| Wylie | e-texts produced with BDRC’s OCR application |
ན་མོ་བཛྲཱ་ཌཱ་ཀཱ་ཡ། རྒྱ་གུར་སྐད་དུ། བེ་མུཀྟ་མནྟྲ་རི་ནཱ་མ་གི་ཏ། བོ་སྐད་དུ། རྣམ་པར་གྲོལ་བའི་སྙེ་མ་ཞེས་བྱ་བའི་གླུ། སངས་རྒྱས་ལ་ཕྱག་འཚལོ།། ཨཱུརྱེ་ཧོ།། རི་རྒྱལ་རྒྱ་མཚོ ་གླིང་བཞི་ཉི་ཟླ་དང་བཅས་པ།། དེང་ནས་ང་ཡིས་ངོ་མཚར་ཤིན་ཏུ་ཆེ་བར་མཐོང་།། ཡ་མཆིན་དཔལ་ནི་འགྱུར་མེད་གཞན་དུ་བསྒྱུར་བས་ཏེ།། དག་ཅིང་རྣམ་དག་དྲི་མེད་སྒྲིབ་བྲལ་ཡི་ཤེས་སྐུ།། ཐིག་ལེ་ཕྲ་མོའང་རོབ་བརྟགས ་དཀྱིལ་འཁོར་ཏེ།། སེམས་ནི་གཟུགས་དང་དེའང་དངོས་པོ་མེད་ཅེས་གཅིག་ཏུ་གསལ་སྣང་བ།། བུད་མེད་སྦྱོར་ལས་ཐིག་ལེ་བཀག་པས་གཉིད་ཀྱིས་མྱོས།། སདེ་ཚེ་སྣང་བ་དབང་པོའི་གཞུ་ཡིས་གང་།། དེ་ལྟ་ན་ཡང ་ལྷ་ནི་ཟླ་བ་ཡི་གོ་མཚོན་ཚྭ་ལས་བྱུང་བའོ།། ཁ་དོག་དབྱིབསུ་རྣམ་པར་བརྟགས་པ་དེ་ཡིས་ནི།། རྫོགས་སངས་རྒྱས་ཡེ་ཤེས་བསྒྲུབས་ཀྱང་མཐའ་ཡས་བསྐལ་པོར་མིན།། འབྲིས་འདོད་ཀོ་ཊའི་སྙེ་མ་བསྲུང་བའི་ངལ་བ་བཞིན།། ་བཅོས་མའི་རང་བཞིན་དེ་ནི་རྣམ་པར་རྟོག་པས་ཉམས།། ནོམ་ཞིག་ཀུན་ཏུ་གསལ་བར་རང་ལུས་ལྷ་ཉིད་དེ།། ཐམས་ཅད་དུ་ནི་ཐམས་ཅད་རྣམ་པ་སྣ་ཚོགས་པར།། འཆར་ཞིང་བརྟགས་པ་རྡུལ་དང་ཡིད་ལས་ཡོངས་འདས་པས ་འདི་ནི་དངོས་ཀུན་རབ་བྲལ་དངོས་ལས་གཞན་མ་ཡིན།། སྟོང་ཉིད་ལྟ་བའི་མེ་སྟེ་འདིས་ནི་འཁོར་བ་དང་།། མྱ་ངན་འདས་པ་ཀུན་ཟ་དེ་ནི་ཡང་དག་མཐའ།། རྩ་དང་ཁམས་དང་རླུང་ནི་ཤིང་དེང་དེ་ཡི་ནི།། བཅུད་དང་གཤོར།། ་རླུང་ལྟ་བུར་ལྟ་བ་དེ་བ་ལང་བཞིན།། རྗེ་པོ་དམ་པའི་དྲིན་གྱིས་འབར་བ་འདི་སྐད་སྨྲ།། མི་གཡོ་བ་དང་དེ་ཡི་དབུས་ན་དཔེ་མེད་བདེ་བ་ནི།། སྐྱོད་པ་མེད་པར་ཕྱོགས་རྣམས་ཀུན་དུ་འགྲོ་དང ་སེམས་ཉིད་ནི།། བསམ་དུ་མེད་པས་ཀུན་དུ་སྣང་བ་ལ་མཁའ་བཞིན་གནས་པའོ།། ཚངས་པའི་མེ་ཡིས་རི་བོང་འཛིན་པ་བཞུ་བ་ལས།། དགའ་བ་བླ་ན་མེད་པ་རྣམ་པར་རྒྱས་པར་འགྱུར།། མོ་ལྕེས་ཁུ་བ་མ་ལུས་སྤྱི་བོར ་འཕངས་གྱུར་པའི།། བདེ་བ་བྷུ་མེད་དེ་ལ་ཚད་བཟུང་ཡོད་མ་ཡིན།། དགོད་དང་འཁྲིག་པའི་མི་བཟད་སྡུག་བསྔལ་མཐའ་མྱེད་ལ།། རྣལ་འབྱོར་དམ་པའི་བདེ་ཞེས་བློ་ངན་འཁྲུལ་བར་འགྱུར།། མོ་ག་ཤམ་ལས་སྐྱེས་སྐྱེས་བུ ་མཁས་པ་ཨཱ་ཧོ་རྨེད།། གཡོ་བ་སེམས་སྐྱེས་པའི་ཆེན་པོ་ག་ལ་ཡོད།། ན་མཁའི་མེ་ཏོག་ལ་མཚན་འདི་ལྟ་སུ་ཡིས་མཐོང་།། གཡོ་བའི་བདེ་ཆེན་མྱོང་དང་མྱོང་འགྱུར་སྐྱེས་བུ་གང་།། གང་དག་བུད་མེད་སྦྱོར་ལས་འདི་ཆེན ་སྒྲུབ་འདོད་རྨོངས།། སྨིག་རྒྱུའི་རྗེས་འགྲོ་རྀ་དགས་ཤིན་དུ་སྙོམས་དང་མཚུངས།། མར་མེ་བཟུང་བས་ནོར་བུ་མཚན་དུས་ཚོལ་བ་ན།། རྙེད་ནས་སྒྲོན་མོ་ཕྱི་ནུས་རབ་ཏུ་འདོར།། པདྨ་ཙན་གྱི་རིན་ཆེན་ནང་གནས་བདེར་སྣང་བ།། ལྷན ་སྐྱེས་རིན་ཆེན་རྙེད་ནས་ངལ་བས་གནས་མི་བྱ།། གང་གི་ཆུ་སྐྱེས་བུང་བའི་བར་ན་རབ་གནས་པའི།། བདེ་བ་གང་ཡིན་མཁས་པ་དག་གིས་བླང་བར་བྱོས།། དེ་ནི་རྣམ་བཞིའི་བདག་ཉིད་གཡོ་བ་མེད་པའོ།། ཨཱ་ཨི་ཨ་རི་ཁམས་གསུམ ་འཇིག་རྟེན་བདུན་གྱི་གོས་སྣ་ཚོགས།། འདོད་ཆགས་ཆེན་བློས་ཚོན་གཅིག་བསྒྱུར་བ་ན།། བདག་དང་གཞན་དུ་རིག་པར་མི་འགྱུར་ལ།། བཟང་མོ་དྲན་པ་མེད་ཅིང་སྣང་མེད་ཅེས།། ཧ་ཌི་བ་ཡིས་ཡུལ་མཐུའ་ཀུན་དུ་སྨྲས།། ཡིད ་དང་མི་ག་ན་རེངས་པ་དང་།། ཁུ་བ་མི་གཡོ་རླུང་རྣམས་འཆིང་།། ཟོ་ཆུནའཁོར་ལོ་ཆུས་ཁེངས་པ།། དཔྱིད་ཀའི་དུས་ཀྱི་དང་པོ་ལ།། རྣམ་པར་མ་རྟོག་ཧ་ཌི་བི།། རླུང་ནི་འཕྱར་གཡེངས་ཅན་གྱི་བུ་མོ་སྟེ།། རང་ཁྱིམ ་ནང་དུ་བཀུག་ལ་འདོད་པ་བྱོས།། ཕྱག་ཏུ་མར་མེ་སྤོར་ཤིག་ཧཱ་ཌི་བ།། ཡན་ལག་ཡན་ལག་འཁྱུད་ནས་འདོད་པ་སྤྱད།། ཟ་ཞིང་འཐུང་དང་ཉལ་དང་རྩེ་མོ་ལས།། ཀློག་དང་ཁཱ་ཏོ་ནོ་མི་བྱའོ།། ཛཱ་ལནྡ་དྷ་ར་རང་གི་ཁྱིམ་ནི་འདུག། ་པཱ་ར་ཎེ་ཤི་དཱ་རི་ཀ་དག་ཏུ།། རྣམ་རྨོངས་ཕྱུགས་རྣམས་རང་ཉིད་སྡུག་བསྔལ་བྱེད།། ལྷ་ལ་སྡུག་བསྔལ་སྟེར་བས་རང་ཉིད་འཕྲོག་བྱེད་པ།། བྱོལ་སོང་པདྨའི་སྐྱེ་གནས་སྡིག་པའི་ཁུར་པོ་ཅན།། ཧ་ཌིས་སྨྲས་པ་ལུས་ནི་ལྷ་ཡིན ་ཏེ། གནས་དང་ཉེ་གནས་རང་གི་ལུས་ཉིད་ཡིན།། ཡུལ་ཀུན་འཁྱམས་པའི་རྣལ་འབྱོར་ངེལ་བར་མ་གྱུར་ཏམ།། བྱ་བ་མེད་པོར་བཞག་པ་ནས།། བདེ་བ་ལས་ནི་བདེ་བ་འབྱུང་།། རྣམ་པ་མང་དང་རྣམ་པ་མེད།། དབུགས ་དབྱུང་གཉིས་ཤེས་པར་བྱ།། བཟང་མོ་ཁྱོད་མཐོང་རླུང་ཉམས་ནས།། བདེ་བའི་ཉི་མ་ཤོར་རོ་ཀྱེ།། མུན་པོར་ཉི་མ་ཤར་བས་ནི།། ཛཱ་ལན་དྷ་ར་གང་མོ་དགོད།། གཟུགས་མཛེས་ལྟ་ཞིང་འདོད་པའི་གཏམ།། གླུ་ལེན་གར་དང ་སྐྱེ་གནས་རེག། བྷ་གའི་དྷི་ཞིམ་མ་མཆུའི་རོ་མྱང་བྱེད།། བྱ་བ་ཀུན་ལས་བདེ་བའི་རང་བཞིན་འདི་འདྲ་བ།། མེ་ཡི་དོན་དུ་གཙུངས་ཤིང་གཙུབས་པར་བྱ།། གཙུབས་ཤིང་མེད་ན་མེ་ནི་གང་དུ་འབྱུང་།། ་ཤེས་རབ་མེད་ལ་ལྷན་ཅིག་སྐྱེས་པ་མེད།། བཅུད་ཀྱིས་རེག་པའི་ཁམས་རྣམས་ལྷན་ཅིག་སྐྱེས་པ་སྐྱེས་པ་ཡིས།། གསེར་དུ་བསྒྱུར་བས་དངོས་ཀུན་ཡེ་ཤེས་གཟུགསུ་འགྱུར།། ལྕགས་ཁམས་མ་ཟད་གསེར་དུ་ག་ལ་འགྱུར།། ་ལྕགས་ཀྱི་དང་ས་མ་སྲང་གཅོག་ནི།། ཡེ་ཤེས་ལུས་ཅེས་བླ་མ་དམ་པ་གསུང་།། འདོད་ཆགས་མོ་ཡིན་ཆགས་བྲལ་མིན།། དབུ་མར་ཡང་ནི་མི་དམིགསོ།། འདོད་ཆགས་ཉམས་པས་དམྱལ་བར་འགྲོ།། པྲ་ཙིད་ནི་ཆོས་སུ ་སྟོན་བྱེད་པ།། ཕྱུགས་བདག་འདའ་ཆགས་སྤྱོད་པའི་ཚུལ།། སེམས་ལ་དྲི་མ་སྟུག་པོས་དེ་ཅི་བྱེད།། ཡིད་ནི་གླཡོ་ཞིང་བཅིངས་པ་དང་།། ན་མཁའ་ནམཁའི་རང་བཞིན་བསྒོམས།། བཅུད་ཆེན་གང་དུའང་གཡོ་བ་མི་བྱེད་ན།། ་དོ་ཚེ་སེམས་ཀྱི་གསེར་ནི་དྲི་མེད་ཡིན།། གཟུགས་བཟང་ཡན་ལག་མཆོག་དང་རྩ་ཕྲ་བ།། སྒོ་བཟང་དུལ་བའི་བུ་མོས་བདེ་སྦྱིན་བྱེད།། ཤེས་རབ་ཅན་ལ་བུད་མེད་ཕྱག་རྒྱས་ཅི།། ཕྱག་རྒྱ་ཆེན་པོས་མ་ཧཱ་མཱ་ཡཱི་ལ།། རྟག ་ཏུ་འཁྱུད་ཅིག་རིགས་ངན་ཧ་ཌི་བ།། རྟོག་གེ་ཚོད་མའི་ཤེས་རབ་དང་།། བུ་མོའི་བདེ་བའང་སྡིག་ཅན་ཏུ།། རང་གི་ལུས་ལ་གོམས་པ་ན།། ས་བཅུའི་ལྷ་མོས་བདེ་བ་སྟེར།། ཡུལ་ཀུན་དག་ཏུ་ཐང་ཆད་ན།། ཕུང་པོ་སངས ་རྒྱས་ལ་སྡིག་པས།། འཚམས་མེད་མ་བྱེད་བདེ་བ་ཅན།། ཧ་ཌིས་མན་ངག་རྟོགས་ནས་ཇོ་གི་ཀུན་ལ་སྤྲས།། ནྱཱ་དང་དཔའ་བོའི་སྦྱོར་བ་ལས།། རླུང་རྣམས་རང་ཁྱིམ་སོང་བ་ན།། སོ་སྔོ་རང་གི་བརྗོད་པ་ཆད།། ཨ་རི་འཁོར་ལོའི ་ལྟེ་བ་ཆ་ཤེས་ཚུལ།། ཐིག་ལེ་ཡེ་ཤེས་ཚུལ་མཆོག་ཡང་དག་མཆོག། སེམས་ནི་ཞོག་དང་བརྒྱད་པོ་དེ་རུའོ།། མེ་ཡི་འཁོར་ལོ་གཉིས་སྤྲོད་ནོ།། བདེ་བ་འདི་ལ་ཡེ་ཤེས་སུ།། དེ་ནི་ངོ་བོས་སྟོང་པ་ཡིན།། རྨོངས་པའི་གནས ་ལ་སྟོང་པར་སེམ་སེམས་ཅིག། དཔལ་ལྡན་འཁོར་ལོ་སྡོམ་པར་གསལ་གང་ཡིན།། ལྦ་བའི་རྣལ་འབྱོར་ཅན་གྱིས་བཀའ་དྲིན་ཐོབ།། ཟླ་བ་ཉི་མ་གང་དུ་ཐིམ།། ཤར་བ་མེད་ཅིང་ནུབ་པ་མེད།། ཀུརྨ་པཱ་ད་རྡོ་རྗེ་ཅན།། ལྷན ་སྐྱེས་བླ་མ་ས་སྤྱོད་ཞབས།། རྣམ་རྟོག་སྡིག་པ་མ་བྱེད་ཅེས།། སེམས་ཅན་འདི་དག་རྣམས་ལ་གདམསོ།། རྣ་རྒྱན་མགོན་པོས་ད་སྨྲ་བ།། སློབ་དཔོན་སྟོན་བྱ་རྡོ་རྗེ་སེམས་དཔའ་ཉིད།། མཉེས་པར་མ་བྱས་འདོད་པའི་དངོས ་གྲུབ་ཅི།། སྟེན་ཅིང་བསྒྲུབ་ན་ཡུད་ཀྱིས་འབྱུང་བ་སྟེ།། ཨཱ་ཧོ་ཕྱག་རྒྱའི་དངོས་གྲུབ་འདི་འདྲ་བླ་མའི་ཞལ།། གོ་བི་ཙཎྜ་རྒྱལ་གྱུར་ཅིག། ཀུ་སུམྦྷ་ཡི་མེ་ཏོག་འདི།། སོ་ཀའི་དུསུ་རབ་ཏུ་རྒྱས།། མེ་ཏོག་རྙིངས་པར་མ་གྱུར། ་ཅིག། ན་མཁའ་ལྟ་བུར་རྗེས་སུ་དཔོག་བྱེད་དང་།། གསུམ་པ་བཞི་པོ་རབ་ཏུ་འཁྲུལ་གྱུར་པའི།། སྨྲ་སོ་རྣམས་ནི་སྡིག་བཅོས་སངས་རྒྱས་པ། ཞི་བའི་རྗེསུ་འབྲང་བྱེད་པྲ་ཡ་ཀེ་རི།། ཉེ་དུ་མོ་ལ་བགྲོད་ནས་གངྒཱའི་སྒོར ་མཆོངས་ཤིག། ཡང་ན་འཕྲོག་བྱེད་སྒྲོ་རུ་མཆོད་སྦྱིན་བྱོས།། མངོན་སུམ་གྱིས་ནི་ནཱ་མཁའི་ཆུང་མར་བྱས།། རང་ལུས་ཡུལ་དུ་ཀུན་བགྲོད་ན་རྟོག་མེད་མས།། ཉི་ཟླ་ཟོས་པས་སྐྱ་རེངས ་ཤར་བར་གྱུར།། བསམ་དང་བསམ་བྱ་ཡོངས་སྤངས་ནས།། ཡིད་དང་མེད་དང་རྟག་དང་ཚ་།། མི་བསམ་ཅེས་ཀྱང་མི་བསམ་མོ།། ཡུལྔ་ལ་ཆགས་བྲལ་ཀུན་དུ་སྨོད།། འདོད་ཆགས་ཀྱིས་ནི་ཉེས་པ་མཐའ་དག་བསྐྱེད།། ་གསུམ་ལས་འདས་པ་ཡིད་མི་བྱེད།། སེམས་དང་སེམས་བྱུང་མ་རིག་པ་ལས་འདས།། ཆུ་དང་མེ་དང་ས་དང་རླུང་།། གཅིག་ནས་གཅིག་ཏུ་ལོགས་པར་གྱུར།། སི་ཆུ་མེ་རླུང་ན་མཁའ་ནི།། ནམ་ཞིག་རླུང་ནི་སེམས་ལྷོ་ཐིམ།། ་དེ་འདྲའི་བདེ་ཆེན་དེ་ལས་ནི།། འོད་ཀྱི་དཀྱིལ་འཁོར་སངས་རྒྱས་སྐུ།། སྲིད་པ་གསུམ་པོ་འདི་ཉིད་གཅིག་པུར་བྱོས།། སྒྱུ་མ་དང་ནི་སྨིག་རྒྱུ་དང་།། རྨི་ལམ་བཞིན་དུ་ཤེས་གྱུར་ནས།། ལུས་རྣམས་དང་ནི་ཙོ་ཅོ་སྨྲ།། ས་རིས ་འདྲ་བར་བྱེད་ན་ཡང་།། ཕྱག་རྒྱ་སྔགས་དང་དཀྱིལ་འཁོར་ཡིན།། གྲོང་པོའི་ཆོས་ཀྱིས་སྤྱད་བྱས་ལ།། སངས་རྒྱས་པོ་ཐམས་ཅད་བདེ་བས་མཆོད།། རྡོ་རྗེ་ཁུ་ཚུར་རབ་བཅིངས་ཤིང་།། རྡོ་རྗེ་ཨ་བ་དྷཱུ་ཏི་རི་ལྟ།། རྫོགས ་བྱང་ཆུབ་པའི་སྐྱིལ་ཀྲུངས་ཅན།། ཡང་དག་མཁའ་སྤྱོད་ཆེན་པོར་འགྲོ། གཞན་དག་འགྲེང་བའི་ངལ་བ་ཅན།། འཁོར་བར་འཁོར་བ་རྣམ་པར་སྒྲུབ།། ཐམས་ཅད་རང་ལ་གནས་སོ་ཧ་ཌི་བ།། རྣམ་ཚེ་མགོན་པོ་དེ་བའི ་ཀོ་ཊར་སོང་།། མཁའ་འགྲོ་མ་འདུས་ཟླ་བའི་བདེ་བ་སྟེ།། ནམ་ལངས་ཚོལ་ཞིག་སངས་རྒྱས་རང་ལ་ཡོད།། རང་སྙིང་གཞན་དུ་མ་ཚེལ་ཧཱ་ཌི་བ།། རང་གི་དེ་ཉིད་གཞན་ལ་མ་འདྲི་ཤིག། རྟོག་གེ་ལུང་དང་ཐ་སྙད་ཚད ་མ་དང་།། དཔེ་དང་ཚིག་གིས་ནམ་ཡང་མཚོན་དུ་མེད།། ཐོས་པས་མ་ཡིན་མཐོང་ན་གྲོལ་བར་འགྱུར།། ཕྱག་རྒྱུ་དྲུག་གྲུབ་པའི་རྣལ་འབྱོར་དཔག་ཚད་བྱེ་བར་འབར།། ལྷ་མོས་མཆོད་ཅིང་སྟོང་གསུམ་སྣང་བར་བྱེད།། ་སེང་གེའི་ཕྲོག་པོ་མེས་པོས་ཕྱག་བྱེད་མེ་ཏོག་འཚེཚར་འབབ་ཅིང་།། ས་གཡོས་སྒྲ་འབྱིན་བདུད་རྣམས་དངངས་ཤིང་རྡོ་རྗེའི་ཆེར་འབབ་ལ།། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་འགྲོ་བའི་བླ་མ་ཕན་པར་འགྱུར།། དཀྱི་འཁོར་སྔགས ་དྲང་ཆོ་ག་རླུང་ཐིག་ལེ།། མཽ་དང་མི་མོ་ཐམས་ཅད་སེམས་ཉིད་དེ།། དགེ་དང་སྡིག་པ་གང་ཡང་མེད་པས་ན།། ཁ་དོན་སྨད་པར་གནས་པོས་ཅི་ཞིག་བྱ།། སེམས་ཉིད་བདེ་ཕྱིར་ལུས་ལ་མཆོད་པར་བྱེད།། ཡིད་འོང་མ་དེང ་ཅི་འདོད་སྤྱད་པར་བྱ།། འབར་བས་སྨྲས་སོ་དངོས་གྲུབ་ཐམས་ཅད་ཐོབ།། ཨ་ལ་ལཱ་ལ་ཧོ།། ལྕི་བའི་ཐལ་བས་ལུས་འཾ་ནི་ཀུན་དུ་བྱུགས་པར་གྱུར།། འདོམ་དཀྲིས་ཉི་མ་ཞུ་བས་རབ་ཏུ་སྤགས།། བཅུ་དྲུག་རྣམ་རྫོགས ་རི་བོང་འཛིན་པ་སྤྱི་བོའི་རྒྱན་དུ་བྱས།། བདག་པོ་སྲད་དང་སྲིད་པ་བ་སྦུར་བསྡུད་དེ་ང་ཡིན་ནོ།། ཀཱ་ཡེ་ན་མཁའི་མཐའ་དབུས་ངས་མ་མཐོང་།། རྒྱ་མཚོའི་ཀློང་ལ་ཅི་ཡང་གཡོ་བ་མེད།། སྒྱུ་མའི་གར་ལ་སྙིང་པོ་སུ་ཡིས་མཐོང ་རིན་ཆེན་དངས་མ་ཀུན་དུ་ཀུན་ནས་གསལ།། རླུང་གིས་མ་སྐྱོད་རྒྱ་མཚོའི་རླབས་མི་འབྱུང་།། ཞགས་པ་རྣམས་ནི་དྲངས་པས་དམ་པོར་འགྱུར།། ཀླུ་ཡི་མདུད་པ་ངོ་བོ་ཉིད་ཀྱིས་གྲོལ།། ་ཨཱ་རེ་གོ་བཱི་ཙཎྜ་རྒྱལ་གྱུར་ཅིག། ཆུ་ཉིད་མིན་པའི་རྦ་རླབས་གང་དུ་མཐོང་།། འོད་གསལ་སེམས་ལ་རྟོག་གེའི་ཤེས་པས་ཅི།། བདེ་བར་མ་རྟོགས་སྟོང་ཉིད་དེས་ཅི་བྱ།། ཤེས་རབ་དང་བྲལ་བདེ་བ་ཕྱུགས་དང་འདྲ།། དེ་བས ་བདེ་བ་ཆེ་འདི་བཟུང་བར་བྱོས།། ཨཱ་རེ་དྲུག་དྲུག་གྲོལ་བའི་དོན་དུ་ལུས་ནི་མི་གཡོ་མེད་པར།། ཙཎྜ་ལཱི་དང་རིམ་དང་རིམ་མིན་རླུང་དང་དགའ་བ་ཡང་།། ཧ་ཧེ་བརྒྱད་དང་ཁྱོགས་སོགས་ལུས་བསྒྱུར་ཕྱག་རྒྱ་གཅིག་པུ་སྟེ།། དེ ་དོན་དུ་སྟེ་དེ་དག་བཅུ་བཞི་བཅུ་བཞིའི་བདག་ཉིད་དོ།། མདོ་སྡེ་གཞུང་ལུགས་སྔགས་རྣམས་འདི་ཉིད་སྟོན།། ལྷན་སྐྱེས་རང་བཞིན་མ་ཤེས་པས།། དེ་ལྔ་ལ་པོ་འབྲས་བུ་མེད།། བླ་མའི་མན་ངག་ཚ་དོ་འདིས་ཆོག། སྤངས་ཤིག ་རྟོག་གོ་སྡེབ་སྦྱོར་ཟློས་གར་བློ།། ངན་གཡོས་བྲིད་བྱེད་བརྡེའ་སྤྲོད་དེ་ཡིས་ཅི།། སྡེ་སྣོད་གཞུང་ལུགས་རྣལ་འབྱོར་སྤྱོད།། མ་ཐོས་ཞེས་ནི་སྡུག་མི་བྱ།། མནི་ངག་བདུད་རྩིའི་བཅུད་འདི་ནི།། དེ་རིང་བསྟན་ནོ་བཟང་མོ་ཀྱཻ།། ་ཕྲ་ཞིང་ཤིན་ཏུ་རྟོགས་དཀའ་བ།། དངོས་པོ་ཀུན་དུ་སྣང་བ་བོ།། འཇིག་རྟེན་གསུམ་དུ་ཁྱབ་པར་གནས།། བདེ་བ་ཆེན་པོ་རབ་ཏུ་རྟག། ལེ་རིཤེས་སྟོང་པའི་དབུས་ཀྱིས་འཇའ་ཚེ་ན་ནི།། རྡོ་རྗེ་སྐུ་སྟེ་མཉམ་ཉིད་ངོ་བོར་རྟོགས།། ་དེ་འདྲའི་རིན་ཆེན་སེམས་ལ་ཕྱག་འཚལ་ལོ།། དེ་ཉིད་གཅིག་སྟེ་བདུན་ནི་མིང་ཡིན་ནོ།། ཨཱ་རེ་ཨཱ་ཧོ་དག་པའི་ལྷ་ནི་རྣམ་བསྒོམ་པས།། སྐྱེ་བ་འགགས་ཏེ་ཀུནྡ་ལ་བདེ་བ་སྦྱིན་པར་བྱེད།། རྟོགས་པས་རབ་དབེན་རྣམ་རྟོག་ལྟ་བུའི་རྟོག་མེད ་ཀྱིས།། མཐོང་ཞིང་མི་སྨྲ་ར་ངོ་ལུས་ལས་བྱུང་ལྷ་ཞེས་བྱ།། ཁུ་ཁྲག་གི་བསྲེས་པས་འཆི་མེད་ཁང་པར་མྱུར་དུ་འགྲོ།། སྟེང་འགྲོའི་རང་བཞིན་བདེ་བའི་ཆུ་འབེབས་རི་བོང་ཅན།། དེ་ནི་འོག་དང་སྟེང་འགྲོའི་བདེ་བ་རྣམ་རྒྱས་ཏེ།། མི ་འཛག་དྲི་བྲལ་སྐྱེ་བའི་མཐའ་རྣམས་མ་ལུས་འཇུག། གང་ཡོང་འཚེ་མིད་རྒྱ་མཚོ་གེ་ཡོ་མེད་པ།། རང་རིག་དངོས་དང་དངོས་མེད་རྣམ་བྲལ་བ།། ཇི་ལྟར་ཆུ་འཛིན་ན་མཁར་རྣམ་དག་བཞིན།། ན་མཁའི་ལམ་དུ་རླུང་ཐིམ་བདེ་བར་གྱུར།། མཐའ ་མེད་ཡེ་ཤེས་ཐོག་མེད་པའི།། ཡེ་ཤེས་དེ་ཉིད་བླ་ན་མེད།། གཞི་གྱུར་བདེ་ཆེ་ན་དགའ་བའི་སེམས།། གང་དུ་མ་ཆད་འདི་མཐོང་བས།། དང་པོའི་མགོན་པོར་དུ་གྱུར་ཏོ།། གང་ལས་དེ་ཉིད་མི་ཤེས་ཨོཾ་གླུར་ལྡན།། སྐད་གདངས ་མགོན་པོས་མགྲིན་པ་སྡུག་བསྔལ་བྱེད།། བརྡག་དང་ངལ་བའི་ཀློག་པ་འངས་ཅི་བྱ།། རིགས་ངན་བོང་བུ་དེ་དག་གང་ན་འདུག། ཨཱ་ཨི་ཨཱ་རི། ཨཱ་ལི་ཀཱ་ལི་གཡོན་དང་གཡས།། དབུས་ན་སྒྲ་གཅན་ཐིག་ལེ་ཧཱུཾ།། དེ་ཉིད་འདི་ཞེས ་སྨྲ་བྱེད་ཧ་ཌི་བ།། གཞིན་ནི་སྡིགས་དང་ཆོ་གའི་སྦྱོར་བ་མེད།། གསུམ་ནི་གཅིག་ཏུ་བྱ་བ་དང་།། རླུང་གོ་རང་བཞིན་གནས་པ་ཉིད་ལ་ཞོག། ལྡེང་འཇུག་གནས་པ་འདི་འདྲ་གསང་སྔགས་ཏེ།། པདྨའི་ལྟེ་བ་བརྒྱད་འོ་ཕུག། ཕྱིན ་པས་འགྲོ་འོང་ཆད་པ་ཨཱ་ཧེ་ཧེ།། ཧཱ་ཧྱ་ཧཱ། དྷཱུ་དྷཱུ་ཛྫ། མཐོ་རིས་ས་འོག་ཉི་མ་ཟླ།། ན་མཁའི་དབུསུ་རླུང་རྣམས་ངེས་པ་ན།། འདི་འདྲའི་བདེ་བ་ནི་གཞན་ལ་མེད།། རྨོངས་པའི་རབ་རབ ་རླུང་དང་སེམས་མཉམ་འགགས།། ངས་ནི་མན་ངག་ཐམས་ཅད་བསྟན་པ་ཡིན།། འཛེམ་དང་རྩུབ་དང་སྲ་དང་པདྨའི་རྩ་ནྡན་མ།། གདོལ་མ་གློང་ཆེན་མ་ནི་བཅུ་གཉིས་ལོ་ལོན་སྐྱེ་གནས་སྲ།། ཡང་ན་སྐྲ་དང་ཡན་ལག་རིང་ཞིང ་སྙི་པ་འམ་མ་དང་སྲིང་མོ་སོགས།། རྣམ་མང་སྦྱོར་བས་སྤྱོད་ཅིང་ཁྱིམ་དུ་རྡོ་རྗེའི་ཐིག་ལེ་བཀག་ནས་བསྒོམ།། དེ་ཡིས་དཀྱིལ་འཁོར་དཔག་མེད་ལུས་ལས་འཕྲོ།། ཡིད་ཀྱི་བུ་མོ་ལ་ཡོང་དྲུག་ཅུ་བཞིས།། ཡང་ན་ལྟེ་བའི་དབྱུག་པ་མ ་ལ་སྤྱོད།། རྩ་ཡི་རླུང་གིས་འཁོར་ལོ་བཞུ།། སླར་ཡང་རླུང་གིས་ལྡོག་པར་བྱེད།། ལྷན་སྐྱེས་སྦྱོར་བས་སྐྱེ་བོ་ཀུན།། རྟག་ཏུ་བྱེད་ཅིང་སྟོན་བྱེད་ཀྱང་།། སུས་ཀྱང་མ་གོས་ཀྱེ་མ་ཕྱུགས།། རང་ལུས་ལས་བྱུང་མཁའ་མཉམ ་ཀློག་དང་མཉམ།། བདེ་སྦྱིན་ཆུང་མ་རྙེད་ནས་གཞན་ལ་མི་སྟོན་ཅིག། རྣམ་རྟོག་དང་ནི་མོ་མོས་ཁྱོད་ལ་ཅི།། ལུས་ཀྱི་རིག་པོ་སྡུག་བསྔལོ་གཅིག། སེམས་ནི་དམ་པའི་བདེ་བ་ཡིན།། སེམས་ལས་གཞན་ན་ལུས་མེད ་པས།། མཛེས་མ་ང་ནི་ལུས་ཀྱི་བདེ་བའང་དྲི་མེད་ཡིན།། གང་བློ་བདེ་བ་དམ་པ་ཕྲ།། ནམ་མཁའ་ཕྲ་བའང་ཡུད་ཀྱིས་རྟོགས།། དངོས་དང་དངོས་མེད་རྣམ་དཔྱད་བདེ་མི་སྟེར།། ཤེས་རབ་ངན་ལ་དག ་པའི་དཀྱིལ་འཁོར་མེད།། ནམ་མཁའ་ལག་པས་འཛིན་ཞེས་རྟོག་གེ་པ།། དང་པོའི་ལས་ཅན་འོད་གསལ་དཀྱིལ་འཁོར་མཐོང་།། དུ་བ་མཐོང་བས་རབ་རིབ་ཞིའོ་ཀྱེ།། ཨཱ་རེ་བདེ་ཆེན་སྙིང་རྗེས་སྡུག་བསྔལ་སྐྱོབ།། དཀྱིལ་འཁོར་མཐའ ་ལས་པས་ནི་ཞི་ལས་བརྒལ།། གཉིས་ཀྱི་སྡུག་བསྔལ་མི་སྣང་གཞན་དུ་སྣང་།། ལྷན་ཅིག་སྐྱེས་པའི་དྲི་བལ་ཞིང་།། མུན་པ་ཕུག་ནས་སྣང་བ་ཤར།། སྙིང་དང་སྤྱི་བོར་དྲི་དེ་ཐིམ།། རང་གི་རིག་པའི་ཡེ་ཤིས་འདི།། འོད་གསལ་ཐོག ་མཐའ་མེད་པ་སྟེ།། རང་བཞིན་ལྷན་སྐྱེས་བདེ་སྤྲོས་ཀུན།། ཉེ་བར་ཞི་བ་ངོ་མཚར་ཚེ།། རླུང་གི་རང་བཞིན་སྐུ་གཉིས་དབྱེར་མེད་དེ།། རྣམ་པའི་མཆོག་ཀུན་དང་ནི་ལྷན་སྐྱེས་བདེ།། རབ་མཆོག་མཆོག་དང་འབྱུང་བའི་ལུས་བཞི་པོ།། ་དེ་ལྟར་དེ་བཞིན་དེ་ལྟས་དེ་ལྟ་ནི།། ཐེ་ཚོམ་མེད་པར་ཐོབ་ཅེས་ཧ་ཌི་བས།། ཧ་ཐའི་དབུས་སུ་དེ་རིང་བསྟན་པ་ཡིན།། དེ་འདྲའི་སངས་རྒྱས་ཡེ་ཤེས་རང་ལ་ཡོད།། ནམཁའ་ལྟ་བུ་གཞན་དུ་མ་ཚོལ་ཞིག། ལྟེ་བའི་དབུས་ན་མཆོག ་གི་དབང་ཕྱུག་མ།། མཁའ་མཉམ་ཡིན་ཡང་རང་གི་ལུས་ལ་གནས།། ཞལ་ཕྱག་རྣམ་པའི་ཚུལ་ཅན་དུ།། སྐྱེས་པ་ཙམ་གྱིས་རྣམ་པར་གནས།། རྣལ་འབྱོར་པས་ནི་ཐིག་ལེ་བརྩེགས་པར་སྣང་།། དེས་ནི་བམ་པོ་གཅོད་པར ་བྱེད།། ཡེ་ཤེས་སྐུ་ལ་བེམ་པོར་མ་ལྟ་ཤིག། ཉི་ཟླའི་དབུས་ན་ནཱ་གནས་པ་འོངས།། བཅུ་གཉིས་བཅུ་དྲུག་བཅུ་གཉིས་འཁོར་ལོ་བསྐོར།། ཡོན་ཏན་བརྒྱད་པོ་རགས་དང་ཕྲ་བར་བྱེད།། དེ་འདྲིའི་འཁོར་ལོ་གང་དུ་ཟློག། ལུས་སེམས ་རོ་གཅིག་གྱུར་པ་ན།། དེ་ཚེ་རྡོ་རྗེའི་སངས་རྒྱས་ཡིན།། བརྐམ་ཤིང་རྨོངས་ན་མི་འགྲུབ་སྟེ།། དེ་བས་ཁྱིམ་ནི་བོར་བྱས་ལ།། མགོ་བྲེགས་བྱུགས་པ་ཁ་ཕོར་བོར་མ་ཐོགས།། བསམ་དང་བྱ་བའི ་སྡུག་བསྔལ་དེ་བོར་ལ།། མི་སྨྲ་ལྐུགས་པའི་དངོས་པོས་གཉུག་མའི་ངང་དུ་ཞོག། སྒོམ་དུ་མེད་པ་ཞོག་ཤིག་ཧཱ་ཌི་བ།། ཇི་ཙམ་བསྒོམ་དང་ཀློག་དང་ཁྱིམ་གྱི་ལས།། གཡེང་བ་མང་པོས་མི་གྲུབ་སྡུག་བསྔལ་རྒྱུ།། ཕན་པ་དོན་ངོན ་རྒྱལ་སྲིད་དེ་བོར་རུང་།། གཉུག་མོའི་བདེ་བ་ཤེས་ན་ག་ལ་ཆགས།། མཐོང་དང་ཐོས་དང་དྲི་དང་རོ།། གང་རེག་དེ་དག་བདེ་བ་ཆེ།། སྨོན་པ་ཧ་བི་བས་ནི་ནོགསུ་ལང་ལོང་སྤངས།། བདེ་བས་མཐོང་ཡང་གཉིསུ་མཐོང་བ་མེད།། གཉིས ་ཀྱིས་ཐར་པ་ག་ལ་ཐོབ།། གཉིསུ་མི་བྱ་གཅིག་ཏུ་བྱོས།། ཡུལ་དང་ཡུལ་འཁོར་ཐམས་ཅད་ས་བཅུ་ཡིན།། སྔགས་སྐྱེས་ཞིང་སྐྱེས་མཆོག་གི་རྣལ་འབྱོར་མ།། རིང་ནས་མྱུར་འོངས་རིག་པའི་སྐྱེས་བུ་ལ།། བདེ་བའི་དངོས་གྲུབ ་དམ་པ་ཀུན་སྟེར་ཏེ།། ཛཱ་ལན་དྷ་རས་ཡུལ་གཞན་མོ་བསྐོར་རོ།། ལྷ་མོ་ཀླུ་མོ་མི་མོ་གནོད་སྦྱིན་མོ།། རིག་འཛིན་བུ་མོས་ཕྱག་རྒྱའི་དངོས་གྲུབ་ནི།། ལྷན་ཅིག་སྐྱེས་མས་ཉི་མ་གཅིག་གིས་འགྲུབ།། སངས་རྒྱས་བྱང་ཆུབ་སེམས ་དང་རྡོ་རྗེ་མོ།། སྐད་ཅིག་དེ་ལ་ན་མཁའ་གང་བར་སྣང་།། གླུ་གར་མཁན་གྱི་བུ་མོ་ཆོས་འབྱུང་བདེ།། ལྷན་ཅིག་ཧ་ཌི་བ་ནི་རྒྱལ་སྲིད་སྤྱོད།། མཁའ་མཉམ་རྡོ་རྗེ་སེམས་དཔོའི་རང་དགའ་འོ།། ཁྱིམ་དང་ལྷ་ཁང་འཁོར་དང་གཉོན་གྱིས་བཅིངས།། ་ཆེན་པོར་ལྟ་བའི་བློ་བཟང་ལྷག་པར་འཁྱམས།། རང་ལ་ཆེད་དུ་ཆེ་བར་མ་བྱེད་ཅིག། དེ་བས་རང་ཉིད་ཅི་དགའ་དོར་ན་འོང་།། རྒྱུ་མེད་རྐྱེན་གྱིས་མི་བསྒྱུར་རང་བཞིན་སྤངས།། རྩ་བྲལ་བདེ་བ་རྒྱུན་མི་འཆད་པར་བྱ།། གནས་ལུས་མཆོག ་འཛིན་བོར་ན་དེ་བས་རུང་།། ལོངས་སྤྱོད་ཀུན་གྱིས་བཅིང་བ་མེད་པར་སྦྱང་།། ཅེས་པ་ནི། བི་མུཀྟ་མཉྫ་རི་ཞེས་བྱ་བ་དོན་དམ་པའི་གླུ་དབྱངས་བདི་བ་མཉམ་པ་ངེས་པར་བྱེད་པ་རྒྱུད་ཐམ་ཅད་ཀྱི་ཡི་གེ་མཆོག་དང་ལྡན་པ་མཆོག་གི་དངོས ་གྲུབ་ཐོབ་པའི་སློབ་དཔོན་ཆེན་པོ་དང་པོའི་མགོན་པོ་ཛཱ་ལཱན་དྷཱ་རིའི་ཞབས་ཀྱིའོ།། ཨོཾ་ཀ་ཡང་ཌཱཤུད་པལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ་རྗེ་བཙུན་བུདྡྷ་གུཔྟོ་དང་། ཤར་ཕྱོགས་ཀྱི་སློབ་དཔོན་ཆེན་པོ་ས་རྒྱ་ནཱ་ཐ་དད་། བླ ་བླ་མ་ཆེན་པོ་ཀམྦ་ལ་ནི་ནཱ་ཎ་ཤྲི་རྣམས་ཀྱི་ཞལ་སྔ་དང་བོད་ཀྱི་དགེ་སློང་རྨོངས་པ་ཀུན་དགའ་སྙིང་པོས་གཡར་ཁྲལ་དུ་འཚལ་བའོ།། ་