CLOSE WINDOW

GT2602: bkra shis kyi tshigs su bcad pa
Wyliee-texts produced with BDRC’s OCR application

པ་བརྒྱུད་པ་ཞེས་རྒྱ་གར་ན་གྲགས་པ་ཆེན་པོ་ཡོད་སྐད་དུ།། ། !། རྒྱ་གར་སྐད་དུ། མཾ་ག་ལ་གཱ་ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུཾ ་ལྷ་ཕྱག་འཚལ་ལོ།། དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དམ་པ་རུ།། མི་ཕམ་མགོན་ལ་རྟུལ་ཚབ་དམ་པར་དབང་སྐུར་ཞིང་།། འཛམ་གླིང་ཉིད་དུ་གླང་ཚི་ནི་ཐལ་ཀ་ལྟར་གཤེགས་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང ་འདིར་བདེ་ལེགས་ཤོག། སེར་སྐྱའི་གནས་ཀྱི་གླིང་ཁྱེར་དམ་པར་ཟས་གཙང་སྲས།། བུད་མེད་སྐྱོན་བྲལ་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུམ།། ལྷུམས་སུ་ཟླ་བཅུར་བློ་གྲོས་ལྡན་པ་ཤཱཀྱའི་རིགས།། བཀྲ་ཤིས་དམ་པ ་དེས་ཀྱང་དེང་འདིར་བདེ་ལེགས་ཤློག། ལུམ་བིའི་ཚལ་དབེན་ཞིང་ཉམས་དགར་པྲཱཀྐའི།། ཡུལ་ག་ནས་གཟུང་བལྟམས་གྱུར་ཚངས་དང་པནྡྷ་བྱིན་བདུད།། མཁའ་ལ་གཤེགས་ཏེ་ཕྱོགས་བཅུར་པདྨ་བྱུང་གྱུར་གང་།། ་བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོགྶ། གཞལ་མེད་ཁང་མཛེས་དམ་པར་དྲང་སྲོང་འདུན་མཛད་ནས།། མཚན་ལྟས་ཤིས་པར་བརྗོད་དེ་བསྟོན་པར་འབྱུང་འགྱུར་གང་།། ཤཱཀ་རིགས་བུད་མེད་འཁོར ་ལྡན་ཀུན་བསུས་རྒྱན་བཏགས་གང་། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། གཞོན་ནུའི་སྟོབས་ནི་སྒྱུ་རྩལ་ཡིག་རྩིས་འཕོངས་ལ་སོགས།། ཀུན་ལས་མཐར་བྱུང་ལྷ་མི་ལ་སོགས ་ཀུན་གྱིས་མཆོད།། ཤཱཀྱའི་རིགས་འཁྲུངས་ལོགས་རྟོགས་བསལ་ཕྱིར་བཙུན་མོའི་འཁོར།། བཀྲུ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཕོ་བྲང་ནས་བྱུང་རྒྱུན་ཤི་བ་ལ་སོགས་གཟིགས།། མི་རྣམས ་རྨོངས་མཛད་ལྷ་ཡིས་མདུན་བདར་མཁར་ལཱ་ནི།། སྲིད་གསུམ་དྲུག་ལས་རྒལ་ཕྱིར་མཐོན་མཐིང་དབུ་སྐྲ་བྲེགས།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ལྷ་རྣམས་རྫུ་འཕྲུལ་གྱིས་ནི་རླུང་སྡིགས ་གོས་རྣམས་ཕུལ།། ནཻ་རཱསྟུནའི་ཆུ་བོར་དཀའ་ཐུབ་མྱུ་ལུས་རྫོགས། ཐུབ་པ་བསམ་གཏན་ལས་བཞེངས་བཀྲ་ཤིས་འོ་ཐུག་པཞེས།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། @ ་ལས་བྱུང་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་ངུ།། སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གིས་བདུད་བཏུལ་ནས། ཐོ་རངས་བདུད་བཏུལ་མི་འགྱུར་ཕུན་སུམ་སངས་རྒྱས་པ། བཀྐུ་ཤིས་དམ་པ་དེས ་ཀྱང་དང་འདིར་བདེ་ལེགས་ཤོག་བཱ་ར་ཎཱ་ཆོས་ཀྱིས་འཁོར་ལོ་མགོན་པོས་བསྐོར།། ཀུན་ཤེས་ལ་སོགསོ་ལྔ་སྡེ་བཟུང་ལ་བདེན་པ་ནི་བསྟན།། ཝཱ་ཀླུ་ལྷ་མིན་མི་དང་མི་མིན ་འདུན་གྱུར་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེད་འདིར་བདེ་ལེགས་ཤོག། ང་རྒྱལ་བསྙེམས་པར་ལྡན་པའི་སྟོན་པ་དྲུག་བཏུལ་ཅིང་།། གླང་ཆེན་རབ་སྐྱོན་མི་བཟད་ལྷ་བྱིན་གྱིས་སྤང་བཏུལ། ་དྲང་སྲོང་མཆོག་ལ་ངྒེ་རྒྱལ་ཅང་ཤེས་སྦྲང་རྩི་ཕུལ།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། པདྨོ་གཞོན་ནུ་ལྟ་བུའི་མཚན་ལྟས ་ཤཱཀྱའི་རིགས། ཟས་གཙང་སྒྲས་སུ་རྒྱལ་རིགས་འཁོར་ལོས་སྒྱུར་རྒྱལ་དུ།། བལྟམས་པ་ནས་བཟུང་ལྷའི་ཚུལ་དུ་མ་ལུས་རྫོགས། བཀྲ་ཤིས་དམ་པཾ་དེས་ཀྱང་དེང་འདིར་བདེ ་ལེགས་ཤོག། བྱམས་པའི་སྟོབས་ནཱ་འགྲོ་བ་མ་ལུས་སྒྲོལ་མ་མཛད་ཅིང་།། སེམས་ཅན་མཐའ་ཡས་ཞི་བདེའི་ལམ་ལ་བཀོད་གྱུར་ཏེ།། གྲོང་ཁྱེར་རྩཝ་མཆོག་དམ་པར་དགོངས་པ ་ཡོངས་རྫོགས་གང་། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགསོ།། ཞུས་དག། ་