| Wylie | e-texts produced with BDRC’s OCR application |
ལུང་བསྟན་ཏེ་ལོ་དུས་གསུམ་མཁྱེན་པའི་གསུངས་རྫོགས་སོ།། ཨཱི།། ། རྒྱ་གར་སྐད་དུ། ཥཱ་ཌ་དྷརྨྨ། ཨུ་པ་དེ་ཤ་མ་མཿབོད་སྐད་དུ། ཚེས་དྲུག་གི་མན་ངག་ཞེས་བྱ་བ། ་དཔལ་བདེ་མཆོག་འཁོར་ལོ་ལ་ཕྱོག་འཚལ་ལོ།། ངལ་འབྱོར་རྒྱུ་འབྲས་ལས་རྣམས་ལས།། ངལ་འབྱོར་དོན་གྱི་སྙིང་པོ་རྩལ།། རྣལ་འབྱོར་ལུས་ཀྱི་རྩ་ཡི་ཚོགས།། ཕྲ་རགས་རླུང་དང་ལྡན་པ་ཡིས།། དབང་དུ་བྱེད་ཐབས་འཁྲུལ ་འཁོར་གྱིས།། དབྱུང་རྔུབ་དགང་དང་གཞིལ་བ་སྟེ།། ལཱ་ལ་ན་དང་དཱ་པཡྻ་ཨ་ཝཱ་དྷཱུ་ཏིའི་འཁོར་ལོ་བཞི།། ལྟེ་བར་ཙཎྜ་ལིའི་མེ།། ཕྲ་རབ་ལས་འཕེལ་ཧཾ་ལས་ནི།། བདུད་རྩིའི་སུརྨྨན་དགའ་བཞིའི་འགྲོས།། རྒྱུ་མཐུན ་ལ་སོགས་འབྲས་བུ་བཞི།། འཁྲུལ་འཁོར་དྲུག་གིས་རྒྱས་པར་བྱ།། ཙཨཱརྱཱ་པའི་ཨུ་པ་དཻ་ཤའོ།། སྣོད་བཅུད་ཁམས་གསུམ་མཱ་ལུས་པ།། སྒྱུ་མ་རྨི་ལམ་ལ་སོགས་དཔེས།། འགྲོ་འདུག་སྤྱོད་ལམ་ཀུན་ཏུ་སྦྱང་།། ལྷ་ཚོགས་སྒྱུ་མ་མོ ་ལོང་གཟུགས།། རྡོ་རྗེ་སེམས་དཔའི་ལེགས་བྲིས་པ།། གཟུགསོ་བརྙན་བསལ་བ.རསྣ་དང་མཚུངས།། དེ་ཉིད་སྒྱུ་མའི་གཟུགས་བཞིན་དུ།། སྒྲ་དཔེ་བཅུ་གཉིས་ལྟར་མཐོང་བློ།། རྣལ་འབྱོར་སྒྱུ་མོའི་དོན་མཐོང་བའོ།། ནཱ་ག ་རྫུ་ནའི་ཨུ་པ་དེ་ཤའོ།། རྨི་ལམ་རྨི་ལམ་དོན་ཤེས་ཤིང་།། རྒྱུན་ཏུ་ཟབ་པའི་དོན་བསྒོམ་པ།། ནཱ་ད་ཐིག་ལེ་ལ་སོགས་པས།། རིག་ལྷའི་ས་བོན་ལ་དམིགས་ནས།། སངས་རྒྱས་ཞིང་དང་སངས་རྦྦ་སི་བལྟ།། གཉིད་དུས་བདེ་ཆེན ་བྷི་སྒྲུབ་[]6པའི་ཐབས།། ལ་བྷཱུ་པྱཱཥྚི་ཨུ་པ་དེ་ཤའོ།། རྣལ་འབྱོར་ཨ་ལྤཱ་དྷཱ་ཏཱི་པ། ཨ་ཝ་དྷཱ་ཏིར་སེམས་གནས་པས།། སྙིང་གི་ཐིག་ལག་ལེར་སེམས་གནས་བརྟེན་པས།། འོད་དང་འོད་ཟེར་འཛིའུ་རིས་དང་།། སྒྱུ་རིངས་ཉི་འོང ་འོད་དང་།། ཉི་མ་ཟླ་བ་ཤར་འདྲ་དང་།། ལྷོ་དང་སྐུའི་སྣང་བ་སོགས།། སྣ་ཚོགས་ཞིང་ཁྲིམས་དག་པར་འགྱུར།། རྣལ་འབྱོར་པ་ཡི་ལམ་ཆེན་དེ།། ནཱ་ག་རྫུ་ནིའི་ཨུ་པ་དེ་ཤའོ།། རྣལ་འབྱོར་འཆི་བའི་དུས་ཀྱི་ཚེ།། དབང་པོ་རྣམས་དང་འགྱུ ་བ་བསྡུད།། ཟླ་ཉི་རླུང་རྣམས་སྙིང་ཁུར་འདུས།། རྣལ་འབྱོར་ཏིང་འཛིན་སྣ་ཚོགས་འཆར།། རྣམ་ཤེས་ཕྱི་རོལ་ཡུལ་སོང་ན།། རྨི་ལམ་ཡུལ་བཞིན་སྣ་ཚོགས་སྣང་།། བདུན་བདུན་དུསྒྲ་ཚེས་འཆི་སྣང་དང་།། དེ་ནས་སྐྱེ་བར་འགྱུར་བ ་ཉིད།། དེ་ཚེ་ལྷ་ཡི་རྣལ་འབྱོར་བསྒོམ།། ཡང་ན་དེ་ཉིད་ངང་ལ་བཞག། དེ་རྗེས་སྐྱེ་ལ་ཕྱོགས་པའི་ཚེ།། མངའ་བདག་ལྷའི་རྣལ་འབྱོར་གྱིས།། སྣང་སྲིད་ལྷ་ཡི་རྣལ་འབྱོར་བསྒོམ།། ངེས་ནི་བར་དོ་ཁེགས་པར་འགྱུར།། པུ་ཀཱ་སཱིདྷིའི ་ཨུ་པཱ་དེ་ཤཾའོ།། དེ་ལས་རྣལ་འབྱོར་འཕོ་བའི་ཚེ།། གྲོང་འཇུག་ལྷ་དྭང་ས་བོན་གྱི།། འགྲོ་འོང་རིང་དང་ཐུང་བ་དང་།། ལྷ་ལ་སླབ་ཅིང་འཕྱར་བའི་དུས། གང་འདོད་གྲོང་དུ་འཇུག་པར་བྱ།། གོང་དུ་འཕོ་ན་སྟོང་ར་ལྷ།། ཡཾ་སྤོང་ཧི་ཀ ་ཧཱུཾ་དང་ནཱུ། 59། ལྷ་དང་བླ་མའི་ཐུ་གས་ཀར་འཕང་།། དེས་ནི་འདོད་པའི་གནས་སུ་འཕྲོ།། པུཀྐ་སཱིདྡྷིའི་ཨུ་པ་དེ་ཤའོ།། གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ན་རོ་པཎྜ་ཏ་དང་། བོད་ཀྱི་ལོ་ཙྪ་པ་མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས་9། ཁ་ཆེའི་གནས་པུལྤ་ཧ་རིར་བསྒྱུར་ཞིང་གཽཏན་ལ་ཕབ་པའོ།། ་