ཏུ་འཇུག། དུས་གསུམ་གྱི་ནི་སངས་རྒྱས་དང་།། མཁྱུ་འགྲོ་མ་དང་སྦྱོར་བའི་མ།། འཇུག་པ་དང ་ནི་ལྡོག་པུ་ལས།། ཡོན་ཏོན་སྐྱོན་གྱི་རིང་བཞིན་ཏེ།། བདེ་དང་སྡུག་བསྔལ་ངོ་བོ་ཉིད།། ལྷན་ཅིག་སྐྱེས་པའི་རང་བཞིན་འགྲུབ།། ། བ་སནཱ་ཏ་ཏི་ལ་ཀ་ལས།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས ་པའི་སྐུའི་སྒོ་རྣམས་ཀྱི་དབྱེ་བ་ངེས་པར་སྙན་པ་སྟེ་གསུམ་པའོ།། ། དེ་ནས་གཞན་ཡང་དེ་བཞིན་གཤེགས་པའི་སྐུའི་གནས་ལ་སོགས་པ་ས་བཅུའི་གནས་བསྟན་པར་བྱ་སྟེ།། བུ་ག་དགུའི་རྩ་རྣམས་གང་།། སྒོ་དགུ་རུ་ནི ་ཡང་དག་གནས།། དེ་ལས་གཞན་ནི་ཤིན་ཏུ་གཙོ།། བཅུ་པ་བྷ་གའི་དབུས་སུའོ།། དཔྲལ་བའི་གནས་ནས་བརྩམས་ནས་སུ།། ཧཾ་ནི་རྩིའི་འཁོར་ལོར་ངེས།། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས།། ཉིན་དང་མཚན་དུ་འཛག་པར་བརྗོད།། གནས་རྣམས ་སོགས་ཀྱི་རང་བཞིན་དུ།། ཕྱི་དང་ནང་དུ་བཅས་པར་གནས།། རྣལ་འབྱོར་མ་བརྒྱད་མཁྱེའ་ལ་རྒྱུ།། དེ་བཞིན་གཞན་ཡང་ས་ལ་རྒྱུ།། གང་ཞིག་ས་འོག་གནས་པ་དག། ཐམས་ཅད་དུ་ནི་ཤིན་ཏུ་གནས།། སྐུ་གསུངས་ཐུགས་ཀྱི་འཁོར་ལོ་ཡིས།། ་གནས་ནི་སོ་སོར་དབྱེ་བར་བྱ།། གནས་ལ་སོགས་པ་རྣམ་པ་བཅུ།། རྩེ་ནི་ཉི་ཤུ་རྩ་བཞིར་དབྱི།། ཇི་ལྟར་གནས་པའི་རང་བཞིན་གྱིས།། ལྷན་ཅིག་སྐྱེས་པས་མནན་ཏེ་བཞུགས།། དེ་ལྟར་ཡང་དག་བཤད་དེ་དག། རབ་ཏུ་དགའ་ལ་སོགས ་པའི་ས།། དབང་པོ་ལ་སོགས་རང་བཞིན་གྱིས།། བྱང་ཆུབ་སེམས་དཔའ་རྣམས་དང་ནི།། ཕུང་པོ་ལ་སོགས་ཁྱད་པར་གྱིས།། སངས་རྒྱས་རྣམས་ནི་ཀུན་གྱིས་གནས།། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས།། ་སངས་རྒྱས་ཉིད་དུ་འཇུག་པའི་མཆོག། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས།། གང་ཚེ་འདིར་ནི་ཡོངས་གང་བ།། དེ་ཚེ་སངས་རྒྱས་སྲས་བཅས་རྣམས།། ཉེ་བར་སངས་རྒྱས་ཉིད་དུ་འགྱུར།། རང་གི་ལུས་ལ་སངས་རྒྱས་བཞུགས།། ་གཞན་དུ་གང་ནའང་སངས་རྒྱས་མེད།། མི་ཤེས་མུན་པས་བསྒྲིབས་པ་རྣམས།། ལུས་ལས་སངས་རྒྱས་གཞན་དུ་འདོད།། གནས་དང་ཉེ་བའི་གནས་དང་ནི།། ཞིང་ཉིད་དང་ནི་ཉེ་བའི་ཞིང་།། དེ་བཞིན་རོལ་ས་ཉིད་དང་ནི།། ཉེ་བའི་རོལ་ས ་དག་ཡིན་ཏེ།། དེ་བཞིན་དུ་ནི་འདུས་དང་། ཉེ་བའི་གན་ནི་འདུ་སའོ།། དུར་ཁྲོད་ཉེ་བའི་དུར་ཁྲོད་དེ།། གནས་སོགས་ས་ནི་རྣམ་ཅུ་ཡིན།། །། བ་སན་ཏ་ཏི་ལ་ཀ་ལས།། དེ་བཞིན་གཤེགས་པའི་སྐུའི་བུ་ག་དགུའི་རྒྱུན་དང་།། བྷ ་གའི་དབུས་སུ་སོན་པའི་རྩ་རྣམས་ཀྱི།། གནས་ལ་སོགས་པ་ས་བཅུའི་རང་བཞིན་དུ། ངེས་པར་བསྟན་པ་སྟེ་བཞི་པའོ།། །། དེ་ནས་གཞན་ཡང་དེ་བཞིན་གཤེགས་པའི་སྐུའི་དུག་དགུའི་རྒྱུན་དང་།། བྷ་གེའི་དབུས་སུ ་སོན་པའི་རྩའི་རང་བཞིན་གནས་ལ་སོགས་པ་ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྐུ་གསུང་ཐུགས་ཀྱིས་འཁོར་ལོར་གྱུར་པའི་གནས་ཀྱི་བྱེ་བྲག་གི་ཡུལ་གྱི་དབྱེ་བ་བཤད་པར་བྱ་སྟེ། མགོ་ནི་མ་ལ་ཡ་ཡུལ་ཏེ། ་སྐྱེ་གཙུག་ཛ་ལན་དྷ་ར་ཡིན།། དེ་བཞིན་ན་བ་ག་ལ་སྭཱ་བཊྚི།། སྒྱུ་མྦུ་ནས་ནི་རབ་ཏུ་ཡོད།། རྒྱབ་ཀྱི་སྐ་ལ་ཚིག་ཡང་བྱཱཏྟ།། བ་པོ་གནས་ཀྱི་མིང་ཅན་ཕྱིན།། རྣ་བ་གཡོན་པའི་མང་པཞིད་ནི།། བ་བར་མ་ཤེས་པར་བྱ།། དེ་བཞིན ་སྒྲོན་མའི་མཚཚ་ཡི། མི་ཤཱ་རི་ཡང་དག་གནས།། མིག་ནི་དྭེ་ཊཱི་ཀཽ་ཊི་སྟེ།། གཞན་ཡང་དཔུང་པ་མ་ལ་བོ།། འདི་དག་ཉེ་བའི་གནས་ཡིན་ཏེ།། ཐུགས་ཀྱི་འཁོར་ཁོར་ཡང་དག་གནས།། གནས་ཀྱི་ཁྱད་པར་ཚུལ་གྱིས་ནི།། མཁའ་ལ་རྒྱུ ་མ་རྣམས་ཞེས་བྱ།། མཆན་ཁྲུང་ཀཱ་མ་རུ་བ་སྟེ།། ནུ་མ་ཨོ་ཏྲེ་ཞེས་བྱར་གྲགས།། དེ་དག་ཞིང་དུ་ཡང་དག་གནས།། ལྟེ་བ་པྲི་ཤ་ཀུ་ནཻར་གནས།། སྣ་རྩེ་ཀོ་ས་ལ་ཡིན་ནོ།། དེ་དག་ཉེ་བའི་ཞིང་དུ་བརྗོད།། ཁ་ནི་ཀ་ལིང་ཀཱ་རུ་གསུངས།། མགྲིན ་པའི་དབུས་ནི་ལོམ་པ་ཀ། དྭེ་དག་རོལ་ས་ཞེས་བྱ་སྟེ།། སྙིང་ག་ཀན་ཙི་ཞེས་བྱར་བརྗོད། ཆུ་མ་ཉིས་ལ་མའི་ཉ་ལ་ལུ་བུ་ཡི།། ཡུལ་དེ་རྣམས་ནི་ཐམས་ཅད་ཀྱང་།། གསུང་གི་འཁོར་ལོར་ཡང་དག་གནས།། གནས་ཀྱི་ཁྱད་པར་ཚུལ་གྱིས་ནི།། སཱ་ལ་རྒྱུ་བ ་རྣམས་ཞེས་བྱ།། མཚན་ནི་པྲེ་ཏཱ་པུ་རི་སྟེ།། བཤང་ལམ་གྲི་ཧ་དེ་བ་ཏཽ།། དེ་དག་འདུ་སར་རབ་ཏུ་བརྗོད།། བཪྵི་ན་སོའུ་རཥྚར་བརྗོད།། བྱིན་པ་གཉིསུ་རྣམ་བཤད་པ།། གསེར་གླིང་ཞེས་བྱའི་མིང་ཅན་ཡིན།། ཉེ་བའི་འདུ་ས་ཉིད་ཡིན་ཏེ། ་སོར་མོ་རྣམས་ནི་ན་ག་ར། རྐང་པའི་བོལ་ནི་སིན་དུ་སྟེ།། དུར་ཁྲོད་ཞེས་ནི་བྱ་བར་བརྗོད།། མཐེ་བོང་མ་རུང་བརྗོད་པ་སྟེ།། པུས་མོ་ཀུ་ལུ་ཏ་ཞེས་བྱ།། དེ་དག་ཉེ་བའི་དུར་ཁྲོད་སྟེ།། གནས་ལ་སོགས་པ་ས་བཅུའོ།། དེ་དག་རང་ལུས་ལས་སྐྱེས་པ།། ་ཐམས་ཅད་གནས་ཀྱི་དབྱེ་བས་ཕྱེ།། ཕྱི་དང་ནང་དུ་བཅས་ཏེ་གནས།། སངས་རྒྱས་རྣམས་ཀྱི་ས་བཅུའོ།། སྐུ་དང་གསུང་དང་ཐུགས་རྣམས་ནི།། ཉི་ཤུ་རྩ་བཞར་རྣམ་པར་ཕྱེ།། རྩ་རྣམས་ཐམས་ཅད་གནས་རྣམས།། ཐམས ་ཅད་དུ་ནི་ཡང་དག་གནས།། གནས་དེ་རྣམས་ཀྱི་མཁའ་འགྲོ་མ།། རྩའི་གཟུགསུ་ཡང་དག་གནས།། བ་སན་ཏ་ཏི་ལ་ཀ་ལས།། གནས་ལ་སོགས་པའི་ས་བཅུའི་ཡུལ་གྱི་དབྱེ་བ་ངེས་པར་བསྟན་པ་སྟེ་ལྔ་པའོ།། །། དེ་ནས ་གཞན་ཡང་དེ་བཞིན་གཤེགས་པའི་སྐུའི་གནས་ཇི་ལྟ་བ་བཞིན་དུ་སོན་པའི་རྩའི་འཁོར་ལོ་བསྟན་པར་བྱ་སྟེ།། སྙིང་གའི་དབུས་གྱུར་པད་མ་ནི།། མདབ་མ་བརྒྱད་དང་གེ་སར་བཅས།། དེའི་དབུས་སུ་གནས་པའི་རྩ།། མར་མེ་ལྟ་བུའི་གཟུགས་ཅན་ཏེ།། ་ཆུ་ཤིང་གི་ནི་མེ་ཏོག་ལྟར།། རྟག་ཏུ་འཕྱང་ཞིང་འོག་ཏུ་ལྟ།། དེའི་དབུས་བཞུག་དཔའ་བོ་ནི།། ཉུངས་ཀཱར་སྦོམ་པོའི་ཚད་ཙམ་སྟེ།། ཧཱུཾ་གཽ་ས་བོན་མི་ཤིགས་པ།། ཁ་བ་ལྟ་བུར་འབབ་པ་ཡིན།། བ་སན་ཏ་ཞེས་བྱ་བ་སྟེ།། ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། ་རྒོད་མའི་ཁ་ནི་མེའི་གཟུགས།། ཕག་མོ་ཏི་ཁ་ཀ་ཞེས་བརྗོད།། ལས་ཀྱི་རླུང་གི་བསྐྱོད་ནསུ།། ལྟེ་བའི་དཀྱིལ་འཁོར་ནས་ནི་འབར།། བ་སན་ཏ་དང་ཕྲད་ནས་མཉེས།། སྙོམས་པར་འཇུག་པས་ཡང་དག་བཞུགས།། འདི་ནི་ཤྲཱི་ཧེ་རུ་ཀའི།། བ་སན་ཏི་ལ་ཀཽ ་ཞེས་བརྗོད།། རྣལ་འབྱོར་མའི་གཟུགས་བཟུང་ནས།། རྒྱུ་དང་མི་རྒྱུ་ཡང་དག་བཞུགས།། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས།། སྒོ་གསུམ་ནས་ནི་ཡང་དག་རྒྱུ།། འགྲོ་བ་དང་ནི་འོང་བ་རུ།། དེ་དག་ཐམས་ཅད་ལུས་ལ་གནས།། ལྟ་བར་ཨའི་གཟུགས་ཀྱིས ་ནི། ཐུང་ངུ་ཞེས་ནི་བྱ་བར་གྲགས།། སྙིང་གར་གནས་པའི་ཡི་གེ་ཧཱུཾ།། རིང་པོ་ཆེ་གཉིས་ཚད་དུ་བརྗོད།། མགྲིན་པར་ཨོཾ་གྱི་གཟུགས་ཀྱིས་ཏེ།། ཆ་གསུམ་འདྲེན་པར་ཡང་དག་བརྗོད།། དཔྲལ་བར་གནས་པའི་ཡཱི་གྲེ་ཧཾ།། སྒྲ་དང་ཐིག་ལེའི་མི ་ཤིགས་པ།། འཁོར་ལོ་བཞིའི་བྱེ་བྲག་གིས།། ས་ཕྱོགས་འབྱུང་བ་ཆེན་པོའི།། འཚམས་བཞི་རུ་ནི་ཡང་དག་གནས།། སྐད་ཅིག་བཞི་ལས་ཡང་དག་བྱུང་།། དགའ་བ་བཞིའི་རང་བཞིན་ཏེ།། སྦྱོར་བ་བཞིའི་ཕ་རོལ་འགྲོ། མཆོག་ཏུ ་དགའ་བའི་གཟུགས་ཀྱིས་ནི།། བྱ་བོ་དང་ནི་བྱེད་པའི་དངོས།། རྡོ་རྗེ་སེམས་དཔའི་རང་བཞིན་གྱིས།། འདིར་ནི་ཇི་ལྟར་བདེ་བར་རོལ།། ཕྱོགས་ནི་རྣམ་པ་བཞིར་གནས་པའི།། འདབ་མ་དག་ནི་རྣམ་པ་བཞི།། འབྱུང་བ་ཆེན་པོ ་རང་བཞིན་ཏེ།། སམ་སྤྱི་རྡོ་རྗེའི་གོ་འཕངས་གནས།། མཁའ་འགྲོ་དེ་བཞིན་ལཱ་མ་དང་།། དུམ་སྐྱེས་མ་དང་གཟུགས་ཅན་མ།། ཕྱོགས་མཚམས་བཞི་ལ་གནས་པ་ཡི།། རྩ་ནི་རྣམ་པ་བཞི་དག་ཀྱང་།། བདུད་རྩི་ལྔ་ནི་རྒྱུ་བ་སྟེ།། མཆོད་པའི ་གཟུགས་ཀྱི་དེ་ལ་བརྟན།། རང་བཞིན་བཞི་པོ་དེ་དག་ནི།། མཆོད་པ་བཞི་པོ་བྱ་བར་བཤད།། འདི་ནི་ལུས་ཅན་སྙིང་དབུས་ན།། རྩཝ་བརྒྱད་དུ་ནི་རྣམ་པར་གནས།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིས།། ཉི་ཤྲཱི་རྩ་བཞིར་ཉེ་བར་བརྗོད།། ་གནས་སོགས་ས་བཅུ་ལ་བརྟེན་ནས།། གནས་རྣམས་སུ་ནི་རྣམ་པར་གནས།། མགོ་བོ་ལས་ནི་ཡང་དག་བྱུང་།། རྩ་ནི་མགོ་ལས་སྐྱེས་ཞེས་བརྗོད།། སྙིང་སྟོབས་རྡུལ་དང་མུན་རང་བཞིན།། དེ་རྣམས་དབུས་ན་གཙོ་བོ་ཡིན།། པུ་ལི་རེ་ནི ་རབ་གཏུམོ།། སོ་དང་སེན་མོ་འབདབ་པར་བརྗོད།། ཛ་ལན་དྷཱ་རར་གཏུམ་མིག་མ།། དེ་བཞིན་སྒྲ་དང་སྤུ་ནི་འབབ།། ཨུ་རྒྱན་ཞེས་བྱའི་གནས་ཆེན་དུ།། འོད་ལྡན་མ་ནི་རྣམ་པར་བཞུགས།། གཡས་ཀྱི་གནས་སུ ་བརྟེན་ཏེ་གནས།། ལྤགས་པ་དྲི་མ་འཛག་པའོ།། ཨར་བུ་ཏར་ནི་སྣ་ཆེན་མ།། མཁའ་གྲོ་མ་ནི་ཤ་འབབ་པའོ།། དེ་ལྟར་བརྟན་པ་རྣམ་པ་བཞི།། མཁའ་འགྲོ་མོ་ནི་གནས་ཀྱི་གཙོ།། གང་ཞིག་རྒྱུད་པ་འབབ་པའི་རྩ།། གོ་ཏྲ་པ་རིར་རྣམ་གནས ་པ།། དཔའ་བོའི་བློ་མ་ཞེས་བྱ་སྟེ།། བརྟན་པའི་གཟུགས་ཀྱིས་གནས་པ་ཡིན།། ར་མེ་ཤྭ་རི་རྩ་གང་ཡིན།། རུས་པའི་ཕྲེང་བ་འབབ་པ་ཡིན།། མི་ཐུང་མ་ཞེས་བྱ་བར་གྲགས།། མཁྲང་བའི་གཟུགས་ཀྱིས་གནས་པ་ཡིན།། དེ་བཱི་ཀོ་ཊའི ་རྩི་གང་ཡིན།། གཉེན་ཞིང་ལང་ཀའི་དབང་ཕྱུག་འདོད།། དེ་ནི་མཆིན་པ་འབབ་པ་རུ།། ཐམས་ཅད་ལུས་ལ་རྣམ་པར་གནས།། མ་ལ་པེར་ནི་ཤིང་གྲིབ་མ།། རྒྱལ་བའི་དབང་པོ་སྙིང་དབུས་གནས།། ཉེ་བའི་གནས་སུ་བཤད་པ་ཡིན།། མཁ་འགྲོ་མ་ནི ་སྦྱོར་བའི་མུ།། གནས་དང་ཉེ་བའི་གནས་བཞུགས་པ།། ཐུགས་ཀྱི་འཁོར་ལོ་མཁའ་ལ་རྒྱུ།། གང་ཞིག་མིག་གིས་འབབ་པའི་རྩ།། ཀྲ་མ་རུ་བར་རྣམ་པར་གནས།། གཟུགས་རྣམས་མཐོང་བའི་དངོས་ཀྱིས་ནི།། ས་སྲུངས་མ་ཞེས་བྱ་བར་བཤད།། ་ཨོཾ་ཏྲེ་མཁྲིས་པ་འབབ་པའི་རྩ།། འཇིགས་བྱེད་ཆེན་མོ་ཞེས་བྱར་བརྗོད།། དེ་དག་ཞིང་དུ་གནས་པ་ཡིན།། མཁའགྲོ་མ་ནི་སྦྱོར་བའི་མ།། ཏྲི་ཤ་ཀུ་ནི་ལས་བྱུང་བ།། རླུང་གི་ཤུགས་མ་གློ་བ་འབབ།། ཀོ་ས་ལར་ནི་ཆང་འཐུང་མོ།། རྒྱུ་མའི ་རྒྱུ་མའི་ཕྲེང་བ་གསལ་བར་འཁྲུག། ཉི་བའི་ཞིང་དུ་བསྟན་པ་ཡིན།། མཁ་འགྲོ་སྦྱོར་བའི་མ་ཡིནོ།། ཀ་ལིང་སྔོ་བསངས་ལྷ་མོ་སྟེ།། རྩིབ་ལོག་གཉིས་ཀྱི་སྐུད་མའི་རྟེན།། ལམ་པ་ཀ་ཞེས་བྱ་བར་གྲགས།། ཤིན་ཏུ་བཟང་མོ་ལྟོ་བའི་གནས།། རོ ་ས་ཞེས་ནི་བཤད་པ་ཡིན།། མཁ་འགྲོ་སྦྱོར་བའི་མ་ཡིནོ།། ཀན་ཙ་ལ་གནས་རྟ་སྣ་མ།། རྟག་ཏུ་བཤང་བ་འབབ་པ་དང་།། གངས་ཅན་དུ་གནས་བྱ་གདོང་མ།། མཚོགས་མའི་སྲུབ་ནི་འབབ་པ་དག། ཉེ་བའི་རོལ་སར་བཤད་པ་ཡིན།། མཁ་འགྲོ་མ ་དང་སྦྱོར་བའི་མ།། གསུང་གི་འཁོར་ལོ་ལས་བྱུང་བའི།། ཕོ་ཉས་ལ་རྒྱུ་བས་གནས།། པྲེ་ཏ་པུ་རེར་གནས་པ་ཡི།། འཁོར་ལོའི་ཤུགས་མཆིལ་མཽ་འབབ།། གང་ཞིག་རྟག་ཏུ་རྣག་འབབ་རྩ།། གྲི་ཧ་དེ་བ་ཏར་གནས་པའི།། དུམ་སྐྱེས་མ་ཞེས་བྱ་བར ་བཤད།། མཁའ་གྲོ་མའི་དབང་ཕྱུག་མཆོག། འདུས་ཞེས་ནི་བྱ་བར་བཤད།། མཁ་འགྲོ་མཱ་དང་སྦྱོར་བའི་མའོ།། སཽ་རཥྚར་གླང་སྣུ་མ།། རྟག་ཏུ་ཁྲག་ནི་གནས་གྱུར་དང་།། གསེར་གླིང་ལ་ནི་རབ་བརྟེན་པའི།། འཁོར་ལོས་སྒྱུར་མ་ཞེས་བྱ་གོང་།། ་འབར་བས་ཀུན་ཏུ་འཁྲིག་པ་ནི།། རྡུལ་ནི་རབ་ཏུ་འབབ་པའི་རྩ།། ཉེ་བའི་འདུ་ས་ཞེས་བཤད་པའི།། མཁ་འགྲོ་མ་དང་སྦྱོར་བའི་མའོ།། གྲོང་ཁྱེར་ཤིན་ཏུ་དཔའ་མོའི་ནི།། ཚིལ་དང་སྦོས་མོའི་ལུས་ཅན་དང་།། མྱ་ངན་དང་བཅས་མཚོ་མཛག་པའི།། སིན ་དུ་སྟོབས་ཆེན་ཞེས་བྱ་བ།། དུར་ཁྲོད་དུ་ནི་གནས་པ་ཡི།། མཁའགྲོ་མ་དང་སྦྱོར་བའི་མའོ།། མ་དོར་འཁོར་ལོས་སྒྱུར་མ་ནི།། ལུས་པ་སྐམ་པོ་འབབ་པ་དང་།། ཀུ་ལུ་ཏ་ར་ནི་བརྩོན་ཆེན་མ།། སྣ་ཆུ་འབབ་པ་རྣམ་པ་གཉིས།། ཉེ་བའི ་དུར་ཁྲོད་ལ་གནས་པའི།། མཁའ་གྲོ་མའི་སྦྱོར་བའི་མའོ།། སྐུའི་འཁོར་ལོའི་མཁ་འགྲོ་མ།། ཕྱི་རོལས་འོག་གནས་པཱ་ཡིན།། སྔུར་བསྟར་དག་གི་བློ་བཞི་ལ།། མཁ་འགྲོ་མ་ཡི་རྣམ་པ་བཞི།། དེ་ཡི་མཚམས ་ཀྱི་རྩ་བཞི་ལ།། གཞང་དག་བཞི་པོ་རྟེན་ཏེ་གནས།། རྩ་བའི་སྒོར་ནི་ཁ་གདོང་མ།། གཉིས་པ་འུག་པའི་གདོང་ཅན་བཞུགས།། གསུམ་པ་ལ་ནི་ཁྱི་གདོང་སྟེ།། བཞི་པ་ཕག་གི་གདོང་ཅན་ནོ།། མཆི་མས་རྣམས་གཤིན་རྗེ་བསྟུན ་མ་དང་།། དེ་བཞིན་གཤིན་རྗེ་ཕོ་ཉ་མ།། གཞན་ཡང་གཤིན་རྗེ་འཇིགས་ཆེན་དང་།། གཤིན་རྗེ་མཆེ་བ་ཞེས་བཤད་དང་།། བཞི་པ་ཞེས་བྱ་འཇིགས་བྱེད་མ།། གཤིན་རྗེ་འཇོམས་མ་དག་ཏུ་འདོད།། འདི་དག་རྡོ་རྗེ་མཁའགྲོ་མ།། རྩིའི ་གཟུགས་ཀྱི་ཡང་དག་གནས།། སེམས་ཀྱི་རྡོ་རྗེ་རྣལ་འབྱོར་མ།། སུམ་ཅུ་རྩ་བདུན་དག་ཏུ་འདོད།། ཤེས་རབ་ཕ་རོལ་ཕྱིན་མ་སྟེ།། དེ་དག་ལུས་ལ་ཡང་དག་གནས།། བ་སན་ཏ་ཏི་ལ་ཀ་ལས།། དེ་བཞིན་གཤེགས་པའི་སྐུར་གྱུར ་པབའི་རྩ་སུམ་ཅུ་རྩ་བདུན་གྱི་འཁོར་ལོ་ངེས་པར་བསྟན་པ་སྟེ་དྲུག་པའོ།། །། དེ་ནས་གཞན་ཡོང་དེ་བཞིན་གཤེགས་པའི་སྐུའི་རྩ་རྣམས་ཀྱི་འཁོར་ལོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པར ་དག་པ་བཤད་པར་བྱ་སྟེ།། ལུས་དྲན་པ་ཉེ་བར་བཞག་པ་ནི་མཁ་འགྲོ་མའོ།། ཚོར་བ་དྲན་པ་ཉེ་བར་བཞག་པ་ནི་ལཱ་མའོ།། ཆོས་དྲན་པ་ཉེ་བར་བཞག་པ་ནི་དུམ་སྐྱེས་མའོ།། སེམས་དྲན་པོ་ཉེ་བར་བཞག་པ་ནི་གཟུགས་ཅན་མའོ།། འདུན་པའི ་རྫུ་འཕྲུལ་གྱི་རྐང་པ་ནི། རབ་གཏུམ་མའོ།། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱིས་རྐང་པ་ནི་གཏུམ་མིག་མའོ།། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ།། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ།། དད་པའི་དབང་པོ་ནི་དཔལ ་བོའི་བློ་མའོ།། བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ།། དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ།། ཏིང་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ།། ཤེས་རབ་ཀྱི་དབང་པོ་ནི་ས་སྲུང་མའོ།། དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ།། ་བརྩོན་འགྲུས་ཀྱི་སྟོབས་ནི་རླུང་ཤུགས་མའོ།། དྲན་པའི་སྟོབས་ནི་ཆང་ཐུང་མའོ།། ཏིང་འཛིན་གྱི་སྟོབས་ནི་སྔོ་བསངས་མའོ།། ཤེས་རབ་ཀྱི་སྟོབས་ཀྱི་ཤིན་ཏུ་བཟང་མོའོ།། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་སྣ་མའོ།། ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ།། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུག་ཅན་མའོ།། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་སྐྱེས་མའོ།། ཆོས་རྣམ་པར་འབྱེད་པ་ཡང ་དག་བྱང་ཆུབ་ཀྱི་ཡན་ལག་ནི་གླང་སྣ་མའོ།། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ།། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཤིན་ཏུ་དཔའ་མོའོ།། ཡང་དག་པའི་ལྷ་བྱིན་སྟོབས་ཆེན་མའོ།། ཡང ་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ།། ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ།། ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ།། ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ།། ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ།། ཡང ་དག་པའི་དྲན་པ་ནི་ཕག་གདོང་མའོ།། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ།། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ནི། གཤིན་རྗེ་བསྟན་མའོ།། དགེ་བའི་ཆོས་སྐྱེས་པ་རྣམས་སྲུང་ཞིང་སྤེལ་བ་ནི། ་གཤིན་རྗེ་ཕོ་ཉ་མའོ།། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི། གཤིན་རྗེ་མཆེ་བ་མའོ།། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེས་པ་ནི། གཤིན་རྗེ་འཇོམས་མཱ་སྟེ། འདི་དག་ནི་ལུས་ལ་གནས་པའི ་དང་ཞལ་དང་ཕྱག་དང་མདོག། དབྱིབས་ལ་སོགས་པའི་ལྷ་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་སྦྱངས་པའོ།། བ་སོན་ཏ་ཏི་ལ་ཀ་ལས། རྩའི་འཁོར་ལོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ ་པར་དག་པ་ངེས་པར་བསྟན་པ་སྟེ། བདུན་པའོ།། །། དེ་ནས་གཞན་ཡང་དེ་བཞིན་གཤེགས་པའི་སྐུའི་དཀྱིལ་འཁོར་དང་། སྦྱིན་སྲེག་དང་། མཆོད་སྦྱིན་དང་། བཟླས་བརྗོད་དང་། བསྒོམ་པ་ལ་སོགས་པའི ་ཚོ་འི་བྱ་བ་རྣམས། ཕྱི་དང་ནང་དུ་བཅས་པའི་ཚུལ་གྱིས་རྣམ་པར་དག་པ་བཤད་པར་བྱ་སྟེ། བྱང་ཆུབ་ཆེ་ཕྱོགས་ཆོས་རྣམས་ནི།། སུམ་ཅུ་རྩ་བདུན་མཚན་ཉིད་གནས།། དཔལ་ལྡན་ཧེ་རུ་ཀ་སོགས་པ།། རྩའི་གཟུགསུ་ཤིན་ཏུ་གནས།། ་ཇི་སྐད་གསུངས་པའི་སྒོ་བཞིར་ལྡན།། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བ།། རང་གི་ཡན་ལོག་ལས་བྱུང་བ།། ཀ་བ་བརྒྱད་ཀྱིས་བསྟན་པ་ཡིན།། དངོས་པོ་ཀུན་ཏུ་མཉམས་པས་ནི།། གྲུ་བཞི་པར་ནི་རབ་ཏུ་གྲགས།། སྐུ་གསུངས ་ཐུགས་ཀྱི་ཚུལ་གྱིས་ནི།། འཁོར་ལོ་གསུམ་གྱི་བདག་ཉིད་བརྗོད།། བླ་ལ་རྒྱད་པའི་རིམ་གྱིས་ནི།། རྫོགས་པའི་དཀྱིལ་འཁོར་ཉིད་དུ་གསལ།། བེའམཱ་ལཱ་སོགས་རིམ་བཞིན་གནས།། མགོ་བོའི་པདྨ་རི་བོ་ཡིན།། རྐང་མཐིལ་ག་ངྒཱའི་དབྱིབས ་ཀྱིས་ནི།། བེ་རམ་པའི་རླུང་དུ་གནས།། གྲུ་གསུམ་རྨེད་པའི་ཕྱོགས་ཉིད་ནི།། དེ་བཞིན་གྲུ་གསུམ་འབར་བའི་མེ།། ལྟོ་བ་ཟླུམ་པོའི་གཟུགས་ཉིད་ནི།། ཆུ་ཞེས་བྱ་བར་བརྗོད་པ་སྟེ།། སྙིང་གི་ཀུན་ནས་གྲུ་བཞི་ནི།། སའི་དཀྱིལ ་འཁོར་ཉིད་ཡིནོ།། སྒལ་ཚིག་རི་རབ་ལྷུན་པོ་ནི།། དེ་བཞིན་དུ་ནི་དབྱིབས་ཡིནོ།། དེར་ནི་མགོ་བོའི་ཆར་གནས་པ།། སུམ་ཅུ་རྩ་གཉིས་མཚན་འདམ་སྐྱེས། དབྱངས་དང་གསལ་བྱེད་ལས་བྱུང་བའི།། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས ་མགོ་བོའི་དབུས་ན་གླད་པ་ཞེས།། བྱ་བར་གྲག་པ་དེ་ཉིད་ནི།། པད་མའི་དབུས་གྱུར་གང་ཡིན་པ།། ཟླ་བའི་དཀྱིལ་འཁོར་ཞེས་བྱར་བརྗོད།། དེའི་དབུས་སུ་ཡི་གེ་ཧཾ།། ཐིག་ལའི་གཟུགས་ཅན་མི་ཤིག་པ།། མི་གསལ་གསལ་བའི ་བདག་ཉིད་ཅན།། ས་བོན་གཟུགས་ཀྱིས་ཡང་དག་གནས།། དེ་ཉིད་བརྟན་དང་གཡོ་བཅས་པའི།། འགྲོ་བ་ཀུན་གྱི་རྩ་བ་སྟེ།། ལུས་ཅན་ཀུན་གྱི་གཟུགས་རྣམས་ནི།། དང་པོར་དེ་ལས་སྐྱེས་པ་ཡིན།། བདུད་རྩི་འཛག་པའི་ཚུལ་གྱིས ་ནི། ཉིན་དང་མཚན་དུ་རྣམ་པར་གནས།། དེ་ཉིད་ཀྱིས་ནི་སྒྲ་ཡང་ཕྱེ།། མ་ནི་མཉེས་པར་བྱེད་པ་ཡིན།། དེས་ནི་དཀྱིལ་འཁོར་ཡོངས་རྫོགས་པར།། འགྱུར་བ་ཉིད་དུ་ཐེ་ཚོམ་མེད།། དེ་ཉིད་དཀྱིལ་འཁོར་ཞེས་བཤད།། ་དངོས་པོ་རྣམས་ཀྱིས་སྙིང་པོ་མཆོག། ལེན་ཅིང་འཛིན་པར་བྱེད་པས་ན།། ལུས་ཀྱི་དཀྱིལ་འཁོར་ཉིད་དུ་འདོད།། རྩ་ཚན་སུམ་བཅུ་རྩ་གཉིས་ཀྱིས།། འཁོར་ལོའི་དཀྱིལ་འཁོར་དེ་ཉིད།། བྱང་ཆུབ་སེམས་ཀྱིས་རིན་པོ་ཆེ ་སྙིང་པོ་ལེན་པས་དཀྱིལ་འཁོར་ཡིན།། དེ་ནི་ཕྱི་ནང་སྣ་ཚོགས་པ།། ཁྱབ་བྱའི་གཟུགས་ཀྱིས་ཡང་དག་གནས།། ཕྱི་ནི་གཟུགས་དང་སྒྲ་སོགས་པ།། དབང་པོ་ཐམས་ཅད་འཇུག་པའོ།། ནང་ནི་ཁུ་བ་ལ་སོགས་པ།། གྲུབ་པའི་རྫ་སུ་གནས་པ་སྟེ།། ཕྱི་དང་ནང ་གི་དེ་དག་ཉིད།། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཅན།། སྦོམ་པོ་དང་ནི་ཕྲ་གཟུགས་ཀྱིས།། འགྲོ་བའི་རྩ་ལག་རང་བཞིན་ཉིད།། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས།། དམ་ཚིག་དོན་དུ་གསུངས་པ་ཡིན།། ཚེ་འདི་ཉིད་དུ་སངས་རྒྱས་ནི།། ཐོབ་པ་དཀྱིལ་འཁོར་རིག ་ལས་བྱུང་།། ཉན་ཐོས་ཀྱིས་ནི་སངས་རྒྱས་དང་།། དེ་བཞིན་རང་སངས་རྒྱས་རྣམས་དང་།། ཚངས་ལ་སོགས་པའི་ལྷ་རྣམས་ཀྱང་།། དཀྱིལ་འཁོར་བསྟེན་ལས་བྱུང་བ་ཡིན།། ནང་གི་ཁུ་བ་ལ་སོགས་དང་།། དེ་བཞིན་ཕྱིའི་གཟུགས་ལ་སོགས།། ཤེས་རབ་མ་ཆེན ་འབར་བ་ལ།། སྦྱིན་སྲེག་བྱས་པས་སྒེག་པར་བྱ།། སྐྱེ་མཆེད་དྲུག་དང་ཁམས་རྣམས་དང་།། ཕུང་པོ་ལ་སོགས་ཁྱད་པར་དུ།། དེ་རྣམས་ལྷའི་རང་བཞིན་ཏེ། དེ་བཞིན་དུ་ནི་མཁ་འགྲོ་མའི།། སྦྱོར་བའི་མཆོག་ཏུ་བཤད་པས་ནི།། མཆོད་པས་དེ་དག་མཉེས་པར་གྱུར།། འདི་ལ ་མགོ་བོའི་ཐོད་པ་ནི།། བསྲེག་རྫས་ཀྱིས་ནི་སྣོད་དུ་བརྗོད།། ར་ས་ན་ནི་གླུག་གཟར་ཏེ།། ཐུགས་ཀྱི་འཁོར་ལོའི་ལ་ལ་ན།། དགང་གཟར་དུ་ནི་བཤད་པ་ཡིན།། ལྟ་བའི་དཀྱིལ་འཁོར་ཐབ་ཁུང་དུ།། ལས་ཀྱི་རླུང་གིས་བསྐྱོད་པ་ཡི།། ཚངས་པའི་མེ་ནི་རྐང་པར་གནྟ།། ་སྒྲ་ན་སྔགས་སུ་གསུངས་པ་སྐྱེ།། འབྱུང་འཇུག་འཁོར་བཟླས་པ་ཡིན། སྒོམ་པ་སོ་སོར་སྣང་བ་ཏེ།། གཉིས་མེད་སྦྱོར་བ་དཀྱིལ་ཡིན།། རྒྱལ་བའི་དཀྱིལ་འཁོར་ལ་སོགས་པ།། ལྷན་ཅིག་སྐྱེས་པ་ལ་ནི་གནས།། སློབ་དཔོན་སེམས་ཀྱི་རྒྱལ་པོ་སྟེ།། དཀྱིལ ་འཁོར་གཙོ་བོའི་རང་བཞིན་ཡིན།། ཨེ་བེ་ལ་སོགས་གང་གསུངས་པ།། ཐམས་ཅད་འདིར་ནི་ཤེས་པར་བྱ།། བ་སན་ཏ་ཏི་ལ་ཀ་ལས།། དཀྱིལ་འཁོར་དང་། སྦྱིན་སྲེག་དང་། མཆོད་སྦྱིན་དང་། བཟླས་བརྗོད་དང་། བསྒོམ་པ་ལ་སོགས་པའི་གཏན་ལ་དབབ་པ ་ངེས་པར་གཏན་པ་སྟེ་བརྒྱད་པའོ།། ། དེ་ནས་གཞན་ཡང་དེ་བཞིན་གཤེགས་པའི་སྐུའི་སྔགས་ཐམས་ཅད་བཏུ་བ་རྣམ་པར་བཤད་པར་བྱ་སྟེ།། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བ།། རྡོ་རྗེ་རོལ་པ་ཞེས་བརྗོད་པ།། བཙུན་མོའི་བྷ་ག་ཞེས་བྱ ་དང་། ཆོས་འབྱུང་ཞེས་ཀྱང་བྱ་བར་བཤད།། དེ་ཡི་དབུས་གྱུར་པད་མ་ནི།། འདབ་མ་བརྒྱད་དང་ལྟེ་བར་བཅས།། དེར་ནི་ཨཱ་ལི་ཀ་ལིའི།། སྡེ་མཚན་བརྒྱད་ནི་རྣམ་པར་གནས།། ལུས་ཅན་རྣམས་ལ་སྔགས་གཟུགས་ཀྱིས།། ལས་ཀྱི་ཚོགས་རྣམས་བྱེད ་པར་འགྱུར།། ཡི་གེ་ལྔ་བཅུ་ཐམས་པ་ཉིད།། རིགས་བྱེད་ལ་སོགས་ཡང་གགནས། རྒྱུད་དང་སྔགས་རྣམས་ཉིད་དང་ནི།། ཕྱི་རོལ་གྱིས་ནི་བསྟན་བཅོས་གཟུགས།། དེ་དག་འདིའི་རང་བཞིན་ཏེ།། འདི་ལ་གཞན་དུ་ཅི་ཡང་མེད།། ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི།། སྡེ་ཚན ་འདི་དག་མཉམ་པ་ནི།། ལྔ་བཅུ་ཐམ་པ་ཡིན་པར་བརྗོད།། རྡོ་རྗེ་རོལ་པ་པད་འདབ་རྒྱད།། ཕྱོགས་དང་ཕྱོགས་མཚམས་རྣམས་སོན།། དེའི་དབུས་ཀྱི་ལྟེ་བ་ལ།། མཆོག་གི་དབང་ཕྱུག་མ་བཞུག་པ།། མཆོག་ཏུ་མི་འགྱུར་དམ་པ་སྟེ།། སྡེ་མཚན་བརྒྱད་ཀྱི་ཡང་ངག ་བསྐོམ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་སྡེ་མཚན་རྣམས་ཀྱི་གཙོ།། ལུས་ཅན་རྣམས་ཀྱི་སྔགས་རྣམས་ནི།། དེ་ཉིད་ལས་ནི་ཡང་དག་བྱུང་།། རལ་གྲི་མིག་སྨན་རྐང་མགྱོགས་དང་།། རི་ལུ་ས་འོག་གནོད་སྦྱིན་མོ།། ་འཇིག་རྟེན་གསུམ་གྱི་ཁོངས་རྒྱུ་དང་།། དངུལ་ཆུ་ལས་ཀྱི་རྗེས་འགྲོ་འགྲུབ།། བདག་ཉིད་ཆེན་མོ་རྣམས་ཀྱིས་ནི།། རང་བཞིན་བདེན་དང་འདོད་བཅས་འགྲུབ།། སྡེ་མཚན་རྒྱུད་དབུས་དབྱངས་མཆོག་ལས།། སྡེ་མཚན་རྣམས་ནི་ཡང་དག་འབྲུ ་སྐྱེ་བོ་རྣམས་ཀྱི་གང་ཅུང་ཟད།། ངག་གི་སྤྲོས་པ་དེ་ཡི་འགྲུབ།། དེས་ན་སྔགས་རྣམས་ཐམས་ཅད་ཀྱི།། གཟུགས་ནི་དེ་ལས་སྐྱེས་པ་ཡིན།། ལུས་ཅན་རྣམས་ནི་ཐམས་ཅད་ཀྱི།། སྒྲ་ནི་སྔགས་ཞེས་བྱ་བ་སྟེ།། སྣ་ཚོགས་མདུང་པའི་གནས་ཆེན ་ལས།། ཆོས་ཀྱི་རོལ་པ་ཡང་དག་འབྱུང་།། དངོས་གྲུབ་རྫུ་འཕྲུལ་རྣམ་གནས་པའི།། སྔགས་ཀྱི་ངེས་པ་ཅི་ཡང་མེད།། སྡེ་མཚན་རྣམས་ཀྱིས་དབང་ཕྱུག་གཙོ།། སྐྱེ་མེད་རང་བཞིན་སྔགས་ཡིན།། བ་སན་ཏི་ཏི་ལ་ཀ་ལས་སྔགས་པ་ངེས་པར་བསྟན ་པ་སྟེ་དགུ་པའོ།། །། དེ་ནས་གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ཆོས་དང་། ལོངས་སྤྱོད་དང་སྤྲུལ་པ་གསུམ་གྱི་སྐུ་གཟུགས་དང་། བདེ་བ་ཆེན་པོའི་ཡེ་ཤེས་བཤད་པར་བྱ་སྟེ།། མགོ་དང་ལྟེ་བའི་འཁོར་ལོ་ནི།། ཨེའི་གཟུགས་ཀྱིས་གནས ་བ་སྟེ། སྙིང་དང་མགྲིན་པ་གནས་འཁོར་ལོ།། བེ་དང་འདྲ་བར་ཤེས་པར་བྱ།། ལྟེ་བའི་དབུས་གནས་པདྨ་ནི།། འདབ་མ་དྲུག་ཅུ་རྩ་བཞིར་ལྡན།། མགོ་བོའི་དབུས་རྣམ་གནས་པའི།། པད་མ་འདབ་མ་སུམ་ཅུ་གཉིས།། མགྲིན་པར་གནས་པའི་པདྨ ་ཡང་། འདབ་མ་བཅུ་དྲུག་དག་ཏུ་གྱེས།། དེ་བཞིན་སྙིང་གའི་པདྨ་ན།། འདབ་མ་བརྒྱད་དང་ལྡན་པ་ཡིན།། དྲུག་ཅུ་རྩ་བཞི་འདབ་ལྡན་པ།། སྤྲུལ་པ་ཞེས་ནི་རབ་ཏུ་གྲགས།། པདྨ་ཆེན་པོ་འདབ་བརྒྱད་པ།། ཆོས་ཀྱི་སྐུར་ནི་རབ་ཏུ་འཇུག། བཅུ་དྲུག་འདབ ་མ་ལོངས་སྤྱོད་རྫོགས།། དེ་བཞིན་འདབ་མ་སུམ་ཅུ་གཉིས།། བདེ་བ་ཆེན་པོ་ཡེ་ཤེས་ཆེ།། ཀུན་ཏུ་ཡང་དག་གནས་པའོ།། སྤྲུལ་པའི་འཁོར་ལོའི་དབུས་སུ་ནི།། ཡིག་འབྲུ་རྣམས་ཀྱི་མཆོག་རང་བཞིན།། ཨ་ནི་ཡི་གེའི་དམ་པ་སྟེ།། སྡེ་མཚོན ་བརྒྱད་ཀྱི་རབ་ཏུ་བསྐོར།། ཆོས་ཀྱི་འཁོར་ལོ་ཞེས་བྱ་བ།། མི་ཤིག་པར་འདོད་ཡི་གེ་ཧཱུཾ། དབྱངས་ཡིག་ལྔ་དང་ཡང་དག་ལྡན།། ཡ་ར་ལ་བས་རྣམ་པར་བརྒྱན།། ལོངས་སྤྱོད་འཁོར་ལོའི་དབུས་གནས་པ།། ཡི་གེ་རྣམས་ཀྱི་གསལ་བྱེད་ཨོཾ།། ་དབྱངས་ཡིག་རྣམ་པ་བཞི་ཡིས་ནི།། ཀུན་ཏུ་ཡོངས་སུ་བསྐོར་བ་ཡིན།། བདེ་བ་ཆེན་པོའི་འཁོར་ལོ་ལ།། ཧཱུཾ་ནི་ཐིག་ལེའི་གཟུགས་ཅནོ།། གཡས་དང་གཡོན་གྱི་ངོས་གཉིས།། ཟླ་བ་ཉི་མ་ཞེས་བྱ་སྟེ།། གཡོན་གྱི་མགྲིན་པ་ནས་བརྩམས་ནས ་ལྟེ་བའི་དབུས་སུ་རྟག་ངལ་སོ།། འོག་ཏུ་བལྟས་ཏེ་བདུད་རྩི་འཛག། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ།། ལྟེ་བ་ནས་ནི་སྟེང་བལྟས་ཏེ།། གང་ཞིག་ཁྲག་ནི་འབབ་པའི་རྩ།། མགྲིན་པའི་དབུས་སུ་རྟག་ངལ་སོ།། སྤྲུལ་པའི་སྐུ་ཞེས་བྱ་བར ་བཤད།། བདུད་རྩི་ཟླ་བ་ཞེ་བྱ་སྟེ།། ཁྲག་ནི་ཉི་མར་བརྗོད་པ་ཡིན།། སྟེང་དང་འོག་ཏུ་བརྟན་ནསུ།། སྒོ་གཉིས་ལས་ནི་བྱུང་བ་ཡིན།། དེ་དག་ཉི་མ་ཟླ་བ་ཡི།། རྩ་གཉིསུ་ནི་རབ་ཏུ་འཇུག། དཔའ་བོ་མཁ་འགྲོ་མ་རྣམས་ཀྱིས།། འགྲོ་དང་འོང་བ་ངེས་པར་བརྗོད།། ་འཆར་བ་དང་ནི་ནུབ་པ་དང་།། གཉིད་ལོག་སད་པས་གནས་པ་ཡིན།། གཡས་དང་གཡོན་གྱི་ངོས་གཉིསུ།། དབྱངས་ཡིག་བཅུ་གཉིས་གནས་པ་སྟེ།། རྟག་ཏུ་སྟེང་དུ་བལྟས་པར་བཤད།། ཀ་སོག་འོག་ཏུ་བལྟས་པ་ནི།། ངོས་གཉིས་དག་ཏུ་སྤེལ ་བའི།། དབུས་སུ་དེ་ནི་སྦྱར་བར་བྱ།། འོག་གི་ཆ་ལ་གནས་པ་སྟེ།། ཡི་གེ་ཀྵས་ནི་བསྐོར་བས་བསྲུང་།། གང་ཞིག་མགྲིན་གནས་ཆགས་ཆེན་ཏེ།། ཟླ་བའི་གཟུགས་ཀྱིས་ཡང་དག་གནས།། དེ་ནི་ལོངས་སྤྱོད་ཞེས་བྱ་སྟེ།། སངས་རྒྱས་རྣམས་ཀྱི་སྐུའི་མཆོག། ་སྤྲུལ་པའི་སྐུ་ཞེས་བྱ་བ་ནི།། ཉི་མའི་གཟུགསུ་ཡང་དག་གནས།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། དེ་ཡི་བསྐྱེད་ཅིང་སྤྲོ་བར་བྱེད།། གང་ཚེ་ལོངས་སྤྱོད་རྫོགས་སྐུར་ནི།། ནུབ་པར་གྱུར་ཅིང་སྣ་རྩེ་དང་།། གང་ཚེ་རྡོ་རྗེ་རྩེར་གནས་པ།། འདི་ནི་བྷ ་གའི་དབུས་གྱུར་པའོ།། ཉུངས་དཀར་ཞེས་ནི་བྱ་བར་བརྗོད།། པདྨ་གར་དབང་རྒྱལ་བ་ཡིས།། པདྨ་འབྱེད་པའི་སྦྱོར་བས་ནི།། དེ་ནས་ཉི་མ་ནུབ་འགྱུར་བ།། སྤྲུལ་པའི་སྐུ་ཡི་རང་བཞིན་ཉིད།། གང་དེ་བྱང་ཆུབ་སེམས་ཞེས་བྱ།། གོང་བུར་གྱུར་པ་དྲི་མ་མེད།། འཁོར་བའི ་ལམ་ནི་གཅོད་པ་པོ།། སྤྲོས་པ་ཉེར་ཞི་དགེ་བ་དང་།། གཉིས་མེད་མཆོག་ཏུ་དགའ་བ་ཡིས།། རྡོ་རྗེ་སེམས་དཔའི་རང་བཞིན་དང་།། དཔལ་ལྡན་ཧེ་རུ་ཀ་ཞེས་བྱ།། རྒོད་དང་ལྟ་དང་ལག་བཅངས་དང་།། སྲིན་བུ་ཡི་ནི་ཚུལ་གྱིས།། རྒྱུད་ནི་རྣམ་པ་གསུམ་དུ་གནས།། འདོད་ཆགས ་ཉིད་དང་ཆགས་བྲལ་ནི།། ཟོས་ནས་སྲིན་བུ་ཉིད་དུ་གནས།། རྩ་རྣམས་ཐམས་ཅད་མཉམ་སྦྱོར་བ།། མཁའགྲོ་མ་ཡི་དྲ་བ་སྡོམ།། གསང་བ་སའི་ཁམས་ཞེས་བྱ།། དེ་བཞིན་མཆོག་ནི་ཆུ་ཡིན་ཏེ།། དགྱེས་པ་མེ་ཞེས་བྱ་བར་བཤད།། ཐམས་ཅད་བདག་ཉིད་རླུང་ཡིན་ཏེ།། སངས ་རྒྱས་ཀུན་གྱི་བདེ་བའི་མཆོག། རྟག་ཏུ་བཞུག་ཞེས་བྱ་བར་གསུང་།། ཡང་ན་མེ་ལོང་རང་བཞིན་དང་།། དེ་བཞིན་མཉམ་པ་ཉིད་དང་ནི།། སོ་སོར་རྟོག་པའི་ཡེ་ཤེས་དང་། དེ་བཞིན་བྱ་བ་གྲུབ་རྣམས་ཏེ།། ཤིན་ཏུ་རྣམ་དག་རང་བཞིན་ན།། རྟག་ཏུ་བཞུགས་ཞེས་བྱ་བར་བཤད།། ་ཡང་ན་རྣམ་པར་སྣང་མཛད་དང་། དེ་བཞིན་རིན་ཆེན་འབྱུང་ལྡན་དང་།། འོད་དཔག་མེད་དང་དོན་གྲུབ་དང་།། རྟག་ཏུ་བཞུག་པ་རྡོ་རྗེ་སེམས།། བདུད་རྩི་ལྔ་དངོས་གོང་བུ་ནི།། ཐིག་ལེའི་གཟུགས་ཅན་ཡིད་ཀྱིས་དངོས།། ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ།། ལྷ་མོ་ཀུན་གྱི་རང་བཞི་ནོ།། ་རྡོ་རྗེ་སེམས་དཔའ་ཞེས་བརྗོད་པ།། མཆོག་ཏུ་བདེ་བ་ཡང་དག་བརྗོད།། རང་འབྱུང་གི་ནི་ཡེ་ཤེས་ཏེ།། ཆོས་ཀྱི་སྐུ་ཞེས་བྱ་བར་གྲགས།། འདི་ནི་ཤེས་རབ་ལྷན་སྐྱེས་གནས།། དེར་འགྲོ་མ་ཡི་གཟུགས་འཛིན་མ།། ལས་ཀྱི་རླུང་གི་བསྐྱོད་ནསུ།། ལྟེ་བའི་དཀྱིལ་འཁོར་ནས་ནི ་འབར།། ཕག་མོ་ཞེས་ནི་བྱ་བ་སྟེ།། བ་སན་ཏི་ལ་ཀ་ཞེས་བརྗོད།། སྒྲ་རྩེ་སྟོང་གི་ཚད་ཙམ་སྟེ། འོད་ཟེར་དཀློག་སྟོང་བྱུག་པ་བཞིན།། ལྕིའི་རྣལ་འབྱོར་དུས་སུ་ནི།། བ་སྤུའི་བུ་གིར་མཚམས་རྣམས།། བྱུང་སྟེ་ཕྱོགས་བཅུར་གནས་པ། སྒོ་དང་ལྷ་མེན་སྡིག་པར་མཛད།། སྙིང་གཔ ་ཆོས་ཀྱི་འཁོར་ལོ་ནི།། བསྲེག་ནས་ལོངས་སྤྱོད་གནས་སོང་སྟེ།། སྣ་ཕུག་གཡས་ཀྱི་བུ་གནས།། བྱུང་སྟེ་གཡོན་དུ་སོན་ནས་ཀྱང་།། སྨིན་མཚམས་མཛོད་པུ་ནས་བྱུང་སྟེ།། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི།། ཤངས་སྒོ་གཡོན་དུ་ཞུག་ནས་ནི།། སྤྱི་གཙུག ་འཁོར་ལོ་བསྲེགས་ནས་ནི། སླར་བྱུང་སྔོན་གསུང་སྒོ་ནས་ནི།། སླར་ཡང་མགོ་བོའི་དབུས་ཞུགས་ནས།། བསྲེག་པའི་སངས་རྒྱས་དག་བསྐྱེད།། ལྟེ་བའི་གན་སུ་འོང་གྱུར་ནས།། སྔོན་བཞིན་དུ་ནི་གནས་པ་འགྱུར།། བ་སན་ཏ་ཏི་ལ་ཀ་ལས།། ཆོས་དང་། ལོངས་སྤྱོད་ད ་སྤྲུལ་པ་དང་། བདེ་བ་ཆེན་པོ་ལ་ཞེན་པ་སྔོན་དུ་འགྲོ་བའི་བཱ་སན་ཏ་ཞེས་བྱ་བ་དཔལ་ཧེ་རུ་ཀ་དང་། ཏི་ལ་ཀ་ཞེས་བྱ་བའི་རྡོ་རྗེ་ཕག་མོར་བརྗོད་པའི་འགྲོ་བ་དང་འོད་བ་ལ། རྒྱུད་དང་། སྔགས་དངག། ཡེ་ཤེས་དང་། གསང་བའི་རིམ་པ ་རྣམས་སྤྲུལ་པ་དང་། ལོངས་སྤྱོད་དང་། ཆོས་དང་། བདེ་པ་ཆེན་པོའི་འཁོར་ལོར་སོན་པའི་པདྨ་བཞི་ལ་དབྱངས་ཡིག་བཅུ་གཉིས་དང་། གསལ་བྱེད་སུམ་ཅུ་རྩ་བཞི་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པ ་སྟེ་བཅུ་པའོ།། ། དེ་དག་གི་གང་ཡང་རལ་གྲི་དང་། མིག་སྨན་དང་། རྐང་མགྱོགས་དང་། རི་ལུ་དང་། ས་འོག་དང་། གནོད་སྦྱིན་མོ་དང་། ཁམས་གསུམ་གྱི་ཁོངསུ་འཕྲོ་བ་རྣམས་དང་། དངུལ་ཆུའི་རྗེསུ་འགྲོ་བའི་ལས་རྣམས་ནི། ་བ་སན་ཏ་ཏི་ལ་ཀ་ཞེས་བྱ་བ།། བདག་ཉིད་ཆེན་པོ་རྣམས་ཀྱི་རང་བཞིན་གྱི་བདེ་བ་འདོད་པ་ཐམས་ཅད་དང་ལྡན་པའི་མཐུ་ལས་བྱུང་བར་གསུངསོ།། འདི་ནི་དཔལ་འཁོར་ལོ་སྡོམ་པའི་བཞེད་གཞུང་ལས། བློ་གྲོས་དམན་པ་རྣམས་ཀྱི་ཕྱི་དང་ནང་དུ་བཅས་པའི་ཚུལ་གྱི ་རྣལ་མིའི་བསམ་གཏན་གསལ་བར་རྟོག་པར་བྱ་བའི་ཕྱིར། སློབ་དཔོན་ནག་པོ་པ་ཞེས་བྱ་བ། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པས་བླ་མིའི་མན་ངག་ལས་འོངས་པ་བཞིན། རྗེ་བཙུན་དཔལ་ཧ་རུ་ཀས་རྨི་ལམ་དུ་ལུང་བསྟན་པ་ངེས་པར་གཟུངས་ནས། ་མཛད་པའི་བ་སན་ཏ་ཏི་ལ་ཀ་ཞེས་བྱ་བ་ཡིན་ཏོ།། དཔལ་ཧེ་རུ་ཀ་དང་། ཕག་མོའི་བ་སན་ཏི་ཏཽ་ལ་སྟོན་པར་བྱེད་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱའོ།། ། སློབ་དཔོན་ནག་པོའི་ཞལ་སྔ་ནས་ཀྱི་མཛད་པའི་བ་སན་ཏ་ཏི་ལ་ཀ་ཞེས་བྱ་བ ་རྫོགས་སོ། རྒྱ་གར་གྱི་གཎ་ཊེ་ཏ་གྷ་ཡ་དྷ་ར་དང་། ཟ་ཀྱིལ་ཆུབ་འདས་ལྷ་བཙས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ། ་