| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། དྷརྨ་ཥ་ཊ་བཛྲ་ཡོ་ག་ཋ་ནཱ་མ། བོད་སྐད་དུ། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ། དཔལ་ཟུང་འཇུག་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། གང་ཞིག་བརྗོད ་བྲལ་ལྷུན་གྲུབ་འདུས་མ་བྱས།། ཁ་སྦྱར་བདེ་ཆེན་ལོངས་སྐུ་གང་འདུལ་ཤར།། སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་དཔུང་གིས།། ཐེག་ཚོན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས།། དབང་བཞིས་སྨོན་བྱས་དང་དང་བརྩོན་འགྲུས་ལྡན། ་མི་རྟག་སྐྱོ་ཤས་ཉེས་དམིགས་སྟོན་འགྲོ་བས།། ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན།། ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར།། ཐབས་ལམ་བདེ་དྲོད་རང་འབར།། སྒྱུ་ལུས་ཆགས་སྡང་རང་གྲོལ།། ་རྨི་ལམ་ཉིད་འཁྲུལ་རང་དག། འོད་གསལ་གཏི་མུག་རང་སངས།། འཕོ་བ་མསྒོམས་སངས་རྒྱས།། བར་དོ་ལོངས་སྤྱོད་རྫོགས་སྐུ།། རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི།། ཨ་ཧཾ་འབར་འཇིག་སྐད་ཅིག ་དགའ་བཞིས་བརྒྱུན།། ཤེས་རབ་ཁ་ག་མུ་ཁེའི་སྙོམས་འཇུག་གིས།། ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ནོ།། བཅུད་བསྡུས་དག་བྱེད་སྟོང་འའི་གནང་གསུམ་དང་།། དྲོད་མྱུར་གཏུམ་མོའི་ཆོས་དྲུག་རིམ ་བཞིན་ཏེ།། རི་བོང་དབབ་བཟུང་ཟློག་དགྲམ་རླུང་དང་བསྲེ།། ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱའོ།། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིངས་པ། སྲིད་པའི་དབང་ཞུ་བ། གགས་རང ་གྲོལ་དང་རླུང་རྟར་ཞོན་པའོ།། སྒྱུ་ལུས་བདེན་མེད་དབང་པོ་རབ་འབྲིང་གསུམ།། འབྲལ་མེད་མོ་གུས་རང་ལུས་ཅིར་སྣང་ཀུན།། སྣང་སྟོང་བདེན་བྲལ་ལྷ་སྐུའི་ལམ་ཁྱེར་བྱ།། ཆགས་སྡང་རང ་གྲོལ་བཅུ་བཞིའི་ས་ཐོབ་འགྱུར།། དབང་པོ་རབ་གྲོགས་སུ་བླ་མ་དམ་པ་བརྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ།། ཐ་མ་མལ་ཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ།། གོང་གིས་བསམ་པ་ཐམས ་ཅད་ཡོངས་སྤངས་ནས།། རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ།། ཉིང་འཁྲུལ་ཡང་དག་སྒྱུ་མ་ལམ་རིམ་གྱི།། ཡོན་ཏན་ཉིན་མཚན་དུས་སུ་རང་ཤར་འབྱུང་།། རྨི་ལ་མོ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་པ ་བསྒྱུར་བ། ཡུལ་སྣང་ངོ་།། འཁྲུལ་འབྱམས། བདེ་འབྱམས། སྟོང་འབྱམས་རྣམས།། ཨོཾ་མོས་གུས་ཚེགས་གར་སེལ་བརྒྱན་པར་བྱ།། འོད་གསལ་འཆར་བྱེད་བླ་མའི་མོས་གུས་དོང་།། བདེ་ཆེན་ཟག་བཅས ་ཟ་ག་མེད་ལྟ་སྟངས་ཀྱིས།། བདེ་གསལ་མི་རྟོག་དབྱེར་མེད་རོང་ཤར་འབྱུང་།། སྦྱོར་དངོས་རྗེས་གསུམ་དུས་གནད་བརྒྱན་པར་བྱ།། འོད་གསོལ་བཟུང་བ། ལམ་ཁྱེར་ནི། བསྲེ་བ། མཐར་ཐུག་གོ། འོད་གསལ་མངོན ་གྱུར་དམ་པ་ཉམས་མྱོང་ཅན།། འཆར་སྒོ་གེགས་སེལ་བོགས་འདོན་བརྒྱན་པོར་བྱ།། འཕོ་བྱ་འཕོ་བྱེད་བྲལ་བ་ཡང་ར་བོ་སྟེ།། འབྲིང་དང་ཐ་མས་ཆགས་སྡོང་སྤང་བྱས་ནས།། དགའ་ཞིང་མོས་གུས་དམིགས་པ ་རྩེ་གཅིག་གིས།། གྱེན་དུ་འཕང་ཞིང་སྨོན་ལམ་བརྒྱན་པར་བྱ།། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བའོ།། དུས ་གནང་ལུས་གནད་རྫས་དང་ངག་གནད་ལ།། སྦྱངས་ཤིང་བརྟན་པས་འཕོ་བ་མཆོག་ཡིན་ནོ།། བར་དོ་སྣང་སོགས་འོད་གསལ་ཆོས་སྐུ་དང་།། གང་འདུལ་སྦྲེལ་སྐུས་མཆིམས་སྦྱོར་སྐོང་ཤོས་གནད།། ཆགས་སྡང ་ཕྲག་དོག་འོད་གུསལ་ལྷ་སྐུས་སྦྱང་།། སྒྲིབ་གཉིས་རང་དག་སྐུ་གསུམ་མངོན་དུ་འགྱུར།། བར་དོ་དང་པོའི་འོད་གསལ་རང་ཤར།། འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྦྲུལ་སྒོ་འགག་མེད་རང་ཤ་ར། སྤྱི ་གནང་འཆུག་མེད་ལམ་འཁྱེར་རོ།། གཟུགས་སྒྲས་ཆུ་སྣང་པྱིད་ལ་སོགས་པ་ཡི།། ཐིམ་འགྲོས་རང་བཞིན་བརྒྱད་ཅུ་ཤེས་པར་བྱའོ།། ། ལིག་ལྟས་རྒྱུད་དཀྲུགས་རྩོང་ལྡན ་སྙིགས་མེའི་དུས།། ཡང་དག་ཆོས་ནི་ཉིན་སྐར་རུ་སྠལ་སྤྱི།། ཆོས་ལོག་ཚེང་དུས་འོ་མའི་ཆོས་སྤྱོད་ཚེ།། ཉམས་མྱོང་ལུང་དང་ཐེ་མ་ཡིག་བརྒྱན་པ་གཅེས།། ལམ་གྱི་མཆོག་གྱུར་འདི་ནི་ཉམས་ཉེན་རྣམས།། ་གཞན་གྱི་དུས་མིན་འདི་འམ་པར་མ་དོར།། བདེ་སྟོང་དབྱེར་མེད་པ་ཤར་ནས།། རྣམ་པར་དགོ་པའི་མཁའ་སྤྱོད་ཉིད་དུ་འགྲོ།། འདི་ཉིད་མི་རིབས་བདུན་དུ་ཚིག་བརྒྱུད་ལས།། མི་སྤེལ་རྡོ་རྗེའི་རྒྱ་ཡིས་གདབ་པར་བྱ།། ་ཆོས་དྲུག་རྔུ་རྗེའི་ཚིག་རྐང་ཞེས་བྱ་བ་རྫོགས་སོ།། ། ཡེ་ཤེས་ཀྱུ་མཁའ་འགྲོ་མའི་ཞལ་ནས་ལོཙཱ་བ་གླན་དར་མ ་བློ་གྲོས་ཀྱིས་བསྒྱུར་བའོ།། །། བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམ་སུ་མྱོང་བར་བྱས་པའི། ་སྐྱེས་ཐེ་སོ་དུ་ཅི་ལོ་རླབ་རིན་ཆེན་བཟང་པོས་གཏན་ལ་ཕབ་པའོ།། ། ་