| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཚིནྡ་མུཎྜ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དབུ་བཅད་མའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། བདེ་སྦྱིན་བཅོམ་ལྡན་འདས་ཕག་མོ།། གཡས་བརྐྱང ་ཞབས་ཀྱིས་ཡང་དག་མནན།། ཁམས་གསུམ་རང་བཞིན་གསུམ་སྤྱན་གསུམ།། དེ་ལ་རྟག་ཏུ་ཕྱག་འཚོལ་ལོ།། ཇི་ལྟར་བླ་མིའི་མན་ངག་ལྟར། ཁམས་གསུམ་པ་ཡི་རང་བཞིན་ཕྱིར།། ཉི་མ་གཞོན་ནུའི་འོད་འཕྲོ་བ།། དེ་ཡི་སྒྲུབ ་ཐབས་བདག་གིས་བརྗོད།། མཚན་མ་གཅིག་པ་འམ་དུར་ཁྱོད་དམ།། ཁང་སྟོང་དུ་ནི་དུས་རྟག་ཏུ།། རིག་མ་སྙིང་གསུམ་མཐར་མཛད་མ།། དེ་ནི་རྣལ་འབྱོར་པསྒྱུ་བསྒྲུབ་བྱ།། འབོལ་སྔན་འཛུམ་ལ་གནས་པ་འམ།། འཇམ་པའི ་སྟན་གཞན་དྲག་ལ་ཡང་།། ཡང་དག་བརྟན་ཏེ་གནས་ནས་ནི།། དངོས་གྲུབ་དམ་པོ་བསྒྲུབ་པར་བྱ།། དེ་རྗེས་ཡིག་གསུམ་སྔགས་ཀྱིས་ནི།། མངོན་པར་བསྡོགས་པའིངོམ་ཚིག་ཆུས།། མཆོད་རྫས་དག་ལའང་གསང་གཏོར་བྱ།། ་སྔགས་དེ་ཉིད་ཀྱིས་ཁྲུས་བྱས་ཏེ།། དེ་ཡི་རྗེས་ལ་གོ་བགོའོ།། ཡན་ལག་ཉིང་ལག་ཐམས་ཅད་ལོ།། གཡོན་གྱིས་ལག་པ་ནས་བརྩམས་ནས།། ཨོཾ་བཾ། ཧཱུ~ཾ་ཡོཾ། ཧྲིཾ་མོཾ་ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་བྱའི་སྔགས་ཀྱི་ཡི་གེ་རྣམས།། ལག ་པི་གཡོན་པའི་རྩེ་མོ་ཡིསོ།། དང་པོ་ལྟེ་བ་ནས་བརྩམས་ནས།། བརྗོད་བྱེད་ནས་ངག་གསུམ་མོ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོ་ཧཾ། ཨོཾ་བཛྲ་ཤུདྡྷཿསརྦྦ་དྷིརྨྨ་བཛྲ་ཤུདྡྷོ་ཧཾ། ཨོཾ་ཡོ་གེ་བུདྡྷཿསརྦྦ་དྷརྨྨ་ཡོ་ག་ཤུདྡྷ ་ཧཾ། དེ་རྔས་བློ་ལྡན་གྱིས་ང་རྒྱལ།། བསྐྲང་བྱ་ཁམས་གསུམ་དག་པའི་ཕྱིར།། ཕྱོགས་མཚམས་མཉམ་པར་ལྡན་པ་ལ།། དུར་ཁྲོད་བརྒྱད་པོ་དེ་བཞིན་དུ།། མྱུར་བའི་རྣམ་པའི་རྣལ་འབྱོར་གྱིས།། དེ་རྗེས་གསུམ ་ཉམ་པར་བཞག། གནས་གསུམ་ལ་ནི་བསྒོམ་བྱའོ།། འོད་ཟེར་རྣམ་པར་སྤྲོས་པ་ལས།། སྲིད་གཽསུམ་ལ་གནས་སེམས་ཅན་རྣམས།། གསལ་བར་བྱས་ཏེ་དེ་ནས་ཡང་།། ཉེ་བར་བསྡུ་བའི་སྒོམ་པ་ལས།། སྣ་ཚོགས་ཀུན་ཏུ་སྟོང་པར ་བྱའོ།། དག་པ་ཡི་ནི་ཤེལ་ལྟ་བུར།། གཉིས་མེད་ཡེ་ཤེས་རང་བཞིན་ནོ།། དེ་རྗེས་སྟོང་སོགས་རང་བཞིན་གྱིས།། རྒྱལ་བའི་སྔགས་ཀྱིས་བྱིན་གྱིས་བརླབ།། དེ་ནས་ན་མཁའ་བསྒོམ་བྱ་བྱ།། ཧྲཱིཿདམར་པོ་ལས་འདམ་སྐྱེས་སོ།། ཡང་ནི ་དེ་སྟེང་བསྒོམ་བྱ་བ།། ཟླ་བ་ཉི་མ་མེ་དེར་བལྟ།། དེ་དཀྱིལ་ཡང་ནི་བསྒོམ་བྱ་བ།། བི་ཡིག་སྣ་ཚོགས་མདོག་ལྟ་བུ།། དེ་ནས་བྲི་སྐྱེས་བལྟ་བྱི་བ།། གྲི་གུག་བཾ་གྱིས་བརྒྱན་པའོ།། གྲི་གུ་ཡོངས་གྱུར་བསྒོམ་བྱ་བ།། སྤྲོས་ལས་བདག་ཉིད་རྣལ་འབྱོར། ་ནི།། རྡོ་རྗེ་ཡི་ནརྀ་རྣལ་འབྱོར་མ།། གཟུགས་གསུམ་ཁ་དོག་གསུམ་ལྡན་པ།། ལྗང་གུ་དམར་སེར་སེར་མོ་ནཱི།། གྲི་གུག་ཐོད་པ་འཛིན་པའོ།། དབུ་སྐྲ་གྲོལ་ཞིང་གཅེར་བུ་ལ།། དམར་ཞིང་ཟླུམ་པའི་སྤྱན་གསུམ་པ།། ལང་ཚོ་གཞོན་ནུ་ཡང་དག་ལྡན ་ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན།། ཞལ་གཅིག་ཕྱག་གཉིས་མཛེས་མ་སྟེ།། མི་བཟད་དྲག་ཏུ་བཞད་ཅིང་དཔའ།། བདེ་བའི་ཞབས་གཡས་བརྐྱང་མི་བཟང་།། མགོ་བོའི་ཕྲེང་བ་རབ་ཏུ་སྦྱངས།། རྡོ་རྗེ་གྲི་གུག་གིས་བདག་དབུ།། བཅང་ནས ་སྐུ་སྟེང་སྦྱངས་པའོ།། གཡས་པ་རྡོ་རྗེ་གྲི་གུག་དང་།། གཡོན་པས་སྐྲ་ཕྱེད་ཀྱིས་གཡོགས་པ།། དབུ་ཡི་སྟེང་དུ་ཐོད་པ་དང་།། དབུ་སྐྲ་ཕྱེད་བཟུང་འོག་བལྟས་ཞལ།། ཁ་ཊྭཱཾ་ག་འཛིན་སྲེར་མོ་དང་།། གུར་གུམ་དམར་པོ་མཉམ་པར་ལྡན།། ་དུས་མཚན་མ་ནཱི་མཉམ་པར་མནན། རྣལ་འབྱོར་པ་ཡིས་རྟག་བསྒོམ་བྱ།། ལམ་གསུམ་ནས་ནི་ཁྲག་འཛག་ཅིང་།། ཟླ་བ་ཉི་མ་ན་མཁའ་ལྟར།། གཡོན་དང་གཡས་དང་དེ་བཞིན་དབུས།། རྩ་གསུམ་ནས་ནི་བྱུང་ནས་ནི།། རྟག་ཏུ ་འབྱུང་བར་བསྒོམ་པར་བྱ།། ཨ་པ་དྷཱུ་ཏཱི་གྱེན་དུ་འགྲོ། གཡོན་དང་གཡོས་ཀྱི་རྩ་གཉིས་ཀྱང་།། དེ་ལྟར་མྱུར་དུ་བསྒོམ་པར་བྱ།། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས།། རྩ་གསུམ་གྱི་ནི་ངོ་བོར་གནས།། ཤེས་རབ་ངོ་བོ་ལ་ལ་ན།། ར་ས ་ནཱ་ནི་ཐབས་སུ་གནས།། དབུས་གནས་ཨུ་བ་དྷཱུ་ཏཱི་ནི།། བདེ་ཆེན་རྣམ་པའི་རང་བཞིན་ནོ།། དེ་དགྲ་ཐུན་མཚམས་གསུམ་དུ་བསྒོམ།། སྣ་ཚོགས་གཟུགས་ནི་རིན་ཆེན་བཞིན།། ཇི་ལྟར་སྔ་ཕྱི་རིམ་བཞིན་དུ།། དེ་ནས་སྔགས་བཏུ་བཤད ་པེར་བྱ།། སྔགས་པས་གཙང་མའི་ས་ཕྱོགས་སུ།། གནས་ཏེ་དེ་ནས་སྔགས་བརྗོད་ནས།། རིག་བྱེད་སྔོན་གསུམ་དང་པོར་བཞག། འདོད་པའི་སུམ་ཅུ་གཉིས་པ་བླང་།། ཉི་ཤུ་གསུམ་པ་དེ་བཞིན་དུ།། ཉི་ཤུ་བདུན་པ་མགོ ་སྟེངསུཾའོ།། ཡང་ནི་ཉི་ཤུ་གསུམ་པ་བཟུང་།། དབྱངས་ཡིག་ལྔ་པ་འོག་ཏུ་སྦྱར།། ཐ་རྒྱབ་ཡི་གེ་ཡང་དག་བླངས།། ང་རྒྱབ་འོག་ཏུ་སྦྱར་བར་བྱ།། དེ་རྗེས་བཅུ་གསུམ་པ་སྤྲིན་བྱ།། དབྱངས་ཡིག་གཉིས་པ་ཡང་དག་སྦྱར། ་དང་པོའི་ཡི་གེ་བླང་བྱས་ལ།། དབྱངས་ཡིག་གསུམ་པ་སྦྱར་བར་བྱ།། དེ་ནས་ཉི་ཤུ་པ་བྱིན་ལ།། དབྱངས་ཡིག་བཞི་པས་བརྒྱན་པར་བྱ།། དེ་ནས་ཉི་ཤུ་དྲུག་པ་བཟུང་།། བཅུ་གཅིག་པ་དང་ལྡན་པར་བྱ།། ཡང ་ནི་ཉི་ཤུ་གསུམ་པ་སྦྱར།། བརྒྱད་པ་ཡང་ནི་བླང་བྱས་ལ།། འོག་ཏུ་ཉི་ཤུ་བདུན་པ་སྦྱར།། སུམ་ཅུར་གཅིག་གིས་མ་ཚང་བ།། བཅོ་ལྔ་པ་ནི་བརྩེགས་པར་བྱའོ།། ཉི་ཤུ་བདུན་པ་མགོ་བོར་བཞག། ཡང་ནི་དྷ་རྒྱབ་སྦྱིན་བྱས་ལ།། བཞི ་པ་ཡིས་ནི་བརྒྱན་པོར་བྱ།། ར་ཡིག་འོག་མ་གཟུང་བྱས་ལ། བཅུ་གཅིག་པ་ཡིས་བརྒྱན་པར་བྱ།། ཡང་ནི་ཉི་ཤུ་གསུམ་པ་གཟུང་།། ཙ་ནས་བགྲངས་པོའི་གསུམ་པ་ལ།། འོག་ཏུ་ཉི་ཤུ་བདུན་པ་སྦྱར།། ཕ་རྒྱབ་ཡི་གེ་བླང་བྱས ་ལ། དབྱངས་ཡིག་བཅུ་གཉིས་པ་ཡིས་བརྒྱན།། པ་ནས་གྲངས་པའི་བདུན་པ་ལ།། བཅུ་གསུམ་པ་ཡིས་བརྒྱན་པར་བྱ།། དྲུག་པ་བཅུ་ཕྲག་གཉིས་པ་སྦྱིན།། སྒྱུ་མའི་ས་བོན་གྱིས་བརྒྱན་བྱ།། དེ་རྗེས་རླུང་གི་ས་བོན་སྦྱིན།། ་བཅུ་གཅིག་པ་དང་ལྡན་པར་བྱ།། སུམ་ཅུ་གསུམ་པ་ལན་གསུམ་བྱིན།། དབྱངས་ཡིག་དྲུག་པ་མཉམ་ལྡན་བྱ།། ནཱ་ད་ཐིག་ལེར་ཡང་དག་ལྡན།། ཕཊ་ནི་ལན་གསུམ་སྦྱོར་བར་བྱ།། སྭཱ་ཧཱ་དེ་ནས་སྨྱོན་པར་བྱ།། ཡང་དག་རྫོགས་པའི ་དངོས་གྲུབ་སྔགས།། མཁས་པས་གསང་བའི་གནས་སུ་ནི།། ནི་ར་སུ་ཕྲེང་ལ་བསྒོམ་པ།། སྤྲོ་དང་བསྔོ་བའི་རྣལ་འབྱོར་གྱིས།། སྔགས་མཆོག་ཡང་དག་བཟླ་བར་བྱ།། སྔགས་རྣམས་གསལ་བའི་རྣལ་འབྱོར་ནི།། ལས་ཇི་བཞིན ་དུ་སྦྱར་བར་བྱ།། ཁྱོད་མིན་སྐྱེས་པས་སྦྲུམ་པ་བཞིན།། འབད་པ་ཡིས་ནི་གསང་བར་བྱ།། སྦྱིན་མིན་གང་སུ་གང་ལ་ལར།། ཤིན་ཏུ་གསང་སྟེ་དེ་བཞིན་དུ།། ལེགས་པར་བརྟགས་ཏེ་སྦྱིན་པར་བྱ།། གུས་མེད་གཡོ་དང་ལྡན་ཞིང་གཏུམ།། ་སློབ་དཔོན་བླ་མ་གཞན་སློང་ལོ།། གཏོང་དང་མི་ལྡན་རྟོག་པ་ཆེ།། བརྟགས་ཏེ་སྦྱིན་པར་མི་བྱའོ།། བླ་མ་ལ་གུས་རྟོག་པ་མེད།། རྟག་ཏུ་ཆོས་ལ་དགའ་ཞིང་གཙང་།། དད་པས་ཡང་དག་གང་གྱུར་ཅིང་།། བཟོད་ལྡན་བློ་དང་ལྡན་པ་ལ།། ་སྒྲུབ་པའི་རྣལ་འབྱོར་ཆོས་གསུངས་པ།། སྔགས་བཏུ་བ་ནི་སྦྱིན་པར་བྱ།། རྣལ་འབྱོར་སྤྱོད་པའི་རྗེས་འབྲང་ཏེ།། དེ་ནས་མཆོད་པའི་ཆོ་ག་བཤད།། ཕྲེང་བ་གསུམ་གྱིས་བསྐོར་བ་ཡིས།། སུམ་འགྱུར་གྱིས་མཚན་མཚན་པ་སྟེ།། ཨེ་ཡི ་ལྟོ་བའི་དཀྱིལ་འཁོར་དུ།། ལེགས་པར་རྫོགས་ཤིང་གྲུབ་སྔགས་དགོད།། རྣལ་འབྱོར་པ་ཡིས་བརྟག་བསམས་པ།། ཁྱད་པར་དུ་ནི་མཆོད་པའི་དུས།། དཀར་ནག་དུས་ཀྱིས་ཚེས་བཅུ་དང་།། བརྒྱད་དམ་ཡང་ན་བཅུ་བཞི་ལ།། མཆོད་པ ་ལྔ་དང་ལྡན་པ་ཡིས།། ལག་གཡོན་གྱིས་ནི་མཆོད་པར་བྱ།། བཟའ་དང་སྟོན་མོ་དེ་བཞིན་དུ།། ཙཱན་དན་དམར་པོས་ལོགས་པ་བྱུག། གུར་གུམ་གྲཝ་པུར་ཨ་ཀ་རུས།། བསྒོས་པ་ཡིས་ནི་དམ་ཚིག་ཆུས།། ལེགས་པར་གསེར་སོ ་སྙིང་དག་ཏུ།། སིདྡྷི་ར་བཟང་ཕྱེ་མ་ནི།། རས་ཀྱི་ནང་དུ་བཏགས་ཏེ་དགྲམ།། གསེརི་ལས་བྱས་པའི་མྱུ་གུ་ཡིས།། མཁས་པ་ཡིས་ནི་ཆོས་འབྱུང་གིས།། དཀྱིལ་དུ་སྔགས་ཀྱི་རྒྱལ་པོ་ནི།། ཕྲེང་བ་གསུམ་ནི་ལེགས་པར་བྲི།། ་ཕྱི་རུ་མི་བཟའ་འཁོར་བ་ཡི།། ཁ་དོག་སྣ་ཚོགས་ཆེར་འབར་བའོ།། ཤིན་ཏུ་གསང་བས་དུས་གསུམ་དུ།། སྒྲ་བཤིག་བཅེར་བུར་བྱས་ནས་ནི།། སྔགས་པས་ནུ་བ་ཕྱོགས་ཁ་བལྟས་ཏེ།། རྩོལ་བས་བསཿ། ་གཏན་ལ་བརྟེན་ནས།། གྲོལ་བས་གྲུབ་པའི་དོན་གྱི་ཕྱིར།། འབད་པ་ཡིས་ནི་མཆོད་པར་བྱ།། དྲི་དང་སྤྲོས་ནི་དྲི་ཞིམ་སོགས།། དེ་བཞིན་ལྷ་བཤོས་རབ་དབྱེས་མཆོད་།། ཨཱ་ལི་ཕལ་གུ་ཕལ་དྲ་ནི།། ཁ་ཚེ་ཙན་དན་དམར་པོ་དང་། ་དྲི་ཞོམ་པ་ཡི་ཙན་ངན་དང་།། དེ་བཞིན་ཨ་ཤྲ་ཀའི་མེ་ཏོག། ཀུ་མུ་ཏ་ཀ་ན་བི་རཱ།། དེ་བཞིན་མེ་ཏོག་སྣ་ཚོགས་པ།། ཁ་དོག་ངན་དུ་ལ་འབྲས་བུ།། སྐུད་པ་མེ་ཏོག་རབ་དབྱེ་བས།། མཆོད་པར་བྱའོ་གནས་རིམ་བཞིན།། དྲི་ཞིམ ་སྤོས་དང་མེ་ཏོག་ཀྱང་།། དེ་ཚེ་ཇི་ལྟའི་རིམ་བཞིན་མཆོད་།། བཏུད་དེ་བསྟོད་པའི་དབྱེ་བ་དང་།། ཕྱག་འཚལ་ནས་ནི་བཟོད་པར་གསོལ།། དེར་ནི་དེ་བཞིན་རྣལ་འབྱོར་པས།། དེ་བཞིན་གཞོན་ནུ་མ་མོཉེས་བྱས།། རྣལ་འབྱོར་གྲུབ ་པའི་དོན་གྱི་ཕྱིར།། གཏོར་མའི་སྔགས་ནི་རབ་བརྗོད་བྱ།། ཨོཾ་ཨ་རལླི་ཧོཿཛཿཧཱུ~ཾ་བ~ཾ་ཧོཿབཛྲཱ་ཌཱ་ཀི་ནེ་ས་མ་ཡ་སྟྭཾ་དྲི་ཤྱ་ཧོ་ཞེས་པ་ལན་གསུམ་མམ། བཞི་འམ། ལྔའི་བར་དུ་བརྗོད་པར་བྱའོ།། རིམ་དང་རིམ་པ་མིན་པ་ཡིས། ་ཐོད་པ་རུ་ནི་སྦྱིན་པར་བྱ།། རྡོ་རྗེ་ཐལ་མོ་ཁ་གྱེ་ན་དུ།། ཕྱེ་མ་སྔགས་འདི་བརྗོད་པོར་བྱ།། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨ་ད་ཨ་བ་སྨཱ་རྀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལི་གྲྀཧྞ་མ་མ་ས་མ ་ཡ་རཀྵ་རཀྵཾ་དུ་ཡ་ཐེ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ་པི་བ་ཐ་མ་ཏི་ཀྲ་མ་ཐ་ཏི་ཀྲ་མ་ཐཱ་མ་མ་སརྦ་ཀརྟ་ཡ་སཏྶུ་ཁཾ་བི་བྲྀདྡྷ་ཡེ་ས་ཧ་ཡཱི་ཀཱ་བྷ་བཾ་ཏུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཚེས་བརྒྱད་དང་ནི་བཅུ་བཞི་ལ།། ཐུན་མཚམས་གསུམ་དུ་རབ་ཏུ་དབུལ།། བློ ་དམན་གྱུར་ཀྱང་སྒྲུབ་པའི་ཐབས།། སྡོམ་པ་རྒྱ་མཚོ་ལ་བཏུང་ནས།། དོན་སྒྲུབ་ཐབས་ནི་འདི་ཁོ་ནི།། བིརྦ་པ་ཡིས་འདི་བྱིས་ཏེ།། སྨྲེ་ཡིག་ལེགས་པར་མ་རྫོགས་ཀྱང་།། མཁའ་འགྲོ་རྣམས་བཟོད་པར་རིགས།། འདི ་ནི་རྣལ་འབྱོར་མའི་མན་ངག་གསང་བ་ལས་ཤིན་ཏུ་ཆེས་གསུང་བ་ཤིན་ཏུ་སྦ་བར་བྱའོ།། དབུ་བཅད་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བིརླབས་མཛད་པ་རྫོགས་སོ།། ་བལ་པོའི་པཎྜི་ཏ་བྷ་རེཉྫ་རུ་ཙེ་དང་། བོད་ཀྱི་ལོ་ཙ་བ་རྨ་ཆོས་འབར་གྱིས་བསྦྱོར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་