| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀ་ལ་ཙག་ཀྲ་ཏན་དྷཱ། ནཱ་ཏ་བི་མ་ལ་པྲ་བྷཱ་ན་མ། བོད་སྐད་དུ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་ཐཱ། འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་ལ་ཕྱག་འཚལ་ལོ།། འཕགས་པ་འཇམ་དཔལ་ལྡན་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། སྟོང་པ་སྙིང་རྗེ་གཉིས་མེད་པའི།། སྲིད་གསུམ་སྐྱེས་དང་ཟད་པ་མེད ་ཡེ་ཤེས་ཤེས་བྱའི་བདག་ཉིད་སྐུ།། རྣམ་པ་བཅས་པ་མེད་བྱེད་པ་བཅོམ་ལྡན་ཤེས་རབ་མ་དེས་འཁྱུད།། འཕེལ་དང་འབྲི་བ་སྦྱངས་པ་སྟེ། འགྱུར་བ་མེད་པའི་བདེ་ཆེན་པོ།། རྒོད་ལ་སོགས་པའི་བདེ་སྤངས་པ།། སངས་རྒྱས ་རྣམས་ནི་སྐྱེད་བྱེད་པོ།། སྐུ་གསུམ་པོ་དང་ལྷན་གཅིག་ཅིང་།། དུས་གསུམ་ཡང་དག་རིག་པའོ།། ཐམས་ཅད་མཁྱེན་པ་དམ་པ་ནི།། དང་པོ་སངས་རྒྱས་བཅོམ་ལྡན་འདས།། གཉིས་མེད་དེ་ལ་ཕྱག་འཚལ་ལོ།། འཇམ་དཔལ ་གྱིས་ནི་བསྐུལ་ནས་སུ།། ཡན་ལག་དྲུག་པའི་རྒྱ་ཆེར་འགྲེལ།། པད་མ་དཀར་པོས་བྲི་བར་བྱ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། ཉིན་མོ་བྱེད་པའི་འོད་ལྟ་བུ།། པདྨ་འདབ་མ་འདྲ་བའི་སྤྱན།། སངས་རྒྱས་ཞེས་ཡི་གེ ་ཉི་ཤུ་རྩ་གསུམ་གྱིས་སྟོན་པ་པོ་བསྡུས་པར་བཅོམ་ལྡན་འདས་ཀྱིས་མཛད་དོ།། སོང་གེའི་གདན་བཞུགས་པ་ཞེས་པའི་ཡི་གེ་ལྔས་གནས་བསྡུས་པར་མཛད་དོ།། ལྷའི་མཆོག་གི་ཕྱག་བྱས་པ་ཞེས་པའི་ཡི་གེ་བདུན་གྱིས ་འཁོར་ཆེན་པོ་བསྡུས་པར་མཛད་དོ།། མགོ་བློ་ཡིས་ནི་ཕྱག་འཚལ་ཏེ། ཞེས་བྱ་བ་ལ་སོགས་པ་ཚིག་རྐང་བཞི་ཡི་གེ་ཉི་ཤུ་རྩ་བརྒྱད་ཀྱིས་གསོལ་བ་འདེབས་པ་པོ་བསྡུས་པ་མཛད་དོ།། ་པལ་དུས་ཀྱི་འཁོར་ལོར་སྦྱོར་བ་ནི།། བརྩོད་པའི་ནི་དུས་དག་གི་ཞེས་པའི་ཡི་གེ་བཅུ་བཞི་ཡིས་ཆོས་སྟོན་པ་བསྔོས་པ་མཛད་དོ།། མི་རྣམས་འགྲོ་བའི་རྒྱུ་རུ་ཞེས་པའི་ཡི་གེ་འདུན་གྱིས་དགོས་པ་དང་། དགོས་པའི་དགོས ་ས་པར་མཛད་དོ།། ཇི་ལྟ་བའི་རིམ་པས་ཡི་གེ་བརྒྱད་བཅུ་རྩ་བཞི་པོ་འདི་རྣམས་ཀྱིས། སྟོན་པ་པོ་དང་། གནས་དང་། འཁོར་ཆེན་པོ་དང་། གསོལ་བ་འདེབས་པ་པོ་དང་། ཆོས་སྟོན་པ་དང་། དགོས་པ ་དྲང་དགོས་པའི་དགོས་པ་བསྡུས་པར་མཛད་དོ།། དེ་བཞིན་གཤེགས་པས་ལུང་བསྟན་པཱི་བཅོམ་ལྡན་འདས་འཇམ་དཔལ་གྱིས་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བསྡུས་པའོ།། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག ་གིས་ཐོས་པ་ལ་སོགས་པ་གསུངས་པ་མ་ཡིན་ནམ?། ཇི་ལྟར་རྒྱུད་འདྲིར་འདི་སྐད་བདག་གིསུ་ལཱ་སོགས་པ་དང་བྲལ་བར་བསྟན་པ་དེ། འདི་སྐད་བདགྲ་གིས་ལ་སོགས་པ་བཞུགས་པའི་གནས་སྟོན་པ་མེད་པའི་ཕྱིར ་རྒྱུད་འདི་སངས་རྒྱས་བཅོམ་ལྡན་འདས་བསྟན་པར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་སྟོན་པ་པོ་དོན་ལ་སྟོན་པ་ཡིན་པའི་ཕྱིར་དང་། སྡུད་པ་པོ་རྣམས་ཀྱང་ཡུལ་སྣ་ཚོགས་པའི་སྐད་ཀྱི་ཁྱད ་བར་གྱིས་སྡུད་པར་བྱེད་པའི་ཕྱིར་རོ།། ད་ནི་སྦྱོར་བའི་ཡན་ལག་དྲུག་བརྗོད་པར་བྱ་བའི་ཕྱིར། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སོ་སོར་བདུད་པ་ནི་དང་པོའི་ལས་ཅན་གྱིའོ།། རྒྱལ་བའི་དབང་པོ་ཞེས ་བ་ནི་ཡེ་ཤེས་ཀྱི་ཕུང་པོའོ།། དེ་ཡ་མཚོནྨ་མྱའི་དབྱེ་བཱས?