| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཛྙཱ་ན་བེ་ཤ་ནཱ་མ། བོད་སྐད་དུ། ཡེ་ཤེས་དབབ་པ་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ།། མུ་ཏིག་གིས་སྤྲས་བྱི་རུའི་ཆུན་པོ་ལྟར་གསལ་སྐར་བཙས་དགོངས་ཀའི་ཐུན ་མཚམས་འདྲ།། མེ་ཏོག་རབ་འཕྲོ་འཇིགས་བྱེད་མེ་འབར་ལྟ་བུར་ཕྱོགས་དང་ན་མཁའ་གསལ་བྱེད་ཅིང་།། མེ་ཏོག་དཀར་པོ་དང་ལྡན་ཀི་ཤུ་ཀ་ཡི་མེ་ཏོག་དཀར་བའི་ཚོགས་འདྲ་བ།། གཟི་བརྗིད་དུ་མས་རྣམ་བརྒྱན་དམར་བའི་སྐུ་མངའ ་རྡོ་རྗེ་ཕག་མོ་ཁྱད་ལ་བསྲུངས།། ཉེས་མཚོའི་ཆུ་རྣམས་མ་ལུས་པ་ལ་བརྒལ་གྱུར་ཡེ་ཤེས་དམ་པས་ཡང་དགྲ་བརྒྱན།། གཞན་དོན་ལ་བརྩོན་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཇིགས་མ་ལ་བཏུད་ནས།། ཤིན་ཏུ་གཏིང་ཟག ་དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་ལས་ཡང་དྲག་བླངས་གྱུར་པ།། ཡེ་ཤེས་དབབ་པའི་ཆོ་གས་གསུང་བ་ཡིད་ཆེས་སྐྱེད་བྱེད་ཚུལ་བཞིན་བརྗོད་པར་བྱ།། བསམ་གཏན་ཁང་འོད་སྐྱེ་བོ་དང་བྲལ་དྲི་ཞིམ་ཆུས་བརླན་པར་ཞུགས་ཏེ། ་ཤིན་ཏུ་འཇམ་ཞིང་མཐོ་བའི་སྟན་ལ་འདུག་ནས་ཕྱིར་ལ་འཇིགས་པ་སེལ་བྱེད་པའི།། གསང་སྔགས་བརྗོད་ནས་དེ་འོག་མདུན་དུ་མེ་ཏོག་གིས་ནི་བྱུགས་གྱུར་དཀྱིལ་འཁོར་དག། ཆོ་གཽ་བཟང་པོ་བྱས་ནས་བཟླས་པ་བྱས་པའི་རྡོ་རྗེའི ་ཆུ་ཡིས་ཁྲུས་བྱས་སྟེ།། འབྱུང་པོའི་ཚོགས་ལ་གཏན་པའི་གཏོར་མ་བཏང་ནས་འབད་པ་དམ་པས་ཐང་ཀ་དག། མདུན་དུ་བཀྲམ་ནས་སྤོས་ཀྱིས་བདུགས་ཤིང་མཆོད་ནས་བློ་བཟང་ཀྱིས་ནི་བསམ་གཏན་བྱ།། སྦྲུལ་པོའི་འཁོར་ལོས ་ཉི་མའི་ས་བོན་ལས་གྱུར་མེ་གཟུགས་དམར་པོ་གྲུ་གསུམ་ལ།། ཆུ་སྐྱེས་དམར་པོ་དུས་ཀྱི་འདབ་མ་དང་ལྡན་རབ་ཏུ་འབར་ཞིང་རྒྱས་པ་བསྒོམ།། དེར་ནཱི་རོ་ཡི་སྙིང་གར་འོད་དྲོད་ཅན་སྟེང་ཤིན་ཏུ་གཡོན་བརྐྱང ་ཞབས་བཞུགས་པ།། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཕག་པའི་ཞལ་མངའ་རབ་ཏུ་ཁྲོ་མོ་ནི།། ཕྱག་རྒྱ་ལྔ་པོས་བརྒྱན་ཅིང་སྤྱན་གསུམ་དང་ལྡན་རྒྱས་ཤིང་གསུས་པ་ཤིན་ཏུ་གྲིམས།། ཁྲོ་གཉེར་རབ་ཏུ་བསྙེར་ཞིང་ལྗགས་སུག་ཧྲཱིཿ ་ཡི་སྒྲ་ཡིས་ཞལ་ནི་གང་གྱུར་ཅིང་།། འཇིགས་མ་འོད་ཚོགས་འཕྲོ་བ་ལས་སྐྱེས་རྒྱལ་བས་སེམས་ཅན་དོན་རྣམས་མཛད།། གཅེར་བུ་ཐོད་འཕྲེང་རྡོ་རྫས་བརྒྱུས་པས་དབུ་སྐྲ་ཁམ་པ་གྱེན་མཛེས་མ།། རྡོ་རྗེ་རྡོ་རྗེ་ལྕགས་ཀྱུ་རྒྱལ་མཚན ་ཐོད་བཅས་སྡིགས་མཛུབ་བཅས་པའི་ཞགས་པ་དག། རིག་བྱེད་ཚད་ཀྱིས་ཕྱག་མཆོག་རྣམས་ཀྱིས་བསྣམས་ཤིང་སྤྱང་མོ་འགྱིང་བག་དང་ལྡན་མ།། རྒྱ་སྐྱེགས་ཀཽ་ཤུ་བནྡུ་ཛི་བ་ཀ་དང་ཀི་ལིའི་མེ་ཏོག་ལྟར་དམར་བ།། སྐུ་ལ་མགོ་འཕྲེང་ལས ་བྱས་དོ་ཤལ་གྱིས་བརྒྱན་རྒྱས་ཤིང་མཁྲེགས་པའི་ནུ་འབུར་ཅན།། འོད་བདུན་པ་དང་དཔལ་མོ་ཟླ་ཚེས་མཁའ་བཅས་ས་མཐའ་ལས་མཆོག་སྐྱེས་གྱུར་མ།། ཀུན་དགའ་དང་བཅས་ཐུགས་རྗེའི་ཆུས་བརླན་ཐུགས་ཅན་ཡེ་ཤེས་མངོན་རྟོགས ་ལོས་བསྐྱེད་མཛད་པ་ལྟོ།། དེ་ནས་ཡེ་ཤེས་འབར་བ་དམ་ཚིག་ཆུད་ཅིང་ལུས་ལ་དྲུག་པོ་བཀོད་བྱས་ནས།། དེ་ལ་སེམས་ལས་བྱུང་བའི་ཆོ་ག་དག་དང་ཕྱི་ནང་ཤིན་ཏུ་གསང་རྣམས་དང་།། བསྟོད་པ་སྣ་ཚོགས་དག་དང་གླ་དབྱངས་མཆོག་རྣམས ་ཀྱིས་ནི་རབ་ཏུ་མཆོད་བྱ་ཞིང་།། ཐལ་མོ་སྦྱར་ནས་གུས་དང་བཅས་པའི་སེམས་ཀྱིས་དེ་ལ་མགོ་བོས་ཕྱག་བྱའོ།། དེ་ལ་སྦྲུལ་འཁོར་ལ་གནས་རྒྱལ་པོའི་ཕོ་བྲང་ལེ་བརྒན་རྩི་ལྟར་དམར་བ་ལ།། སྟེང་ཟུར་འོག་ཏུ་རིགས་བྱེད་སྒོ་དང་དྲག་པོ་ཉི་མ་ལྟ་བུ ་ངག་དང་ནི།། འོག་ཟུར་སྟེང་དུ་བསིལ་ཟེར་ཅན་དང་མཁའ་ལྡན་ཡི་གེ་ཐ་མའི་གོང་མ་དང་།། དབུས་སུ་འོད་ཟེར་དམར་པོ་མཐའ་ཡས་རྣམས་ཀྱིས་ཕྱོགས་མཐའ་སྣང་བྱེད་ས་བོན་བསྒོམ།། དེ་ནས་རྒྱལ་བའི་བཞུགས་གནས་རབ་མཛེས་འཁོར་ལོ་ལྷ། ་བུར་འཁོར་བར་བསྒོམས་ནས་ནི།། སྔགས་ཀྱང་བཟླས་ཏེ་སྟོབས་བཟང་ལས་བྱས་བདུག་པ་སྔགས་ལྡན་བློ་དང་ལྡན་པས་བསྲེགས།། མ་ལུས་རྒྱལ་བའི་སྐུ་ལྡན་ལྷ་མོ་འབོད་པའི་དེ་མ་ཐག་ཏུ་ཨཱ་བེ་ཤྲ་ཡཱ་དང་།། དེ་ནས་སྐུལ་བྱེད་དེ་རྗེས་རང་གི ་ས་བོན་དེ་འོག་མེ་ཡི་བཙུན་མོ་ཡིན།། སྐུ་ལ་ཆ་ཀུན་ཐ་མའི་རྗེས་ལ་མཆོག་གི་ས་བོན་དེ་ནས་གླང་པོ་སྟེ།། དེ་རྗེས་དྲན་ཡིག་བརྟེན་པའི་ཀྵ་ལྷག་ན་མཁའ་ཟུར་ལྡན་རྗེས་ལའང་དེ་ཉིད་ལྡན།། ཨོཾ་ཧྲཱི་ཧཾ་དང་དེ་ཡི་རྗེས་ལའང་ཧཾ་དང་བདེ་བའི་ཡི་གེ་གསུམ ་དང་ནི།། ཧི་ཧི་ཕོ་གསུམ་དེ་དག་རིམ་བཞིན་བཟླས་དང་བསྲེག་དང་མཚན་མོའི་གཏོར་མའི་ཡིན།། ནག་པོའི་ཕྱོགས་ཀྱི་བཅུ་པ་ནཱས་བརྩམས་ཉི་མ་སོ་སོར་ཆོ་ག་ཡིས།། བཟླས་པ་གཏོར་མུ་ཆོད་པར་ལྡན་པའི་བསམ་གཏན་དམ་པ་བསྒྲུབ་བྱས་ན། ་ཤིན་ཏུ་རྒྱ་ཆེན་མི་མཉམ་མཉམ་པའི་རང་བཞིན་དངོས་གྲུབ་ཟླ་བ་ཡིས།། ཐོབ་པ་འདི་ལ་ལེགས་པ་ལ་སྟོན་བློ་ཆེན་རྣམས་ཀྱིས་འཁྲུལ་མི་བྱ།། ཡེ་ཤེས་དབབ་པའི་ཆོ་ག་ལས་བསྒོམ་པའི་ཆོ་གའོ།། ་སློབ་མ་གུས་ལྡན་ཞབས་པད་ལ་བཏུད་རྣམས་ཀྱི་གསོལ་བ་བཏབ་གྱུར་བླ་མ་ཡིས།། ནག་པོ་ཆོས་མཆོག་ཇི་སྐད་བརྗོད་པ་དེ་དག་ལེགས་པ་ཁོ་ནར་ཡང་དག་གཟུང་།། དེ་འོག་འཁོར་ལོར་ཆོ་ག་བཟང་པོས་ཇི་སྐད་བརྗོད ་པའི་ལྷ་མོ་མཆོག་བསྒོམས་ནས།། དེ་ཡི་རྩིབས་ལྡན་འོག་མར་སྔར་བཞིན་འཁོར་ལོ་མཛེས་པ་འཁོར་བར་བསྒོམས་ནས་ནི།། དེ་འོག་ལག་གནས་རྡོར་འཛིན་ཕུལ་ཏེ་ཇི་སྲིད་མགོ་ལ་མགོན་ལྡན་མེ་ཏོག་ཅན།། དེ་དག་མ་ལུས་ཤིན་ཏུ ་བབས་གྱུར་བར་དུ་ཡང་དག་བདུག་ཅིང་གསང་སྔགས་བརྗོད།། ཕེབས་པར་གྱུར་ཚེ་གྲངས་དང་ཚད་པ་ཆེན་པོ་ལྔ་གནས་ལྟ་བུར་སྤུ་ལྟ་ཞིང་།། མིག་ནས་མཆི་མ་འཇོག་ཅིང་འདར་ལ་འགྱེལ་ཞིང་ཡེ་ཤེས་དག་ནི་སྐྱེ་བར་འགྱུར།། དེ་དག་རྣལ ་གནས་གྱུར་པ་རྣམས་ལ་རྣལ་འབྱོར་ཆེན་པོ་མཆོད་པའི་ཆོ་ག་དང་།། བསྒོམ་བྱ་བཟླས་བྱ་གདུག་པར་ལྡན་པའི་གསང་སྔགས་དོན་ཀུན་སྒྲུབ་བྱེད་རྣམས་ཀྱང་བརྗོད།། གང་དག་དད་དང་བྲལ་བའི་སེམས་ལྡན་བླུན་ཞིང་སྡིག་པའི་ལས་ལ ་བརྩོན་གྱུར་པ།། གུས་པས་བཀུར་སྟི་བྱེད་པའི་ངོར་ནི་མི་དེ་རྣམས་ལ་འདི་ནི་བརྗོད་མི་བྱ།། ཡེ་ཤེས་དབབ་པའི་ཆོ་ག་ལས་སློབ་མ་རྗེས་སུ་འཛིན་པའི་ཆོ་གའོ།། །། ཡང་དག་གྲུབ་དང་སློབ་མ་བཟང་འཛིན་བྱེད་པས་ཕྱི་རོལ་མཆོད་པ ་བྱེད་གྱུར་པས།། མདུན་དུ་ཁུ་བ་དམར་པོས་མེ་ཏོག་དམར་པོ་དང་ལྡན་མཎྜལ་བྱས་ནས་ནི།། རྡོ་རྗེས་མཚན་པའི་འཁོར་སྣོད་ལ་བརྟེན་སྣོད་ཆེན་མཉམ་པ་དེ་ལ་ལག་གཡོན་གྱིས།། འཁོར་ལོ་ཟུར་གསུམ་མཛེས་པ་སྣ་ཚོགས་རྡོ་རྗེ་དང ་བཅས་མངོན་པར་བྲིས་ནས་ནི།། དེ་ལ་སྔར་བཤང་ཡི་གེ་བཞི་པོ་བགེགས་བདག་དམར་པོའི་མགོ་རྒྱན་ཕྱེ་མ་ཡིས།། ནུབ་ཏུ་ཁ་བལྟས་གསང་སྔགས་རིག་པས་ལག་པ་གཡོན་གྱིས་སྔ་མ་བཞིན་དུ་བྲི།། དེ་ནས་ཆོ་གའི་རིམ་པས་ཡེ་ཤེས་བཀུན ་ནས་མྱུར་དུ་དམ་ཚིག་ལ་གཞུག་བྱ།། དེ་ལ་དྲི་དང་སྤོས་མཆོག་མེ་ཏོག་དྲི་ཞིམ་མར་མེ་ལྷ་བཤོས་རྣམས་དང་ནི།། འདོད་པ་ལྔ་དང་མཆོག་གྱུར་བདུད་རྩི་སྟོབས་དང་ཐུག་པ་བཞི་བ་བྱ་བཟ་ང་པོ་དང་།། བཅའ་དང་བཟའ་བ་བདེ་གཤེགས་དྲུག ་པ་དང་ནི་ཁར་བའི་སིལ་ཁྲོལ་བཅས་གླུ་དང་།། པི་ཝང་གླིང་བུ་རྔ་རིངས་རྫ་རྔ་པ་ཊ་ཧ་རྣམས་དང་ནི་དུང་དག་དང་།། ཟངས་དུང་རྣམས་ཀྱི་སྒྲ་སྙན་གར་བཅས་དགེ་ལེགས་ཀྱིས་ནི་མཆོད་ཅིང་བསྟོད་པ་སྟེ།། མཆོད་པའི་ཚུལ་མཆོག་ལེག ་པ་སྣ་ཚོགས་རྣམས་ཀྱིས་རྣམ་པ་ཀུན་ཏུ་མཆོད་བྱ་ཞིང་།། གུས་པར་ཐལ་སྦྱར་ཞེས་བཅས་པས་དཔེ་མེང་ཕྱག་ནི་རབ་ཏུ་བཙལ་བར་བྱ།། སྔགས་རྣམས་སོ་སོར་ཆོ་ག་བཟང་པོས་བཟླས་པ་ཡིས་ནི་འབུམ་དུ་ལོངས་བྱས་ཏེ།། རྡོ་རྗེ་ལ ་སོགས་དབྱེ་བས་འདིར་ནི་བཟླས་པ་གསུམ་དུ་ངེས་པར་འགྱུར་བ་ཡིན།། གང་ཚེ་བལྟ་བར་འདོད་པ་སྐྱེས་ན་དེ་ཚེ་ཡིག་དང་བཅས་པའི་འཁོར་ལོ་མཛེས་པ་དེ་དང་བཞུགས་པའི་བླ་མ་ལ་ཡང་རབ་བཏུང་ནས།། མུཿཡིག་བཅས་ལྔས་ཆོ་ག ་ལྡན་པར་འདུག་པ་རབ་ཏུ་བརྗིད་ནས་ནི།། སྐྱེས་བུ་དོན་མཆིག་ལ་བརྩོན་བློ་ཡིས་བསམ་གཏན་ལས་ནི་ཡང་དག་ལྡང་།། ཡེ་ཤེས་དབབ་པའི་ཆོ་ག་ལ་ཕྱི་རོལ་མཆོད་པའི་ཆོ་གའོ།། ། གང་ཞིག་བཤད་ཟིན་ཆོ་ག་མཆོག ་གིས་ཉིན་རེ་བཞིན་དུ་འཁོར་ལོ་མཆོད་བྱེད་ཅིང་།། ཆོ་ག་ཇི་བཞིན་ཐང་ཀའི་མདུན་དུ་ལྷ་མོའི་སྔགས་ཀྱི་བཟླས་པ་ཡང་བྱེད་པ།། དེས་ནི་འགྲོ་དོན་སྣ་ཚོགས་བསྐྱེད་པའི་ཡང་དག་གྲུབ་པ་ངེས་པར་ཐོབ་འགྱུར་ཞིང ་འཇིག་རྟེན་དག་ན་མདངས་འབར་ལྷ་མོ་ལྟ་བུར་ཤིན་ཏུ་མཆོད་པ་ཉིད་དུ་འགྱུར།། རྗེས་ཆགས་སྙིང་ལྡན་གོས་དམར་ཅན་གྱི་བསྒྲུབ་བྱ་གང་ཡིན་མདུན་དུ་བལྟས་བྱས་ནས།། རྡོ་རྗེ་ཞགས་པས་མགུལ་ནས་ལེགས་པར་བཅིངས་ཤིང་བྲང་ནས ་ལྕགས་ཀྱུས་ཕུག་ནས་ནི།། ཐལ་སྦྱར་གཅེར་བུར་དྲངས་ནས་རང་གི་རྐང་གཉིས་ལ་ནི་འགྱེལ་བར་ཀར་བྱེད་པ།། ཌོམྦིས་ར་ཌའོ་སྐྱེ་བོ་ལྟ་བུར་དེས་ནི་ཤིན་ཏུ་བྱེད་པར་འགྱུར།། གང་གིས་མགོ་ལ་རྡོ་རྗེའི་རྩེ་མོས་བསྣུན་ཅིང་ཐོད་གནས་ཁྲག་གིས ་མིག་བཀང་བ།། དེ་ནི་རྡོ་རྗེའི་ལུས་ཅན་ཡིན་དུ་ཟིན་ཀྱང་མྱུར་བར་གཤིན་རྗེའི་གནས་སུ་འགྲོ། ས་བོན་འོད་ཟེར་བདུད་རྩིའི་རང་བཞིན་ཚོགས་ཀྱི་ཤི་བ་གང་གིས་རྨ་བཀྲུས་ཤིང་།། ཁ་ཊྭཱཾ་ལ་གནས་སྒྲ་བཅས་པ་ཡི་དྲིལ་བུས་དེས་ནི་ཡང་དག ་བར་འགྱུར།། ཡེ་ཤེས་དབབ་པའི་ཆོ་ག་ལས་ཕན་ཡོན་སྦྱོར་བ་དང་བཅས་པའི་ཆོ་གའོ།། ། ཡེ་ཤེས་དབབ་པའི་ཆོ་ག་ཚུལ་བཞིན་བརྗོད་པས་བསོད་ནམས་ཟླ་བ་ཉ་བ་ཡི།། འོད་ལྟར་དཀར་ཞིང་ཉེས་པ་མ་ལུས་སེལ་བ་བདག ་གིས་བསྒྲུབས་གྱུར་གང་ཡིན་པ།། དེས་ནི་འགྲོ་རྣམས་ཉོན་མོངས་མ་ལུས་དང་བྲལ་ཡོན་ཏན་རྣམས་ཀྱི་གཏེར་གྱུར་པ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་ཡེ་ཤེས་སྣང་བས་རབ་ཏུ་འབར་བར་གྱུར།། ཡེ་ཤེས་དབབ་པ་ཞེས་བྱ། ་བ་རྣལ་འབྱོར་གྱི་ཆོ་གའི་མཆོག་དཔལ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ་རྫོགས་སོ།། ། བལ་པོའི་ཨཱ་ཙཨཱརྱ་བྷ་རེནྡ་རུ་ཙེ་དང་། ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ་