CLOSE WINDOW

GT264: rdo rje phag mo dbu bcad ma'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཚིནྡ་མུཎྱ་བཛྲ་བཱ་རཱ་ཧཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོ་དབུ་བཅང་མའི་སྒྲུབ་ཐབས། དཔལ་རྡོ་རྗེ་ཕག་མཽ་ཕྱག་འཚལ་ལོ།། རྣལ་འབྱོར་མ་ཡ~ཾ་འཁོར་ལོ་གཙོ།། འཇིག་རྟེན ་གསུམ་བརྒྱན་སེམས་ཅན་རྣམས།། ཀུན་གྱི་ཕན་འབྱུང་དཔལ་རྡོ་རྗེ།། རྣལ་འབྱོར་མ་ཁྱོད་ལ་ཕྱག་འཚལ།། སྔགས་པས་ཐ་རངས་ལངས་ཏེ། རྣལ་འབྱོར་མ་དང་མཐུན་པའི་སའི་ཆར་སྟན་བདེ་བ་ལ་འདུག་སྟེ།། ཇི་སྐད་བརྗོད་པའི ་ཕྱོགས་སུ་བལྟས་ནས། དང་པོར་རེ་ཞིག་སྔགས་པས་གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་དོན་དུ་ཨོཾ་ཨཱ་ཧཱུཾ་ཞེས་བརྗོད་དོ།། དེ་ནས་དམ་ཚིག་ཙོན་རང་གི་ལྟེ་བའི་དབུས་སུ་པདྨ་དཀར་པོ་རྣམ་པར་རྒྱས་པ་བསྒོམས་ཏེ། དེའི ་སྟེང་དུ་འོད་ཟེར་ལྷག་པ་དང་བཅས་པའི་ཉི་མའི་དཀྱིལ་འཁོར་བལྟའོ།། དེའི་སྟེང་དུ་ཨཱརྐའི་མེ་ཏོག་དང་འདྲ་བའི་ཡི་གེ་ཧྲཱིཿལས་ཡང་དག་པར་བྱུང་བའི་སྣ་ཚོགས་པདྨ་དང་ཉི་མོའི་དཀྱིལ་འཁོར་ལ་གནས་པའི་ཆོས་འབྱུང་རྣམ ་པར་བསྒོམས་ནས། དེར་ཡི་གེ་ཧཱུཾ། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་སེར་མོ་དཔལ་ངམ་རེ་བ་ཉིད་ཀྱི་ཕྱག་གི་གྲི་གུག་གིས་ཉིད་ཀྱི་དབུ་བཅང་ནས་ཕྱག་གཡོན་པས་སྟེང་དུ་འཛིན་ཅིང་། གྲི་གུག་དང ་བཅས་པའི་ཕྱག་འོག་ཏུ་བརྐྱང་བ་ལ་ཞབས་གཡས་བརྐྱང་བས་བཞུགས་པ། ཐོད་པས་དབུ་བརྒྱན་པོ། དབུ་སྐྲ་དང་ན་བཟའ་གྲོལ་བ། ཕྱག་རྒྱ་ལྔས་བཏབ་པའི་སྐུ་ཅན་གྱི་སངས་རྒྱས་མཁའ་འགྲོ་མ་དབུས་སུ་བསྒོམ་པར་བྱའོ།། ་དེ་ནས་དབུ་བཅད་པའི་མགྲིན་པའི་སྦུབས་ནས་གྱེན་དུ་འབབ་པའི་ཁྲག་གི་རྒྱུན་རང་གི་ཞལ་དུ་འཇུག་ཅིང་། དེ་བཞིན་དུ་ངོས་གཉིས་ན་གནས་པའི་རྣལ་འབྱོར་མ་གཉིས་པོའི་ཞལ་དུ་ཡང་འཇུག་པར་བསྒོམ་པར་བྱའོ་ནས ་གཡོན་ངོས་ན་བཞུགས་པའི་ལྷ་མོ་རྡོ་རྗེ་རབ་སྔགས་མ་མདོག་ལྗང་གུ་དང་དང་། གཡས་ཀྱི་ཆར་བཞུགས་པའི་ལྷ་མོ་རྡོ་རྗེ་རྣམ་པར་སྣང་མཛད་མ་མདོག་སེར་མོ་སྟེ་གཡོན་དུ་ནི་གཡོན་དང་གཡས་པས་གྲི་གུག་དང་ཐོད་པ། གཡས་སུ་ནི་གཡས ་དང་གཡོན་པས་གྲི་གུག་དང་ཐོད་པ་འཛིན་པ། གཡས་སུ་ནི་ཞབས་གཡས་བརྐྱང་བ། གཡོན་དུ་ནི་ཞབས་གཡོན་བརྐྱང་བ། དབུ་སྐྲ་དང་ན་བཟའ་གྲོལ་བ་བསྒོམ་པར་བྱའོ།། ངོས་གཉིས་ན་བཞུགས་པ་དབུས་དང་བཅས་པའི་རྣལ་འབྱོར ་མ་རྣམས་འགྱིང་ཞིང་འཇིགསུ་རུང་བ་བསྒོམ་པར་བྱ་སྟེ། འདི་ནི་བསྒོམ་པར་བྱ་བའི་གནས་ཡིན་ནོ།། དེ་ནས་མཆོད་པ་བརྗོད་པར་བྱ་སྟེ། མདུན་དུ་ཙན་ངན་དམར་པོ་ཡཽ།། ཆུ་ཡིས་མཱཎྜལ་བྱས་ནས་ནི།། དེར་ནི་ཉི་མའི་དཀྱིལ་འཁོར་ལ།། ་གནས་པའི་ཆོས་འབྱུང་བྲི་བར་བྱ།། དེ་ནས་དེར་ནི་ཧྲཱིཿཡིག་ལས།། སྐྱེས་གྱུར་སྔར་བ་མཚན་ཉིད་ཅན།། རྡོ་རྗེ་རྗེ་བཙུན་ལྷ་མོ་ནི།། རིམ་གྱིས་ཆོ་ག་བཞིན་དུ་མཆོད།། དེ་ལ་ཨོཾ་སརྦྦ་བུདྡྷ་ཌཱ་ཀཱ་ནཱི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས ་ཀྱིས་ཆོས་འབྱུང་གནས་ཀྱི་དཀྱིལ་དུ་མེ་ཏོག་དབུལ་བར་བྱའོ།། དེ་ནས་དེར་ཡོན་ཆབ་དང་མེ་ཏོག་དང་སྤོས་དང་དྲི་དང་མར་མེ་དང་ཀུན་ཏུ་བཟང་པོས་མཆོད་པར་བྱའོ།། དེ་ནས་དེ་བཞིན་དུ་གཡོན་ངོས་སུ་ཨོཾ་བཛྲ་ལཱིཎྜ་ནཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི ་སྔགས་སོ།། དེ་ནས་གཡས་ངོས་སུ་ཨོཾ་བཛྲ་བཱ་ར་ཙ་ནཱ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་སོ།། དེ་ནས་གཞན་ཡང་། ཨུ་དྷི་ལ་པཱལླཱི་ར་མ་ལ་གི་རི། ཀ་མ་ལ་ཁྱཱ་ཤྲི་ཧ་ཏ་ཞེས་པའི་སྔགས་ཀྱིས་བསྟོད་པས་མཆོད་པ་བྱའོ།། གཞན་ཡང ་དྷརྨཱ་སཾ་བྷོ་ག་ནིརྻ་ཎ་མ་ཧཱ་སུ་ཁ་ཀཱ་ཡ་ཞེས་པའི་སྔགས་བརྗེད་པར་བྱའོ།། དེ་ནས་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙཱ་ནཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་པའི་སྔགས་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་ཡོངས་སུ་བཟླས ་ན། བགེགས་ཐམས་ཅད་ཉེ་བར་བྱེད་དོ།། འབུམ་ཕྲག་གཉིས་བཟླས་པས་བུད་མེད་རྣམས་གཡོ་བར་བྱེད་དོ།། འབུམ་ཕྲག་གསུམ་བཟླས་ན་གྲོང་ཁྱེར་གཡོ་བར་བྱེད་དོ།། འབུམ་ཕྲག་བཞི་བཟླས་ན་རྒྱལ་པོ་གཡོ་བར་བྱེད་དོ།། འཛུམ ་ཕྲག་ལྔ་བཟླས་ན་ཇི་ལྟར་འདོད་པའི་དོན་སྒྲུབ་པར་བྱེད་དོ།། ཆུ་འགྲམ་མམ། དུར་ཁྲོད་དམ། ཤིང་གཎྜཱིག་གི་དྲུང་ངམ། ལྷ་གནས་སམ། མ་མོའི་ཁྱིམ་མ་མུ། གྲོང་མཚོམས་དེ་བཞིན་དུ་བསྒྲུབ་པར་བྱའོ།། ནམ་མཁའི་གོས་ཀྱི་རང་བཞིན་ཅན།། @ ་ཤིས་པའི་རྣལ་འབྱོར་པས།། ཇི་སྲིད་རྣམ་རྟོག་ཀུན་སྤངས་ཀྱི།། བར་དུ་ཐུབ་པས་གནས་པར་བྱ།། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་ཝ་ཎ་ནི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་པུཥྤཾ་དྷཱུ་པཾ་དཱི་པཾ་གནྡྷེ་བི་ལིཾ་གྲྀཧྞ་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ་སྭཱ་ཧཱ།། ཞེས་པས་གཏོར་མ་སྦྱིན་ནོ།། ལྷ་མེ་དཔལ་གྱི་བློ་གྲོས་མས་མཛད་པའི་སྒྲུབ་ཐབས་རྫོག་སོ།། ། བལ་པོའི་པཎྜི་ཏ་ཨཱ་ཙཨཱརྱ་བྷ་རེནྡྷ་རུ་ཙ་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ་