CLOSE WINDOW

GT2621: dpa' bo gcig pa'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨེ་ཀཾ་བཻ་ར~ཾ་ས་དཾ་ནཱ་མོ། བོད་སྐད་དུ། དཔའ་བོ་ཅིག་པོའི་སྒྲུབ་ཐབས་ཞེས་བྱ་བོ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དང་པོ་མལ་ནས་ལངས་ཏེ། ཁ་ལ་སོགས་པ་དག ་རྡོ་རྗེ་སྙིང་པོ་དང་དུས་འཁོར་ནས་གཉིད་ལོ་བཞི་རུ་བཤད་སྟེ་ས་ཆུ་ལ་ཐིམ་པ་ལོགས་བཞིའི་སྐད་ཅིག་མ་བྲེང་ཆ་གསུ་བྱས་པའི་གཉིད་དེ་ལྟར་སྐད་མ་ཉམས་སུ་མྱོང་བོས་ས་དང་པོའི་བརྟེན་པ་དང་ཁྱད་མེད། མ་རྟོགས་པས་མཐུག་པོའི་གཉིད་ཆེས་སྐུར་མོས་པ་བྱེད། རྨི་ལཾ་རྨི་བ་ལོངས་སྐུ ་རས་དུ་སུ་དཔའ་བོ་དང་མཐའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་ཀླུ་དང་ཅང་ཏེའུ་ཡིས་སྒྲས་བསྐུལ་ནས་ཆོས་དབྱིངས་ལས་ལངས། སད་པའི་གཉིས་ཧེ་རུ་ཀ་སྦྲུལ་སྐུར་མོས་པ་བྱེད། བར་བྱས་ནས། སྟནྡ་འཇམ་པོ་ལ་ཉེ་བར་འདུག་སྟེ། སྙིང་ཁར་པཾ་ལས་པདྨ་དམར་པོ ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ།། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་ཁ་དོག་མཐིང་ཀ་ཧཱུ~ཾ་དེའི་འོད་ཟེར་གྱིས་མདུན་གྱི་བར་སྣང་ལ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས ་དང་ལྷ་མོ་རྣམས་དམིགས་ཏེ། ཡིད་ཀྱིས་མཆོད་པ་རུ་བསམ་མོ།། འོད་ཟེར་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་གསལ་བར་བྱས་ལ། ཚད་མེད་པ་བཞི་བསྒོམ་པར་གཅབ་དང་བྱའོ།། དེའི་རྗེསི་ལ་ཆོས་འཁོར་ཐམས་ཅད ་སྟོང་པ་ཉིད་དུ་སྔགས་འདིས་མོས་པ་བྱའོ།། ཨོཾ་སྭ་བྷ་བ་ཤུད་དྷ་སརྦ་དྷརྨ་སྭ་བྷཱ་བ་ཤུད་དྷོ་ཧ~ཾ། ཞེས་བརྗོད་པས། སྙིང་ཁའི་ཉི་མའི་སྟེང་དུ། ཚོལས་པ་ལས་སྣ་ཚོགས་ཡོ་དེ་ཡེ་ཤེས་ལྔའི་ངོ་བོ་ཉིད ་དུ་གསལ་བར་དམིགས་པར་བྱའོ།། འོད་ཟེར་འབྲོས་ཏེ་བགེགས་བསྲེགས་ལ། སྙིང་ཁའི་ཧཱུཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་ལྔ་པའི་ཆང་གཟུངས་ལ་ཡི་གེ་ཧཱུཾ་བསམས་ཏེ། དེའི་འོད་ཟེར་གྱིས་ཁམས་གསུམ ་གྱི་སེམས་ཅན་སྦྱངས་ཏེ། འོད་ཟེར་འདུས་མ་ཐག་ཏུ་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཔལ་ཧོ་རུ་ཀ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡོན་ཐོད་པ་དང་། ཁ་ཏྲྀ་ཁ་བསྣམས་པ། ཕྱག་གཡས་རྡོ་འཕྱར་བ། ་མཆེ་གི་སྡིག་སྒྲི་པྲ་བརྩིགས་པ། རལ་པཱ་དང་ཐོད་པའི་དབུ་བརྒྱན་ཅན། སྤྱི་གཙུག་གི་འཁོར་ལོ་དང་། རྣ་བརྒྱན་དང་། འགུལ་བརྒྱན་དང་། གདུ་གུ་དང་། སྐ་རག་གིས་བརྒྱ་མཚན་ཁུང་གཡོན་ན་ན་པ། མི་མགོའི་ཆུན་འཕྱེང་ཅན། ་དཀྱིལ་དཀྲུངས་ཕྱེད་མའི་གར་ཐབས་ཙ་ན། \ུ0f7fདཔྲལ་པོ་དང་མགྲིན་པ་དོང་རྩི་བའི་སྙིང་ཁ་གསུམ་དུ། ཨོཾ་ཨ་ཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་དང་འདྲ་བའི་ཤེས་རྫ་ཅུ་རྩག་རབ་ཀྱིས ་མཁྱུད་པ།། ཐུགས་ཀཱར་མེ་དཔུང་གི་ཀྱི་ལན་གནས་སྡེ་འཇིགས་བྱེད་དུས་མཚན་མནན་པ་སྣ་ཚོགས་རྡོ་རྗེའི་ཞལ་གཅིག་ཕྱོག་གཉིས་པ་ཕྱག་གི་མི་ཁྱུད་ལུགས་འགྲ་མོ་དམར་མོ་ཡུམ་གཡས་གྲི་གུག་གཡོན་ཐོད་པ་དང་ཁ་དྷྲྀ་ག་བསྣམས་པའོ།། ་སྠི་དུ་ཡི་གེ་ཧཱུ~ཾ་བསྒོམ་པར་བྱའོ།། དེའི་འོད་ཟེར་གྱིས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ནམཁའ་ལ་བཀུག་སྟེ། བདག་ཉིད་ལ་བསྟིམ་པར་བྱའོ།། སླར་འོད་ཟེར་གྱིས་མཚོ་ས་ཆེས་པ་རྣམ་པ ་དེ་བཞིན་གཤེགས་པ་རྣམས་བཀུག་སྟེ། བདག་ལ་དབང་བསྐུར་བ་དང་། མཆོད་པ་དང་། བསྟོད་པར་བསམ་མོ།། \ུ0f7fབདུད་རྩི་མྱང་བར་བྱས་ནས། ཆོས་ཀྱི་སྐུ་འདི་ལྟར་དམིགས་པར་བྱ་སྟེ། སྤྱི་བོ་དང་། ་མགྲིན་པ་དང་སཱི་ཇི་བདེ་མཆོག་ལྷོ་ལྔཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་ཕྱི་ནང་གསང་བ་གསུམ་གྱིས་ཡིད་ཀྱིས་ཐོད་པ་བདུད་རྩིར་བླངས་ཏེ་སྟོར་ལ། རྫོགས་རིམས་མཆིན་བཅས་སོམས་མ་གནས་ཏེ་གནས་པར་བྱེད། རྩ་གསུམ་ནི་བདུད་འདུ་ཏི་གཟུང ་འཛིན་པ་རི་བ་གཡས་པ་ཀ་ལི་ཡབ་ཐབས། གཡོན་པ་ལ་ནི་ཨ་ལཱི་ཤེས་རབ་ཀྱི་ངོ་ཟག།། ཁཱ་དང་། ལྟེ་བ་དང་། བདེ་བ་ཆེན་པོ་དང་། ལྗོངས་སྤྱོད་དང་། ཆོས་དང་། སྤྲུལ་པའི་འཁོར་ལོ་བསམས་ཏེ། ཧཱུཾ་ཨཱ~ཾ་ཧཱུཾ་ཨཱཾ་སྟེ། དེ་དག་གི ་ལྟེ་བར་བསྒོམ་པ་རུ་བྱའོ།། དེ་ནས་སྲོག་དང་རྩོལ་བའི་སྦྱོར་བས། ཨ་ལས་ཡེ་ཤེས་ཀྱི་མེ་སྦར་ལ། སྔར་བཀོད་པའི་ཡི་གེ་བསྲེགས་ཏེ། ཧཱུཾ་གིས་བདུད་རྩི་ཐིག་ལེ་བབས་པ་ལྟོ་བར་ཝཾ་ཚར་མོ་ཡི་གོ་སྣའི་ས་བོན་ལས་མེ་གོང ་སྦར་བས་འབྲོས་ཏེ་ཀུ་དགའ་བལ་བསྒོམདབུགས་ནང་དུ་བརྗོད་པ་ཡཾ་ན་ལྕེ་འོག་ཡཾ་རླུང་རཾ་ལས་མེ་སྦར་བར་བྱ་ཡི་ན་དང་རྩའི་དྲི་མ་བསྲེག་པ་རྩ་སྦུབས་ཁ་ཀར་དེང་མ་གོས་དབྱེའོ།། སྐྱེ་ཡན་ཆེད་དགའ་བ་སྙིང་པ་ཡན་ཆད་མཆོག་དགའ་ལྟེ་བའི་ཡན་ཆད་ཁྱད་པར་གྱི་དགའ ་གསང་བ་ཡན་ཆང་ཆ་ཁྱད་པར་གྱི་དགའ་ལྷན་ཅིག་སྐྱེས་པའི་དགའ་བའོ།། པ་རུང་བྱའོ།། ཡང་ཚངས་བུག་ནས་དེ་བདེ་བར་གཤེགས་པའི་ཡེ་ཤེས་བཀུག་ལ་ཡང་སྦྱར་རོ། དེ་ལ་བསྟན་ཞིང་རྩེ་གཅིག་པར་བྱས་ལ། དུ་བ་ལ་སོགས་པའི་རྟགས་སྙེད ་ནས། སྤྲིན་མེད་པ་ལྟ་བུའི་ཆོས་ཉིད་སྔོན་དུ་བྱའོ།། \ུ0f7fདེ་ལྟ་བུ་ལ་ཇི་སྲིད་གནས་པར་བྱའོ།། མ་གོམས་པའི་དབང་གིས་སྐྱོ་བར་གྱུར་ན། སྔོན་དུ་བཤད་པའི་དཔལ་ཏེ་རུ་ཀཱ་སྐུ་འཇབ ་རྐྱེན་ལྡ་དུ་ལ་དམིགས་། འོ།། དེའི་ན་ན། ཞེས་པ་འདིའི་བཟླས་པར ་བྱའོ།། མཆོད་པ་རྣམ་པ་ལྔས་མཆོད་ལ་རང་གི་སྙིང་ཁར་བསྡུ་བར་བྱའོ།། དཔའ་བོ་གཅིག་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ཌོ་བྷི་ཧེ་རུ་ཀས་མཛད་པ་རྫོགས་སོ།། ་