| Wylie | e-texts produced with BDRC’s OCR application |
པུརྞའི་འཇིག་རྟེན་མགོན་པོའི་སྲས། ཤ་ཝ་ར་དཔྲལ་གྲུབ་པའི་གཙོ།། དཔལ་ལྡན་བཅུ་གསུམ་དབང་ཕྱུག་ཏུ།། རྣམ་དཀྲ་སྡོམས་པའི་བདག་ཉིད་ལགས།། དུས་གསུམ་སངས་རྒྱས ་ཀྱིས་སྤྲུལ་བྱ།། དཔལ་ལྡན་ཀླུ་སྒྲུབ་ལ་གུས་པས།། བདག་ཉིད་ཞིང་རྡུལ་མཉམ་པཱར་ནཱི།། འདུད་ཅིང་བསྟོད་དེ་ཕྱག་འཚལ་ལོ།། ཀླུ་སྒྲུབ་ཀྱིས་ནཱི་མཆོག་གྲི་སྲས།། གདུལ་དཀའི་རྟ་དབྱངས་ལ་སོགས་པ།། བརྟུལ ་ནས་གྲུ་ཁ་དོན་རྩོལ་བའི་དཔལ།། འཕགས་པ་ལྷ་ལ་ཕྱག་འཚལ་ལོ།། རྟག་ཆད་དཔྱིད་ཀྱི་ཚ་བ་དགེ། གཞི་ལ་དང་དབུ་མར་ལྟ་བ་ཡི།། ཆུ་འཇིང་སྤེལ་ཕྱིར་ཉེ་གང་བའི།། ཟླ་བར་གྲགས་པ་མཁའ་ལ་ཤར།། ་རྫོགས་སྔངས་རྒྱས་ཀྱི་དམ་པའི་ཆེས།། རྒྱ་ཆེར་སྟོན་པོའི་དབྱངས་ཀྱིས་མཚོ།། འདི་ཉིད་ལོངས་སྤྱོད་རྫོགས་སྐུ་རྗེ།། སངས་རྒྱས་དབྱངས་སུ་རྣམ་པར་བཀྲུ། དེས་ནི་རྟག་ཏུ་མཉམ་བཞག་པས།། ལྷན་སྐྱེས་འཁོར་མོར ་ཤྭ་ར་བའི་ཕྱིར།། དེ་ཉིད་ལེགས་པར་སྐྱེས་སྒྲོ་དེ།། བདག་གི་བླ་མ་ལེགས་སྐྱེས་མཆོག། བཟུང་དང་འཛིན་པ་མེད་ཉིད་ཕྱིར།། གས་མེད་ཡེ་ཤེས་རྡོ་རྗེ་འཛིན།། ཨ་ཝ་དྷཱུ་ཏཱི་ཆོས་ཀྱི་ཚེ་རྗེ།། གཉིས་སུ་མེད་པའི ་རྡོ་རྗེར་འདུད།། འཁྲུལ་པས་འགྲོ་ལ་འཇིགས་བསྐྱེད་ན། བྱ་བ་བྱས་པ་ག་ལ་འཇིགས།། འཇིགས་མེད་འབྱུང་གནས་སྦས་པ་ཡི།། དཔལ་གྱུར་བླ་མ་ཁྱོད་ལ་འདུད།། པོ་ཡིས་ས་བོན་རཱུ་པ་ནི།། ངོ་བོ་ཨཀྵས ་དབང་པོ་ཞེས།། བརྗོད་དེ་ཡོངས་དག་ཡེ་ཤེས་ཉིད།། བི་རཱུ་པ་པོ་རྟན་པར་འདུད།། པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས་ཀྱི་ཐུགས་དམ་རས་བྲིས་ལ།། བླ་མ་འདི་དག་གི ་སྐུ་བརྙན་བཀོད་པའི་ཡི་གེ་སོ་སོ་ལས།། ་མཚའི་སྡེས་བསྒྱུར་བའོ།། ། དགེའོ།། ་