CLOSE WINDOW

GT266: dpal rdo rje rnal 'byor ma'i sbyin sreg gi cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡོ་གཱི་ནཱི་ཧོ་མ་བི་དྷི། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག། དཔྲལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ།། དང་པོར་རེ་ཤིག་དཔལ་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་པས ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་ཚོགས་དང་། དངོས་གྲུབ་བསྒྲུབ་པའི་དོན་དུ་སྦྱིན་སྲེག་གི་བྱ་བ་བྱེད་པར་འདོད་པའི་སྔགས་པས། གྲུ་གསུམ་པའི་རྣམ་པ་ཅན་གྱི་ཐུབ་ཁུང་གི་རྒྱ་ཁྱོན་གྱི་ཕྱིང་ཐུར་དུ་བརྐོས་པ ་ཕྱི་སྒོར་དང་བཅས་པ་དམར་བ་ལ་སོགས་པའི་མདོག་དང་ལྡན་པ་ལགས་པར་འབྱོས་པ་བྷིས་ལ། ནུབ་ལ་སོགས་པར་བལྟས་པའི་ཚུལ་གྱིས་འདུག་ལ། མཆོད་ཀྱིས་ཡོ་བྱད་ལྔས་མཆོད་དེ་ཐབ་ཁུང་དུ་བསྲེག་ཙོང་བཀོང་ནས་ཡི་གེ ་རཾ་གྱི་ས་བོན་ལས་སྐྱེས་པའི་མེ་ལྷ་མདོག་དམར་པོ་རིལ་པ་སྤྱི་བླུགས་དང་མི་འཇིགས་པ་སྦྱིན་པ་དང་། དབྱིག་པ་དང་བགྲང་ཕྲེང་ལག་ན་འཛིན་པ་རྣམ་པར་བསྒོམ་པར་བྱའོ།། དེ་ནས་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱས་ནས ་ཡང་དག་པར་མཆོད་དེ། དེའི་ལྕེའི་རྩེ་མོ་ར་རཾ་བཀོད་ནས་བདུད་རྩི་ལྔ་ལ་སོགས་པའི་རྫས་དང་། འཇིག་རྟེན་པའི་རྫས་རྣམས། ཨོཾ་ཨགྣེ་དེ་བ་ཏ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་སྦྱིན་སྲེག་བྱས་ནས་སྔགས་དེ་ཉིད་ཀྱིས་དགང་བླུགས ་དབུལ་བར་བྱའོ།། དེ་ནས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སྔགས་ཀྱི་མེ་ལྷའི་དཀྱིལ་འཁོར་དུ་དཀྱིལ་འཁོར་གྱི་འཁོར་ལོ་ལྷག་པར་མོས་པར་བྱས་ནས་མཆོད་པ་ལ་སོགས་པ་བྱས་ཏེ། བདུད་རྩི་ལྡེ་ལ་སོགས་པའི་རྫས་རྣ་མ ་ཀྱི་ལྷ་མོ་འམ་ལྷ་རྣམས་ལ་སྔགས་ཀྱིས་སྦྱིན་སྲེག་བྱའོ།། ཞལ་སྲེག་རྫས་མར་སོགས་ཏེ།། རྒྱས་པ་ལ་ནི་མངར་ཉིད་དོ།། དབང་ལ་མངར་དང་ལན་ཚྭ་ཉིད།། དྲག་པོ་ཆུ་ཉིད་ལ་སོགས་ཀྱིས།། ཞི་ལ ་གཟུགས་ནི་དམར་པོ་སྟེ།། རྒྱས་པ་ལ་ནི་སེར་པོ་བསྒོམ།། དབང་ལ་དམར་པོ་ཞེས་བྱར་བརྗོད།། དྲག་པོ་ནག་པོར་རབ་ཏུ་གྲགས།། དངོས་གྲུབ་སྒྲུབ་པའི་དུས་སུ་ནི།། ཁ་དོག་དམར་པོར་རྣམ་པར་བསྒོམ།། དེ་ལྟར་བྱས་ནས་དཀྱིལ ་འཁོར་གྱི་འཁོར་ལོ་རང་གི་ལུས་ལ་བཅུག་ནས། གཏོར་མ་བཏང་སྟེ་ཚོགས་ཀྱི་འཁོར་ལོའི་ཚུལ་དུ་འཇིག་རྟེན་ལས་འདས་པའི་མཆོད་པ་བྱས་ནས། རང་མངོན་པར་འདོད་པའི་དངོས་གྲུབ་ཞུ་བར་བྱའོ།། བསྟན་པར་བྱ་མིན་སྦྱིན་སྲེག ་འདི། རབ་ཏུ་འབད་པས་སྦ་བར་བྱ།། དེས་ན་དངོས་གྲུབ་སྐྱེ་འགྱུར་གྱིས།། གཞན་དུ་གྲུབ་ལྔ་བརྟེན་མི་འགྱུར།། ཡང་དག་དད་པས་རྗེས་སྦྱར་བ།། ཡིད་བཞིན་ནོར་བུ་ལྟ་བུའི་སྔགས།། ཕྱག་རྒྱ་ཆེན་པོ་འདོད་པ་ཡིས།། དང ་ལྡན་རྣམས་ལ་བསྟན་པར་བྱ།། དཔལ་རྡོ་རྗེ་རྣལ་འབྱོར་མའི་བཞེད་པ་ལས་གསང་བའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་བསོད་སྙོམས་པའི་སློབ་མ་རྒྱལ་བས་བྱིན་གྱི་ཆོ་བོ་སངས་རྒྱས་བྱིན་གྱིས་མཛད་པ་རྫོགསོ།། ་བལ་པོའི་པཎྜི་ཏཔྤ་རེཙྪ་རོ་ཙྱཻ་དང་། བིད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ། འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། ་