| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། ཨ་ཙན་དྷ་མཧཱ་མུཏྭཱ་ན་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྐྱེ་འགག་མེད ་བའི་ཆོས་ཉིད་འོད་གསལ་ནི།། སྨྲ་བསམ་བརྗིད་མེད་ཕྱག་རྒྱ་ཆེན་པོའི་ལམ།། ངོས་བཟུང་དང་བྲལ་ཡིད་ལ་མི་བྱེད་པ།། ཟབ་ཅིང་འདུས་མོ་བྱས་ལ་ཕྱག་འཚལ་ལྷོ།། ཨེ་མ་ཧོ།། རྡོ་རྗེ་དབྱེར་མེད་སྐྱོ་འཇིག་བྲལ།། ་དྲག་པོའི་ཁམས་གསུམ་འགྲོ་བ་འདུལ།། མུན་ཁུང་གཏེར་ལ་སྒྲོན་མེ་ལྟར།། མ་རིག་སྦུབས་ནི་རང་རིག་བསལོ།། ཆོས་ཀུན་རྩུ་བ་བྱང་ཆུབ་སེམས།། རང་བཞིན་གཉིསུ་མེད་པའི་ཕྱིར།། སེམས་ཉིད་རང་འབྱུང ་ཡེ་ཤེས་ཏེ།། མ་འདྲེས་ཡོངས་རྫོགས་རྒྱལ་བའི་ཐུགས།། དེ་ཉིད་ཇི་བཞིན་རྟོགས་གྱུར་ན།། སངས་རྒྱས་ཅེས་ནི་དེ་ལ་བྱ།། གདོད་ནས་གནས་པའི་དཀྱིལ་འཁོར་ལ།། གྲུབ་མེད་སྒྲོལ་པའི་དཀྱིལ་འཁོར་ཤར།། ་དེ་ལྟར་རྟོགས་པའི་རྣལ་འབྱོར་པ།། གང་ལ་ཁྱབ་པ་ལ་འབད་པ་མེད།། ཟག་མེད་རྣམ་གྲོལ་དང་དུ་དག། རྒྱལ་བའི་དགོངསོ་པ་འདི་ཁོ་ན།། དཀྱིལ་འཁོར་ལ་སོགས་འཕྲོ་འདུ་རྣམས།། ཆེད་དུ་མ་བྱས་དང་དུ་ཤར། ་འོད་གསལ་ཆུ་འོས་རྦ་རླབས་ཀྱིས།། ངོ་མཚར་རྣམ་འཕྲུལ་བསམ་མི་ཁྱབ།། དེ་ཕྱིར་ཆོས་རྣམས་སྣ་ཚོགས་ཀུན།། ཇི་བཞིན་མ་བཅོས་བཞིན་དུ་གནང་།། ཉོན་མོངས་ལྔ་སོགས་རང་བཞིན་རྣམས།། རྣམ ་གྲོལ་ཡེ་ཤེས་ཆེན་པོར་ཤར།། དེ་ཉིད་མངོན་གྱུར་བསྟན་པ་ནི།། མི་ཟད་བརྒྱན་གྱིས་འཁོར་ལོ་ཤྭར།། གཉིས་སྣང་རྣམ་པ་མི་སྣང་བའི།། འགྲོ་དོན་རང་བཞིན་ལྷུན་གྱིས་གྲུབ།། འདི་ལྟར ་སྣང་བའི་ཆོས་རྣམས་ཀུན།། དབྱིངསན་ཡེ་ཤེས་གཉིས་སུ་མེད།། འཁོར་བའི་རྣམ་རྟོག་སྣ་ཚོགས་ལས།། རྒྱལ་བའི་སྐུ་དང་ཡེ་ཤེས་འབྱུང་།། རང་བཞིན་མ་སྐྱེས་ཡུམ་གྱི་ཀློང་།། མ་འགས་ཤར་བ་ཡབ་ཀྱི ་མཁའ།། དེ་ལྟར་གཉིས་མེད་བདེ་བ་ནི།། རྣལ་འབྱོར་རིག་པའི་དགོངས་པ་ཡིན།། བྱ་བྱེད་རིག་པའི་བཅོལ་བ་རྣམས།། ཐབས་དང་ཤེས་རབ་གཉིས་སུ་མེད།། འཁོར་བའི་ཉོན་མོངས་དུག་གསུམ་འདི།། ལྷུན ་གྲུབ་མ་བཅོས་སྐུ་གསུང་ཐུགས།། འདུས་བྱས་ཕུང་པོའི་རང་བཞིན་ནི།། ཟག་མེད་རྣམ་པར་གྲོལ་བའི་ངང་།། སྣ་ཚོགས་སྣང་བའི་འཁོར་ལོ་ནི།། རང་བཞིན་སྤྱོད་པ་སྒྱུ་མའི་གྲོགས།། གསཔ་ཆེན་བླ་མེད་ཐེག་པ་ནི།། ་ཐབས་དང་ཤེས་རབ་ཕུལ་དུ་ཕྱིན།། སྣང་དང་མི་སྣང་གཉིས་སུ་མེད།། འཛིན་པ་བྲལ་བ་དེ་ཙམ་མོ།། ཇི་བཞིན་མ་བཅོས་སེམས་ཉིད་ལ།། མ་ཡེངས་བཅོས་བླང་མེད་པར་གནས།། དེས་ན་གསང་བའི་སྙིང་པོ་ནི།། ་ཚིག་གིས་བརྗོད་པའི་ཡུལ་ལོས་འདས།། རང་ལུས་དབེན་པའི་དགོན་པ་དེར།། ཕྱི་ནང་གསང་བའི་ཡོ་བྱད་འཛིན།། སེམས་ཉིད་རིན་ཆེན་ཟ་མ་ཏོག། ཆགས་བྲལ་ན་མཁའ་ལྟ་བུར་འཆར།། སྣང་བ་སྒྱུར་བྱེད ་རྣལ་འབྱོར་པ།། རང་བཞིན་མཛད་པ་སྣ་ཚོགས་ལ།། འཕྲུལ་དགའ་ལྟ་བུར་སྣང་བའི་ན།། དོན་དུ་མི་འགྱུར་ཡོངས་མི་བཟུང་།། བདག་ཉིད་ཆེན་པོ་རྒྱལ་བའི་སེམས།། རྟོག་པར་འདོད་པ་རྒོད་བྲོ་ཨང་།། ཁམས ་གསུམོ་ཡེ་ནས་རྒྱལ་བའི་སྐུ།། འཁོར་བ་མྱད་འདས་གཉིས་སུ་མེད།། དུས་གསུམ་རྒྱལ་བ་རང་གིས་སྣརུམས།། འབད་ཅིང་རྩོལ་བའི་གནད་དང་བྲལ།། བདེ་དང་སྡུག་བསྔལ་དབྱེར་མེད་ལ།། སྤོང་ལེན་མཚན་མ ་འདོད་པ་ཅི།། དེ་ཉིད་རབ་གསལ་འཛིན་པོ་མེད།། འཛིན་མེད་གྲུབ་མཐའ་ལྟ་བ་བྲལ།། སེམས་ཀྱིས་མེ་ལོང་དེ་གསལ་བ།། སྔགས་འཆང་དགོངས་པ་མཉམ་ཉིད་དོ།། རང་ལ་གནས་པ་གཞན་དུ་མིན།། ་རྒྱུན་ཏུ་གནས་པ་རྟིང་དཔག་དཀའ།། བརྩེལ་སྒྲུབ་བྲལ་བར་ཡོངས་ལ་ཁྱབ།། དངོས་སུ་མཐོང་བ་བླ་མའི་དྲིན།། མ་སྐྱེས་སྤྲོས་བྲལ་སེམས་ཉིད་གཞི།། ཁ་དོག་དབྱིབས་དང་གནས་རིག་བྲལ།། ཟབ་ཅིང་རྒྱ་ཆེ་གསལ ་བེར་ལྡན།། བརྟན་གཡོ་མ་ལུས་དེ་ལྟར་བྱོས།། འགྲོ་བ་འདི་ཀུནྡ་སངས་རྒྱས་ཏེ།། གསལ་བར་ཡོད་ཀྱང་རྟོན་པ་མེདོ།། སེམས་ཉིད་ནོར་བུ་རིན་ཆེན་དེ།། སྦུབས་ན་མཁའ་ལྡིང་ཕྲུག་གུ་འདྲ།། དམ་པ་མཉེས ་བྱེད་སྐྱེས་བུ་ཡིས།། བདེར་གཤེགས་དགོངས་པ་རྫོགས་པའི་དོན།། དུག་གསུམ་སྐུ་གསུང་ཐུགསུ་དག། དཔའ་བོ་སེང་གེ་བཞིན་དུ་རྒྱུ།། ཐེག་ཆེན་གསང་བའི་རྣལ་འབྱོར་གྱིས།། སྤྱོད་པའི་ཁྱད་པར ་སྤྱད་ཀྱང་།། ཚོགས་སྦྱར་ལེན་མེད་འཛིན་དང་བྲལ།། དཀྱིལ་འཁོར་ཆེན་པོའི་གསང་བར་ཞུགས།། སྐུ་གསུང་ཡོན་ཏན་འཕྲིན་ལས་ལ།། འོད་གསལ་ཡེ་ཤེས་སྙོམས་མཛད་པ།། ་དག་གཞན་གཉིས་ཀྱིས་འདོད་པ་སྟུག། ཐུགས་རྗེས་ཁམས་གསུམ་བསྒྲལ་ལ་བརྩོན།། རོལྔ་པའི་ཡེ་ཤེས་དགེས་པ་ལས།། ཐབས་ཆེན་ཟབ་མིའི་ཐེག་པ་སྤྲོ།། མི་ཟད་སྨྲ་བཟུང་དུ་འཇུག ་ཉམ་བྱེད་རྣལ་འགྱུ།། རྣམ་འབྱི་གྱི་དབང་ཕྱུག་ཏམ་པས་གཽ་ཚི་མ་ཚའི་རྒྱལ་བའི་ཁ་\ུ0f7fརྣལ་འབྱུང་བ་ས་གདམས་སོ།། བཞོན་པསམ་གྱི་སྣས ་ཁྱད་པ་ཞེས་བྱའོ།། ། སྟྲཱི། སྟུ་གོ་བ་ཚྭ་རཱ་གཅོད་ཡེ་ཤེས་ཆེན་པོའི་ཀློང་།། རབ་འབར་འཇིགས ་བྱེད་ཧེ་རུ་ཀ་ལོ་འདུད།། ཐབས་དང་ལྡན་པ་རྣལ་འབྱོར་ཆེན་པོའི་གཞུང་།། མ་ལུས་རྒྱལབའི་རྗེས་སུ་འཇུག་པར་བྱའོ།། སྣང་བའི་སེམས་ཅན་ཞི་བའི་མི་འདུལ་བ།། གཉེན་པོའི་ཚེར་གཅད་འཕྲིན་ལས་ཆེན ་པོའི་ལུགས།། བླ་མ་ལ་དམོད་བསྟན་ལ་སྡང་སོགས་ལ།། རང་བཞིན་གྲོལ་ཕྱིར་སྤྲུལ་པའི་སྦྱོར་བ་ཙམ།། མཉམ་ཉིད་རིག་པའི་རྣལ་འབྱོར་ཆོས་ཀུན་ནི།། རོ་གཙོག་ཞི་བའི་རྒྱུ་འབྲས་སྡུག་བསྔལ་གཅད། ་ཐབས་ལྡན་ལྕགས་ཀྱུའི་འཁོར་བའི་ཕུང་པོ་དགུག། ཐུགས་རྗེས་ལྕིང་མནན་ཤེས་རབ་མཚོན་གྱིས་བྲལ།། ཆུ་ཤིང་ཁ་ཕྱེ་མ་རིག་མུན་པ་གསལ།། ཨེ་ཤེས་འོད་ཀྱིས་འབྱུང་བ་རིམས་ཀྱིས་སྦྱངས།། དེ་སེམས ་གསལ་བར་ཉི་ཟླའི་གདན་སྟེངས་སུ།། ཨཱཿཧཱུཾ་སྦྱོར་བའི་འོད་ཀྱིས་སེམས་དཔའི་ཚུལ།། འོག་མིན་གནས་སུ་མ་ཡིས་རབ་ཏུ་བསྐུལ།། གཉིས་མེད་རྡོ་རྗེའི་སྲས་གྱུར་རྡོ་རྗེ་སེམས།། རིག་པའི་དབང་བསྐུར་གཞན་དོན ་མཛད་པ་ཅན།། ངོ་མཚར་སྒྱུ་མའི་དཔེ་བརྒྱད་རྣམས་ཀྱིས་སྲས།། ཕུང་པོ་ལ་སོགས་འབྱུང་བ་དབང་པོ་རྣམས།། མཆོད་པའི་སྤྲིན་ཕུང་བཞིན་དུ་ཁྱབ་པར་སྤྲོ།། ཨའི་རང་བཞིན་ཐོག་མཐའ་མེད་པའི་ནང་།། ཧ་ལ ་སྔོན་མཚོན་བྲིས་པའི་གཟུ་རྟོགས་ལ་ལྟ།། ཧཱུ~ཾ་ལྟར་ཕུར་བུའི་བཏགས་སྐུར་རྩད་ནུས་གཙང་།། མཉམ་དུ་སྦྱོར་བ་དེ་ཉིད་ངེས་པ་ཡིས།། ཕྱག་རྒྱའི་སྙིང་པོ་བདགེ་བོ་དགུ་འདས་པའི།། གོ་འཕངས་གཏེར་ཕྱེད་ཆགས་པའི ་སྡིག་པ་སྒྲོལྔ།། ཐབས་དང་ཤེས་རབ་འབྲེལ་པ་གསང་དེའི་ཐབས།། དཀའ་ཐུབ་ཚེགས་དང་བྲལ་བ་སྒྲུབ་པོའི་ལམ།། ཉི་ཟླའི་རྩེས་ཟིན་ཞོ་སྡང་བདེ་བར་ཐིམ།། ཉོན་མོངས་དྲན་རྟོག་ཤེས་རབ་སྣང་བ་གསལ། ་གྲིམས་པའི་སྦྱོར་བ་ལེགས་བཤད་རྟེན་པ་ཡིས།། རྟེན་མེད་འཛིན་པ་བྲལ་བ་ཡེ་ཤེས་སྨྲ།། མཉམ་པར་སྦྱོར་བའི་ཟག་མེད་བདེ་བ་ཆེ།། གཉིས་འཛིན་བུད་ཤིང་མེ་ལྟར་རེང་ཚིག་འགྱུར།། དེ་ལྟར་ཤེས་པའི་སྐྱེས ་བུ་འཛིན་པ་དང་།། འཕེལ་འགྲིབ་ཟག་པ་ཡོད་མེད་ལ་སོགས་པ།། འཆིང་གྲོལ་ཁྱད་པར་སྣ་ཚོགས་སྣང་བ་ཀུན།། སྒྱུ་མའི་སྦྱོར་བ་རྒྱལ་བའི་མཛད་པར་གནས།། སྦྱོར་བའི་བདུག་པ་མ་ལུས་བསྒྲལ ་བྱ་ཞིང་།། བསྐུལ་བའི་སྐྱེ་མེད་དབྱིངས་སུ་ངེས་པར་སྦྱོར།། དངོས་དང་དངོས་མེད་འཇིག་རྟེན་འཇིག་རྟེན་འདས།། སྤྱོད་ཡུལ་བྲལ་བའི་གསང་བའི་ལམོ་མཆོག་གོ།། གནོད་སྦྱིན་སྲིན་པོའི་མཐུ་རྩལ་ངན་སོང་ལམ།། ་གཉིས་འཛིན་ཞེན་པ་རང་རྒྱུད་འཁོར་བ་སྟེ།། དེ་ཉིད་མེད་པར་གྲོལ་བ་སྲིན་པོའི་ལམ།། ཡང་དག་དོན་ལ་གནས་པ་ལྟ་བུར་འགྱུར།། ཐམས་ཅད་རང་བྱུང་བྱང་ཆུབ་སེམས་ཡིན་པས།། འདི་ཉིད་མ་སྐྱེས་ཕྱོགས་རིས་ཆ་ཤེས ་བྲལ།། མ་དམིགས་མི་དམིགས་དམིགས་སུ་མེད་པ་ཡིས།། འཕྲིན་ལས་ཆེན་པོའི་མི་མཐུན་དྲི་མ་སེལ།། དགུག་དང་བཀུག་དང་འཐབ་དང་སྐར་བ་དུ་།། འདྲེན་དང་འཛིན་དང་འཁྱིམ་པར་བྱ་བ་སྟེ།། སྦྲང་དང་སྤེལ ་བའི་ལས་ལ་ལེགས་རྩམ་པའི།། རྒྱུན་ཆད་མེད་པའི་བདེ་བ་ཆེན་པོར་འགྱུར།། གསང་མཆིག་ཐིག་ལེ་དབྱིངས་ལ་རབ་ཏུ་རྫོགས།། ཕྱི་ནང་སྣོད་བཅུད་ཡེ་ཤེས་ཆེན་པོའི་སྐུ།། གང་གིས་དཔགོ་པར་མི་ནུས་བསམ་ལས ་འདས།། རང་བྱུང་མཐའ་དབུས་མེད་པ་སྙིང་པོས་གསང་།། དབང་པོ་དམན་དང་རྟོག་གེའི་ཡུལ་མིན་ཞིང་།། གང་དུ་འཆིང་བའི་ལོས་ལ་སྤྱོད་པའི་ཀྱང་།། དེ་ཉིད་གྲོལ་པོའི་མཆོག་སྟེར་རྒྱལ་སས་ལམ།། འཕྲོ་འདུ ་མེད་པའི་རྒྱལ་བའི་དཀྱིལ་འཁོར་ར།། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཏི་ལོ་བས། གྱད་ཀྱིས་ནར་བུའི་གྲོང་ཁྱེར་དུ་མཐུ་ནན་ལ་གདམས་པ། འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ།། རྩཝ ་ཨེ་མ་ཧོ།། སྲིད་པའི་རྩ་བ་བདེ་བ་ཆེ།། སེམས་ཅན་ཀུན་གྱི་རང་བཞིན་གཉིས་མེད་བདེ་བའི་ཚིམ་གྱུར་པ།། ལྷན་ཅིག་སྐྱེས་པའི་ངོ་བོར་གསལ།། ཐབས་ཆེན་གསང་བའི་དཀྱིལ་འཁོར་དག། རོལ་པ་བདེ་བའི་ཉམས་དང ་ལྡན།། འཕྲིན་ལས་མཛད་པའི་དགོངས་པ་ལས།། དུས་གསུམ་མཉམ་པའི་ཚུལ་དུ་བཞུགས།། ཐབས་ཀྱིས་བསྐུལ་བའི་ཤེས་རབ་ཆགས།། དེ་བཞིན་ཤེས་རབ་བདེ་ཞེན་སེལ།། གཉིས་མེད་རོལ་པའི་ཡེ་ཤེས ་ཀྱིས།། རྡོ་རྗེ་འཛིན་པ་ཉིད་དུ་འགྱུར།། རྡོ་རྗེ་འཆང་གིས་སྟོབས་ལྡན་པས།། འཁོར་ལོ་བཞི་དང་སྲོག་ཤིང་གསུམ།། མེ་རླུང་ཐབས་ལྡན་སྦྱོར་ཤེས་པའི།། ཡེ་ཤེས་ན་མཁའ་ལྟ་བུར་མཐོང་།། གང་དེ་ཐབས ་ལས་བྱུང་བ་ཡིས།། གནས་བཅུད་ཐིག་ལེ་མི་དམིགས་པའི།། བདེ་ཆེན་ཐིག་ལེའི་སྟོབས་ལས་བྱུང་།། སྤྱི་དང་རང་གི་མཚན་ཉིད་གསལ།། ཕུང་སོགས་འཇིག་རྟེན་རྟག་པ་ཀུན།། རང་སྣང་སྒྱུ་མར་སྣང་ཙམ ་ལས།། ཕྱི་ནང་བདེན་གཉིས་མཉམ་སྦྱོར་བས།། ཁ་འདྲེས་གཅིག་དང་དུ་མ་བྲལ།། བདེ་ཆེན་ཐིག་ལེ་རང་བྱུང་ལས།། མན་ངག་ལྡན་པའི་རྒྱས་བཏབ་པས།། མ་རིག་གཉིས་འཛིན་ལ་སེགས་དང་།། དམན ་པའི་ཐེག་པ་རིང་དུ་སྤང་།། འཛག་དང་འཕར་དང་འབར་བ་དང་།། འདར་དང་རྒྱུག་དང་སྒྲ་སོགས་དང་།། རང་བསལ་མངོན་ཤེས་འཆི་མེད་སོགས།། སྐྱེ་མེད་ན་མཁའི་རང་བཞིན་གསལ།། ་རྩ་དང་རྣམ་ཤེས་སྒྱུ་མ་ལས།། མི་དམིགས་བརྗོད་མེད་གང་གོམས་པ།། གྲངས་ལས་འདས་པའི་ཡེང་ཤེས་ཀྱང་།། མི་ཟད་བརྒྱན་གྱིས་འཁོར་ལོ་མཐོང་།། རང་བྱུང་བདེ་བ་ཐོག་མཐའ་མེད།། ངོ་བོ་ཉིད་ཀྱིས ་བདེན་མཐོང་ཞིང་།། ཐིག་ལེ་རང་ཤར་སྤྲུལ་པ་ཡིས།། མཛད་པའི་རྣམ་འཕྲུལ་བསམ་མི་ཁྱབ།། བདེ་ཆེན་ཐེག་པར་འགྲོ་བ་ཡིས།། བསྟན་པའི་རིམ་པ་མཐའ་ཡས་ཀྱང་།། སེམས་ཅན་བསམ་པ་ཛ་བཞིན་དུ། ་ཐིག་ལེ་ཆེན་པོའི་ངང་ལས་འབྱུང་།། དུག་གི་དུག་ནད་གསལ་བ་ལྟར།། འགྲོ་བ་ཆགས་པའི་འདུལ་བ་སྟེ།། སྐྱེས་བུ་ཐབས་ཀྱིས་བདོར་འཇུག་པ།། པདྨ་ལ་ནི་འདམ་བཞིན་ནོ།། སྐྱེད་པ་ཐབས་ཀྱིས་འོད་ཟེར ་གྱིས།། ཨ་ལས་ཅུང་ཟད་བདེ་བའི་རེག། རང་བྱུང་གསང་བའི་ལམ་དུ་བྲིལ།། རང་རང་འཁོར་ལོ་ཐིམ་པར་བྱེད།། མ་ལུས་བདེ་བར་ཤར་བ་ལས།། འཁོར་བའི་བག་ཆགས་མོ་ལུས་སྤངས།། ཐ་དད ་ལ་སོགས་ཆོས་མེད་དེ།། སྐྱེ་མེད་བདེ་བའི་སྙིང་པོར་གསལ།། འཆོལ་པ་སྤྲིན་གྱིས་དུམ་བུ་དང་།། ཉི་ཟླ་སྒྲོ་ཅན་མཁའ་ལ་འདུ།། དྲག་པོ་ཕོ་བྲང་སྒོ་ལས་བསྲུངས།། མགོ་མེད་རང་གིས་གནས་ནས ་འགྱིངས།། སྟོབས་ཀྱིས་གནས་པའི་གའུ་སྦྱོར།། ཟླ་བ་ན་མཁའི་དཀྱིལ་དུ་སྟིམ།། ཉི་མའི་བཀོད་པའི་ཆུ་གཡོ་ཞིང་།། སེང་གེ་འདུར་བའི་ལམ་འབྲང་གསལ།། འཕེན་དང་སྡུད་པར་བྱེད་པ་དང་།། གྱེན་དུ་འགྲོ་དང ་མཐུར་ལ་སྐུལ།། འཁོར་ལོ་བཞི་ལ་རྒྱས་ཐབས་པས།། བདེ་བ་ཆེན་པོ་ལྷུན་གྱིས་གྲུབ།། འཁོར་དང་མྱ་ངན་འདས་པ་རྣམས།། གདོད་ནས་གྲུབ་པར་གཉིས་སུ་མེད།། མ་ལུས་བདེ་བའི་གཟུགས་སུ་ཤར།། ་གསང་ཆེན་མི་ལྡོག་རིགས་སུ་ངེས།། འགྲོ་ལ་གས་ལམ་འདི་བསྟན་པས།། མེ་ཏོག་ལ་ནི་ཆུ་བཞིན་དུ།། ཤེས་རབ་གསུམ་ལ་གོམས་པ་ཡིས།། གསང་བ་གསུམ་ལ་སྤྱད་པར་བྱ།། ཐེབས་ཆེན་ལྡན་ལ ་མངོན་སུམ་སྟེ།། གཉིས་མེད་ཐིག་ལེ་འཕྲོ་འདུ་མེད།། མཉམ་པ་ཆེན་པོའི་མཆོག་གིས་དབྱིངས།། ཐབས་ཤེས་གཉིས་མེད་རྡོ་རྗེའི་ལུས།། ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི།། དཔག་མེད་ལོག་པར་འཁྱམ་པ ་རྣམས།། ཐབས་ཀྱིས་མ་སྐྱེས་པ་ལ་བཀོད།། འཆི་བ་མེད་པའི་ཆོས་སྐུར་ཐིམ།། བདེ་བ་ཆེན་པོའི་ཁྱབ་པའི་རོ།། ལུས་གནས་ལུས་ལས་མ་སྐྱེས་པའོ།། སངས་རྒྱས་ཀུན་དང་དབྱེར་མེད་པའི།། ཐམས་ཅད་ལྷོན་ཅིག ་སྐྱེས་པར་གསལ།། རྣལ་འབྱོར་གྱི་དབང་ཕྱུག་ཏཱི་ལོ་བས། སྒྱུ་མ་སྤྲུལ་པའི་གྲོང་ཁྱེར་དུ།། སྨད་འཚོང་མ་ལ་གདམས་པ། བསམ་གྱིས་མི་ཁྱབ་པ་བདེ་བ་ཆེན་པོ་ཞེས་བྱ་བ། སྒྲ། ་ཨོཾ་མཱ་ཧོ།། སངས་རྒྱས་རྣམས་ཀྱིས་གསང་བའི་གསུང་།། མཛད་པ་རྣམ་གྲལ་ཡེ་ཤེས་ཆེན་པོ་ལ།། དགེས་སྙམ་རོལ་པ་འཆོས་ཀྱི་ཕུང་པོ་རྣམས།། ཡང་འང་སཱ་རུ་ཐུབ་པས་བཀའ་སྩལ་ཏོ།། ་གསང་སྔགས་མདའ་ཚིག་འཐུན་པའི་བཀའ་ལུང་ཅན།། ཟབ་མོ་སྒྲ་སྒྲོགས་རྣམ་དགྲ་སྔགས་ཉིད་སྟེ།། ལུས་ཅན་གདུང་བ་སེལ་བ་བདེ་བའི་སྒྲ།། གྲགས་སྟོང་གཉིས་སུ་མེད་པ་ཟུང་འཇུག་དང་།། སྣང་བ་སྐུ་ལ་སྒྲ་ཚིག་སྣ ་ཚོགས་གསུང་།། དེ་ཉིད་དབྱེར་མེད་ངང་དུ་བསྡུས་པ་ཐུགས།། རྒྱལ་བའི་དཀྱིལ་འཁོར་ཐ་དད་མེད་པ་ཡིས།། ཨ་ཡི་དྲངས་པ་ཚངས་པ་དབྱིངས་ཀྱི་སྒྲ།། ངོ་བོ་སྐྱེ་མེད་བརྗོད་པའི་ཡུལ་ལིས་འདས།། བ་རོ་བཅུ ་དྲུག་རླུང་འབྱུང་དགའ་བ་ཡིན།། ཤེས་རབ་ཡུམ་ཆེན་ཁོང་ནས་འདོན་པའོ།། གསལ་བྱེད་འདྲེན་པའི་མི་འབྱུང་ཚིག་ཏུ་འབྲེལ།། ཐུབ་པའི་དགོངས་པ་ལྐོག་གྱུར་མཁྱེན་པ་གཉིས།། ཐུགས་རྗེས་སྤྲོ་ཕྱིར་གསལ ་བའི་ཚིག་ཏུ་རྒྱུས།། དོན་ཆེན་སྟོན་པ་གླུའི་ཚིག་ཡིན་ནོ།། ཕོ་ཡིས་དྲངས་ནས་མོའི་རྒྱུན་དང་ལྡན།། གཉིས་མེད་རོ་གཅིག་གསལ་བ་མཐོ་དང་དམའ།། སེམས་བྱུང་རྒྱུན་སྤྱོད་དང་དུ་གནས་པར་བྱེད།། ་དེའི་སྒྲ་དེ་འདྲེན་པ་གླུའི་བརྒྱན།། སྒྲ་ཡིས་ཡིད་མཚོ་ཚིག་གིས་དོན་ལ་སྦྱོར།། དགེས་པའི་རང་རྩལ་མི་མཐུན་ཕྱོགས་ལས་རྒྱལ།། གསང་སྔགས་བདེན་པའི་ངག་ཏུ་བྱིན་རློབས་པ།། མི་དམིགས་ཐུགས ་མཉམ་པའི་དབྱིངས་ལས་བྱུང་།། ཡེ་ཤེས་ཆེན་པོ་སྒྱུ་མ་རང་སྣང་བས།། ཟག་མེད་སྙན་པའི་ང་རོ་བསོད་ནམས་ཚོགས།། གསང་བའི་དབྱིངས་ལས་རབ་ཏུ་འབྲོས་གྱུར་པས།། དཀྱིལ་འཁོར་མཐའ་ཡས་རྣམས་ལ ་རོལ་པའི་དབུལ།། དབང་པོ་ཡོད་དུས་རིག་པས་ཆོ་གས་རྣམས་དང་།། འབྱུང་བ་ཤེས་རབ་བྱང་ཆུབ་རྡོ་རྗེ་སྟེ།། ལྷག་པའི་ཡེ་ཤེས་དེ་བཞིན་ཉིད་མཆོག་ལེ།། བསྐུལ་བ་མཉམ་པའི་མཉེས་པ་ཆེན་པོ་ཉིད།། ་དེ་ལྟར་གླུ་ཡིས་འཇིག་རྟེན་གདུང་སེལ་ཅིང་།། འཇིག་རྟེན་འདས་པ་མཉེས་པའི་མཆོད་པ་སྟེ།། དོན་དུ་ངེས་པ་ངག་གིས་རིག་བྱེད་ཅན།། མཁྱེན་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ།། སྡུག་བསྔལ ་བདེ་བར་སྦྱོར་བའི་མཐུ་སྟོབས་ཅན།། ཉོན་མོངས་རྣམ་གྲོལ་ཡེ་ཤེས་ཆེན་པོའི་ལམ།། ལམ་ལ་ཡེ་ཤེས་འབྱུང་བའི་འཛིན་པ་མེད།། ངེས་པར་སྦྱོར་བ་རྡོ་རྗེ་ཚིག་གི་གླུ།། རང་བཞིན་གཉིས་མེད་དགོངས་པ་མཐ ་ཡས་སྟོན།། དེའི་རྒྱུ་ཉིད་དོན་དམ་བློ་ལས་འདས།། འབྲས་བུ་རོལ་པ་དཀྱིལ་འཁོར་རྔམ་པའི་གདངས།། མི་དམིགས་ཐུགས་རྗེའི་རྩལ་དུ་རང་ཤར་རོ།། ཆོས་རྣམས་མ་ལུས་སེམས་སུ་འདུས་པ་སྟེ།། སེམས ་ལས་མི་རྟོགས་ཤེས་བྱ་གཞན་མེད་པའི།། སེམས་ཀྱིས་རང་བཞིན་ཡེ་ནས་རྒྱལ་བའི་ཐུགས།། འཕོ་འགྱུར་མེད་པ་འཕེལ་འགྲིབ་གོལ་ས་ཆོད།། རང་བྱུང་དགའ་བའི་འགྲོ་བའི་གདུང་བ་སིལ།། དངོས ་མ་རྩེར་ཕྱིན་མཁྱེན་པ་བསམ་མི་ཁྱབ།། སྐྱེ་དགུའི་བདག་པོ་ཚངས་པའི་རྩེ་མོའི་བར།། སྐྱོང་བའི་གླུ་མཁན་ཏཱི་ལོ་བ་ཡིན་ནོ།། ་ཀྱེ་ཧོ། ཡོན་ཏན་སྒྱུ་མ་ཡིན་པས་སྐྱོན་ལོ་དངོས་མ་གྲུབ།། གནས་ལ་ངེས་པ་མེད་པས་འཕོ་འགྱུར་ཉམ་མི་ང་།། སེམས་ལ་སྐྱེ་ཤི་མེད་དེ་འོད་གསལ་དང་།། དྲན་རིག་སྣ་ཚོགས་ཡེ་ཤེས་རོལ་པའི་རྩལ།། ་དེ་ལྟར་ཤེས་པས་སྤང་བླང་འཛིན་པ་མེད།། རིག་པའི་ངོ་བོ་ཉམས་ལས་མ་གཡོས་པར།། དུར་ཁྲོད་ཆེན་པོར་སྤྱོན་པའི་སྤྱོད་པ་གྱིས།། རྣལ་འབྱོར་རྣམས་ལ་ང་ཡིས་ལུང་བསྟན་ཏོ།། རྣལ་འབྱོར་གྱི་དབང ་ཕྱུག་ཏཱི་ལོ་བས། འདུས་པ་རིན་པོ་ཆེའི་ཚེང་འདུས་སུ། གླུ་མཁན་ལ་གདམས་པ། རོལ་མོ་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ།། ་སི་མ་རྣལ་འབྱོར་ནྡྲ་བིཀྵེ།། གཉིས་སུ་མེད་པའི་བདེ་བ་ནི།། བྱང་བྱུང་རྩོལ་བ་བྲལ་བ་སྟེ།། བསམ་གྱིས་མི་ཁྱབང་མཚར་ཆེ།། ཐབས་ཆེན་རྣམ་གཉིས་མ་བསྟན་པར།། དེ་ཉིད་རྟོགས་པ་མེད་པ་སྟེ། ་སེམས་ཉིད་ནོར་བུ་རིན་ཆེན་ལ།། འདོད་པ་མེད་པའི་ཚུལ་གྱིས་རྟོགས།། ཤེས་རབ་ལྷུན་གྱིས་གྲུབ་པ་ཡིས།། ཡེ་ཤེས་ཆེན་པོ་བསམ་མི་ཁྱབ།། གཉིས་མེད་ལམ་གྱིས་འཇུག་པ་དང་།། ཟུང་འཇུག ་ཆེན་པོ་རྒྱལ་བའི་ཐུགས།། སྒྲིབ་མེད་ཉི་མ་གསལ་བ་ཡིས།། དངོས་པོ་མ་ལུས་གསལ་བར་བྱེད།། དོན་དམ་ཡེ་ཤེས་ཆེན་པོ་ལས།། ཀུན་རྫོབ་རྒྱལ་བའི་དཀྱིལ་འཁོར་ཤར།། མཉམ་ཉིད་སེམས་ལ་གོམས ་པ་ནི། རྡོ་སྐྱེས་བུ་སེང་གེ་ལྟ་བུར་ཎཱི།། པདྨ་འདམ་གྱི་ཉེས་དང་བྲལ།། མི་དབང་མའི་ལྟོ་ན་གནས།། སེལ་མེད་ཤེས་པ་མ་བཅོས་པ།། གསང་བའི་དཀྱིལ་འཁོར་ཆེན་པོ་ཡིན།། གཉེན་པོའི་བཅོས་དང་དགག ་པ་མེད།། རང་ལུགས་ཡེ་ཤེས་ཆེན་པོར་གསལ།། མཉམ་པའི་གདེང་དང་ལྡན་པ་ཡིས།། དཔའ་བོ་མི་མཐུན་གཡུལ་ལས་རྒྱལ།། དེ་ལྟར་བརྟུལ་ཤུགས་སྤྱོད་པ་ཡིས།། རྣལ་འབྱོར་ཆེ་ལ་གནས་པར་བྱོས།། ་རྨ་བྱ་དུག་གིས་མཛེས་པ་ལྟར།། དཔའ་བོ་ཉོན་མོངས་བརྒྱན་དུ་འགྱུར།། རྒྱལ་བ་གཤེགས་ཤུལ་འཕྲིན་ལས་བཞི།། དེ་བཞིན་རྣལ་འབྱོར་པ་ཡིས་མཛོད།། འཛིན་མེད་ཡེ་ཤེས་ཆེན་པོའི་མེའི།། རྟོག་པའི ་བགོ་ཆགས་བསྲེད་པར་བྱེད།། སྒྲིབ་བྲལ་བྱང་ཆུབ་སེམས་ལ་ནི།། དྲི་མའི་ན་མོ་ཡང་གོས་པ་མེད།། རིན་ཐང་མེད་པས་ནོར་བུ་དེ།། བསོད་ནམས་ཕུན་ཚོགས་དག་ལ་མངའ།། ལྡན་མིན་སེམས་ཀྱི་གཏེར་མཛོད་དེ།། ་བླ་མའི་དྲིན་ཐོབ་རྣམས་ལོ་གསལ།། རིག་བྱེད་སེམས་ཀྱིས་རྣམ་པ་ནི།། མན་ངག་རིམ་པའི་ཐག་བཅད་དེ།། རང་བཞིན་དེ་ལྟར་ཡིད་ཆེས་པས།། རྣམ་པར་མི་རྟོག་དོན་དམ་མོ།། ཆོས་རྣམས་ན་མཁའ ་མཚོན་པ་སྟེ།། ངོ་བོ་སེམས་ཀྱིས་ཡུལ་ལས་འདས།། མིག་རྒྱུའི་རྒྱུ་ཡང་ན་མཁའ་ལ།། སྣ་ཚོགས་སྣང་བ་དེ་ལྟར་བྱོས།། ཐེག་མཆོག་ཡངས་པ་ཟབ་མོའི་ལམ།། དམིགས་མེད་སྤྲོས་པ་ཀུན ་ལས་འདས།། ཆོས་ཀྱིས་དབྱིངས་སུ་མཉམ་པ་ཡིས།། དེ་ཉིད་དོན་ཆེན་བློ་ལ་འཆར། མཛད་མེད་སེམས་ཀྱིས་ཡུལ་ལས་འདས།། རེ་དོགས་འཛིན་པ་མཐའ་ནས་སྤངས།། ཆོས་རྣམས་དུ་མ་རོ་གཅིག་ཕྱིར།། ་བསྒོམ་དང་མི་བསྒོམ་རྩོལ་པོ་བྲལ།། སེམས་ཉིད་ཡེ་ཤེ་ནས་སངས་རྒྱས་པས།། ཆོས་གཞན་ཉིད་དུ་སྒོམ་མི་དགོས།། ཡིན་པར་ཤེས་པས་བློ་ཐག་ཆོད།། དཔལ་ཐོབ་ཡོན་ཏན་དེ་རྩམ་མོ།། རྣམ་པར་རྟོག་དང་མི ་རྟོག་ཀྱང་།། རང་བཞིན་ཤེས་པས་སྤོང་མི་ཉམས།། ངོ་བོ་ཉིད་ཀྱིས་མ་སྐྱེས་པའི།། རྗེས་མེད་བྱ་ལོམ་བཅོས་སུ་མེད།། མི་མཐུན་གཉེན་པོར་དབྱེར་མེད་པ།། དེ་ཤེས་འབད་པས་བློ་དང་བྲལ།། མཉམ་བཞག ་ཆེན་པོའི་དགོངས་པ་སྟེ།། གང་ལ་དེ་ཡོད་རིག་པ་ཅན།། གཅེར་བུ་རཱལྔ་པའི་གཙུག་ཕུད་ཅན།། ལས་ཀྱིས་འཕངས་པའི་རྫུ་འཕྲུལ་གྱིས།། འཇིག་རྟེན་པཱ་ལས་མི་མདོར་ཞིང་།། དེ་ཉིད་ཡེ་ཤེས་མཐོང་བ་མེད།། ་ཀུན་གཞི་རྣམ་དག་དཀར་པོ་ལ།། སྣང་བ་སྣ་ཚོགས་རི་མོ་བཀྲ།། ཇི་སྲིད་ན་མཁའོ་མཐེའི་བར།། ཤེས་རབ་སྤྲུལ་པ་བསོམ་མི་ཁྱབ།། སྦྲུལ་ཙམ་ཉིད་ན་མ་ངེས་ཏེ།། མཉམ་ཉིད་རྒྱལ་པོའི་ངང་ལ་གནས།། ་དབང་སྒྱུར་ཡེ་ཤེས་ཆེན་པོ་སྟེ།། དེ་ཉིད་གཞན་མིན་དབང་པོ་ཉིད།། སྒྲ་ཚད་ལུང་གིས་མཚོན་ཚྭ་ཡང་།། སྐྱེ་མད་རང་བྱུང་དང་ནས་ཤར།། ཚངས་པ་དབང་ཕྱུག་ལ་སོགས་ཀྱང་།། ཡི་གེའི་ཤེས་པར་མ་མཐོང་།། ་ལྷུན་ཅིག་སྐྱེས་པའི་ཡེ་ཤིས་དེ།། རྩོལ་བའི་རིང་དུ་སོང་གྱུར་པས།། བརྩོལ་མེད་བླ་མའི་ཞལ་ནས་ནི།། ལེགས་རྙེད་རིང་ཐང་བྲལ་བ་ལྟོས།། རྣལ་འབྱོར་གྱི་དབང་ཕྱུག་ཏྲཻ་ལོ་པས། རྒྱལ་པོ་སེང་གྲགས་ས ་གིའི་སྒོ་དྲུང་དུ། མུ་སྟེགས་པ་ལ་གདམས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ།། ཨཱུ། ་ཨེ་མ་སངས་རྒྱུས་ཨོཾ་མ་ཆོས།། ཨེ་མཱ་གཏུམ་མོ་མཛད་པ་ལེགས།། ཨེ་མ་གསོད་པ་ཤིན་ཏུ་ཟབ།། ཨ་ཨ་སྡུག་བསྔལ་གནས་ནས་བསྒྲལ།། རྡོ་རྗེ་རིགས་ཀྱིས་དམ་ཚིག་སྟེ།། གསལ་ཞིང་དངས་པ ་ཐུགས་ཀྱིས་རིགས།། རྣོ་ཞིང་རྩུབ་པའི་འབིགས་པ་ཡང་།། གང་ལ་བསྣུན་པས་འཇོམས་པར་བྱེད།། མ་སྐྱེས་རྡོ་རྗེ་ཡེ་ཤེས་ཀྱང་།། རྣོ་ཞིང་འབུགས་པའི་རང་བཞིན་ཏེ།། གསད་ཅིང་འཕྲིན་ལས་དྲག་པོ ་ཡིས།། སྡུག་པ་མ་ལུས་ཞི་བར་མཛོད།། བརྩེ་ཞིང་མཁས་པས་རྣལ་འབྱོར་པས།། ཅི་ནུས་གསོད་པའི་སྦྱོར་བ་ཙམ།། ངན་སོང་གསུམ་དུ་བཀའ་སྩལ་དང་།། བསྒྲལ་བའི་གནས་ལྔར་གྲགས ་པ་དང་།། སྙིང་རྗེས་ཡུལ་ནི་རྣམ་པ་གཉིས།། ལས་དང་དགེ་བའི་བསྡུས་པའོ།། རང་བཞིན་ཡེ་ནས་རྣམ་དག་ཀྱང་།། མ་རྟོགས་ཉོན་མོངས་དབང་གིས་ན།། ཁམས་གསུམ ་སྡུག་བསྔལ་མྱོང་འགྱུར་ལ།། གསང་པ་མཐར་པའི་བྱ་ཕྱིར་རོ།། དེའི་རིག་པ་འོག་མིན་ནམ།། སངས་རྒྱས་ཞིང་ལས་མི་ལྡོག་པའི།། གནས་སུ་ངེས་པར་བྱས་ནས་ནི།། ཡོན་ཏན་ལྡན་པའི་གནས་སུའོ།། ་ཆོས་རྣམས་ཅི་ཡང་མིན་པ་ལ།། སྙིང་རྗེའི་གསད་པར་དམ་བཙས་ནས།། ཆོས་ཀུན་འཛིན་པའི་ཤེས་རབ་ཀྱིས།། ཇི་ལྟར་རྟོག་ཅིང་གོམས་པ་ལས།། ཡི་གོ་འབྲུ་སྣ་ཚོགས་འོད་ཟེར་གྱིས།། སྒྲིབ་པ་བྱང་ཞིང་གོ། ་འཕངས་བགོད།། སྔགས་དང་ཕྱག་རྒྱ་ལྡན་པ་ཡིས།། རྒྱལ་བའི་ཐུགས་རྗེས་གསད་པར་བྱས།། དེ་ཡིས་ཆོས་ཀུན་དོན་རིག་ཅིང་།། དེ་རྩལ་སྒྲིབ་པའི་བག་ཆགས་ཚམས།། ཤེས་རབ་ཏིང་འཛིན་ཁྱད་པར ་རྣམས།། སྐྱེ་འགྱུར་དགོས་པ་མཽད་ལས་གསད།། དེ་གསད་མཆོད་པའི་ཁྱད་པར་གྱིས།། རྡོ་རྗེ་མཁ་འགྲོ་ལ་སོགས་མཉེས།། དེ་འོག་སེམས་ཅན་དོན་བྱས་ཏེ།། སྡུག་བསྔལ་གནས་བསྒྲལ་བསོད་ནམས་ཚོགས།། ་རང་སེམས་ཁྱད་པར་དམ་ཚིག་ཉེ།། དབང་དོན་ཕུན་སུམ་ཚོགས་པའོ།། ངན་འགྲོ་རྣམས་ཀྱིས་སྒྲིབ་པ་སྤངས།། གསང་པ་བྱང་ཆུབ་ལམ་ལ་བཀོད།། གཞན་དོན་ལྷུན་གྱིས་གྲུབ་པའོ།། དེ་ལྟར་ཤེས་རབ ་ཆེན་པོ་ཡིས།། དངོས་འཛིན་རྡུལ་ཙམ་མ་དམིགས་ལ།། ཐབས་སུ་མ་གྱུར་གང་ཡང་མེད།། མཉམ་པར་ཤེས་ནས་ཅི་དགའ་གྱིས།། སྒྱུ་མ་ལྟ་བུའི་ཚུལ་ཤེས་ནས།། ཡོད་མེད་དམིགས་པ་ལ་འདས་པས།། ་ལྡེག་རྟོག་ཙམ་ལ་སྲོག་ཏུ་སྣང་།། སྲོག་ཀྱང་མེད་ལ་བཅད་བྱ་མེད།། སྲོག་ནི་དངོས་པོར་ལྟ་བ་དང་།། མཚན་མར་ཞེན་པ་རྣམས་ལ་སྣང་ངོ་།། དེ་ལྟར་མཚན་མ་བྲལ་བ་དང་།། སྙིང་རྗེས་བློ་ཅན་རྣམས་ལ ་མིན།། དེ་ལྟར་ཤེས་ལ་སྤོང་ལེན་ནམ།། འཇུག་དང་རྩོལ་བ་ལེན་མི་འགྱུར།། སྒྱུ་མ་ལྟ་བུའི་སྤྱོད་པ་ཡིས།། དེ་མ་རྟོགས་པའི་འགྲོ་རྣམས་ལ།། ངང་ལས་མ་གཡོས་སྙིང་རྗེ་ཡིས།། སྣ་ཚོགས་མཛད ་པ་སྟོན་པར་བྱེད།། གསོད་པའི་སྦྱོར་བ་གོམ་པ་ཡིས།། མ་ལུས་རྒྱལ་བས་སཾ་ལ་འགྲོ་ད།། གཏུམ་པོ་རང་གིས་གནས་ན་འགྱིང་།། དཔའ་བོས་གཡུལ་ལས་རྒྱལ་བར་བྱེད།། ནགས་ཀྱིས་མུན་པ་མེ་ཡིས ་བསྲེག། དུག་མཚོའི་གླིང་ལ་བདུད་རྩིས་མྱོས།། སྔོན་གྱིས་ཐུགས་དམ་ཆེན་པོ་ཡིས།། འཇིག་རྟེན་འགྲོ་བ་མ་ལུས་པ།། རྒྱལ་བའི་ཞིང་དུ་སྦྱོར་བའི་ནི།། གསོད་པའི་སྦྱོར་བ་ཤེས་པར་བྱོས།། གཞི་རྩ་བྲལ ་བའི་སྐད་ཅིག་ལ།། ཡང་དག་སྒྱུ་མའི་ཚུལ་དུ་སྣང་།། བདག་དང་གཞན་གྱིས་རང་བཞིན་རྣམས།། རྣམ་དག་དབྱིངསུ་ཚུལ་གཅིག། རྣལ་འབྱོར་གྱི་དབང་ཕྱུག་ཏཱི་ལོ་པས། རིགས་ངན་གཏུམ་པོའི་གྲོང་ཁྱེར་དུ། ་ཤན་པ་ལ་གདམས་པ། གསོད་པའི་སྦྱོར་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ།། མྦྷ། ་དཔལ་ལྡན་ཐུགས་ཀྱིས་གསང་བ་ནས།། རིན་ཆེན་སྒྲོན་གྱིས་འོད་ཟེར་གྱིས།། ལོག་ཏིག་མུན་པ་སིལ་མཛད་པ།། བློ་ཡིས་ལེགས་སྤྱད་གསད་པར་རིགས།། སྔོན་སྦྱངས་བསྐལ་པ་མང་པོ་ནས།། རྒྱལ་བ་མཉེས ་བྱེད་དགེ་བ་བསྲུན།། དོན་དམ་ངེས་པའི་རང་བཞིན་ནོ།། ཤེས་རབ་མཆོག་ལྡན་དེ་ལ་གསལ།། ཡེ་ཤེས་སྒྱུ་འདྲའི་རྒྱལ་བ་དང་།། ལོག་རྟོག་སྒྲ་འདྲའི་སེམས་ཅན་ཡོང།། སྒྱུ་མ་ཡིན་ཕྱིར་རང་བཞིན་མཉམ།། ་དེ་ལྟར་ཡོ་ཤེས་འགལ་བ་མེད།། ཤེས་རབ་ཆོས་སྐུར་ཚུལ་གཅིག་ཅིང་།། ཐབས་རྣམས་གཟུགས་སྐུ་ར་ཚུལ་གཅིག་པས།། དབྱེར་མེད་སྤྱད་དུ་མེད་པས་ན།། སེམས་ལོས་སངས་རྒྱས་ངེས་པར ་བྱ།། དེ་ལྟ་བས་ནུ་སྒྲུབ་བྱའི་ལམ་མེད་ཅིང་།། འབདེ་པ་བྱས་པའི་དོན་མེད་ཀྱི་ནུ་ཞིག། དཔེར་ན་དགྲ་མྱེད་སྐྱེས་བུ་ཞིག། རང་གིས་གྲིབཽ་མའི་འཇིགས་པ་ལྟར།། བཏགས་པའི་འཁྲུལ་འཁོར་ཅན་ལ་ནཱི། ་སྙིང་རྗེ་སྐྱེ་བར་ཅི་མི་རིགསོ།། སྙིང་རྗེ་སྒྱུ་མ་ལྟ་བུ་ཡིས།། ཐབས་ཀྱིས་སྤྱོད་པ་ཅིར་ཡང་སྟོན།། འཁོར་བ་སྤོང་བར་མི་བྱེད་ཅིང་།། ཐར་པ་འདོད་པ་མི་སྐྱེད་ཀྱང་།། རང་བཞིན་ཤེས་རབ་ཆེན་པོ་ཡིས།། ་རྒྱལ་བ་དགོངས་པ་དེ་ལྟར་བསྒོམ།། ཆོས་རྣམས་རང་བཞིན་ཤེས་པ་ཡིས།། རྣམ་དག་སེམས་ཀྱིས་དབྱིངས་ལ་རོལ།། ངོ་བོ་སྟོང་པའི་རྟགས་དང་བྲལ།། རང་བཞིན་བདེ་བའི་ཆད་པ་མེད།། མ་བཅོས་གདོད། ་ནས་རྣམ་པར་དག། དབྱེར་མེད་ཟུང་འཇུག་སྔགས་ཀྱི་ལམ།། གཉིས་མེད་སྤྲོས་དང་བྲལ་བའི་ཕྱིར།། མིང་ཙམ་དུ་ཡང་མི་དམིགསོ།། རྨི་ལམེ་སྐྱེས་བུའི་དུག་འཐུངས་ལྟར།། སྲིད་ལས་ཉོན་མོངས་དེ་ལྟར ་ཤེས།། དུག་གིས་སྡུག་བསྔལ་མི་ཟད་པ།། འཁོར་བའི་སྡུག་བསྔལ་དེ་ཙམ་མོ།། རྨི་ལམ་དུ་ཡང་ནད་གསལ་ལྟར།། ལམ་གྱིས་རིག་པ་དེ་བཞིན་ནོ།། དེ་ཉིད་རྒྱུ་འབྲས་མི་སླུ་བའི།། མ་རིག་གཉིད་ལོག ་རྣམས་ལ་ངེས།། འཁོར་བ་རྨི་ལམ་ལྟར་ཤེས་པས།། མི་འགྱུར་བདེ་ཐོབ་རློམ་སེམས་མེད།། མཚན་མའི་ལོག་རྟོག་བྲལ་བ་ན།། ཡེ་ཤེས་ཆེན་པོ་ཆོས་ཀྱི་སྐུ།། བསོད་ནམས་རྒྱལ་བའི་གཟུགས་སྐུ་ལ།། ་ཏཱིང་འཛིན་དཔེ་བྱད་དག་གིས་སྦྱང་།། རྣམ་སྨིན་ལུས་ལ་ཚུལ་བཞིན་དུ།། སྐུ་གསུམ་འབྱོར་པ་འབྲས་བུའི་མཆོག། རྣལ་འབྱོར་ཤེས་རབ་ཏིང་འཛིན་གྱིས།། སེམས་ཅན་ཐུབ་པའི་སྤྱོད་ཡུལ་སྤྱོད།། གནས ་མེད་དམིགས་པའི་རྡུལ་དང་བྲལ།། སེམས་ཅན་ཁམས་ལ་སྐྱོ་བ་མེད།། དེ་ལྟར་ཤེས་པའི་རྣལ་འབྱོར་ལ།། མི་བྱ་ཙི་ཡང་ཡོད་མ་ཡིན།། ལུས་ཀྱིས་བཅོས་པ་ལ་སོགས་མེད།། ན་མཁའི་རི་མོ་བཞིན ་དུ་ལྟ།། ཆོས་རྣམས་ཀུན་གྱིས་རྩ་བ་ནི།། སེམས་དང་སེམས་སྣང་ཙམ་དུ་འདུས།། སེམས་ཀྱིས་རླུང་བཞིན་བྱང་ཆུབ་ལ།། བྱང་ཆུབ་ཀྱང་ནི་སེམས་ཉིད་དོ།། དེ་ལྟར་སེམས་ཀྱིས་རང ་བཞིན་དེ།། ཉན་ཐོས་གང་ཟག་མེད་པར་ཤེས།། རང་རྒྱལ་གཟུགས་དོན་མེད་པར་ཤེས།། རྣལ་འབྱོར་སྤྱོད་པའི་གཟུང་འཛིན་མེད།། དབུ་མས་དོན་དོམ་བདེན་པ་ལ།། སྔགས་ཀྱིས་བདེན་པ་དབྱེར་མེད ་རྟོགས།། སྣང་བའི་བག་ཆགས་ཆེ་ཆུང་གིས།། ཐེག་པའི་དབྱེ་བ་བསམ་མི་ཁྱབ།། རྒྱུ་ལ་མ་རྟེན་འབྲས་བུ་ནི།། མེད་ཅེས་ཐུབ་པའི་མདོ་རུ་གསུངས།། རྒྱུ་མེད་འབྲས་བུ་དག་པ་ནི།། ཁྱོད་ཀྱིས་ཡུལ་མེད ་བདེན་པའི་བཀའ།། ཆོས་རྣམས་རྣམ་པར་སྒྲུབ་བྱེད་ཅིང་།། མཚན་ཉིད་ཙམ་དུ་དམིགས་པས་ན།། རིགས་པའི་གནོད་པ་ལ་སོགས་པ།། དངོས་པོར་ལྷ་རྣམས་ཕན་ཚུན་འགལ།། དེ་ལྟར་རྣམ་པར་སྤྱད་པ ་ཡིས།། ཕྱག་རྒྱ་ཆེན་པོའི་ཚུལ་ལ་ནི།། ཕྱོགས་ཙམ་རེག་པ་མ་ཡིན་པའི།། རྒྱ་མཚོ་ཆེན་པོ་འཇལ་དང་མཚུངས།། ཕྱི་ནང་སྣང་སྲིད་ཆོས་རྣམས་ཀུན།། རང་བཞིན་གཉིས་མེད་གདོད་ནས་དནི།། ་ལམ་གྱིས་བོ་ཅེས་ནས་སྒྲུབ་ཏུ་མེད།། རྩོལ་མདོ་སྤྱན་གྱིས་གྲུབ་པའོ།། གསེར་གྱིས་གླིང་ན་རྡོ་མེད་ལྟར།། ཕྱི་ནང་བསྡུས་པོའི་ཆོས་རྣམས་ལ།། སྐྱོན་ཞེས་མིང་ཡང་མ་གྲུབ་སྟེ།། ཐམས་ཅད་རོལ་པའི་བརྒྱན ་དུ་ཁྱེར།། རྣལ་འབྱོར་གྱི་དབང་ཕྱུག་ཏཱི་ལོ་པས། གྲོང་ཁྱེར་པདྨ་ཅན་དུ། རིག་བྱེད་མཁན་པོ་ལ་གདམས་པ། སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ།། སྠི། ་ཀྱེ་ཧོ།། བཞིན་བཟོངས་རྣལ་འབྱོར་བརྩིན་པའི་ང་ལ་ཉོན།། ལེགསོ་ལེགས་སོ་ཁྱོད་ཀྱིས་མཛད་པ་ལེགས།། ཐེག་པའི་ཚུལ་ཆེན་ཐུབ་པའི་གསུང་རབ་རྣམསོ།། སྒྱུ་མ་ལྟ་བུར་རྒྱལ་བའི་རབ་ཏུ་གསུངས།། ཆོས་རྣམས་ཐམས ་ཅད་སྒྱུ་མ་མིག་རྒྱུ་དང་།། རྨི་ལམོ་གཟུགས་བརྙན་སྤྲུལ་པ་ལྟ་བུ་རུ།། ལེགས་པར་ཤེས་ན་ཉོན་མོངས་སྤང་དུ་མེད།། རང་གྲོལ་ཡེ་ཤེས་ཐུབ་པའི་དགོངས་པའོ།། ཁྱོད་ཀྱིས་རྡེའུ་ཤིང་བུ་ལ་སོགས་ལ།། སྦྱོར་བ་གོམས ་པ་སྔགས་ཀྱིས་བསྣུན་པ་ན།། སྐྱེས་པ་བུད་མཱཾ་ད་རྟ་དང་གླང་པོ་སོགས།། གཟུགས་བརྙན་སྣ་ཚོགས་སྣང་བ་འབྱུང་བ་ན།། དང་པོ་གང་ནས་ཀྱང་ནི་མ་བྱུང་ལ།། སྣང་བའི་ཚེ་ནི་སྒྱུ་མ་ཡིན་པའི་ཕྱིར།། མཚན་མ་གང ་ཡང་ཡོད་མིན་སྒྱུ་མ་བསྡུས་པ་ན།། འགག་ཅིང་མི་སྣང་གྱུར་ཚེ་གང་དུའང་སོང་བ་མེད།། བསྡུས་ཚེ་མི་སྣང་གྱུར་ཀྱང་སྐད་ཅིག་རྒྱུན་མ་ཆད།། དེ་ལྟར་སྣང་དང་མི་སྣང་གཉིས་ཀུ་མཚན་ཉིད་མེད།། གློཅིག་ཉིད་ཡིན་ཕྱིར ་ཇི་སྲིད་རྐྱེན་ཉིད་སོ་དང་།། ཉེ་བར་གནས་པར་སྣང་ཙམ་མཚན་ཉིད་རྫོགས།། དེ་བཞིན་མིག་རྒྱུ་ཞེས་བྱའི་མཚན་ཉིད་ཀྱང་།། ས་ཕྱོགས་ཚེ་སྒོ་ཙན་ལི་ཉེ་བར་གནས།། ཉི་མའི་གདུངས་དང་སེར་བུའི་འཇོལ་ཕྱོགས་འབབ།། ་རྒྱང་ནས་ལྟས་པས་ཆུ་ཀླུང་གང་བར་མཐོང་།། དེ་ཉིད་བྱུང་ཡང་སྣང་བ་འགགས་པའི་ཡང་།། སྣང་དང་མི་སྣང་དབྱེར་མེད་མཚན་ཉིད་འདས།། རྨི་ལམ་ཞེས་བྱ་སྐྱེས་བུ་གཉིད་ལོག་པའི།། གཉིད ་ནང་ཀུན་དགའ་ར་བ་སྐྱེད་མོས་ཚལ།། ལོངས་སྤྱོད་སྣ་ཚོགས་དམིགས་ཅིང་སྣང་གྱུར་ཀྱང་།། བཙོན་ར་ཁྲི་མོན་སྡུག་བསྔལ་སྣ་ཚོགས་སྣང་།། སྐྱེ་དང་གནས་དང་འགགས་པར་གྱུར་པའི་ཚེ།། དོན་གྱིས་ཆ་གཞན་གྲུབ ་པར་བྱས་པ་མེད།། གཟུགས་བརྙན་ཞེས་བྱ་མོ་ལོང་དག་པ་ལ།། སྣ་ཚོགས་གཟུགས་སུ་སྣང་བར་གྱུར་པ་དང་།། སྐྱེ་འགག་ལ་སོགས་རྣམ་བཞག་གཞན་མེད་པས།། སྣང་དང་མི་སྣང་དབྱེར་མེད་མཚན་ཉིད་ཅིག། ་སྤྲུལ་པ་ཞེས་བྱ་ཡེ་ཤེས་ཏིང་འཛིན་ནམ།། རིག་སྔགས་གྲུབ་པའི་མཐུ་ལས་བྱུང་གྱུར་པ།། མེ་ཏོག་ཁ་དོག་དབྱེ་བའི་རྣམ་པ་ཡིས།། དེ་བཞིན་གཤེགས་པ་ལ་སོགས་སྣང་བར་འགྱུར།། དེ་བཞིན་ཕྱི་ནང་དངོས ་པོ་སྣ་ཚོགས་སྣང་བ་དག། ཇི་སྲིད་བཟུང་དང་འཛིན་པའི་རྣམ་པར་རྟོག་པ་ཡིས།། བག་ཆགས་དབང་གིས་ཉེ་བོར་གནས་པ་དེ་སྲིད་དུ།། དངོས་པོ་སྣ་ཚོགས་སྣང་བ་འབྱུང་བར་གྱུར་པ་རྣམ།། དངོས་པོ་བྱུང་ཚེ ་གང་ནས་མ་བྱུང་ལ།། སྣང་ཙོམ་ཉིད་ན་བག་ཆགས་དབང་གིས་སྣང་།། གཟུང་འཛིན་གཉིས་ཀྱིས་བག་ཆགས་ཟད་པས་ན།། མོ་སྣང་གྱུར་ཚེ་གང་དུའང་སོང་བ་མེད།། ཁྱོད་ཀྱིས་སྒྱུ་མ་སེམས་དང་སེམས་བྱུང ་དང་།། ཚོར་བ་འདུ་ཤེས་ཉེ་བར་མི་སྤྱོད་ཅིང་།། འགྲོ་བའི་ཕུང་པོ་སེམས་དང་སེམས་བྱུང་དང་།། ཚོར་དང་འདུ་ཤེས་ཉེ་བར་སྤྱོད་པ་ཅན།། མགོ་མི་མཚུངས་ཞེས་ཡིད་གཉིས་བྱེད་གྱུར་ན།། མཚུངས་པར་སྦྱར་བའི་སྒྱུ་མ་ལ ་སོགས་པ།། དྲང་སྲོང་དག་ལ་བྷ་ལེ་བཅོལ་བའམ།། བཟང་པོའི་སྒྱུ་མའི་ཐུབ་ལ་གདུགས་ཚོད་ཕུལ།། ཚོགས་གཉིས་རྫོགས་པ་སྒྱུ་མའི་སྣང་བ་ཡིས།། བྱེ་བྲག་གྱུར་པོ་མེད་དེ་མགོ་མཉམ་མོ།། མིག་རྒྱུ་དག ་ཀྱང་ཉམས་ཀྱིས་འདུ་འཕྲོ་ཡིས།། ལམ་གྱི་བྱ་བ་བྱེད་དང་མགོ་མཉམ་མོ།། རྨི་ལམ་དག་ལ་ལྷའི་ལུང་བསྟན་ནས།། མ་འོངས་དངོས་པོ་སྟོན་ཏེ་བྱེ་བྲག་མེད།། གཟུགས་བརྙན་ཀྲ་ཡིས་སྔགས་ལས་གྲུབ་པ་ཡཱི།། ་ལྐོག་གྱུར་རྐུན་མོའི་གཟུགས་མཐོང་ཐ་དད་མདོ།། སྤྲུལ་པ་འགྲོ་བའི་དོན་དུ་རྒྱལ་བའི་སྦྲུལ།། བསྐུལ་པར་གནས་ཏེ་མཛད་པ་སྒྲུབ་པ་མེད།། ལོ་ཟླ་སྐད་ཅིག་སྣ་ཚོགས་སྣང་བ་ཡང་།། སྤྲུལ་པར་རྟོགས་ཏེ་བྱེ་བྲག་མཚུངས ་པའོ།། དེ་ལྟར་སྒྱུ་མ་འདྲ་བའི་དངོས་པོ་ཀུན།། འབྱིན་དང་སྡུད་དང་འཕེལ་བར་བྱེད་པ་ཡིས།། དེ་ལྟར་དེ་ལ་སྡིག་པའི་ཡོང་མི་གོས།། བསོད་ནམས་དག་ཀྱང་དེ་བཞིན་ཤེས་པར་བྱ།། གང་ལ་སྡིག་དང་བསྟོད་ནམས ་གཉིས་མེད་པ།། དེ་ལྟར་གྱུར་ལ་བྱང་ཆུབ་བར་དུ་གསུངས།། ཆུ་ཡིས་གནོད་པ་གཟིངས་ཀྱིས་ཕན་པ་བསྒྲུབ།། ཆུ་མེད་གྱུར་ཚེ་གཟིངས་ཀྱི་དགོས་པ་མེད།། དེ་བཞིན་གོནས་ངན་ལེན་གྱིས་གནོད་ཀྱིས་བར།། ་སྒྱུ་མར་ཤེས་པ་གང་ལ་ཡོད་པ་ཕན།། གནས་ངན་ལེན་གྱིས་གནོད་པ་བྲལ་བ་ན།། བསོད་ནམས་སྒྱུ་མ་ལྟ་བུར་དགོས་པ་མེད།། སེམས་ཅན་སངས་རྒྱས་རང་བཞིན་མཉམ་པ་སྟེ།། ་ཆོས་རྣམས་ཐམས་ཅད་ངོ་བོ་པོ་ཉིད་ཀྱིས་སྟོང་།། རང་བཞིན་འོད་གསལ་གདོད་ནས་འདུས་མ་བྱས།། སྐྱེ་མའི་གོས་མིན་ཡེ་ནས་སངས་རྒྱསོ།། དེ་ལྟར་ཤེས་ནས་བདག་གཞན་དབྱེར་མེད་པ།། ཕུང་སོགས ་སྒྱུ་མ་ཙམ་དུ་སྣང་བ་ཡིས།། དེ་བཞིན་གཤེགས་པར་ཤེས་པས་བློ་ལྡན་ནོ།། ལམ་གྱིས་མ་པོ་ཚིག་ཏུ་རྒྱལ་བའི་རབ་ཏུ་གསུངས།། དེ་ལྟར་ཁྱེད་ཀྱིས་བྱ་བ་ཆོས་མཚོན་དཔེ།། བདེན་པའི་སྟོང་པའི་ཆོས ་ཉིད་གང་ཡིན་དེ།། ངེས་པས་དོན་དུ་ཡང་དག་སྟོང་པར་རྟོགས།། ཆོས་ཀྱི་དབྱིངས་ཡིན་རྣམ་པར་དག་པའི་ངང་།། འགྲོ་བ་སྒྱུ་མའི་ལམ་ཡང་དེར་ཤེས་ནས།། ཡེ་ཤེས་སྒྱུ་མ་ལྟ་བུའི་དོན་བྱེད་ཤོག ་རྣལ་འབྱོར་གྱི་དབང་ཕྱུག་ཏི་ལོ་པས། གྲོང་ཁྱེར་གྲགས་པ་སྐྱོང་དུ། སྒྱུ་མ་མཁོན་ལ་གདམས་པ། དངོས་པོ་བསམ་གྱིས་མི་ཙོ་ཁྱབ་པ་ཞེས་བྱ་བ་རྫོགས་སོ།། ་