| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་བཛྲ་ཐཱ་གྲྀ་ནཱི་སཱ་དྷཱ་ན། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། དཔལ་རྡོ་རྣརྣལ་འབྱོར་མ་ལ་ཕྱག་འཚལ་ལོ།། སྲོང་ཉིད་སྙིང་རྗེའི་བདག་ཉིད་ཅན།། ཁམས། ་གསུམ་པ་ཡི་ངོ་བོ་ཉིད།། བསྐལ་པའི་མེ་ལྟར་འབར་བའི་འོད།། རྡོ་རྗེ་རྣལ་འབྱོར་མ་དཔལ་འདུད།། བླ་མ་བརྒྱུད་པའི་རིམ་པ་ནི།། རྟོགས་པ་གཅིག་གི་སྤྱོད་ཡུལ་ཏོ།། རྡོ་རྗེ་རྣལ་འབྱོར་མའི་སྦུབས་ཐབས།། མདོར་བསྡུས ་བདག་གིས་བཤད་པར་བྱ།། སྔགས་པས་ཐོག་མར་རེ་ཞིག་བླ་མ་དང་སངས་རྒྱས་རྣམས་མངོན་པར་གུས་པའི་ཡིད་ཀྱིས། བྱང་ཆུབ་ཀྱི་སེམས་བརྟན་པོར་བཟུང་སྟེ། དབང་བསྐུར་བ་ཡང་དག་པར་ཐོབ་ནས། ཆོས་ཐམས་ཅད ་ངོ་བོ་ཉིད་ཀྱིས་འོད་གསལ་བའི་རང་བཞིན་ཡིན་ཡང་། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་མངོན་དུ་ཕྱོགས་པར་བྱ་སྟེ། དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་དབེན་པའི་གནས་སུ་བསྟན་འཇམ་པོ་ལ་རྣལ ་འབྱོར་གྱི་རོལ་པས་རབ་ཏུ་བསྔགས་པའི་གནས་སུ་བལྟས་ཏེ་འདུག་པར་བྱའོ།། དེའི་རྗེས་ལ་ལུས་དང་ངག་དང་སེམས་ཡོངས་སུ་དག་པར་བྱ་བ་ནི། རྒུན་འབྲུམ་མམ། བུ་རམ་ཤིང་ངམ། འབྲས་ལས་བྱས་པའི་བཏུང་བ་བཟང་པོ་ཇི ་ལྟར་སྙེད་པའི་དམ་ཚིག་ལྔ་དང་ལྡན་པར་བྱས་ལ་མཆོད་སྦྱིན་གྱི་སྣོད་དུ་བཞིག་སྟེ། ཡི་གེ་གསུམ་གྱི་སྔགས་ཀྱིས་མངོན་པར་བསྔགས་ནས། ཆུང་ཉིད་ཀྱིས་ལག་པ་གཡོན་པ་ནས་བརྩམས་ནས་ཡན་ལག་དང་ཉིང་ལག་ཐམས་ཅད ་སྔགས་ཀྱི་ཆུས་ཁྲུས་བྱ་བྷྲིང་། དེ་ཉིད་ཀྱིས་མཆོད་པའི་རྫས་ཀྱང་བསང་གཏོར་བྱའོ།། དེའི་རྗེས་ལ་ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མྦོ་ཧཱུ~ཾ་ཧྲིཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་ཡི་གེས་ལག་གཡོན་པའི་སོར་མོ་རྣམས ་ལ་སྦྱར་ཏེ། དག་པ་གསུམ་བརྗོད་པར་བྱའོ།། ཨོཾ་སྭ་བྷཱ་བ་ཤྲྀདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷ་ཧཾ། ཨོཾ་བཛྲ་ཤུདྡྷཿསརྦྦ་དྷརྨཱ་བཛྲ་ཤུདྡྷོ་ཧཱཾ། ཨོཾ་ཡཽ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ་ཧཾ། དེ་ནས་རང་གི་ལུས་ཁམས་གསུམ ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་བརྟག་སྟེ། སྐད་ཅིག་ཙམ་གྱིས་ལྟེ་བའི་དཀྱིལ་འཁོར་དུ་རྡོ་རྗེ་རྣལ་འབྱོར་མ་ཕྱག་གཉིས་ན་གྲི་གུག་དང་ཐོད་པ་བསྟིམས་པ། སྐྲ་གྲོལ་བ་ཐུར་དུ་འཕྱང་བ། གཅེར་བུ་སྤྱན་གསུམ་པ ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། ཟློ་བ་ཉི་མ་མེ་དཀྱིལ་དུ།། སྐྱིལ་ཀྲུང་ཕྱེད་པས་གནོད་མཛད་ཅིང་།། ཛ་བ་སིནྡྷུ་རོ་དང་མཚུངས།། དེ་ལྟའི་གཟུགས་ཅན ་ལྷ་མོ་ནི།། རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ།། དེ་ཡི་གཡས་ནི་ཕག་གདོང་སྟེ།། དེ་བཞིན་གཡོན་པ་ཁྲོ་མོ་ཉིད།། ཀུན་རྫོབ་དོན་དམ་རང་བཞིན་གྱིས།། ཞལ་གཉིས་སུ་ནི་རབ་ཏུ་གྲགས།། བླ་མའི་མན་ངག་ལམ་གྱིས་ནི། ་རིམ་པ་རྒྱས་པར་རྟོགས་པར་བྱ།། ད་ཡི་པདྨའི་ནང་དུ་ནི།། དོན་ཀུན་སྒྲུབ་བྱེད་འཁོར་ལོ་བསྒོམ།། རེག་པ་གསུམ་གྱིས་མཚན་ནས་སུ།། ཁ་དོག་དམར་པོའི་འོད་ཟེར་ཅན།། སྔགས་ཀྱི་ཡི་གེས་ཡོངས་རྫོགས་ནས།། རྫ་མཁན ་འཁོར་ལོ་བཞིན་དུ་འཁོར།། སྲིན་པོའི་ཞལ་ནི་ཅུང་ཞིག་བསྡམ།། རབ་ཏུ་འབར་བའི་རྣམ་པར་བསྒོམ།། ཕག་གདོང་གྱེན་དུ་ཉེ་བར་བལྟ།། གཡུང་དྲུང་འཁྱིལ་པ་མྱུར་དུ་འཁོར།། ཕྱག་རྒྱ་གཉིས་པོའི་རྣལ་འབྱོར་གྱིས།། ཁམས་གསུམ ་པོ་ཡང་འགྲུབ་པར་འགྱུར།། རྣལ་འབྱོར་བདག་ཉིད་སྐད་ཅིག་གིས།། འགྲུབ་འགྱུར་རྣལ་འབྱོར་པས་གཞན་མིན།། དེ་ནས་གཞན་ཡང་བཤད་བྱ་བ།། སྔགས་བཏུ་བ་ཡི་ཆོ་ག་མཆོག། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བ།། རྡོ་རྗེ ་རོལ་པ་ལས་བྱུང་བའི།། ཆོས་ཀྱི་འབྱུང་གནས་ཞེས་བཤད་པ།། བཙུན་མོའི་བྷ་ག་ཉིད་ཀྱང་དེ།། ཨཱ་ལི་ཀཱ་ལིའི་དབྱེ་བས་དེར།། སྡེ་མཚན་བརྒྱད་ཀྱིས་རིམ་པ་ནི།། གཟུགས་མེད་མདའ་དང་ཐུབ་པ་དང་།། བུ་ག་དྲག་པོ་འདོད་པ་ཉིད།། འཁོར། ་ལོ་རྣམས་ནི་རིམས་བཞིན་དུ།། མན་ངག་གིས་ནི་དགོད་པར་བྱ།། དང་པོ་ཨཱ་ནས་བརྩམས་ནས་སུ།། ཡི་གེ་ཧ~ཾ་ཡིག་མཐར་ཐུག་པར།། བསྐོར་བའི་ཚུལ་གྱིས་སྦྱོར་བ་ཡིས།། བདེ་མཆོག་རྒྱ་མཚོ་གསུང་བཞིན་བྲི།། ང་ཡི་ཐོག། ་མ་སུམ་འགྱུར་བྱ།། ཐིག་ལི་ནཱ་དས་རྣམ་པར་བརྒྱན།། བྷ་བྷོ་གོ་ཚ་ཐོག་ཡི་གེ་ཉིད།། ཊ་ཡི་ཐོག་མས་མགོ་བོར་བརྒྱན།། ཙ་སའི་བར་གནས་གཟུང་བྱས་སྟེ།། ཌཱ་ཡི་འོག་མ་འོག་ཏུ་སྦྱར།། ཤ་ཐོག་འཐོག་འབྲེལ་བ་ནི།། དེ་བཞིན་སྦྱོར ་བར་ཤེས་པར་བྱ།། ལི་ཡིག་མགོ་གྱུར་ཡི་གེ་ལ།། ཉ་ཡི་འོག་ནས་གནས་པས་བརྒྱན།། པ་ཐོག་ཊ་ཡིག་འོག་མར་ལྡན།། ཕ་ཐོག་ཐ་ཡི་འོག་མས་བཅིངས།། ཧ་ཊའི་བར་གནས་ཡི་གེ་ལ།། ཎ་ཡི་ཐོག་ན་གནས་པས་བརྒྱས ་ཥ་ཡོ་འགུན་གནས་པས་གཟུང་།། དྷ་འོག་གི་སྤྱན་ཏུ་འོག་སྦྱར།། ཏ་མོ་སྟོང་གནས་ཡི་གཉིད།། ར་ཡིག་གླིང་མ་གཉིས་བརྩེག་ལྡན།། དྷཱུ་ཡིས་གང་མ་སྦྱར་བྱ་སྟེ།། མནྟ་བ་རུ་ནཱ་ཡོངས་སུ་བསྒྲགས།། ཕཱ་ལག ་ག་ན་གནས་པ་ལ།། ཋ་ཡི་ཐོག་ན་གནས་པས་བརྒྱན།། ཉ་ཐོག་ཎ་ཐོག་གིས་བརྒྱན་པ།། མན་ངག་བཞིན་དུ་ཤེས་པར་བྱ།། ཙཱ་སའི་བར་ན་གནས་པ་བླང་།། བྷ་འོག་གི་སྟན་ཎ་འོག་སྦྱོར།། དེ་བཞིན་ཚ་ཡི་གོང་མ་བཟུང་།། དེ་བཞིན་ཏེ ་ཡིས་སྟེང་མས་བརྒྱན།། ཐ་ཡི་སྟེང་མས་ཎ་འོག་བརྒྱན།། ཕ་ཡི་འོག་ནས་ཡི་གེ་བླང་།། དྷ་པ་བར་གནས་ཡི་གེ་ལས།། ཐ་ཡཱི་འོག་མས་བརྒྱན་པ་ཉིད།། ཡི་གེ་ཉ་ལའི་བར་གནས་པ།། ཎ་ཡི་གོང་མས་བརྒྱན་པར་བྱ།། ས་ཡའི ་བར་གནས་ཡི་གེ་ལ།། ར་ཡི་འོག་མ་གདགས་པར་བྱ།། ཐིག་ལེ་ནཱ་ད་མཉམ་ལྡན་པ།། སུམ་འགྱུར་དུ་ནི་དབྱེ་བ་ཉིད།། ན་འོག་ར་ཡི་འོག་མ་ནི།། སྔ་མ་བཞིན་དུ་སུམ་འགྱུར་བྱ།། ཤ་འོག་ཥ་ཡི་མགོ་མས་བརྒྱན།། ཉ་ཡཽ་འོག་ན་གནས ་པ་སྦྱར།། མ་ལྦ་བར་ན་གནས་པ་བཟུང་།། ཛྙཱ་ཡིག་གདོང་མས་རྣམ་པར་བརྒྱན།། བླ་མའི་མན་ངག་ལམ་གྱིས་ནི།། སྔགས་བཏུ་བ་ནི་ཤེས་པར་བྱ།། གླེགས་བམ་ཀློག་པའི་སྔགས་པ་ཡིས།། ཇི་ལྟའི་རིམ་པ་སྤང་བ་ཡིས།། གང ་དེས་བསྐལ་པ་བྱ་བར་བྱ།། དངོས་གྲུབ་གོ་འཕང་མི་འཐོབ་བོ།། གཞན་ཡང་རབ་ཏུ་བཤད་བྱ་བ།། རྡོ་རྗེ་ཅན་གྱི་མཆོད་པ་ནི།། ཆོས་བཅུ་ཡི་དུས་སུ་ཁྱད་པར་དུ།། མཆོད་པ་ལྔ་དང་ལྡན་གྱུར་ཅིང་།། བཟའ་སྟོན་དེ་བཞིན་བཏུང་བ ་དང་།། ཕྱི་དང་གསང་བར་བཅས་པར་ལྡན།། སྣོད་ནི་དྲི་མེད་སྦྱངས་པ་རུ།། གུར་གུམ་ལ་སོགས་སྦྱར་བར་བྱ།། ཆུ་བཟང་པོ་དང་ལྡན་པ་ལ།། སིནྡྷུར་རའི་ཕྱེ་མ་བཙག། གསེར་གྱི་སྨྱུ་གུའི་སྦྱོར་བ་ཡིས།། བློ་དང་ལྡན་པས་ཨེ་དབྱིབས་དྲི ་དབུས་སུ་སྔོགས་ཀྱི་རྒྱལ་པོ་ནི།། རིམ་པ་བཞིན་དུ་བྲི་བར་བྱ།། གཡུང་དྲུང་ཁྱིལ་པའི་ཕྱག་རྒྱ་ནི།། དགེ་བའི་འཁོར་ལོའི་ལེགས་ལ་འགོད།། མེ་ཏོག་རྣམ་པ་སྣ་ཚོགས་ཉིད།། ཆུ་ལ་སྐྱེས་དང་ཐང་ལས་སྐྱེས།། མར་མོ་ཙཱ་རུ་དཿ། ་ཚིག་ཆེ།། དེ་བཞིན་གཞོན་ནུ་མ་ཡང་མཆོད།། མཆོད་པའི་ཁྱད་པར་འདི་དག་ནི།། ངེས་པ་ཉིད་དུ་བྱ་བ་ཡིན།། སྐྲ་གྲོལ་གཅེར་བུར་བྱས་ནས་ནི།། སྔར་བཤད་ཕྱོགས་བཅུ་བལྟས་ནས་ནི།། སྔར་བཤད་ཕྱོགས་བཅུ་བལྟས་ནས་ཀྱང་།། ཤིན་ཏུ ་གསང་བར་བྱ་བ་ཉིད།། མཆོད་པའི་དུས་སུ་མཉམ་པར་བཞག། མ་བསང་བགེགས་ནི་སྐྱེ་འགྱུ་ཏེ།། དངོས་གྲུབ་དེ་བཞིན་ཉམས་པར་འགྱུར།། དམ་ཚིག་ཉམས་པར་གྱུར་པ་ན།། ནད་རྣམས་སྣ་ཚོགས་འབྱུང་བར་འགྱུར།། སྲོག་ནི་གཏོང་བར ་གྱུར་པ་ཡིས།། འཆི་བའི་དུས་ལ་བབ་ཀྱང་བླའི།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། དམ་ཚིག་རྟག་ཏུ་བསྲུང་བར་བྱ།། ཁམས་གསུམ་བརྟན་དང་གཡོ་བ་ཡིས།། འགྲོ་བ་ཐམས་ཅད་གཡོན་ནས་འབྱུང་།། གཡོན་པ་སྔོན་དུ་བསྐྱོད་བྱ་སྟེ། ་རྣལ་འབྱོར་རྟག་ཏུ་གཡོན་པ་སྤྱད།། མཆོད་པ་ལག་པ་གཡོན་པས་ཏེ།། བཟའ་བཏུང་གཡོན་པས་བྱ་བ་ཉིད།། རིགས་ལྔ་ལ་ནི་ཀུན་སྤྱོད་པ།། རིགས་གཅིག་ཏུ་ནི་ཀུན་སྤྱོད་པ།། རིགས་གཅིག་ཏུ་ནི་བརྟག་པར་བྱ།། བཟའ་དང་བཟའ་མོནི་དེ་བཞིན ་བཏུང་།། སྒྲ་གཙང་ངོ་ཚ་རྣམ་པར་སྤངས།། རྟོགས་པ་ཀུན་ནས་ངེས་པར་གྲོལ།། རྩོད་པ་ཐམས་ཅད་རྣམ་པར་སྤངས།། མཁའ་འགྲོ་མ་ཡི་དྲ་བ་སྡོམ།། དཔའ་བོ་སེང་གེ་བཞིན་དུ་སྤྱོད།། སྔགས་ནི་རྣལ་འབྱོར་མའི་རང་བཞིན།། ་རྣལ་འབྱོར་མ་ནི་སྔགས་ཀྱི་གཟུགས།། གལ་ཏེ་གོ་འཕང་མཆོག་འདོད་ན།། དེ་དག་ཐ་དད་པར་མི་བྱ།། མི་ཡིས་གང་དང་གང་བསྒོམ་པ།། ཡིད་དང་ཡང་དག་ལྡན་བྱས་ནས།། དེས་ན་དེ་ཡི་བདག་ཉིད་འགྱུར།། སྣ་ཚོགས་ནོར་བུ་ཇི་བཞིན་ནོ།། སེམས ་རྗེས་མཐུན་རྣལ་འབྱོར་གྱིས།། གང་ཞིག་ཤིན་ཏུ་གོམས་བྱེད་ན།། མི་གང་བསོད་ནམས་དམན་པ་ཡང་།། དེ་ནི་གྲུབ་གྱུར་ཐེ་ཚོམ་མེད།། བླ་མ་སངས་རྒྱ་ས་བླ་མ་ཆོས།། དེ་བཞིན་བླ་མ་དགེ་འདུན་ཏེ།། བླ་མ་དཔལ་ལྡན་རྡོ་རྗེ་ཅན།། འདིར་ནི ་བླ་མ་མེད་པའོ།། སངས་རྒྱས་འབྲས་བུ་འདོད་པ་ཡིས།། དེ་ཕྱིར་བླ་མ་བསྙེན་བཀུར་བྱ།། དཔལ་དང་ལྡན་པའི་རབ་ཏུ་བསྔགས་པའི་གནས་ཨེདྷི་ཎ་ནས་བྱུང་བའི་དགོངས་པའི་བླ་ན་མེད་པ་དཔལ་རྡོ་རྗེ་རྣལ་འབྱོར་མའི་གསང་ཆེན་རྣ་བ་རུ་ཞལ་དུ ་བརྒྱུད་པའི་རིམ་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བསོད་ནམས་འབྱུང་གནས་བཟང་པོའི་ཞལ་སྔ་ནས་དང་བོད་ཀྱི་ལོ་ཙྪ་བ་སླ་བན་ཆོས་འབར་གྱིས་བསྒྱུར་བའོ།། ་