CLOSE WINDOW

GT261: dpal de kho na nyid ye shes grub pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ཏཏྟྭ་ཛྙཱ་ན་སིདྡྷི། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ།། རླུང་གིས་བསྐྱོད་པས་འོག་གི་འཁོར་ལོ་ནས་བཞེངས་གློག་གི་ཟེར་ལྟར་འོད ་གསལ་ཞིང་།། རྩིབས་གནས་གསུམ་པོ་བསྲེགས་ནས་འཇིག་རྟེན་གསུམ་གྱིས་མཆོད་གྱུར་བདུད་རྩིའི་རྒྱན་རབ་འབབ།། སངས་རྒྱས་ཡེ་ཤེས་བཅུད་དང་འདྲེས་ཤིང་སྐྱོན་བྲལ་ཤིན་ཏུ་དགའ་བའི་ཚོགས་སྟེར་བ།། དངོས་དང ་དངོས་མེད་རྣམ་པར་སྤྱོད་དང་བྲལ་བའི་ཕག་མོ་ཡིས་ནི་ཁྱེད་ལ་སྲུངས།། ཀ་སོགས་ཡི་གེས་བསྐོར་ནས་སྤྲུལ་པའི་རྩིབས་ཅན་ཉིད་དབང་དཀྱིལ་འཁོར་ལ་བཞུགས་ཤིང་།། འབར་བའི་མེ་ལྟར་རབ་འབར་བདུད་རྩི་རབ་འཛག ་པདྨའི་སྐུད་པ་ལྟར་ཕྲ་བ།། རིག་མ་སངས་རྒྱས་ཚོགས་རྣམས་བསྲེག་ཅིང་འཁོར་ལོ་གསུམ་པོ་འབྱེད་པ་གང་ཡིན་པ།། ཀུན་དགའ་དང་བཅས་རལ་པས་གྱེན་གཤེགས་ཕག་མོ་ཁྱེད་ཀྱི་སེམས་ལ་གསལ་གྱུར་ཅིག། རྡོ་རྗེ་ཡི་ནི་རྣལ ་འབྱོར་མ།། རྡོ་རྗེ་སྔོན་སོང་ཕག་མོ་ལ།། མགོས་ཕྱག་འཚལ་ནས་རང་དྲན་ཕྱིར།། བདག་གིས་དེ་ཉིད་ཤེས་གྲུབ་བརྗོད།། ཡིད་དང་རྗེས་སུ་མཐུན་པའི་དབེན་གནས་སུ།། མགོན་པོས་མགོ་མཚན་བློ་ལྡན་ཞུགས་ནས་ནི།། དར ་ནི་ཤིན་ཏུ་འཇམ་པའི་སྟན་དག་ལ།། ཀུན་ནས་དག་པ་རྣམ་པར་བསྒོམ་པར་བྱ།། དེ་རྗེས་ཡི་གེ་གསུམ་གྱིས་སྔགས་དྲུག་པ།། རྒྱལ་བ་རྡོར་འཛིན་སྙིང་པོ་མིང་མེད་ཀྱིས།། བྲིས་ནས་མེ་ཏོག་དམར་པོས་མཆོད་པར་བྱ།། རྡོ་རྗེ་དང ་པོ་མཆོག་གི་སྣོད་དུ་ནི།། གཡས་པ་ལས་གཞན་ལག་པ་བཅུག་ནས་ཀྱང་།། ཉེ་བར་བསྟན་པར་ཇི་ལྟ་བ་བཞིན་དུ།། ལག་པ་རེག་ནས་རྡོ་རྗེའོ་ཁྲུས་བྱའོ།། མཐོ་བོང་ཆེན་པོ་དང་ན་སེར་མོ་རྣམས།། ཡང་དག་ལྡན་པས་ལག ་པས་བཀོད་བྱས་ནས།། དཔའ་བོ་ཡི་ནི་དབང་ཕྱུགས་དྲུག་པོ་ཡི།། སྔགས་རྣམས་ཀྱིས་ནི་ལུས་ལ་དགོད་པར་བྱ།། དེ་རྗེས་ལ་ཡང་རྡོ་རྗེ་འཆང་སྟེང་དུ།། ཚོན་བཟང་སྦྱར་བ་ལས་སྐྱེས་སྣོད་སྙོམས་ལ།། ཞ་ཉ་ལས་སྐྱེས་པ་མ་སོ་མ་དག། ས ་རལདག་ཏུ་དལ་བུས་བཙགས་ལ་འགྲམ།། དེར་ནི་གསེར་ལས་བྱས་པའི་ཐུར་མ་ཡིས།། རྒྱལ་བའི་སྙིང་པོས་སྙིང་པོའི་འཁོར་ལོ་ནི།། གཙུག་པུད་ཅན་གྱི་ཟུར་ལྡན་མངོན་བྲོས་ནས།། དེ་ཡི་སྙིང་པོར་སྔགས་ཀྱི་ཕྲེང་བ་བྲི།། འཁོར་འི་ཕ ་རོལ་ཤཱར་གྱི་ཆ་དང་ནི།། བྱང་དང་ནུབ་དང་གཟི་ལྡན་སྲས་ཕྱོགས་སུ།། དཀྲ་ཤིས་དམ་པ་རྣམས་ནི་རིམ་པ་བཞིན།། ལག་པ་གཡོན་པ་ཡིས་ནི་མངོན་པར་བྲི།། ཛཿཧཱུཾ་བཾ་ཧོཿཞེས་ནི་རབ་བརྗོད་ནས།། རྡོ་རྗེ་ལྷ་མོ་བཀུག་ནས་གསང་སྔགས ་ཀྱི།། ཡི་གེ་ལ་ནི་བཅུ་གནས་བསྡམས་པ་དང་།། ཆོ་ག་ཡིས་ནི་ཡོངས་སུ་མཉེས་པར་བྱ།། དེ་རྗེས་སྔགས་ཀྱི་རང་བཞིན་དེ་ལ་ནི།། བཟའ་དང་བཅའ་དང་བཏུང་བ་དང་།། བཞི་པ་བྱ་འདོད་ཡོན་ལྔ་དང་བཅས་རྣམས་ཀྱིས།། མཆོད་པ་རྣམ་པ་སྣ ་ཚོགས་པ་དག་བྱ།། སྣ་ཚོགས་སྟོབས་ནི་མྱོས་བྱེད་དང་བཅས་པ།། ཤིན་ཏུ་ཁྱད་འཕགས་མཆོད་པའི་རྣམ་ལྔ་དང་།། གླུ་དང་རོལ་མོ་དང་ནི་གར་རྣམས་དང་།། བསྐོར་བ་ཕྱག་འཚོལ་བསྟོད་པ་རྣམས་ཀྱིས་ནི།། ཉིན་རེ་བཞིན་ནམ་ཟླ་ཕྱེད་སོ ་སོ་འམ།། ཟླ་རེ་བཞིན་ནམ་ཆེས་ནི་བཅུ་པ་ལ།། དངོས་གྲུབ་འདོད་པའི་དམ་པས་རྔ་སྐད་དུ།། བཤད་བཞོན་མཆོད་པ་ཆོ་ག་འོད་ལ་བྱ།། དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས།། ཕྱི་རོལ་མཆོད་པའི་ཆོ་གའོ།། ། དེ་ནས་གཙོ་ཆེན ་རོལ་མཆོད་པའི་ཚུལ།། བྱས་པས་སྤྲུལ་པའི་རྩིབས་ཅན་པད་དབུས་སུ།། དབུགས་བྲལ་སྙིང་གར་ཚ་ཟེར་ཅན་གཟུགས་ལ།། སྔར་བརྗོད་པ་ཡི་ལྷ་མོ་བསྒོམ་བྱ་སྟེ།། དགོངས་ཀའི་ཐུན་མཚམས་དམར་ཐག་མདོག་ཅན་འདོད་དཔུང་ཚོགས་ཀྱི་མདུན་གྱི ་གཟི་བཅོམ་ཞིང་།། དཔག་མེད་འོད་འཕྲོ་ཉམ་ཐག་ཀུན་གཅོད་པ་ཡི་གྲི་གུག་གཡས་ཀྱི་ཕྱག་ན་འཛིན།། རྒྱལ་མཚན་དང་བཅས་གཡོན་པས་པད་སྣོད་ཤིན་ཏུ་དཀར་བ་ཁྲག་གི་བཀང་འཛིན་ཅིང་།། ཐོད་ཕྲེང་རྡོ་རྗེ་ཕྲེང་བས་དབུ་བཅིངས་མགོ ་སྐྲ་གྲོལ་ཞིང་གྱེན་དུ་འགྲེང་གྱུར་པ།། མགོ་བོའི་ཕྲེང་བས་སྐུ་བརྒྱན་ཁྲག་གིས་ཞལ་བཀང་རོ་ཡི་སྤྱན་ལྡན་གྲོལ་བའི་གདངས།། སྐལ་ལྡན་ས་རློག་ཞལ་ནི་གྱེན་དུ་བལྟ་ཞིང་རྩ་བའི་ཞལ་ནི་ཅུང་ཟད་ཁྲོ།། ཀུན་དགའ་དང་བཅས་རྗེས་སུ་ཆགས་ཤིང ་སྣ་ཚོགས་ཉམས་ཅན་སྐྱིལ་ཀྲུང་བྱེད་པའི་གར།། ཕྱག་རྒྱ་ལྔས་ནི་རྒྱས་གདབ་ན་བཟའ་དང་བྲལ་བཅུ་དྲུག་ལོ་ཚད་སྐུ་མཆོག་ཅནྡ།། ཡེ་ཤེས་དགུག་སོགས་སྔ་མ་བཞིན་དུ་ནི།། ཆོ་གའི་རིམ་པ་སྔགས་པས་བྱས་ནས་ནི།། བཀྲ་ཤིས་དཔྲལ་བ་ཡི་ནི ་སྔོན་ཕྱོགས་ལ།། མྱུར་བར་འཁོབ་ཅིག་ནི་བསྒོམ་པར་བྱ།། དེ་ཡི་རྗེས་ལ་བྱ་ལམ་ཁམས་སུ་ནི།། གྲུ་གསུམ་རི་མོ་ཡི་ནི་སུལ་ནང་དུ།། འཁོར་ལོ་དམར་པོ་རབ་ཏུ་འབར་བ་ནི།། མྱུར་བར་སྔར་བཤང་ལྟ་བུར་འཁོར་ལོ་བསྒོམ།། ལྷག་པའི ་6དྡྷ། ཟུགས་ཀྱིས་བརྟན་པ་ལྟར་གདང་ཤང་།། རླུང་མང་མོགལ་མར་མ་ལྡར་གས་མ་ངས། ཁ་ན་ཅན་བརྡར་ཁར་ལ་གན་བྷྱས་ནས།། བདུ་རྩ་འཐོག་ལོ་ཟགས་པས་ཁྲུས་བྱས་ནས།། བདུང་རྩིའོ་ཐོག་ལོ་ཐམས་པ ་བྱས་ཤིང་།། སྐུ་གསུམ་ངོ་བ་མཆོག་ཏུ་ལྷན་ཅིག་ཏུ།། སྐྱེས་པའི་བདག་ཉིད་འགྲོ་ལ་ཁྱབ་བྱང་ཅིང་།། བདེ་བ་དཔག་ཏུ་མེད་པའི་རྒྱུར་འཕྲོ་བ།། ནུབ་ཏུ་བལྟས་ནས་ཕྱི་ནས་བལྟ་བར་བྱ།། ཉི་མ་རེ་རེ་བཞིན་དུ་ཐུན་ར་འམ།། ཇི་ལྟར ་བཞིན་འདི་ནི་ཇི་སྲིད་དུ།། དངོས་གྲུབ་མཚན་མ་མཐོང་བ་དེ་སྲིད་པར།། བསྒོམ་བྱ་དེ་ཡང་གསོལ་བར་བརྗོད་པར་བྱ།། འབད་མེད་སྐྱེས་པ་དགའ་བའི་ཤུགས་དང་རྗེས་འབྲེལ་བས།། གང་ཚེ་རྣམ་པར་བསྒོམ་པས་འདི་ནི་གསལ་གྱུར་ཅིང ་ལྕགས་ཀྱི་བཞུ་པ་ལ་སོགས་གནོད་པ་མི་ཚོར་བ།། དེ་ཚེ་གྲུབ་པ་ཉེ་བར་གནས་པར་གྱུར་པ་ཡིན།། རྔ་བོ་ཆེ་སོགས་རབ་ཏུ་བརྡུངས་པ་རྣམས་ཀྱི་སྐུ།། གསལ་པོར་ཉན་པའི་སྤྱོད་ཡུལ་དུ་ནི་མི་འགྱུར་ཞིང་།། གང་ཚེ་རྨི་ལམ་དུ་ནི་བླ་མེད་བྱང་ཆུབ ་མཆོག། ཐོབ་ནས་རིང་པོར་མི་ཐོགས་བསམ་གཏན་པས་མཆོག་འགྲུབ།། གྲུབ་པོའི་མཚན་མ་མཐོང་ནས་འདྲ་གནས་དང་།། རི་ལྗོངས་སྔོན་པོའི་རྩ་བ་ལ་སོགས་སུ།། གནོས་ནས་རྫོགས་པའི་རྣལ་འབྱོར་ནི།། བློ་བཟང་གིས་ནི་རྒྱུན་མ་འཚར ་པར་བསྒོམ།། གྲུབ་ནས་ནོར་འཛིན་ལ་སོགས་རིམ་པ་ཡིས།། གོང་ནས་གོང་དུ་རབ་ཏུ་ཐིམ་འགྱུར་ཞིང་།། དེ་ཚེ་ན་མཁའ་ལྟ་བུར་སྣང་བ་ཡི།། འོད་གསལ་བ་ཡི་ཡེ་ཤེས་ཙམ་དུ་འགྱུར།། དེ་དག་མཚོན་མར་ཤེས་བྱ་མཚན་མ་ཡང་།། རླུ ་པ་ལྔར་ནི་དེ་ཤེས་པས་རིག་བྱ།། དེ་བཞིན་ཕྱིར་ན་དེ་དག་རྣལ་འབྱོར་པས།། མཉམ་པར་བཞག་པའི་སེམས་ཀྱིས་རྟོགས་པར་བྱ།། དངོས་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ།། མཚན་མ་གཉིས་པ་དུད་པའི་རྣམ་པ་ཅན།། གསུམ་པ་མེ་ཁྱེར ་འདྲ་དང་བཞི་པ་ནི།། སྒྲོན་མ་འབར་བ་ལྟ་བུར་གསལ་བ་ཡིན།། མཚན་མ་ལྔ་པ་རྣམ་པར་མི་རྟོག་པ།། སྤྲིན་བྲལ་ན་མཁའ་ལྟ་བུར་སྣང་བ་ཡིན།། དེ་ལྟ་བུ་ཡི་མཚན་མ་མཐོང་ནས་ནི།། ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར།། ལྡང་བར་འདོད་པ ་རྣལ་འབྱོར་མ་དང་མགོར་གནས་པའི།། མགོན་ལ་བཏུད་ནས་ཡི་གེ་མུནི་རབ་ཏུ་བརྗོད།། ལངས་ནས་དེ་ཉིད་བློ་ཡིས་བྱ་བ་བསྒྲུབ་བྱ་ཞིང་།། རྣལ་འབྱོར་རིག་པས་རྟག་ཏུ་རྣལ་འབྱོར་ལྡན་པར་གནས།། དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས ་བསྒོམ་པའི་ཆོ་གའོ།། ། སློབ་མས་མཎྜལ་བྱས་ཞིང་ཞབས་པདྨ་ལ།། འདོད་པས་གསོལ་བ་མང་དུ་བཽཏབ་གྱུར་པའི།། སྔགས་པ་ཡིས་ནི་ཆོས་བཅུ་པ་དག་ལ།། དེ་དག་རྣམས་ནི་རྗེས་སུ་བཟུང་བར་བྱ།། རྣལ་འབྱོར་བྱས ་པ་སྔགས་ཀྱི་རང་བཞིན་གྱིས།། ལྷ་མོ་འཁོར་ལོའི་བདག་ཉིད་ཅན་མཆོད་ཅིང་།། བཟླ་བ་བྱས་པར་གྱུར་པའི་མཆོག། ཀུན་ཏུ་བླངས་ཏེ་དེ་ལས་འདའ་བར་བྱ།། དེ་ནས་མཎྜལ་ལྔ་ནི་བྱས་གྱུར་ཅིང་།། ཡོན་ཕུལ་ནས་ནི་མདུན་དུ་འགྲོང ་གྱུར་པའི།། མེ་ཏོག་ཕྲེང་འཛིན་སློབ་མའི་མགོ་བོ་ལ།། མགོན་པོ་བསྒོམ་ལ་བླ་མས་བལྟ་བར་བྱ།། རྡོ་རྗེས་ཇི་སྐད་བཤད་པའི་ལྷ་མོ་དང་། འོད་ཟེར་འབར་བའི་འཁོར་ལོའི་ཤུགས་ལྡན་པ།། ཉེ་བར་གནས་པའི་ལུས་ལ་བསམས་ནས ་ནི།། དེ་ལ་རྡོ་རྗེ་འཛིན་པ་སྦྱིན་པར་བྱ།། མཐར་གྱིས་དེ་ལྟར་བབས་པ། དེ་ལ་ནི།། སྦྲུལ་ལྡན་པ་དང་རབ་ཏུ་འདར་བ་དང་།། མཆི་མ་འབྱུང་བ་དང་ནི་འགྱེལ་བ་དང་།། ཡེ་ཤེས་སྐྱེས་པའི་རང་བཞིན་འབྱུང་བར་འགྱུར།། དེ་རྗེས ་དང་ལྡན་ཡོན་ཏན་དང་བཅས་ཤིང་།། བླ་མས་སངས་རྒྱས་གཉིས་མེད་གུས་པ་ལ།། རྡོ་རྗེ་ཡི་ནི་རྣལ་འབྱོར་མ་རྣམས་ཀྱི།། ཏིང་འཛིན་མཆོད་དང་སྔགས་རྣམས་བརྗོད་པར་བྱ།། དད་པ་དང་ནི་རྣམ་པར་བྲལ་བ་ཡི།། གུས་པ་རྣམ་པར་ཉམས ་པའི་སློབ་མ་ལ།། ཡིད་ཆེས་འཕྲལ་བསྐྱེད་ཤིན་ཏུ་རྣམ་དག་པའི།། རྣལ་འབྱོར་འདི་ནི་བརྗོད་པར་མི་བྱའོ།། གང་ཞིག་སྔགས་དང་བཅས་པར་གྱུར་པ་ཡི།། ལྷ་མོའི་འཁོར་ལོ་ལ་ནི་མཆོད་བྱེད་པ།། དེ་ལ་འཇིགས་པ་བརྒྱད་པ་རྣམས་དང་ནི ་སྡིག་པ་ཆེན་པོ་རྣམས་དང་སྐལ་ངན་དང་།། དབུལ་བ་དང་ནི་ནད་དང་རྒྱས་པ་དྲུང་།། སྡུག་བསྔལ་ཡིད་མི་བདེ་བ་རྣམས་དང་ནི།། འཁྲུལ་དང་ཐབས་རྩོད་ཉེས་སྐྱོན་ཉོན་མོངས་དང་།། གདུང་བ་སྣ་ཚོགས་རྣམས་ཀྱང་འཇིག་པར་འགྱུར།། གང ་ཞིག་སྙིང་ཁར་འཁོར་ལོའི་གསང་སྔགས་ནི།། བསྒོམས་ནས་འགོག་པའི་ཚིག་གིས་ཟློས་བྱེད་དེས།། དངོས་གྲུབ་བརྒྱད་པོ་རྣམས་དང་མངོན་ཤེས་ལྔ།། དེ་བཞིན་ཡོན་ཏན་བརྒྱད་པ་ཐོབ་པར་འགྱུར།། ཉིན་རེ་བཞིན་དུ་ཐུན་བཞི་རོ་འབ་ནས ་སུ། ས་རློག་ཞལ་ནི་བསྒོམ་པ་གང་ཡིན་ལ།། སངྒེ་འཕྲོག་བྱེད་དབྱིག་གི་སྙིང་པོ་ཡིས།། ཐུབ་པར་དཀའ་བོའི་དྲན་པ་སྐྱེ་བར་འགྱུར།། འཁོར་ལི་དང་བཅས་པག་ཞལ་ཙན་འདི་གང་ཞིག་བསྒོམ་བྱེད་པ།། དེ་ལ་བུད་མེད་རྣམས་དའི ་པ་སྣ་ཚོགས་གོས་དང་ནི།། བཟའ་བཏུང་སྣ་ཚོགས་ནོར་འབྲུ་ས་གཞི་དང་ནི་ཁང་བཟང་དང་། ལྷ་རྫས་ཀྱི་ནི་མལ་སྟན་དག་དང་སྒྲུབ་བྱེད་རྣམས་ཀྱང་འབྱུང་།། དེ་ཁོར་ན་ཉིད་ཡེ་ཤེས་གྲུབ་པ་ལས་ཕན་ཡོན་དང་སློབ་མ་རྗེས་སུ་གཟུང་བའི་ཆོ་གའོ།། ། ་དེ་ནས་རྡོ་རྗེ་རྣལ་འབྱོར་མའི།། སྔགས་པཏུ་མཆོག་གྱུར་རིམ་པ་བཞིན།། རྣ་ནས་རྣ་དང་དེ་བཞིན་དུ།། ཞལ་ནས་ཞལ་དུ་འོངས་འདི་བརྗོད།། སྔར་བརྗོད་ལྟ་བུའི་འཁོར་ལོ་ལྷའི།། ཚོགས་ཀྱི་གནས་དང་ལྡན་པ་བྲི།། ཨ་ཕྲེང་ཀ་ཕྲེང་དེ་བཞིན ་དེར།། གཅིག་པ་མ་ཚུང་བ་རིམ་གྱིས་བྲི།། ཛཱ་འོག་དང་སྟེང་གནས་སྦྱར་བ།། ཧ་རོག་བརྟེན་པས་རྣམ་བརྒྱན་པའི།། ཡིག་མཆོག་དེ་ཉིད་གསལ་བྱེད་ནི།། དང་པོ་ཉིད་དུ་གསུམ་བྲི་བྱ།། བྷ་སྟེང་རྟེན་དང་ཚ་དང་གནས་པ་ནི།། ཊ་སྟེང་གནས ་དང་འབྲེལ་བ་དེ་རྗེས་བྲི།། ཥ་འོག་བརྟེན་པ་ཌ་འོག་མར་བཅས་དང་།། ཤ་སྟེང་བརྟེན་པ་ཥ་སྟེང་གནས་དང་བཅས།། ལི་འོག་གནས་པ་ཉ་འོག་དང་ལྡན་པ།། པ་སྟེང་ཊ་འག་ལྡན་པ་དེ་རྗེས་བྲི།། ཕ་སྟེང་སོན་པ་འ་འོག་དང་ལྡན་པ། ་ཧཊའི་བར་གནས་ཨེ་གཡོན་དང་བཅས་ཏེ།། ཙ་སའི་དབུས་གནས་པ་དང་བྷ་འོག་དང་།། གནས་པ་ཐ་གཡས་དང་འབྲེལ་དེ་རྗེས་ལ།། ཧ་ཐའི་དབུས་སོན་པ་དང་ཏ་གཡོན་རྟེན།། ཐ་ལའི་དབུས་དང་འབྲེལ་པ་ཕྱི་ནས་བྲི།། ་ཆ་ཀུན་གྱིས་ནི་མཐའ་དང་ཕའི་བར་མ།། སྡེ་གསུམ་པ་ཡི་དང་པོའི་གཡོན་ནས་འབྲེལ།། ལ་ཡི་འོག་མ་ཎ་སྟེང་བ་དང་ལྡན།། ཚ་སྟེང་གནས་དང་བྷ་འོག་རྔ་གཡས་ལྡན།། ཥ་འོག་གནས་པ་ཏ་སྟེང་པ་དང་ལྡན།། ཎ་འོག་ཐ ་སྟེང་དང་ལྡན་ཕྱི་ནས་ཡིན།། ཕ་འོག་རྟེན་དང་ཕ་སྒྲེང་ཐ་འོག་མར།། ལྡན་དང་ལ་འོག་ཎ་སྟེང་དང་ལྡན་ནོ།། ཝ་འོག་གནས་པ་རཱྀ་འོག་སྟོང་པ་ཅན།། གསུམ་དང་རྩ་སྟེང་ར་འོག་གནས་བཅས་གསུམ ་ཤ་འོག་གནས་པཱ་ཐ་འོག་དང་ལྡན་ཞིང་།། ཉ་ཡི་འོག་མ་དང་ཡང་ལྡན་པ་ཡིན།། ས་ཡའི་བར་གནས་ཛྙཱ་ཡཱི་གཡོན་བཅས་ཏེ།། གསང་ཆེན་ཡི་གེའི་རྣམ་པ་བརྗོད་གྱུར་པ།། རྡོ་རྗེ་ལྷ་མོ་རྣམས་ཀྱི་སྔགས་འདི་ནི།། བྲི་ཞིང་བསྒོམ ་པ་བརྗོད་པར་བྱ་བ་ཡིན།། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་དང་བུམ་པ་མཆོག། དཔལ་ལྡན་འདོད་པའི་འོག་མའི་བ་ཡང་རབ་ཏུ་བསྔགས།། དེ་དག་བསྒྲུབ་པས་འདིར་ནི་ནོར་སྟེར་ཙམ་འགྱུར་ཏེ།། འདི་ནི་བདེ་དང་བཅས་པའི ་ནོར་རྣམས་སྟོ་བར་བྱེད།། དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས་སྔགས་བཏུ་བའི་ཆོ་གའོ།། ། མཆོད་པའི་རྒྱུར་ནི་ཆོ་ག་མཁྱེས་པ་ཡིས།། སྣོ་ང་ལ་བརྟེན་པ་གང་ལ་འདི་བྲིས་པ།། དེ་ནི་མགོ་དང་མགུལ་པ་དཔུང ་པ་ལ།། བཏགས་པས་བྱིས་པའི་ཚུལ་བཞིན་བསྲུང་བར་བྱ།། བསྲུང་བཅས་བྱིས་པ་མཐོང་ནས་ལྟོ་འཕྱེ་འབྱུང་པོ་དང་།། གནོད་དང་མཚན་མོ་རྒྱུ་དང་ཤ་ཟའི་ཚོགས་བཅས་དང་། བྱིས་པ་འཇིགས་པས་ཉམ་ཐག་བྱེད་པའི་རབ་འཇིགས ་གཞན།། སྟོབས་ལྡན་སོངྒེས་ནགས་སུ་སྐྲག་ལ་འདར་བཞིན་འབྱེར།། རྣལ་འབྱོར་གྱི་ནི་མན་ངག་དམ་པོ་ཐོབ་ཅིང་ཡིད་ཆེས་མཐོང་གྱུར་ནས།། བདག་གིས་གསལ་བའི་ཡེ་ཤེས་དྲི་མེད་ཡང་དག་གྲུབ་པ་འདི་བྲིས་ཏོ།། དེས་ན་ང ་ཐབ་དོན་དུ་གུས་སྒྱུ་རབ་ཏུ་སྦྱིན་དྷཱའི་ཚུལ་རྣམས་དང་།། ལུསྱཱ་ངལ་བ་དང་རབ་འདུད་རྣམས་ཀྱི་བླ་མ་དམ་པའི་ནབས་པང་བརྟན།། འཇིག་ཅན་དག་ན་མ་བཞིན་ཕན་པ་མང་པོ་བསྐྱུང་བྱུང་དེ་ཉིད་མཆོག་གྲུང་གང་ཡིན་པ།། དེ ་བྱས་དགེ་བ་སྐྱེན་བྲལ་ཟླ་བ་ཉེ་བའི་འོད་ལྟར་དཀར་བ་ཡང་དག་གང་ཐོབ་པ།། དེ་ནི་འཇིག་རྟེན་རྩོད་པའི་དྲི་བྲལ་རྫོགས་པའི་བྱང་ཆུབ་དག་པ་ཡི་ནི་སྣོད་གྱུར་ཅིང་།། ཕྱག་རྒྱ་རྒྱ་ཆེན་སྲོང་དང་ཞི་བ་མཉམ་གྱུར་སེམས་ཅན་ཀུན་དོན ་བྱེད་པ་ཐོབ་པོར་ཤློག།། དེ་ཁོ་ནྡ་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པ་ཞེས་བྱ་བ་དག་བྱིན་གྱིས་བརླབ་པའི་རིམ་པ་དཔལ་འཇམ་པའི་དབྱིངས་ཀྱིས་བྱིན་གྱིས་བརླབས་པ་མཁས་པ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེའོ་ཞལ ་སྔ་ནས་ཀྱི་ཞབས་ཀྱི་རྡུལ་ལ་རེག་པ་པཎྜི་ཏ་སྟོང་ཉིད་ཀྱིང་ངེ་འཛིན་གྱིས་མཛད་པ་རྫོགས་སྷོ།། ། ཁོལ་པོའི་ཨཱཾ་ཙིརྱ་བཱ་རེནྡ་རུ་ཙེ་དང་། ལོ་ཙཱ་བ་བློ་ལྡན་ཤེས ་རབ་ཀྱང་བསྒྱུར་བའོ།། ་