| Wylie | e-texts produced with BDRC’s OCR application |
དཔལ་ལྷུན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཡེ་ཤེས་འབྱུང་བའི་གནས་རྡོ་རྗེ་ཚིག་གིས་རྣམ་པར་དབྱེ་བ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། གང་གི་དཀར་དམར་རིག་བྱེད་ཞབས་ཀྱིས་ཚངས་དབང ་རབ་བསྣན་ན་མཁའི་མདོག་ཅན་མགྲིན་གསུམ་དཔུང་དྲུག་ལྡན།། རྒྱ་མཚོའི་ཞལ་གྱི་གདུལ་བྱ་ལ་གཟིགས་བརྒྱད་གཉིས་ན་ཚོད་བརྒྱད་གསུམ་ཕྱག་གིས་རྣམོ་རྒྱན་གར་གྱི་རོལ།། ཞལ་བཞི་ཕྱག་བརྒྱད་གསེར་གྱི་མདོག་ཅན་སྣ ་ཚོགས་ཡུམ་དྲང་ལྷན་ཅིག་རྣམ་རོལ་དུས་ཀྱི་འཁོར་ལཱྀ་ལ་བཏུད་དེ།། དེ་གཞུང་དྲི་མེད་ཡེ་ཤེས་ལེའུའི་ཟབ་དྲོན་སྦས་པའི་རྣམ་པར་བདེ་ཆེན་རྡོ་རྗེའི་ཚིག་འདི་དབྱེ།། གང་ཞིག་ཁམས་ཀྱི་སྙིང་པོ་བདེ་བ་འཛིན་བྱེད་དགེ་སློང་ཆེན་པོ ་ཡིན་ཕྱིར་དམ་ཚིག་གི་སྡོམ་པས་བརྒྱན།། རྒས་པའི་འཇིགས་བྲལ་རྣམ་པར་མཛེས་ལྡན་གཟུགས་བཟང་དྲི་མེད་གཟི་འོད་རབ་བརྒྱན་ཡུན་རིང་བདེ་བར་འཚེ།། རྡོ་རྗེའི་སྐུ་ཐོབ་མཚན་དཔས་རབ་བརྒྱན་ལྷ་དང་ལྷ་མིནྡེ་གནོད་སྦྱིན ་གདེང་སོ་ཀ་མཁའ་འགྲོ་དབང་དུ་བསྡུད།། རྒྱལ་བའི་ཐུགས་མཐོང་དམྱལ་བའི་འཇིགས་འཇོམས་དྲིའི་དྲུང་ན་རྡོ་རྗེ་འཆང་གནས་གཤིན་རྗེའི་གྲོང་ལས་རིང་།། བྱང་ཆུབ་སེམས་ཉམས་མཁའ་འགྲོའི་གྲོང་ཁྱེར་བྱེ་བི་འཇིག་འགྱུར ་ལྷ་དང་བླ་མས་བསྒྲུབས་ལ་སྤྱན་མི་ལྟ།། བདེ་སྦ་བ་སྤངས་ཕྱིར་ཚུལ་ཁྲིམས་འཆལ་འགྱུར་དམ་ཚིག་ལས་འདས་ཐུབ་དབང་སླུས་པས་དམྱལ་བའི་སྡུག་བསྔལ་མྱེད་།། གཟི་འོད་རབ་ཟད་རྒུད་པས་ཉེར་གཟིར་འཕྲིན་ལས་ཉམས ་ཤིང་དངོས་གྲུབ་རིང་འགྱུར་རྒས་པའི་འཆི་བས་འཇོམས།། ལྟུང་བའི་བདེ་བས་ཡེ་ཤེས་མི་མཐོང་འདོད་ཆགས་དབང་གྱུར་རྣལ་འབྱོར་ལམ་མིན་ཚེ་འདིར་འབྲས་བུས་འགག། སོ་སོ་སྐྱེ་བོའི་ཉམས་ཕྱིར་འབྲས་ཆང ་ཟག་དང་དོན་ཚངས་སྤྱོད་སྐམ་འགྱུར་དོན་ཆུང་གླ་རྩི་བཞིན།། རྣལ་འབྱོར་ཐབས་དང་ལྡན་པས་ཐིག་ལེ་དོན་ལྡན་འགྱུར་ཏེ་མཛངས་མའི་ནོར་བཞིན་ཡོན་ཏན་རབ་ཏུ་འཕེལ།། རྣལ་འབྱོར་ལམ་ལ་ཡུན་རིང་འབོད་ཀྱང་སྐད་ཅིག་གིས་ཉམས་ལོ ་ཟླའི་འབྲས་བུས་སེ་རོ་བོས་བཅོམ་པ་ལྟར།། རྫས་དྲང་ཁ་ཟས་སྤྱོད་ལོམ་འཁྲུལ་འཁོར་རླུང་དང་དམིགས་པ་གཞན་ལུས་སྣ་ཚོགས་འདི་འཕེལ་བྱ།། ཚད་མེད་སྙིང་རྗེ་ས་བརྒྱན་སྐྱབས་འགྲོ་སེམས་བསྐྱེད་རྒྱ་ཆེན་སེམས་དཔའ་གསུམ་ལྡན ་སྔོན་དུ་སྟོང་ར་བསྒོམ།། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ལག་གཉིས་མཉམ་གཞག་ལུས་སྲང་མགྲིན་པ་དགུག་ཅིང་དཔུང་མགོ་ལེགས་པར་བརྒྱང་།། སྣ་རྩེར་མིག་ལྟ་ཕྱིར་ལ་རླུང་འབུད་ནང་དུ་རྔུ་བོ་དང་སྦྱར་ཏེ་འགེངས་བཤིང་འཇུག་ཏུ་གྱེན་ལ་འཕང་།། རོ་རྐྱང ་མི་ཕྱེད་ཕྲ་གཟུགས་སྟེན་འཛིན་རྟོག་མེད་གང་བའི་དབུས་ཏེར་འབར་བའི་ཨ་ཐུང་ལ་སེམས་བྱ།། མེ་དང་ཉི་མ་ལན་ཚ་སྤངས་ནས་འཐུན་པའི་རྫས་སྟོན་ཐོག་མར་རང་ལུས་བསྒོམ་བྱི་དགེ་བ་བསྔོ།། ཚ་ཞིང་གཟེར་ཟུག་འཐེམ་ཆུས་ལྷོགས ་པ་ལུས་དང་རྩ་ཡི་སྟོང་ར་བུག་པ་རླུང་མེ་ཆུ་ས་བསྒོམས།། ནམ་མཁའ་སྡིགས་མཛུབ་རྡོ་རྗེ་རོལ་པོ་སེང་གེ་རྣམ་རོལ་བརྐྱང་བསྐུམ་རོལ་ཐབས་རི་བོང་བརྒྱད་འཛིན་དང་།། ཀ་ར་ན་སྟེ་འཁྲུལ་འཁོར་འདི་དྲུག་མདུན་རྒྱབ་གཡས་གཡེན་རྡོ་རྗེའི ་གར་བྱ་དྲག་པོའོ། རླུང་གིས་འབུད།། སྟེང་དང་འོག་ཏུ་ལྟ་ཞིང་འདུག་སྟེ། བརྩོན་པས་འབད་ན་རྩཝ་ཡིས་སྟོབས་ལུས་ཀྱི་ནད་རྣམས་འཇོམས།། དབུགས་རྔམ་རྒོད་འགག་ལོག་འཚུབ་སྟོར་བ་རྨུས་ངག་སྟེ་གཡས་གཡོན་མདུན་རྒྱབ་སྟེང་འོག ་འུག་པོ་བསྒོམ།། སྟག་ལོའི་སྐྱེག་སྟངས་སྦྲུལ་གྱི་བྱ་སྙེད་རྒོད་ཀྱིས་ལྡིང་ཐབས་རི་བོང་མཆོད་འགྲོས་རྨ་བྱའི་མཇིང་སྐོར་དང་།། སེང་གེའི་སྤུག་སྟངས་འཁྲུལ་འཁོར་འདི་དྲུག་ཧཱ་རི་ཧཽ་ཐུ་ཧཱུཾ་ཞེས་དྲག་པོའི་རླུང་དང་བཅོས་ཏེ་འབུད། ་དེས་ནི་ལོག་འཚུབ་སྟོར་བའི་སྐྱོ་ན་སྲོང་རླུང་གིས་སྟོབས་རྒྱས་ངག་གིས་ནད་རྣམས་འཇོམས་པར་བྱེད།། འབྱམ་དུས་སྟེང་པ་ཡིད་ཀྱི་སྐྱོན་ཏོ་ཉམས་ཤིང་སྐམ་འགྱུར་ཆག་དང་ཟུག་རྔུ་སྐྱེས་པ་ཐིག་ལེའི་གགོ།། སེམས་ཤི ་བསྡུ་ཕྱིར་ཧཱུཾ་གྱུར་སྣར་ཞུགས་དབུ་མར་ཐ་མོ་སྟེ་གསེང་ཞིང་འཕང་བྱ་གང་འདོད་ཡིད་ལ་བསམ།། གུ་གུལ་ཉུངས་དཀརོ་ཐལ་ཆེན་གྲི་ཁྲག་དུག་དོང་རུས་ཆེན་སྦྲང་མར་གཅན་གཞན་ལྤགས་པ་ཚེ་བ་གསུམ།། འཁྲུལ་འཁོར་དུག་དང་རྫས ་སྔ་གོས་དྲིམིགས་པས་བཟུང་བཟློག་དག་མ་སྟེ་ཐིག་ལེའི་སྟོབས་རྒྱུས་ཡིད་ཀྱིས་ནད་རྣམས་འཇོམས།། མི་འཕྲེང་སྡོང་པོ་རྩུབ་ཤོང་འཁོར་ལོ་སུམ་འགྱུར་ཀུན་ཁྱབ་མ་ཡི་དཀྱིལ་འཁོར་དོད་ཀྱིས་བོགས་སུ་འགྱུར།། རླུང་གི་གཞུ ་ཡིས་མེ་ཡི་མདའ་འཕང་ཧཾ་གི་འབབ་བཅོམ་ལྟེ་བའི་སྙོམས་འཇུག་ཡིད་འཕྲོག་པདྨ་དང་།། སྟེང་འོག་རླུང་གི་འཁོར་ལོ་ཁ་སྦྱར་འོག་སྒོ་འབྱེད་འཛུམ་ཡིད་ཀྱི་རེག་པ་བདེ་སྟོང་པོགས་སུ་འགྱུར།། པདྨའི་ཕྲེང་བ་ཏིལ་གྱི་མར་མེ་མཐིང ་ནི་རྒྱ་མཚོ་རླུང་གི་བཱ་དན་གསལ་བའི་བོགས་སུ་འགྱུར།། ལག་པའི་ཕྱག་རྒྱས་རིག་ལྔའི་མཁྲོ་གསང་བའི་རྡོ་རྗེ་ཞི་བས་གསོར་ཏེ་དཀར་གསིལ་རི་བོང་དབབ།། འོག་རླུང་འཐེན་ཞིང་སྒོ་གཉིས་བསྡམས་ཏེ་གླིང ་བཞི་བསྡུས་ནས་རིག་བྱེད་སོར་མོས་ལ་མི་གཉིས་མཚམས་སུ་མནན།། ཡིད་ཀྱིས་ཕྱག་རྒྱ་ཡིད་འོང་ལ་སེམས་ཏིང་འཛིན་གཡོ་བའི་བདེ་སྟོང་དགའ་བ་དྲང་པོའོ།། ་མཆོག་གི་གཉེན་པོས་རྩོལ་བ་དོར་ལ་དམོ་ཟློག་ཅིང་ལམ་གཉིས་གླིང་བཞི་རྩོལ་མེད་མགྲིན་པ་དགུག། སྟེང་འོག་རླུང་ལྔ་འདོར་ལེན་བྱ་ཞིང་ཆགས་པས་མི་འཕྲོག་ཏིང་འཛིན་རོ་སྙོམ་རིག་པ་ཧཾ་ལ་གཏད།། རྡོ་རྗེ་ཁུ་ཚུར་གླིང་བཞི་བསྡུ་ཞིང ་ངན་འགྲོའི་ལམ་དགག་རྒྱ་མཚོའི་རི་རབ་ལ་སྦྱར་ལྷུན་པོ་དགུག། རོ་འཛིན་ཉི་ཟླ་སྟེང་ཕྱོགས་ཐུར་སེལ་གྱེན་ལ་འདྲེན་ཞིང་སེམས་དང་ཐིག་ལེ་ན་མཁའི་མཐོངས་སུ་གཏད།། ལྷ་དབང་ལྷུན་པོ་གླང་པོ་སྣ་འཛིན་རྣམ་འགྱིང་རོལ་པ་རྡོ་རྗེ་གཙུག ་ཏོར་གྱད་ཀྱི་སྟོབས་འཛིན་དང་།། རྩེ་གསུམ་གདེང་ཀ་འདི་དྲུག་ཧིག་དང་ཧཱུཾ་གིས་སྟེང་འོག་རླུང་བཟུང་དྲག་ཏུ་འཐེན་པས་བདུན་གྱིས་འདྲོངས།། སྤྲུག་པ་གར་དང་སེང་གེ་རྩ་ལ་སྐྲག་རྣམ་རོལ་རྣམ་འགྱིང་གཞོན་ནུའི་ཀུན་སྤྱོད་ལྷ་མོའི་རོལ ་ཐབས་ཀྱིས།། ལྡང་ཐམས་དང་འདུག་ཅིང་ཐམས་ཅད་སྐྱོད་པས་སྣ་ཚོགས་ལུས་སྨྱུག་རབ་ཏུ་བསིག་ཅིང་དཀྱིལ་ཀྲུང་གདན་ལས་འཕར།། རླུང་དང་བཅས་པས་རོ་སྟོད་རོ་སྨད་མིག་དང་དབང་པོ་ཡན་ལག་བཞི་སྟེ་གང་འདོད་གནས་སུ་དགྲམ།། ་ཐིགླཻ་ཀུན་ཁྱབ་ཡེ་ཤེས་བདེ་ཆེན་རོས་གང་བསྒོམས་པས་བཞི་པའི་དགའ་བ་རྡོ་རྗེ་འཆ་དཱ་དུ་འགྱུར།། བསྒྲུབས་འདོད་སློབ་མ་ཐེགས་ཆེན་རིགས་འགྱུར་གསང་སྔགས་ལ་མོས་བླ་མ་བཟང་འཛིན་ཐར་པ་འདོད་རྣམས་ཀྱིས།། ་དང་པོའི་དོན་དུ་རྣམ་བདུན་དབང་སྦྱིན་མཆོག་དབང་བསྐུར་ལ་སློབ་མ་སྨིན་བྱ་སྐལ་ལྡན་ཉིད་དུ་བསྒྲུབ།། བླ་མ་ལ་གུས་བློ་བཟང་ལང་འཚེ་བརྩོན་བཅས་གྱུར་ནཱ་གདམ་པ་མཆོག་སྦྱིན་དམ་ཚིག་གི་དོན་དུ་སྟེན།། རྣལ་འབྱོར། ་རྟོག་བྲལ་དཀར་པོ་མི་ཉམས་ཏིང་འཛིན་རྒྱས་བྱེད་ཀུན་མཁྱེན་ཐོབ་ཕྱིར་ཐབས་དང་ལྡན་པས་སྟོན།། གང་གི་དཀར་པོ་མི་ཉམས་མི་འདོར་རྣལ་འབྱོར་པས་ནི་རྒྱལ་བའི་བདེ་བ་བསྒྲུབས་ཕྱིར་ཕོ་ཉའི་ལམ།། དཔལ་ལྡན་འདུས ་སོགས་མ་ལུས་རྒྱུད་དུ་ཐུབ་དབང་རྣམས་ཀྱི་སྒོ་ཡང་དག་ཕྱག་རྒྱ་སྟོན་པར་གསུངས།། དྲི་དང་ཙན་དཱ་ན་ཨུད་པ་ལ་དང་སྔོན་པོ་ཇི་བཞིན་ཟག་བཅོས་ཐིག་ལེ་བཱདེ་ཆེན་ཡེ་ཤེས་གནས།། རྟེན་དང་རྟེན་པ་སྐུ་དང་ཡེ་ཤེས་ཡོན ་ཏན་འཕྲིན་ལས་ཁམས་གསུམ་མ་ལུས་དེ་ཡི་དབང་དུ་འགྱུར།། དབང་བསྐུར་དང་བྲལ་ཡེ་ཤེས་ཡོན་ཏན་དངོས་གྲུབ་བརླག་འགྱུར་ཁྲིམས་འཆལ་རྡོ་རྗེ་འཛིན་པའི་དགེ་སློང་ཉམས།། བླ་མའི་ལུང་གིས་མ་གནང་དེ་ཡི་བསོད ་ནོནམས་རེབ་ཟད་མི་དགེ་རབ་འཕེལ་སྐལ་པའི་དགེ་བ་འཇོམས།། འདོད་པའི་དབང་གིས་རི་བོང་ཅན་ཟག་ལྟུང་བ་བསྐྱེད་ཕྱིར་གང་ན་འདུག་ཀྱང་མྱ་ངན་སྡུག་བསྔལ་རྒྱུ།། རྒྱལ་བ་རྣམས་ཀྱི་ཡོན་ཏན་བསྐྱེད་ཕྱིར་འདི་ལས་གང་འདས ་སངས་རྒྱས་ལམ་མིན་དམྱལ་བའི་གནསུ་འཚེད།། གྲག་སེམས་འདོད་པའི་དབང་གྱུར་མི་གཙང་བུ་ག་ལ་སྟེན་འཁྲིག་པའི་རོ་མྱང་མངལ་གྱི་གྲོང་དུ་གནས།། ཐ་ཤལ་ཐར་མེད་མི་དགེའི་འབྲས་བུས་ཆུ་ཚྭག་ཁོལ ་མ་ལ་མཱར་བསྐལ་པར་གནས་པས་གོ་ཆ་བགོ་བར་བགྱིས།། བསྒྲུབ་པོ་ནད་མེད་ལང་འཚོ་ལུས་དར་རྩ་བཟེང་བརྩོན་བྱས་བློ་གྲོས་བཟང་ལྡན་དབང་གི་རྣམ་པར་སྨིན།། གསུམ་པའི་དབང་ཐོབ་སྔགས་དང་རྒྱུད་ཀྱི་ཕ་རོལ་སེ་ནི་ཞིང་བླ་མའི ་ལུང་གིས་བསྒྲུབ་དང་སྐྱོན་སེལ་མཁས།། དབང་གི་ཡེ་ཤེས་སྔོན་དུ་བྱས་ཏེ་རྩ་དང་རླུང་འབྱོངས་ཐིག་ལེ་ལ་དབང་གཉེན་པོས་འཛིན་ནུས་ཤིང་། རང་འདོད་ལ་སྙམ་རྟོགས་པའི་རྩལ་གྱིས་འདོད་ཆགས་ཟིལ་གནན་ཐ་མལ་ཆགས ་བྲལ་བདེ་ཆེན་ཡེ་ཤེས་སྦྱོར།། རྒས་ཤིང་རྒུད་དང་རྨྱ་དང་གཅོད་ཅན་ཞིག་དང་ཉམས་པ་བག་མེད་འདོད་ལྡན་ཡིད་མི་འཇུག་ཕྱིར་སྤང་། དབང་ལྡན་གཟུགས་བཟང་ལང་འཚོ་བཞིན་མཛེས་ངག་མཉེན་དྲི་ཞིམ་བྲམ་ཟེ་རྒྱལ་རིགས ་རྗེའུ་དམངས་རིགས་གདོལ་པ་དང་།། རིག་ལྔའི་རིགས་ཅན་ལྷན་སྐྱེས་སྔགས་སྐྱེས་གླང་སྣ་ཅན་དང་རི་དགས་དུང་ཅན་མེ་ཏོག་པདྨ་ཅན།། ནུ་མ་བསྲ་མཁྲེགས་བདེ་སྐྱེད་རྣམ་འགྱུར་འདོད་པའི་སྒྲ་འབྱིན་པདྨ་རུབ་ཅིང་དམ་པའི་མཆོག། ་ཁ་སྦྱོར་བདེ་བས་ཡེ་ཤེས་སྤྲོས་བྲལ་ཡོན་ཏན་འཕེལ་བྱེད་འདོད་པོ་དབང་པོ་ཡིད་ཀྱིས་འཛིནུས།། གཞོན་སོགས་ཡོན་ཏན་བཅུ་གསུམ་མཆོག་དམན་ཁྱེད་པར་ཆེ་སྟེ་སྨོན་ལམ་དབང་གྱུར་རང་གིས་བྱེད་པའོ།། སྐྱབས་འགྲོ་སེམས ་སྐྱེད་སྔོན་དུ་ཚོགས་འཁོར་དབང་བདུན་བསྐུར་ལ་ཐབས་ཀྱི་ཕན་ཡོན་རིག་མ་ངེས་ཕྱོགས་བྱ།། ཐ་མལ་ལུས་སྦྱངས་སྐད་ཅིག་པ་ལྷར་བསྐྱེད་ཡེ་ཤེས་པ་བསྟིམ་སྣང་སྟོང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྔ།། ལུས་ལ་གོ་ཚྭའི་ལྷ ་དགོད་གནས་གསུམ་དག་དང་མཁའ་དང་གསང་བ་སྦྱངས་བསྐྱེད་བྱིན་གྱིས་བརླབས་ནས་ནི།། ནག་ཚལ་རི་ཕུག་དབེན་པའི་གནས་སུ་བདེ་བའི་གདན་ལ་གཅིར་བུར་འདུག་སྟེ་བདེ་ཆེན་རྣམ་པར་རོལ།། ལྷ་དང་ལྷ་མིན་གདེང ་ཆེན་སྒེག་མཛེས་འཇོལ་བག་འགྱིངས་ལྡེམ་རྣམ་གཟིགས་སྡིག་འགྲོས་རྔ་མ་འཇོག་དང་།། གྱང་དང་རོལ་པས་འཁྲིལ་སྦྱོར་རབ་འཁྱུད་མཁའ་ལྡིང་སེང་གེ་གླང་ཆེན་རུས་སྦལ་འདུག་སྟངས་བཅུ་དྲུག་གིས།། རང་སེམས ་ནཱ་མཁའི་པདྨོ་ལ་སེམས་རིག་བྱེད་རྩ་དང་ལམ་ཆེན་ཐུར་སེལ་རླུང་བསྡུ་དལ་བུས་བསྐྱོད།། ནཱམ་ཡང་མི་འདོར་སྲོག་ལེས་གོཅེས་འགྱུར་བ་གཞན་མི་དམིགས་སྒྱུ་མའི་ཡུལ་འདི་སྤྲོས་བྲལ་དབྱིངསུ་ལྟ།། རེག་པས་སྟོབས ་སྐྱེད་ལུས་འདིར་སྐྱིག་བུན་ཐིག་ལེ་གཡོ་བས་གསལ་བའི་ཉམས་འདི་དགའ་བདེ་དགའོ་དང་པའོ།། ། བསྣུན་པས་རློན་འབྱུང་དབུགས་རྒོད་རྩཝ་དང་ལུས་པོ་གཡོ ་ཞིང་སྦྲིད་འགྱུར་རབ་ཏུ་གཡོས་པས་བདེ་དགའ་གཉིས་པའོ།། བསྐྱོད་པས་དྲོད་འབྱུང་ཆགས་པའི་སྒྲ་འབྱིན་བདེ་བས་རབ་མྱོས་རྣམ་པར་རྟོག་བྲལ་ཤིན་ཏུ་གཡོ་བ་གསུམ་པའོ།། དེ་ལས་ཐལ་ན་དཀར་པོ་ཉམས་ཕྱིར་ཐ ་མལ་ཉིད་དེ་བདེ་བ་མེད་པས་དགའ་བྲལ་བཞི་པའོ།། རི་བོང་ཅན་གླ་ཡོ་རྩོལ་བ་དོར་ལ་དམིག་མེད་ཀྱིས་རིག་བྱེད་རྩ་དང་ལམ་ཆེན་ཐུར་སེལ་གློང་།། སྟེང་རླུང་བཟུང་ཞིང་གཟུགས་དང་ང་རོ་འཛིན་བསྐྲད་སྒྲིམས ་བདུག་སེམས་ན་མཁའི་དབུས་སུ་རབ་ཏུ་འཕངས།། བདེ་ཆེན་མོ་སྐྱེས་རྫོགས་བསྐྱོད་རྩེ་མོར་མཱི་བཟུང་གཡོ་དང་རོ་མྱོང་མི་སྐྱོང་རྡོ་རྗེའི་རྩ་བར་བཟུང་།། གང་གིས་ཟིན་ཚེ་པདྨ་འུབ་འགྱུར་གཙུག་ཏོརྱ་སྲ་ཞིང་སྟོབས་རྩལ་རྣམས་རྒྱས་ཉམས ་ན་དེ་ལས་གཞན།། འོག་སྒོའི་གནས་དང་ལྟོ་བའི་དཀྱིལ་འཁོར་རྐང་ལག་མགྲིན་པ་ལྕེ་དང་མིག་སྟེ་འདི་དྲུག་དབང་དུ་བསྡོད།། དེ་དྲུག་དང་བཅས་འཁྲུལ་འཁོར་དྲུག་གིས་ས་འབྱུག་མཁྱེའ་ལ་ཐོར་ཟུག་བགྲད་ཅིང་སྟེང་རླུང་རབ་ཏུ་བཟུང་།། ་གསང་བར་ཧཱུཾ་གིས་བདེ་ཆེན་འདྲེན་བྱེད་རིག་མ་ཞུ་བས་རྡོ་རྗེས་འཐུང་ཕྱིར་ཧཱུཾ་ལ་ཐིམ་གྱུར་དེ་ཉིད་འཕང་།། ཧཱུ~ཾ་རིང་ཧཱུཾ་ཐུང་ཧི་ག་དང་བཅས་པས་དྲག་པོའི་སྒྲ་ལྡན་གསུམ་ལྔ་བདུན་གྱིས་འཁོར་ལོ་བཞིར་ན་འགྲོངས།། རྣལ་འབྱོར་པས་ནི ་སེམས་གཡེང་མི་འགྱུར་ཡེ་ཤེས་ཡིད་ཚིམ་བདེ་ཆེན་འཛག་མེད་རྡོ་རྗེ་མ་འགྱེལ་པར།། ཟློག་པས་རྡོ་རྗེའི་ངར་འཆོར་སྦུབས་སུ་ནུབ་འགྱུར་ལུས་སེམས་དབང་པོ་ཡཱང་དུ་བདེ་མཉེན་ཉམས་ན་གཞན།། དགྲམ་པའི་གནོད་དྲུག་འོག ་རླུང་སྟེང་རླུང་སྟེང་རླུང་བུམ་པ་ཅན་དུ་སྤྲུག་སིག་འཚམ་བརྡེ་བ་འཕར་དང་མཆོད་རྒྱུག་བྱ།། རྩི་གནས་སྟོང་དང་བུག་པར་བདེ་ཆེ་ནི་བཅུད་ཀྱིས་གང་ཞིང་མི་རྟོག་སྤྲོས་བྲལ་ཆོས་དབྱིངས་ངང་དུ་བཞག། གང་གི་ཁྲིམས་ཚེ་ལུས་པོ ་སྒྲ་འབྱིན་རོ་བཅུད་ཀྱིས་གང་བདེ་དང་མཉེན་འགྱུར་གསལ་དང་མི་རྟོག་བསྐྱེད།། དབབ་བཟུང་བཟློག་དག་མ་སྣ་ཚོགས་འཁྲུལ་འཁོར་མུན་ངག་རོ་ལྡན་རིག་པའི་མཚོན་བསྣུན་ཉམས་དང་བྲལ་ན་ག་ན།། ཡུལ་འདི་སྣང་སྟོངས་སྒྱུ་མའི ་ཕྱག་རྒྱོར་བལྟས་ལ་ཐོག་མཐའ་བར་དུ་དགའ་བཞི་སྟོང་པའི་རྒྱས་བཏབ་བྱ།། བསྐྱོད་པའི་ཚེ་ན་གཡོ་བའི་བདེ་བས་རྒྱལ་བ་མཆོད་དང་དེ་ཡི་ངོ་བོ་ཆད་ཁྲེའི་མཚན་མས་སྟོང་།། འདོད་པའི་རྣམ་རྟོག་རག་སྟེ་དེ་དག་གི་གསལ་འགྱུར་བྱང ་སེམས་གཡོས་པས་བདེ་བ་བསྐྱེད་ཅིང་མ་རྟོག་པ།། ཟག་བཅས་བདེ་བོ་སྐྱེད་པོའི་རྣམ་རྟོག་དེ་ན་སྐྱེ་འགག་རྟག་ཆད་འགྲོ་འོང་མཐའ་དབུས་མེད་པར་ལྟ།། རྒས་དང་བཀྲེས་སམ་ལུས་ཟུང་མ་རྒྱས་ནད་ཀྱིས་གཟིར་དང་ངལ་དུབ་རྩ་ངན ་བདེ་ཆེན་ཉམས་པར་འགྱུར།། བསྐྱོད་པ་དྲག་པོས་མདའ་འཕངས་བཞིན་འགྱུར་བདེ་བས་རབ་མྱོས་འདོད་ལ་ཆགས་གྱུར་གཉེན་པོས་མ་ཟིན་ཉམས།། སྨན་དང་དམིགས་པ་རྫས་དང་འཁྲུལ་འཁོར་ཁ་ཟས་སྤྱོད་ལམ་སྣ་ཚོགས ་རིག་མ་འདུག་སྟངས་ཡུལ་གྱིས་སྒྱུར།། ཐིག་ལེ་འཆོར་འགྱུར་དངོས་སམ་ཁ་མཆུ་བདེ་མེད་འཛག་ཅིང་ལམ་གཉིས་ཟུག་རྔུ་གཤང་གཅི་རླུང་གི་སྐྱོན།། ལུས་གནད་དྲུག་དང་འཁྲུལ་འཁོར་དྲུག་གིས་རླུང་བཟུང་གྲོར་བྱ་སྟོང་དང ་བུག་པ་ཀུ་སྟི་སྤུག་དང་བརྡུང་།། གནས་ནས་མ་འདྲོངས་རྡོ་རྗེ་ཁ་ཆུ་ཧཾ་དང་མ་འདྲེས་སྤྱོད་ལམ་དང་བཅས་གཤང་གཅིའོ་ཞོར་ལ་འབྱུང་།། ལམ་གཉིས་སྡོམ་དང་གསང་བའི་གནས་ལྕི་གཙུག་ཏོར་འབྲས་བུ་གཟེར་ཟུག་ལ་སོགས ་ཟློག་པའི་གག་རྣམས་ནི།། སྐྱིལ་ཀྲུངས་འཐེབ་འདྲེན་རྐང་མཐེམ་ཕྱིར་འདྲེན་ལག་གཉིས་བུས་འཁྱུད་སོར་བཅུ་མཐིལ་མནོན་རྡོ་རྗེ་རྒྱུབ་ལག་དང་།། ལྷུན་པོ་མགྲིན་དགུག་འདི་དག་མདུན་རྒྱུ་གྷྲ་ཡས ་གཡོན་སྟེང་འོག་ཁ་སྦྱར་གཟུང་ལྔ་འཕང་ཞིང་དྲག་ཏུ་སྤྱུག། སྐྲན་དང་རྡེ་ན་དམུ་ཆུ་སྒྱུ་བབས་སྐས་དང་ཤ་ཁྱཱ་ཁོལ་བུར་ནཱ་དང་སྤྱི་བྱི་ཟས་མི་འཇུ།། ལུས་ཕྱེ་ངོ་ཆེ་ཆུང་སྐམ་དང་འཕྲེང་སོ་ཡེན་ཡི་ནེ་ལག་ལྕི་བ་འཕྲལ་སྦོམ་ལྕི ་འགྱུར་འགྲམ་པའི་གོག། རྟ་ཡི་བཞི་འཕྲ་ལུག་གས་སྟག་སྤྱུགས་སྤྲེའུའི་ཤིང་རྩད་ཁྱི་ཡས་མདུར་མཆོངས་ཕག་གི་འཇོལ་རྒྱུག་དང་།། བ་ལའི་གབ་འགྲོས་གླང་གི་བསིག་བརྡུང་དག་མ་དང་བརྡུང་ཞིང་སྨྱུག་དང་དཀུ་མཉེ ་སྟོང་དང་བུག་མེ་བསྒོམ།། ཕོ་བདེ་གཟུག་བཅས་མོ་བདེ་འཇམ་འགྱུར་ཟུང་འཇུག་བདེ་སྟོང་བདེ་ཆུང་ཡུན་རིག་མ་སྤོས་ལ་བསྒྲུབ།། གཞོན་མཛེས་འདོད་ལྡན་ཆགས་པའི་དབང་པོ་སོང་སྣ་ཚོགས་གར་བསྒྱུར་དབེན་པར་གཅེར ་བུཾ་པདྨ་ལ་ལྟེ་ཞིང་།། ཤ་དང་མྱོས་བྱེད་མཁའ་མེའི་བར་རྟེན་སྙོམས་པརུ་མི་འཇུག་འཛུམ་དང་རེག་ཅིང་ལྟ་དང་འཁྱུད་པར་བྱ།། རླུང་དང་འཁྲུལ་འཁོར་རྫས་དང་དམིགས་པ་ཟ་ཁ་ཟས་སྒྱིད་ལམ་མཐུན་བའི་རྐྱེན་གྱིས་ཕུང་པོ ་རྟེན་པར་བྱ།། འོ་དང་འཁྱུད་པོ་སོ་དོང་སེན་མོ་པདྨ་ལ་རེག་པའོ་བདེ་བའི་རོལ་རྩེད་སྣ་ཚོགས་ཐབས་ཀྱིས་རྩལ།། རྒྱལ་པོའི་དཔུང་གི་བཙུན་མོའི་ཕོ་བྲང་དབུས་སུ་མི་གཞོམ་དམངས་ཀྱི་གྲོང་ཁྱེར་མཐའ་ནསོ་བཤིག། དྲོད་དང ་རྣམ་འགྱུར་རླན་དང་དབུགས་འབྱིན་ཆགས་པའི་སྒྲ་སྒྲོགས་རྩ་སྣ་བསྟན་ཕྱིར་རྫས་དང་འཁྲུལ་འཁོར་བྱ།། སེམས་དང་རི་བོང་འཁོར་ལྷོ་བཞི་རཱ་བཟུང་བྱུང་སེམས་འཛིན་བྱེད་བདེ་བ་རྒྱས་འགྱུར་ཡེ་ཤེས་མངོན་དུ་བྱ།། སྒྱུ་མའི ་ཕྱག་རྒྱ་མེ་ལོང་ནང་དུ་གཅེར་བུ་བལྟས་ཏེ་དབྱེར་མེད་རིག་མཱ་སྒྱུ་མའི་གཟུགས་སུ་ལྟ།། ཆོས་རྣམས་དེ་བཞིན་མ་ཆགས་མི་འཕྲེང་སྟོང་པའི་ཡིད་ཀྱིས་འཁོར་བས་སྐྱེ་མོའི་སྤྲུལ་པར་ལྟ།། བདག་ཀྱང་མ་གྲུབ་བདེ་ཚོན་སྟོང་པ་ཆ ་བྱོ་ཆགས་བྱེད་འདོད་པའི་ཡིད་འདིར་དངོས་འཛིན་མཚན་མ་ཞིག། དབང་དང་དཀྱིལ་འཁོར་ལྷ་སྔགས་རྫོགས་རིམ་བཞིན་ལུས་གཞན་གྱི་སེམས་ཉིད་ངེས་རྟོག་ས་བཅུ་མངོན་དུ་འགྱུར།། ལུས་འཚོང་མའི་བྱི་རུ་སིན་དྷཱ་ར་དང་མེ ་ཏོག་གླང་སྣ་མཚལ་དང་ཐིག་ལེས་ཟླ་མཚན་རྣམས།། ཕྱེ་མར་བཏགས་ལ་སྙོམས་འཇུག་རླན་གྱིས་ཅིག་ཏུ་བསྒྲུབས་ཏེ་ཀུ་རུ་གུ་ལེ་མཚོན་གང་ཚད་ཙེ་བྱ།། དྲི་ཞིམ་གྱིས་བྱུགས་མི་ཡོ་ཕྲུ་མ་ལེབ་རྒན་གྱིས་གྲིལ་པདྨར་བཅུ་ག་ལ་བདུན ་ཕྲག་གསུམ་དུ་བསྒྲུབ།། དེ་ཉིད་བྱུང་ལ་བརྡར་བའི་ཕྱེ་མོ་སྲིན་ལག་གཡོན་གྱིས་གླང་ལ་རེག་པ་བདག་གིས་དབང་དུ་འགྱུར།། ཁྱི་ཡི་ཕོ་མཚན་གར་ཆང་སྦྲང་དང་སྦྱར་བའི་ལྡེ་གུ་རྡོ་རྗེ་ལྀ་བྱུག་སྙོམས་འཇུག་འབྲལ་མེད་འགྱུར།། མི ་ཡི་ཐོད་པ་ག་བུར་ང་རྩི་དྷ་རུ་རྞ་ཏུ་ར་ཡིས་བརྡར་ལོ་དབུལ་བར་བྱུག་ན་གཞན་དུ་མིན།། བྱི་བའི་བཤང་ལམ་ཏིལ་མར་བྱེའུ་སོ་ཀ་ཏའི་ཤ་ཁུས་ཆོས་འབྱུང་བྱུང་ནི་བྱུང་ཆུང་ཞིང་འཛུམ་པར་འགྱུར།། ལྕམ་པའི་རྩ་བ་རབ་ཏུ་བཀོལ ་ཏེ་བཞི་ཆ་ལུས་པས་པདྨ་བཀྲུས་ན་འཁྲང་ཞིང་བསྲ།། བསྒྲུབ་བྱའི་རྐང་རྗེས་ས་ཆུ་དུག་དང་གི་ཁྲག་གུ་གུལ་རུས་ཆེན་མཚོན་རྩེ་སྦྲང་རྒོད་ཚ་བ་གསུམ།། ར་རྩི་འདོད་ཆུང་འཁྲིག་པའི་སྦྲང་ཆུ་ཚ་བདུན་གྱིས ་བྱུག་རྡོ་རྗེས་བསྣུན་པས་བྷ་ག་གཟིར་བས་མཆོག། ཐོག་མར་ཨོཾ་བརྗོད་སྲི་བྷེ་ཛྙཱི་ཏ་ལི་ཧཱུ~ཾ་དཱི་ནི་སུ་ཙེ་པུ་སུ་དྷྱེ་ཤྲ་མ་དྷྱཱ་ཞོ།། ཁ་དེང་རྡོ་རྗེ་སྐྱུགས་ཀྱིས་ཆུ་སྦྱིན་དཀར་ནཱག་ཐབས་ཤེས་གཡས་གཡོན་འོག་ཏུ་འདིས་ནརྀ་སྲིད་པ་ཆོང་།། གསེར ་དངུལ་ར་གན་འཁོར་བ་ཞ་ཉེ་ཁུང་ལེན་རྡོ་དང་ཟངས་གཡས་རྟག་ཏུ་སྲིད་པ་ཚད།། འཁོར་ལོ་ལྟེ་བ་མུ་ཁྱུད་རང་མིང་སྔོགས་དང་ཕྱི་རིམ་རྡོ་རྗེ་དང་བཅས་གནོན་པས་སྲིད་པ་མཆོད།། བསྒྲུབ་བྱའི་རྐང་རྗེས་ས་དང་གཅི་བེ་ཆུ་སྡེབས་ལམ ་ཀའི་མཚན་མ་རྔ་མས་བཅད་དེ་མུནན་ན་རྡོ་རྗེ་འཇོམས།། མངའ་ལམ་མཱལ་འོག་སྟེང་དུ་མེ་ལོང་གཡོན་དུ་སྐྱེས་པ་གསང་བའི་སྐུ་སྦྱིན་རྡོ་རྗེ་ཞི་བར་བྱེད།། བསྒྲུབ་བྱེའི་མཱི་ལ་བྱ་རོག་འུག་པོ་ཁྱི་དང་ཟླ་བ་སྔགས་དང་སྒྲུབ་པས་མནན ་ནཱ་མཛའ་འོ་ངེས་པར་འབྱེད།། བིང་ལྡོག་བྱི་ལའི་འཕྲུ་མ་ལྕགས་གསུམ་གྱིས་སྒྲིལ་རིག་མའི་ཁ་རུ་བཅུག་ནི་དེ་ཉིད་མཐོང་མི་འགྱུརརོ།། མདོག་དམོར་རྨིག་པོ་སྲེག་པའི་ཐལ་བ་མཚལ་དང་བསྲེས་ལ་ཕྱག་རྒྱས་བཻ་ཏབ་ན་གཞན ་གྱིས་སྤྱོད་མི་ནུས།། གོ་ཆེ་ཤུ་ཐིག་དོང་ཁ་པདྨ་སྲེག་པའི་ཐལ་བ་རྡོ་རྗེ་ལ་བྱུག་ཤུགས་ལྡན་སྦོམ་ཞིང་མཁང་།། མོན་སྲན་རྡེའུ་གཟེ་མ་འབུ་སིན་བཀོལ་པོ་འཐུངས་ན་རྡོ་རྗེ་འཁྲང་འགྱུར་བུད་མེད་སྟེང་ཕྲག་དགའ་བྱེད་ནུས།། ཨ ་ཤོ་ཀ་དྷ་ཏིལ་གྱིས་ཕྱེ་མ་མར་དང་འོ་མར་སྦྱར་བ་ཟླ་ཕྱེད་འཐུངས་ན་སྟོབས་ཤེད་རྒྱས།། དབང་པོ་ལག་པ་ཞོ་གཉིས་ཀ་ར་བ་ཏིའི་འོ་མ་དང་བསྲེས་འཐུངས་ན་སྟོབས་དང་གཟི་བརྗིད་འཕེལ།། དཔལ་ལྡན་རྒྱུད་མཆོག་རྒྱ་ཆེན་བླ་མའི ་མན་ངག་རབ་ཟབ་རྣམས་ལས་དྲི་མེད་བདུད་རྩིའི་བཙུད་བབ་པས།། ཐབས་ལམ་མནུ་ངག་རྡོ་རྗེའི་ཚིག་འབྱེད་མེ་ཏོག་འཕྲེང་འཛིན་སྦས་པའི་ག་ནང་འདི་དོན་ཡོད་རྡོ་རྗེས་ཕྱེ།། དེ་ཡི་དགེ་བས་མཐའ་ཡས་རྒྱ་ཆེན་མི་ཉུང་དེས་ནི་བདེ་ཆེན ་དབུས་སུ་ལྷན་ཅིག་སྐྱེས་པས་རབ་འཁྱུད་དེ།། འགྲོ་བ་ཀུན་གྱི་སྐལ་པའི་ལམ་ཆེན་ཚེ་འདིར་འགྲོ་དེ་རྡོ་རྗེ་འཆང་ཆེན་མངོན་དུ་བྱེད་པར་ཤོག། རྒྱུ་དང་མན་ངག་ཐམས་ཅད་ཀྱི་དོན་ཕྱོགས་ཅིག་ཏུ་སྡེབས་པ་ཐབས་ལམ་མན་ངག་རྡོ་རྗེ ་ཚིག་གིས་རྣམ་པར་དབྱེ་བ་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་ཤར་ཕྱོགས་ཀྱི་བིཏླྀ་ཏ་དོན་ཡོད་རྡོ་རྗེས་མཛད་པ། རྒྱ་གར་གྱི་གྲུབ་ཆེན ་ཏི་ཕུ་གསང་སྔགས་ཀྱི་སྡོང་པོའི་དྲུང་དུ། བོད་ཀྱི་རྣལ་འབྱོར་པ་རས་ཆུང་རྡོ་རྗེ་གྲགས་པས་ཞུས་ཤིང་སྤྱན་དྲངས་པ་ལས།། སླད་ཀྱི་པཎྜི་ཏ་དྷ་ན་ཤི་ལའི་དྲུང་དུ་བལ་པོ་མཚོ་ཁ་རས་པས་ཞུས་ཏེ་སྤྱན་དྲངས་པའོ།། ་