་རྣམ་པ་བཅུ་སྟེ། དུ་པོ་དང་། སྨིག་རྒྱུ་དང་། མཁའ་གསལ་དང་། མར་མེ་དུང་། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། ་དུས་མེ་དང་། ཐིག་ལེ་མཐོང་བའི་དབྱེ་བོས་བརྟགས་པ་ནི་ཡེ་ཤེས་ཀྱི་ཕུང་པོའོ།། དེ་བཞིན་པས་མི་གཏན་མི་བསྐྱོད་པ་ཞེས་པ་ནི། ཡེ་ཤེས་ཀྱི་ཕུང་པོ་རྣམ་པ་བཅུ་ཡུལ་དང་ཡུལ་ཅན་རྣམས་ཀྱི་ཆོས་གཅིག་པ་ཉིད ་སྣ་ཚོགས་པའི་སྐུ་སྟེ། བསམ་གཏན་ནོ།། སྲོག་དང་རྩོལ་བ་རལ་གྲི་ཅེན་ཞེས་པ་ལ་རལ་གྲི་ཅན་ནི་འདུ་བྱེད་ཀྱི་ཕུང་པོའོ།། སྲོག་དང་རྩོལ་བ་ནི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུག་ཏུ་འདྲེས་པར་གྱུར་པའི་ཕྱིར་རོ།། ་སྲིར་ལ་ཡང་ནི་རྣམ་པ་བཅུ།། གཟུང་བ་རིན་ཆེན་ཕྱག་རྒྱ་ཅན་ཞེས་པཱ་ནི་ཚོར་བཱའི་ཕུང་པོའོ།། སྲོག་གཟུང་པོ་ནི་ལྟེ་བ་དང་། སྙིང་ཀ་དང་། འགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་གྱི་པད་མར་འགྲོ་བ་དང་། འོང་བའི་དབྱེ ་བས་རྣམ་པ་བཅུའོ།། གཡུང་མོ་རྗེས་སུ་དྲན་པ་ནི།། པད་མ་འཛིན་པ་རུ་ནི་འགྱུར། ཞེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། རྣམ་པ་བཅུའོ།། རྗེས་སུ་དྲན་པ་དེ་ལ་ཡང་ག་ཡུང་མོ་དབུ་མའི་རྩའི་འདུད་པ་བཅུའི་གནས ་སྐབས་ཀྱི་དབྱེ་བ་ཉིད་དོ།། དཔལ་གྱི་ཏིང་འཛིན་འཁོར་ཅན།། ཞེས་པ་ལ། འཁོར་ལོ་ཅན་ནི་རྣམ་པར་སྣང་མཛད་ཏེ། ཏིང་ངེ་འཛིན་ནི་རླུང་རྣམ་པ་བཅུ་འགོག་པ་ཉིད་དོ།། དེ་ལྟར་བཅོམ ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་ནང་གི་རླུང་ཞེས་པའི་དོན་ཏོ།། རེ་རེ་ཡང་ནི་ལྔར་དབྱེ་བ་ཞེས་པ་ནི། སྦྱོར་བ་རཱཾ་ལཱ་དཀྱིལ་འཁོར་ལྔ་ལྔར་འགྱུར་རོ།། ཨ་ལ་སོགས་པ་དྲང་ཀ་ལ་སོགས་པ་ན། དཔྱངས ་དང་གསལ་བྱེད་དེ་གཡོན་དང་གཡས་ནས་སྲོག་རྒྱུ་བ་འགྲོག་པའི་དོན་ཏོ།། ད་ནི་སྔོ་སོར་སྡུད་པ་ལ་སོགས་པའི་མཚན་ཉིད་བརྗོད་པའི་ཕྱིར། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སོ་སོར་སྡུད་པ་ཞེས་བྱ ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ་རྣམས་ཀྱིས་འབྲེལ་པའི་སེམས་མི་འཇུག་ཅིང་སྟོང་པའི་སྐུའི་ཡུལ་རྣམས་ལ་གཞན་དམིགས་ལ་སོགས་པ་རྣམ་པ་ལྔ་འཇུག་པའོ།། དེ་བཞིན་དུ་དེ་ཉིད་ཀྱི་སྐུ་ལ་ཤེས་རབ་ཞེས་བསྣ ་པས་རྟོག་པ་ཞེས་པ་སྟོང་བྱི་དང་པོ་འཛིན་པ་དང་། སྤྱོད་པ་ཞེས་པ་དེའི་དོན་ངེས་པ་དང་། དགའ་བ་དང་མི་གཡོ་བའི་བདེ་བཞེས་པ་ནི་སྟོང་པའི་སྒྲ་དང་ལྷན་ཅིག་སེམས་ཅིག་ཏུ་བྱེད་པའོ།། དེ་བཞིན་དུ་གཟུང་བ་དང་འཛིན་པོའི་དབྱེ་བས་བསམ ་གཏན་རྣམ་པ་བཅུའོ།། འདིར་སྲོག་དང་རྩོལ་བ་ཞེས་པ་གཉིས་ཀྱི་ལམ་ནི་གཡོན་པ་དང་གཡས་ཀྱི་ལམ་མོ།། མི་འཁྲུག་པ་ཞེས་པ་ནི་དེབུས་ཀྱི་ལམ་དུ་འཇུག་ཅིང་འགོག་པའོ།། དེ་ཡང་རླུང་རྣམ་པ་བཅུ་འགོག་པའོ།། འདིར ་ཐིག་ལེར་སྲོག་འཇུག་ཅིང་ཞེས་པ་ནི་། དཔྲལ་བར་སྲོག་འཇུག་པའོ།། གཉི་གའི་འགྲོ་དང་འོང་བ་ཞེས་པ་ནི་འགྲོ་དང་འོང་བ་དང་ཉལ་བ་སྟེ། སྲོག་དང་ཐུར་སེལ་འདུས་ཤིང་སེམས་གཅིག་པ་ཞེས་པའོ།། གཏུམ་མོའི ་ནི་སྣང་བ་གྲང་ཞེས་པ་ནི་གཏུམ་མོའི་འོད་ཟེར་གྱིས་སྲིད་པ་གསུམ་གསལ་བའོ།། ན་མེ་ཁར་དེ་ནི་རྗེ་སུ་དཱན་ཞེས་པ་ནི་སྔོན་དུ་གསུངས་པའི་རྣམ་པ་བཅུ་རྗེས་སུ་དྲན་པའོ།། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱི་ཞེས་པ་ནི་ཤེས ་བྱ་དང་ཡེ་ཤེས་གཅིག་ཏུ་འདྲེས་པར་གྱུར་པའི་མི་འགྱུར་བའི་བདེ་བའི་དབང་གིས་ཡེ་ཤེས་ཀྱི་སྐུ་ནི་ཏིང་ངེ་འཛིན་ཏེ། དེ་ཡང་སྲོག་ལ་སོགས་པ་རྣམ་པ་བཅུ་མེད་པ་ཉིད་དོ།། དེ་ལྟར་སྦྱོར་བ་དྲུག་གི་བསྒྲུབ་ཐབས་འདྲི་ནི་ཆུང ་དུ་ལ་སོགས་པའི་དབྱེ་བས་བསྒྲུབ་ཐབས་རྣམ་པ་གསུམ་དུ་ཡང་འགྱུར་ཏེ། སྣ་ཚོགས་ཀྱི་བདེ་ག་པོ་དུས་ཀྱི་འཁོར་ལོའོ།། ཕྱག་རྒྱ་གསུམ་དང་ཚད་ནི་གསུམ།། རྣམ་པ་གསུམ་གྱི་འགྲོ་དབང་གིས་ཞེས་པ་ནི། འདིར་བྱུང ་ཆུབ་ཀྱི་སེམས་མི་འཇིགས་པར་འགྲོ་བ་ནི་ཆུ་ངུ་ཙམ་མོ།། མཐུན་པར་འགྲོ་བ་ནི་འབྲིང་ཙམ་མོ།། རྒྱུ་འཐུན་པར་འགྲོ་བ་ནི་ཆེནུ་པོ་ཙོམ་མོ།། འདི་རྣམས་ལ་ལས་ཀྱི་ཕྱག་རྒྱ་ནི་མི་འཛག་པའི་བདེ་བ་སྟེར་བར་བྱེད་མའོ།། ཡོཾ ་ཤེས་ཀྱི་ཕྱག་རྒྱ་ནི་འཐུན་པའི་བདེ་བ་སྟེར་བར་བྱེད་མའོ།། ཕྱག་རྒྱ་ཆེན་པོ་ནི་རྒྱུ་འཐུན་པའི་འབྲས་བུ་སྟེར་བར་བྱེད་མའོ།། དེ་ལྟར་ཡན་ལག་དྲུག་གི་སྦྱོར་བ་ཕྱག་རྒྱ་གསུམ་གྱི་སྦྱོར་བས་ཕྱག་རྒྱ་གསུམ་གྱི་བསྒོམ་པ་བཅོམ ་ལྡན་འདས་ཀྱིས་གསུངས་ཏེ། རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་ཕྱིར་ཡན་ལག་དྲུག་གི་སྦྱོར་བ་བསྒོམ་པར་བྱའོ།། ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་བརྗོད་པའི་ཕྱིར། སོ་སོར ་སྡུད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་པ་གང་གི་ཚེ་སོ་སོར་སྡུད་པས་དོག་པར་འགྱུར་ཏེ། སྟོང་པོའི་སྐུ་རོ་ལ་བརྟན་པར་གྱུར་པ་དེའི་ཚེ། སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཚིག་གིས་མཆོག་ལ ་སོགས་པ་ཡང་སྟེར་བར་འགྱུར་རོ།། བསམ་གཏན་སྦྱོར་བ་དག་པ་ཡིས།། མངོན་ཤེས་ལྔ་ནི་ཐོབ་པར་འགྱུར་ཞེས་པ་ནི། འདྲིར་དམིགས་མི་འཛུམ་པར་འགྱུར་བའི་བསམ་གོཏན་དག་པས་ལྷའི་དམིགས་ལ་སོགས་པ ་སྟེར་བར་འགྱུར་རོ།། དེ་བཞིན་དུ་ལྷའི་ལྔ་རྣ་བ་ལ་སོགས་པ་ཡང་ཐོབ་པར་འགྱུར་རོ།། སྲོག་དང་སྩོལ་བ་དག་པས་ན་ཞེས་པས་ནི། འདིར་རྣལ་འབྱོར་པ་གང་གི་ཚེ་ཉི་མ་དང་ཟླ་བའི་ལམ་དང་བྲལ་བར་གྱུར་པ་དེའི་ཚེ་སྲོག ་དག་པས་རྟག་ཏུ་དབུས་ནས་རྒྱུ་བར་འགྱུར་ཏེ། དེ་བྱང་ཆུབ་སེམས་དཔས་མཆོད་དེ་བསྔགས་པར་འགྱུར་ཞེས་པའི་དོན་ཏོ།། གཟུང་བའི་ནི་སྟོབས་ཀྱིས་ནི་ཞེས་པས་ནི། སྲོག་འགྲོ་བ་དང་འོང་བ་ཟད་པས་གཅིག་ཏུ་འདྲེས་པར ་འགྱུར་རོ།། ཉོན་མོངས་ལ་སོགས་བདུད་འཇོམས་ཤིང་།། སྟོབས་བཅུ་ལ་ནི་འཇུག་ཡང་ན་སཔམ་མེད་མི་མ་ལས་ན་མི་མེད་ལ་མའི་ཆེ་མ་འནི་ན་། ཀྱི་དང་གནས་མ་ད་མེད་ས ་ད་རྐྱེན་པ། ཆོམ་བཅཝམག་ལ་བྱེད་པ། ས་སྣཚོགས་ཁྱེད་དམ་ཅན་དམཆག་ཡི་པ་བྱེད་པ་ས་པད་ལས་བྱེ་། མགཏ་དང་རྒྱལ་ས་བྱེད་པ་ན་ཉམ་པ་གས་བྱེད་ག་སུ་མཉན་མ་པ་དང་མས་བྱ་ས་དུས་ཀྱང་གཙུ་གྱིགས་འམ་ན་མ་པོ་ཅད་བ་ན་བ་དུ་ག ་པར་འགྱུར་ཞེས་པ་ནི་སྟོང་པ་ཉིད་ཀྱི་སྐུ་ལ་སེམས་གཟུང་བར་འགྱུར་བའོ།། རྗེས་དྲན་གྱིས་ནི་དག་པར་འགྱུར་ཞེས་པ་ནི། འདིར་རྗེས་སུ་དྲན་པ་སྟོང་པའི་སྐུ་ལ་འཁྱུད་པས་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེའི་ཕྱིར་དག ་པ་གང་གི་ཚེ། དེའི་ཚེ་དྲི་མ་མེད་རྗེཔའི་འོད་འཕྲོ་བའི་དཀྱིལ་འཁོར་དུ་འགྱུར་རོ།། གཞན་ཡང་གི་སྒྲསཱ་ནཻ་བྷེ་སྥུའི་བུ་གྲཝ་ནས་འོད་ཟེར་ལྷ་འཕྲོས་པའོ།། ཡེ་ཤིས་ཀྱི་སྐུ་ལས་ཞེས་པ་ནི། སྟོང་པའི་སྐུ་ལས་ཎྚ་དྷ ་ཕྱུང་བའོ།། དེའི་ཕྱིར་དག་པའི་ཏིང་ངེ་འཛིན་གྱིས་ཞེས་པ་ནི་འདིར་གཟུང་བ་དང་འཛིན་པའི་སེམས་ཀྱི་སྦྱོར་བ་དྲུག་ཅིང་གཅིག་པ་ཉིད་ཀྱིས་གང་གི་ཚེ་མི་འགྱུར་བའི་བདེ་བར་འགྱུར་བ་དེ་ནི་ཏིང་ངེ་འཛིན་དུ་བརྗོད་དོ།། དེའི་ཕྱིར་ཏིང ་ཛིན་དག་པ་དེ་མ་མེད་པར་སོང་བའོ།། ཉི་མ་ཅུང་ཟད་ཙམ་གྱིས་ནི་ཞེས་པ་ནི་ལོ་གསུམ་དཟླ་བ་ཕྱེད་དང་གཉིས་ཀྱི་ཉི་མ་རྣམས་ཀྱིས་ཡེ་ཤེས་ཀྱི་ལུས་འགྲུབ་སྟེ། དབང་བཅུ་ལ་སོགས་པ་བརྙེས་པའི་བྱང་ཆུབ་སེམས་དཔེར་འགྱུ་རོ།། ་སོ་སོར་སྡུད་པ་ལ་སོགས་པའི་ངེས་པའོ།། ད་ནི་བཙན་ཐབས་ཀྱི་སྦྱོར་བ་བརྗོད་དེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱིས་སྟོང་པའི་སྐུ་མཐོང་ནས་མི་འཇིགས་པའི་དབང་སྐད་ཅིག་ལོ་བདི་བ་སྐྱེད། སྲོག་གཟིར ་པ་མེད་པའི་ཕྱིར་དེའི་ཚེ་སྒྲ་ཙམ་ལ་གོམས་པས་བརྒྱད་བཞིན་པའི་བཙན་ཐུབས་ཀྱི་སྔོན་དུ་དབུ་མར་རྒྱུ་བ་ཉིད་དང་། ཤེས་རབ་ཀྱི་པད་མར་སོང་བའི་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལོ་བགོད། ་བས་རྒྱུ་མཐུན་པའི་མི་འཛག་པའི་སྐད་ཅིག་ལོ་བསྒྲུབ་པར་བྱ་སྟེ། བཙན་ཐབས་ཀྱི་སྦྱོར་བའོ།། དཱ་ནི་སྟོང་པ་ཉིད་ཀྱི་སྐུ་བསྒྲུབ་པའི་ཕྱིར་ལྟ་བ་བརྗོད་དེ། བསྙེན་པ་ཞེས་བྱ་པ་ལ་སོགས་པ་གསུངས་ཏེ། དང་པོ་དུ་བ་ལ་སོགས ་བའི་མཚན་མའི་བསྒོམ་པ་དེའི་བསྙེན་པ་ལ། ད་པའི་སྦྱོར་བ་དུ་བ་ལ་སོགས་པའི་མཚོན་མ་འཛིན་པའི་སེམས་ཀྱིསོ།། དེ་ཡང་རྣམ་པ་བཅུ་སྟེ། དུ་བ་ལ་སོགས་པ་དང་ལྷན་ཅིག་ཡོད་ཆེས་པར་འགྱུརརོ།། དེས་ན་རྣམ་པ་བཅུའོ།། དེ་ཡང ་འཁོར་ལོ་ཅན་ཏེ་གཙུག་ཏོར་གྱིའོ།། ཁྲོ་བའི་ལྷ་ནི་སྟེང་དུ་ལྟ་བ་སྟེ། དམིག་མི་འཛུམ་པ་ལས་མཚན་མར་འགྱུརརོ།། མཚན་མོའི་སྦྱོར་བ་ནི་རྣམ་པ་བཞིའོ།། ཉིན་མོའི་སྦྱོར་བ་རྣམ་པ་དྲུག་གོ། དེ་ནས་སྐུ་ཉིད་སྐུའི་མཐར་ཐུག་པར ་བསྙེན་པའི་ཡན་ལག་དུ་འགྱུར་རོ།། སོ་སོར་སྡུད་པ་དང་བསྙེན་པས་སོ།། བགེགས་ནི་མཐར་བྱེད་ཀྱི་ལྟ་བས་ཞེས་པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་བའོ།། དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོང་བ་སྟེ་དཔྲལ ་བར་སོང་བའོ།། བགེགས་མཐར་བྱེད་དེའི་ལྟ་བ་བདུད་རྩིའི་ལམ་དུ་སོང་བ་ལ་ཡང་བསྙེན་པ་སྟེ། ཡན་ལག་དྲུག་གོ། ཡང་གི་སྒྲས་ནི་སྲོག་དང་སྩོལ་བ་གཟུང་བར་བྱ་སྟེ། སྲོག་གི་གཟུགས་མཐོང་ནས་སོ།། ཉོ་བོའོ་བསྙེན ་པའོ།། ཤེས་རབ་ལ་སྤྲོས་ཟླ་ཐིག་ལེ་ཞེས་པ་ནི་འདིར་ཤེས་རབ་ལ་ཆགས་པས་སྤྲོས་པའི་ཟླ་བའི་ཐིག་ལེའོ།། དེ་ཡང་ཤེས་རབ་མུ་དང་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་སེམས་རྡོ་རྗེ་ནོར་བུའི་ནང་དུ་སོང་བའོ།། ཡི་གེ ་གསུམ་ཞེས་པ་ནི་ཡི་གསུམ་གྱི་སྦྱོར་བར་འགྱུར་ཏེ། གསང་བ་དང་ལྟེ་བ་དང་སྙིང་ཁར་སྦྱར་བར་འགྱུར་རོ།། བསྒྲུབ་པའི་ཡན་ལོག་གསུམ་པར་འགྱུར་རོ།། དེ་ལྟར་བསྒྲུབ་པའི་ཡན་ལག་དུ་བྱའོ།། བདྲེ་བ་མ ་ཉམས་གཅིག་ཞི་བ་ཞེས་པ་ནི་འདིར་བྱང་ཆུབ་སེམས་ཀྱི་སེམས་གང་བདེ་བ་མི་ཉམས་པའི་སྐྲོད་ཅིག་པོ་དེ་ནི་ཞི་བ་ཞེས་པ་རྗོད་དེ། ལྷན་ཅིག་སྐྱེས་པའོ།། བསྒྲུབ་ཆེ་ནཱ་ཡེཤེས་སྦྱོང་བ་ཞེས་པ་ནི་སེམས་མི ་འཇུག་པའི་བདེ་བ་དྲུང་ལྷན་ཅིག་ཏུ་གཅིག་པ་ཉིད་དོ།། བསྒྲུབ་པ་ཆེན་པོའི་ཡན་ལག་བཞི་པའོ།། དེ་ལྟར་ཡེ་ཤེས་ཀྱི་བསྒྲུབ་པ་ཡན་ལག་བཞི་པོའོ།། ལྷ་བསྒྲུབསོ་བའི་ཕྱིར་སྔོན་དུ་གསུངས་པའི་བསྐྱེད་པ་ནི་འཇིག་རྟེན ་པའོ།། རྫོགས་པའི་རིམ་པས་དེ་ཁོ་ན་ཉིད་བསྒྲུབ་པ་ནི་འཇིག་རྟེན་ལས་འདས་པའོ།། འདི་ལྟར་སངས་རྒྱས་རྣམས་ཀྱིས་ཆོས་བློ་སྟན་པཱ། བདེན་པ་གཉིས་ལ་ཡང་དྲག་བརྟེན།། འཇིག་རྟེན་ཀུན་རྫོབ་བརྟེན་པ་ཡིས།། ་ཀུན་རྫོབ་དང་ནི་དོན་དམ་ཉིད་ཞེས་ཏེ། བཅོམ་ལྡན་འདས་ཀྱི་ངེས་པའོ།། ཡང་རིམ་པ་གཉིས་ལོ་ཡང་དག་རྟེན།། རྡོ་རྗེ་ཅན་གྱིས་བདག་ལ་བསྟན།། བསྐྱེད་པའི་རིམ་པ་གཅིག་ཡིན་ཏེ། གཞན་ནི་རྫོགས ་བའི་རིམ་པའོ།། དེ་བཞིན་དུ་ལྷ་བསྒྲུབ་པ་ལ་རྣམ་པར་རྟོག་པ་བསྒོམ་བྱས་སོ།། དེ་ཁོ་ན་ཉིད་བསྒྲུབ་པ་ལ་རྣམ་པར་རྟོག་པ་དང་བྲལ་བས་སོ།། ཡན་འགྲུ་བཞིའི་ཚུལ་ལོ།། ད་ནི་སྲོག་དང ་རྩོལ་བའི་མཚན་ཉིད་བརྗོད་པའི་ཕྱིར། སྲོག་ཅེས་བྱ་བ་ལ་སྔོགས་པ་གསུངས་ཏེ། འདིར་སྟོང་པ་ཉིད་ཀྱི་སྐུ་མཐོང་ནས་རྣལ་འབྱོར་པས་གང་སྲོག་དང་རྩོལ་བ་འགྲོ་བའི་བར་དུ་བྱ་བ་དེ་ནི་འགོན་པར་མི་བྱེད་ཅིང་། དེ་ཡང ་མཉམ་པའི་འབྲས་བུ་སྟེར་བར་འགྱུར་བའོ།། དེ་ལས་སྟེང་དུ་མི་ཕན་པ་ཞེས་པ་ནི། འགྲོ་ན་པ་དེ་སྲིད་དུ་མི་ཕན་པ་སྟེ། འཆི་བའི་འཇིགས་པ་བྱེད་པར་འགྱུར་ཞིང་ཕུང་པོའི་འཇིགས་པའི་རྒྱུར་འགྱུར་རོ།། འོན་ཏེ་རྣལ་འབྱོར་ཀྱི་སློབ ་ཀྱི་གཙུག་ཏོར་བྱེད་ནས་སྲོག་འགྲོ་བའི་རྣལ་འབྱོར་པ་ནི་མཆོག་ཏུ་བདེ་བའི་གོ་འཕང་སྟོང་པ་ཉིད་ཀྱི་སྐུ་ལེ་གཅིག་ཏུ་སྦྱོར་བ་ཉིད་དོ།། དེ་བཞིན་དུ་ཕུང་པོ་མེད་པ་རྣལ་འབྱོར་པ་མཉམ་པའི་བདེ་བཱ་ཞེས་པའི་སངས་རྒྱས་ཀྱི་སྒོར་འགྱུར ་རོ།། རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་ཀྱི་སྙོམས་འགྲོ་བའོ།། འོན་ཀྱང་འཇིག་རྟེན་གྲགས་པ་མེ་དེ་ཞེས་པ་ནི་རྣལ་འབྱོར་པ་ནི་ཤི་ཞེས་པའི་སངས་གྲགས་པས་ཉམས་པའོ།། སྲོག་དང་སྩོལ་བའི་ངེས་པའོ།། དབུས་སུ་སྨོན ་ཞེས་པ་ལ་སོགས་པ་ནི་གོ་སླའོ།། ད་ནི་ལྷ་རྣམས་གཤེགས་སུ་གསོལ་བ་བརྗོད་པའི་ཕྱིར། གཙུག་ཏོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་དང་། ་ཐིག་ལྡེའི་རྣལ་འབྱོར་དང་། འཕྲ་མོའི་རྣལ་འབྱོར་བསྒོམས་ནས་མཆོད་དེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཞེས་བྱ་བ་ལ་སོགས་པས་བསྟོད་པ་བྱས་ནས། དེའི་རྗེས་སུ་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ། ་བའི་ཕྱིར། གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ།། དེའི་ལྟེ་བར་བདེ་བ་ཆེན་པོའི་དཀྱིལ་འཁོར་གཤེགས་སུ་གསོལ་ལོ།། དེའི་ཕྱིའི་རོ་གཉིས་འགྱུར་བའི་རྭ་བརྒྱད་དབུས་ཀྱི་རྭ་དང་ལྷན་ཅིག་རྩེ་དགུ་པའི་རྡོ་རྗེར ་གྱུར་པ་ནི། སྙིང་ཀ་ཆོས་ཀྱི་འཁོར་ལོའོ།། དེའི་ལྕི་བར་དུ་བཱ་མ་ལ་སོགས་པ་རྣལ་འབྱོར་གཤེགས་སུ་གསོལ་ལོ།། དེ་ནི་གཉིས་སུ་བསྒྲེས་པ་ཞེས་པ་ནི། རྭ་བོཅུ་དྲུག་དབུས་ཀྱི་རྭ་དང་ལྷན་ཅིག་རྩི་བཅུ་བདུན ་པ་ནི། ལྷན་ཅིག་སྐྱེས་པ་ཞེས་པ་དང་དཔྲལ་བྱར་རོ།། དེའི་ལྟེ་བར་ཕུང་པོ་དང་། ཁམས་ཀྱི་ལྷ་རྣམས་གཤེགས་སུ་གསོལ་ལོ།། དེའི་གཞན་ཡང་ཉིས་འགྱུར་ཞེས་པ་ནི། རཱ་སུམ་ཅུ་རྩ་གཉིས་དབུས་ཀྱི ་རཱ་དང་ལྷན་ཅིག་དུ་རྭ་སུམ་ཅུ་རྩ་གསུམ། ལོངས་སྤྱོད་ཞེས་པ་འགྲིན་པར་རོ།། དེའི་ལྟེ་བ་ལ་སྐྱེ་མཆེད་བཅུ་གཉིས་ཀྱི་ལྷ་དང་། ཁྱོ་བོ་བཞིའི་ལྷ་རྣམས་གཤེགས་སུ་གསོལ་ལོ།། དེའི་ཡང་ནི་གཞན་ཡང་ཉིས་འགྱུར ་ཞེས་པ་ནི་རྭ་དྲུག་བཅུ་རྩ་བཞི་དབུས་ཀྱི་རྭ་དང་ལྷན་ཅིག་དྲུག་བཅུ་རྩེ་ལྔའི་རྡོ་རྗེ། སྤྲུལ་པ་ཞེས་པ་ལྟེ་བའི་འཁོར་ལོར་རོ།། དེའི་ལྟེ་བར་དགང་བྱང་མ་ལ་སོགས་པ་དང་། འཇིགས་མ་ལ་སོགས་པའི་དཀྱིལ ་འཁོར་དྲུག་བཅུ་རྩ་བཞི་རྒྱུ་བ་དང་། སྟོང་པ་བཞིའི་རིགས་ཅན་གཤེགས་སུ་གསོལ་ལོ།། དེ་ལྟར་རྣམ་པ་བདུན་གཤེགས་སུ་གསོལ་ལོ།། དེའི་ནང་དུ་རྩེ་གཅིག་ནི་ཞེས་པ་ནི། དེ་རྣམས ་ཀྱི་ནང་དུ་སྔོན་དུ་གསུངས་པའི་རྩེ་གཅིག་པ་དྲང་བུ་མའོ།། མིཉམ་པའི་བདེ་བ་འབྲས་སྟེར་བ།། གསང་བའི་པད་མའི་ནང་གནས་པ་ནི། དེ་རཱ་ཡང་རྭ་སུམ་ཅུ་རྩ་གཉིས་འདྲ་བ་ཨའི་ད་གྲངས་དང་མཉམ་པའི་རྡོ་རྗེའོ།། ་དེའི་ལྟེ་བོར་འོད་ཟེར་ཅནྡ་ལ་སོགས་པ་རྣམས་གཤེགས་སུ་གསོལ་ལོ།། དེ་བཞིན་དུ་ལས་ཀྱི་འཁོར་ལོ་རྡོ་རྗེ་བསྣམས་བྱས་ཏེ། དེ་རྣམས་ཀྱི་ལྟེ་བ་རྣམས་སུ་ལྷ་བཅུ་གཉིས་འཁོར་དང་བཅས་པ་དེ་རྣམས་གཤེགས ་སུ་གསོལ་ལོ།། དེ་བཞིན་དུ་བྱ་བའི་འཁོར་ལོར་ཀླུ་རྣམས་དང་། ཀྱི་གདོང་མ་ལ་སོགས་པ་རྣམས་གཤེགས་སུ་གསོལ་བར་བྱའོ།། དེ་ནས་ཐུན་གསུམ་དུ་སྟོན་དུ་གསུངས་པའི་ཆོ་གས་གཏོར་མ་སྦྱིན་པར་བྱའོ།། ་སྔོན་གྱི་ཚོ་གས་བདུད་རྩི་ལྔ་སྦྱངས་ནུས། དེས་བདག་ཉིད་ཀྱང་ཚིམ་པར་བྱའོ།། དེ་ལྟར་དུས་ཀྱི་འཁོར་ལོའི་བསྐྱེད་པའི་རིམ་པོ་དང་། རྫོགས་པའི་རློམ་པའི་བསྒྲུབ་ཐབས་བཅོམ་ལྡན་འདས་འཇམ་དབུལ་གྱིས་གསུངས་སོ།། ་དེ་ནི་རྣལ་འབྱོར་ཀྱི་སྤྱོད་པ་བརྗོད་པའི་ཕྱིར། རྣལ་འབྱོར་པ་དག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་པའི་སྤྱོད་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ཕྱིའི་འོ།། གཉིས་པ་ནི་ནང་གིའོ།། དེ་ལ་གང་ཕྱི ་ཡིན་པ་དེ་ནི་འཇིག་རྟེན་པའི་འབྲས་བུའི་རྒྱུའོ།། གང་ཡང་ནང་གི་ཡིན་པ་དེ་ནི་འཇིག་རྟེན་འདས་པའི་འབྲས་བུའི་རྒྱུ་རུ་རྣལ་འབྱོར་པས་རིག་པར་བྱའོ།། འདྲིར་རྣལ་འབྱོར་པ་ཉིན་དང་མཚན་དུ་སྲོག་གཅོད་པ་བྱེད་པ་དེ་ནི་རང ་གི་ལུས་ཀྱི་སྲོག་འཛག་པར་གསུངས་ཏེ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རོ།། ཕྱིའི་སེགྲི་གཅོད་པས་ནི་མ་ཡིན་ནོ།། འདིར་གང་གིས་ཕྱིར་སྲོག་གཅོད་པར་གསུངས་པ་ནི། གདུལ་དཀའ་བ་འདུལ ་བའི་ཕྱིར་ཏོ། དེས་དེ་རྣམས་ཀྱི་སྲོག་རྣལ་འབྱོར་གྱི་སྟོབས་ཀྱིས་བཀུག་སྟེ། ཡང་དེའི་ལུས་ལོ་རྣལ་འབྱོར་པ་ཡེས་གཞུག་པར་བྱའོ།། དེ་ལྟར་གདུལ་དཀའ་བ་འདུལ་བར་འགྱུར་ཏེ། གདུལ་དཀའ་བ་འདུལ་བ་མ་རྟོགས་པར ་ནི་རྣལ་འབྱོར་པ་འགྲུབ་པར་མི་འགྱུར་རོ།། སྒྲ་གང་དག་དང་དཔྲལ་བཱ་ཞེས་པ་ནི། འདིར་ཐམས་ཅད་མཁྱེན་པའི་གསུང་ནི་སྐད་ཐམས་ཅད་དཾ། ཀེང་གི་ཕྱིར་སེམས་ཅན་རྣམས་ཀྱི་སྙིང་ལཾ་ཡོད་པར་འགྱུར་པ་རང་རང་གི་སྐད ་ཀྱི་ཁྱད་པར་གྱིས་དེ་ཉིད་དུ་མི་གནས་ཏེ། ཐས་ཅད་ཀྱི་སྐད་ཡིན་པའི་ཕྱིར་རོ།། མི་གནས་པའི་ཕྱིར་རྫུན་དུ་སྤྲོ་བར་བརྗོད་དོ།། ཕྱི་རུ་ཡང་སེམས་ཅན་གྱི་དེནྡོ་གྱི་ཕྱིར། སྒྱུ་འཕྲུལ་ཆེན་མོ་ཆེར་དག་བྱ།། འབྱུང་དང་སྡུད་པར ་བྱེད་པ་པོ།། ཞེས་བྱ་བ་ལ་སོགས་པོའི་ཚིག་གདུལ་བྱའི་སེམས་ཅན་གྱི་དོན་དུ་གསུངས་པ་དང་། དེ་བཞིན་དུ་དབང་པོའི་བདེ་སྐྱེས་དེ་ཁོ་ན། སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར།། གསུང་གི་རྡོ་རྗེ་འཛིན་རྣམ་པ།། བཙུན ་མོ་རྡོ་རྗེ་ཞེས་པ་ལ་སྲོག་སྡུ་པའི་ཚིག་ནི་རྫུན་དུ་སྨྲས་པའོ།། སེམས་ཅན་རྣམས་བསླུ་བའི་ཕྱིར་དང་། གསང་བའི་ཕྱིར་ནི་མ་ཡིན་ཏེ། སངས་རྒྱས་པའི་རྣལ་འབྱོར་པས་གྲུབ་པའི་ཕྱིར་རྫུན ་དུ་སྨྲ་བའོ།། འདིར་ཐམས་ཅད་མཁྱེན་པས་ས་བཅུ་གཉིས་ཀྱི་ཡོན་ཏན་གང་འཛིན་པ་དེ་བཞིན་དུ། རྣལ་འབྱོར་པའི་ལུས་ལ་སྒྲིབ་པ་དང་བྲལ་བ་སྐྱེས་ནོས། དེས་དེ་རྣམས་འཛིན་པོར་གསུངས་སོ།། དེ་བཞིན་དུ་ཕྱི་རུ་ཡ ་སེམས་ཅན་ལྔ་ཕན་གདགས་པའི་ཕྱིར་དང་། གཏེརྱ་བསྲུང་བ་པོ་རྣམས་དྲན་འགྲོ་ལས་ཐར་པའི་དོན་དུ་གཏེར་ལྀ་སོགས་པ་གདོན་པར་བྱའོ།། གྲང་བདེ་བའི་ཐིག་ལེ་ཨུ་ཧ་ལྷུང་བར་གྱུར་པ་དེ་ནི། གཞན་གྱི་བུད་མེད་སྟེན་པའོ།། ་གཞན་ནི་རྡོ་རྗེ་སེམས་དཔའ་འཁོར་བའི་ཕ་རོལ་ཏུ་ཕྱིན་པའོ།། བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁོར་བའི་ཕ་རོལ་ཏུ་སྔོན་པའོ།། དེའི་དུད་མེད་ནི་གཞན་གྱི་བུད་མེད་དོ།། དེའི་སྟེན་པ་ནི་ཆགས་པ་དང་བྲལ་བ་མ་ཡིན་པ ་འཛུག་པའི་བཱིདེ་བ་རྣལ་འབྱོར་པ་རྣམས་ཀྱིའོ།། ཕྱི་རུ་ཡང་དབང་ལྷ་སོགས་པའི་དུས་སུ་རང་གི་ཆུང་མོ་ལ་སོགས་པ་བྱིན་པའོ།། དེའི་བསྟེན་པ་ནི་གཞན་གྱི་བུད་མེད་བསྟེན་པའོ།། ཆགས་དང་བྲལ་མྲིནྡ་ཞེས་པ་ནི།། ཇི་ལྟར་བདག ་ཉིད་ཀྱི་དམ་ཚིག་གིས་ཆགོས་པ་དང་བྲལ་བར་མི་འགྱུར་ཞིང་དམ་ཚིག་མི་ཉམས་པར་ཞེས་པའི་དོན་ཏོ།། སྲོག་དང་སྩོལ་བའི་མེ་ཡིས་ནི་ཞེས་པ་ནི་འདིར་སྲོག་འགོག་པས་གང་གཏུམ་མོའི་མེ་སྦར་བ་དེ་ནི་སྲོག་དང་སྩོལ་པ་ཞེས་བརྗོད ་དེ། དེས་ན་སྲོག་དང་སྩོལ་བའི་མེས་སོ།། རི་བོང་ཅན་ཡང་ཞུ་བའི་ཞེས་པ་ནི་བྱང་ཆུབ་སེམས་བཞུ་བའི་ཐིག་ལེའི་གཟུགས་ནི་བཏུང་བར་བྱ་སྟེ། རྡོ་རྗེའི་ཁ་ནས་སྟེང་དུ་གང་བ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་པར་བྱེད་པ་ནི་རྣལ ་འབྱོར་པའི་ཆད་གོ་བཏུང་བར་གནས་གསུངས་སོ།། ཕྱི་རུ་ཡང་དབང་ལ་སོགས་པའི་དུས་སུ་ཕྱིའི་ལྷ་རྣམས་ཀྱིས་གཏོར་མའི་དོན་དུ་གསུངས་པའོ།། མཐེ་བོང་གི་ཚོགས་ནས་གཙུག་ཏོར་དུ་ཞེས་བཱ་ནི། འདིར་འདྲོད་པའི་བསྟན་ཆོས ་ལོས་ཐོས་པ་བཞིན་འདིར་དཀར་པོའི་ཕྱོགས་ལ་རྒོང་པ་གཡོན་པའི་མཐེ་བོ་ནས་གཙུག་ཏོར་དུ་ཆེས་གཅིག་ལ་སོགས་པ་འཕེལ་ཞིང་ཟླ་བའི་ཆ་འཕེལ་བ་ཉའི་མཐར་ཐུག་པར་རོ།། རང་གི་སེམས་ཞེས་པ་ནི་བྱང་ཆུབ་སེམས ་ཚེས་ཀྱི་དབང་གིས་འགྲོ་བའོ།། ཡང་གཙུག་ཏོར་ནས་རྐང་པ་གཡས་པའི་མཐེ་བོང་དུ་ནག་པོའི་ཕྱོགས་ཀྱི་ཚེས་ཀྱི་དབང་གིས་འདིར་འགྲོ་བར་འགྱུར་ཏེ། ཇི་སྲིད་དུ་ནག་པོའི་ཕྱོགས་ཀྱི་མཐར་ཐུག་པ་སྟེ། རྣམ་སྟེང་ལ་ཐུག་པའོ།། ། ་དེ་ལྟར་ནག་པོའི་ཕྱོགས་ཀྱི་མཐར་ཐུག་པར་བྱང་ཆུབ་སེམས་རྐང་པའི་སོར་མོ་རྣམས་ཀྱི་བར་དུ་འགྲོ་བར་རིག་པར་བྱའོ།། ཡང་ཟླ་བ་གཞན་གྱི་ཡང་དཀོར་བློའི་ཕྱོགས་ལ་ལུས་གཡོན་པར་སྔོན་བཞིན་ནོ།། དེ་ལ་དང་པོ་རྐང་པ་གཡོན ་པིའི་སོར་མོའི་ཚོགས་ལ་ཚེས་དང་པོའོ།། གཉིས་པ་ལ་གཉིས་པའོ།། གསུམ་པ་ལ་གསུམ་པའོ།། ལོང་བུའི་ཚིགས་ལ་བཞི་པའོ།། པུས་མོའི་ཚོགས་ལ་ལྔ་པའོ།། རྐེད་པ་དེང་བརླའི་ཚིག་ལ་དྲུག་པའོ།། ལགྶ་པ ་གཡོན་པའི་སོར་མོའི་ཚིགས་དང་པོའི་ཚོགས་སུ་བདུན་པའོ།། ཚིགས་པར་མར་བརྒྱད་པའོ།། ཚིགས་གསུམ་པར་དགུ་པའོ།། ལག་པའི་ཚིགས་ལ་བཅུ་པའོ།། གྲུ་མོའི་ཚིགས་སུ ་བཅུ་གཅིག་པའོ།། ཕྲག་པ་དང་དཔུང་པའི་ཚིགས་སུ་བཅུ་གཉིས་པའོ།། སྒྱིང་ཁ་བཅུ་གསུམ་པའོ།། འགྲིན་པར་བཅུ་བཞི་པའོ།། དཔྲལ་བར་ཉེའོ།། གཙུག་ཏོར་དུ་ཉིའི་མཐར་རོ།། ཡང་དཀར་པོའི་ཕྱོགས ་ཀྵིའོ།། ཡང་དཔྲལ་བྱེར་ནག་པོའི་ཆེས་གཅིག་གོ། མགྲིན་པར་གཉིས་པའོ།། སྙིང་ཀར་གསུམ་པའོ།། གཡས་ཀྱི་དཔུང་འགོའི་ཚིགས་སུ་བཞི་པའོ།། དེ་རྣམས་ཀྱི་གཡོན་ནས་ལུགས་ལས་བཟློག་པས་གཡས ་ཀྱི་རྐང་པའི་སོར་མོ་རྩེ་མོ་རྣམས་ཀྱི་མཐར་ཐུག་པར་དྷཱི་སྲིད་གནམ་སྟོང་གཽ་བར་དུ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་བའོ།། རྣལ་འབྱོར་མའི་སྤྱོད་པ་དེ།། ཉི་མུ་རེ་རོའི་དུས་སུ་ནི།། འདོད་པའི་དངོས་གྲུབ་རབ་ཏུ་སྟེར། ཞེས་པ་ནི་འདིར ་བྱང་ཆུབ་ཀྱི་སེམས་གཡོན་དང་གཡས་ཀྱི་རྩ་ནས་རྒྱུ་བའི་དབང་གིས་གཡོན་དང་གཡོས་སུ་སོང་བ་དུས་ཐམས་ཅད་དབུ་མོ་ནོས་རྒྱུ་བས་གསང་བ་ལ་སོགས་པའི་པད་མ་དྲུག་རྣམས་ལ། བག་ཏུ་སྣོང་ནས་སྟེང་དུ་འགྲོ་བ ་ཞེས་པའི་སྤྱོད་པ་དེའོ།། འདོད་པའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ།། དེའི་རབ་ཏུ་སྟེར་བ་ནི་འདོད་པའི་དངོས་གྲུབ་ཀྱི་རབ་ཏུ་དགེ་བ་གྲུབ་པའོ།། ཕྱི་རུ་ཡང་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་བུད་མེད་རྣམས ་འཛིན་པའོ།། དེ་བཞིན་དུ་བུད་མེད་སྤྱོད་པ་ཤིན་ཏུ་བསྲུབ།། ཚངས་སྤྱོད་དེ་བཞིན་བསམ་གཏན་ནི།། ཞེས་པ་རྣལ་འབྱོར་པ་རྣམས་ཀྱིས་བྱའོ།། དེ་བཞིན་དུ་རྩའི་རྒྱུ་བའི་སྦྱོར་བ་ལས།། བྱང་ཆུབ་སེམས་ནི་དགུག་པར་བྱ།། ་ཞེས་པ་ནཱི། འདིར་སྔོན་བཞིན་དུ་བྱང་ཆུབ་སེམས་འགྲོ་བར་བྱ་ཞེས་བྱ་བ་སྟེ། རྩ་བའི་རྒྱུད་ཀྱི་ངེས་པའོ།། བུད་མོད་ཀྱི་སྤྱོད་པ་ངེས་པའོ།། སྤྱོད་པ་འདོད་དང་ལུས་དྲོ་དང་ཞེས་པ་ནས་འདོར་བསྒོམས་ནས་ནི་བསྒྲུབ་པར་བྱ་ཞེས ་པའི་བར་ནི་གོ་སླའོ།། དེས་ན་འདི་སྤྲོས་སོ།། རྫོགས་སངས་རྒྱས་ཀྱི་སཾ་ལུང་བསྟན་པས།། རབ་མཆོག་ཐུབ་པའི་ནི་ཚོགས།། སངས་རྒྱས་པ་ལོ་གཟུད་པའི་ཕྱིར།། ཤེས་རབ་ཡེ་ཤེས་དབང་བྱིན་ཏེ།། མཆོག་འདི་སྙིང་རྗེ་དགྲ ་གིས་ནི། དུས་ཀྱི་འཁོར་ལྷོར་བསྟན་པ་ཡིན།། འཇམ་པའི་རྡོ་རྗེ་གང་གིས་ནི།། ཡན་ལག་དྲུག་པའི་བསྒྲུབས་ཐབས་རྒྱུད།། དང་པོའོ་སངས་རྒྱས་ལས་ནི་བཻཏུས།། དཔལ་ནི་ཀ་པ་ལའི་ནི།། རྒྱལ་པོ་གྲགས་པ་ཞེས་བྱའི ་སྲས།། རྒྱལ་པོ་དཔྲལ་ནཱི་སྙིགས་མའི་མགོན།། རྫོགས་སངས་རྒྱས་ཀྱིས་ལུང་བསྟན་ཅིང་།། དཔལ་ལྡན་གྲགས་པ་རབ་དགྱེས་པའི།། ཐུགས་ཀྱིས་ཡང་དག་པར་བསྐུལ་བསྡུ།། དཔལ་ལྡན་རྩི་བའི་རྒྱུད་རྗེས་འབྲངས།། ་བསྡུས་པའི་རྒྱུད་སྙིང་རྡོ་རྗེའི་ཚིག། གསལ་བར་སྟོན་བྱེང་རྒྱ་ཆེར་འགྲོལ།། བྱས་པའི་བསོད་ནམས་གང་ཐོབ་པའོ།། ཤིན་ཏུ་དྲི་མེད་རྒྱ་ཆེན་པོ།། པད་མ་དཀར་པོ་ལྟ་བུ་དེས།། རྡོ་རྗེ་འཛིན་གྱི་ལམ་རྙེད་ནས།། འགྲོ་ཀུན་རྫོགས་སངས་རྒྱས ་རྒྱས་ཀྱུ་རིག། དཔལ་དུས་ཀྱི་འམ་པ་རྒྱུད་ཀྱི་ཟ་སྨྱེམྦྷ།། ཕྱི་མ་མེད་པའི་འད་ཅེས་བྱུག།། ར་ཙྪ ་བསྐྱམས་གཟིགས་བྱུང་བླུག་གི་ཞལ་སྟནྣས་མཛད་པ་རྫོགས་སོ།། ། ཕམ་པ་ལའི་ཡུལ་བྱོན་ཞིང་།། མངོན་པར་ཤེས་པ་མང་འོ་མའར་བས ་དུས་ཀྱི་འཁོར་ལོ་བཞིས་པ།། དྲིར་རོམ་ནི་བརྒྱད་པ་དང་།། ཨུརྒྷ་ནཱ་ཡུལ་སྐྱེས་བྲམ་ཟེའི་རིགས།། ན་རོ་བ་ཞེས་བྱ་བ་ནི།། ནུས་པ་སྐྱེས་ཤིང་ལྟས་གླནྡྷང་བ།། དེང་རིགིས་རྒྱུད་ཐོས་པའི།། བླ་མ་ལྷའི་ས་ལྷས་བསྟན ་དེམཉན་མྦྷི་གྲོལ་འའང་བསྒྱུར་བསྡུ།། མི་འཛུགས་བདེ་བེའི་གནས་ཐེབོ་ཤིག།། རྒྱ་གར་གྱི་མན་ཕེཾ་ཤྲི་བྷ་དྲྀ་བོ་དྷིའི་ཞལ་སྔ་ནས། བོད་ཀྱི་ལོ་ཚ་བ་གྱི་ཙ་བན་དེ་ཟླ་བའི་འོད་ཟེར་གྱིས ་ཡོན་བ་པོ་ཞིང་བཙུན་དགེས་སློང་གི་ཕྱིར་བསྒྱུར་ཅིང་ཞུས་པའོ།། ་