CLOSE WINDOW

GT2594: gtor ma'i 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བ་ལི་ཏ་བྲྀཏྟི། བོད་སྐད་དུ། གཏོར་མའི་འགྲེལ་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། འགྲོ་མགོན་བྱམས་ལྡན་ཐུགས་རྗེ་ཆེ་མཆོག་ཉིད་ཀྱི་གསུང་དག་སྐྱོན་གྱིས་མ་གོས་པ་ཡིས།། སངས་རྒྱས་ཉིད ་དང་དགོངས་མཉམ་གདན་མཆོག་དེ་དང་ཉེར་གྱུར་དེ་ལ་ཕྱག་འཚལ་ཏེ།། དྲུག་པའི་དོན་དུ་ཆེར་བསྒྲུབས་ཞལ་མཐོང་གསོལ་གདབ་རྩེར་དགོངས་བཀའ་སྩལ་པ།། དེ་དོན་ཛ་ཡ་སེ་ནས་གསལ་བཤད་དེ་ལ་མ་གསལ་གང་ཡིན་དང་ལྡན་དང་བས་བདག ་ལ་མང་དུ་གསོལ་བཏབ་ནས།། དད་ལྡན་དེ་དང་རྒྱུད་ལྔར་བརྩེ་ཕྱིར་ཤུགས་ཕྱུང་ལུང་དང་བདེན་གཉིས་མི་འགལ་མདོ་ཙམ་ཞིག། བདགྲ་གིས་འདི་བརྩམས་དེ་ལ་སྐྱེས་བུ་མཆོག་གྱུར་མང་ཐོས་མང་མཁས་རྣམས་ཀྱིས་བཟོད་པར་མཛོད།། ཇི་ལྟར ་འཕགས་པ་རྣམས་ཀྱིས་བཀའ་སྩལ་པ་ཡང་། དབང་པོ་རབ་འབྲིང་གསུམ་གྱི་དོན་དུ་གསུངས་ཏེ། འདིར་ཡང་དབང་པོ་རྣོན་པོ་རྣམས་ཀྱིས་ནི། མཚན་བསྟན་པས་གྲོ་བ་ལ་དབང་པོ་རྣོན་པོ་ཞེས་བྱ་སྟེ། མཚན་བསྟན་པ་ནི་ཐེག་པ་ཆེན་པོ་ཉིད་ཀྱི ་གཞུང་གིས་གཏོར་མ་ཞེས་བྱ་བ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལ་བྱ་སྟེ། དབང་པོ་རྣོན་པོ་རྣམས་ལ་དེ་ཙམ་ཞིག་བསྟན་པས་གོ་བར་འགྱུར་རོ།། དབང་པོ་འབྲིང་པོ་རྣམས་ཀྱི་དོན་དུ་བསྟན་པ་ནི་སྤྱི་དོན་དྲུག་ཏུ་བསྟན་ནས་ཏེ། དྲུག་པོ་དེ་དག ་ཉིད་རྣམ་པར་ཕྱེ་སྟེ་བསྟན་པས་གོ་བར་འགྱུར་རོ།། དབང་པོ་ཐ་མའི་དོན་དུ་བསྟན་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལོ་ཞེས་བྱ་བ་ལ་སོགས་པ་རེ་རེ་ནས་བསྟན་པ་སྟེ། འོན་ཀྱང་དཀོན་མཆོག་གསུམ་ལ་ཞེས་བྱ་བས་ནི། དོན་དྲུག་གི ་སྐབས་དང་པོ་བསྡུས་ཏེ། ཨུ་དུམ་བ་རཱའི་མེ་ཏོག་ལ་དཀོན་པའི་དཔེ་གཞག་པ་དང་། ཆེ་བའི་ཡོན་ཏན་གྱི་མཆོག་དམ་པ་དང་། ལྡན་པ་དང་སངས་རྒྱས་ཆོས་དང་དགེ་འདུན་དང་གསུམ་དུ་གྲངས་ངེས་པར་གཞག་པས་ན། ་དཀོན་མཆོག་གསུམ་ཞེས་བྱའོ།། ལ་ཞེས་བྱ་བ་ནི་གོང་མ་དེ་ཉིད་དང་འབྲེལ་ཏོ།། ཕྱག་འཚལོ་ཞེས་བྱ་བ་ནི་བདག་ཉིད་དང་འབྲེལ་ཏོ།། དེ་ཡན་ཆད་ཀྱིས་ནི་རྣམ་པར་དབྱེ་བ་དང་པོ་བསྡུ་སོ།། ད་ནི་སྐབས་གཉིས་པ་སྟོན་ཏེ། དད་པ་ཞེས་བྱ་བ་ནི།། འདིར ་དད་པ་གསུམ་དང་ལྡན་པ་སྟེ། འདི་ལ་སེམས་དང་པ་དང་། དང་བའི་སྒོ་ནས་འདི་ཉིད་ལ་འབད་པར་འདོད་པ་དང་། འབད་པར་འདོད་པའི་སྒོ་ནས་འདི་ལ་ཡིད་ཆེས་པ་དང་གསུམ་ལ་དད་པ་ཞེས་བྱའོ།། ཅན་ཞེས་བྱ་བ་ནི་གསུམ་པོ་ཉིད་དང་འབྲེལ ་ཏོད། གང་ཞིག་གིས་ཞེས་བྱ་བས་ནི། ཐམས་ཅད་ཀྱིས་མི་དམིགས་པའི་སྦྱིན་གཏོང་བྱའོ་ཞེས་བྱ་བའི་ཐ་ཚིགོ། ལས་བྱ་བ་ལ་ཞེས་བྱ་བ་ནི་གང་ཟག་གི་ལས་དགེ་སྡིག་རྣམ་པ་མང་པོའི་ནང་ནས་ཞེས་བྱ་བའི་དོན་ཏོ།། ཕན་སྷོ་ཆེ་ལ་ཟླ་བ་ནི་སུ་གཏོ་ནི་ཡི ་པས་འདི་ལ་བརྩོན་པར་བྱའོ།། ཞེས་བྱ་བ་ལསུ་བྱ་བར་ཞེས་བྱ་བའི་ཚིག་དང་འབྲེལ་ཏེ། དྭེ་ཡཱང་ཕན་ཡོན་ཆེ་ལ་ཞེས་བྱ་བ་ནི། འདི་དང་ཕྱི་མ་གཉིས་ཀར་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ལམ་གཉིས་དང་། ཕྲན་ཡོ་ག ་དག་ཀྱང་འབྱུང་ཞེས་བྱ་བའི་ཐེ་ཚི་གོ།། བླ་བོ་ནི་ཞེས་བྱ་བ་ནིང་བད་རྩོལ་ཆེན་པོ་བསྐྱེད་དགོས་པའི་ཐ་ཚིག་གོ།། ཆུ་གཏོར་འདི་ཡིན་པས་ཞེས་བྱ་བ་ནི་དོན་སྟོང་པ་ཉིད་དང་འབྲེལ་ཏོ།། འདི་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི། གོང་མའི་ཚིག་རྣམ ་འབྲེལ་ཏེ་གོ་བར་བླའོ།། དེ་ཡན་ཆད་ཀྱིས་ནི་རྣམ་པར་དབྱེ་བ་གཉིས་པ་བསྡུ་སོ།། ད་ནི་སྐབས་གསུམ་པ་སྟོན་ཏེ། དེ་ལ་ཞེས་བྱ་བ་ནི་སྐབས་གསུམ་པ་བཀར་བའི་ཐ་ཚིག་གོ།། རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་ཆུ་བླུགས་ལ། ཕྱེ་དང་མེ་ཏོག་ལ་སོ ་བཅི་འབྱོར་པ་དང་། གསེར་དངུལ་ལ་སོགས་པ་རིན་པོ་ཆེ་སྣ་ལྔ་བདྲར་བ་དང་། ཁ་ཟས་མ་སྨས་པ་སྣ་ཚོགས་པ་དང་། སྨན་དང་། འབྲུ་དང་། དྲི་སྣ་ཚོགས་པ་དང་། སྦྱར་ན་ལྷག་པར་ཡང་བཟང་ངོ་ཞེས་བྱ་བ་སྐབས་གཉིས་པའི་ཆུ་གཏོར་ཞེས ་བྱ་བ་དང་འབྲལ་ཏེ། དེ་ཉིད་ཀྱིས་སྣོད་དང་རྫས་ཀྱི་ཁྱད་པར་བསྟེན་པ་ཡིན་ཏེ། དེ་ནི་དཀྱུས་མ་ཉིད་བརྗོད་པས་གོ་སླའོ།། དེ་ཡན་ཆད་ཀྱིས་ན་རྣམ་པར་དབྱེ་བ་གསུམ་པ་བསྡུསོ།། ད་ནི་སྐབས་བཞི་པ་སྟོན་ཏོ།། སྤྱིར་གཏོར་མའི་ལས་བགྱིའོ་འཚལ ་ཞེས་བྱ་བ་ནི། གཏོར་མ་ཐམས་ཅད་ཀྱི་མཚན་ཉིད་སྟོན་ཏེ། འོག་ནས་འབྱུང་བ་རྣམས་དང་ལྡན་པར་བྱ་བའི་དོན་ཏོ།། བརྟག་པ་རྣམ་པ་དྲུག་སྟེ། ཞེས་བྱ་བ་ནི། འདིར་དངོས་པོ་དང་མཚན་མར་བརྟག་པར་བྱ་བ་ནི་མ་ཡིན་ཏེ། རང་རིག་པའི་ཏིང་ངེ ་འཛིན་གྱིས་བདག་དང་གཞན་དང་རྫུས་གསུམ་དུ་དམིགསུ་མེད་པར་སྒོམ་པ་འམ། རྟག་པ་ལ་གྲངས་ངེས་པ་དྲུག་ཏུ་བསྟན་ཏེ། བསྟན་པ་དེ་ཡང་དངོས་གང་ཞེ་ན། ཞེས་དྲིས་པའི་ཐ་ཚི་གོ།། དེའི་ལན་དུ་གྲངས་དྲུག་པོ་ཉིད་བསྟན་པ་ལ་རྫས ་དང་ཡོ་བྱད་རྣམས་ཀྱི་ཉེས་པའི་སྐྱོན་རྣམ་པར་དག་པར་སྦྱར་བ་དང་། རྫས་དང་ཡོ་བྱད་གྲངས་ཉུང་བ་རྣམས་མང་པོར་སྤེལ་བ་དང་། སྤེལ་བ་རྣམས་མགྲོན་སོ་སོ་ལ་འདོད་པ་བཞིན་དུ་མོས་པར་བསྒྱུར་བ་དང་། དེ་ལྟར་མོས་པར་བསྒྱུར་བ ་རྣམས་མགྲོན་སོ་སོ་ལ་སྤྱོད་པརྱ་དབང་བསྒྱུར་བ་དང་། དེ་ལྟར་དབང་བསྐུ་རཱུ་བ་རྣམས་ཀྱི་ནང་ན་འདོད་པ་བཞིན་དུ་མ་ཐོབ་པ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་སོ་སོར་ཐོབ་པར་བྱ་བ་དང་། དེ་ལྟར་སོ་སོར་ཐོབ་ནས་མརྒྱ། ་རྣམས་བདག་གི་དབང་དུ་བྱ་བ་བསྡུ་བ་དང་དྲུག་གོ།། དེ་ལ་ཞེས་བྱ་བ་ནི་བཀར་ནས་སྟོན་པའི་ཐ་ཚིག་གོ།། ཉེས་པའི་སྐྱོན་སྦྱང་བ་ནི་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་ཕྱག་རྒྱུས་སྤྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། མང་པོ། ་སྤེལ་བ་ནི་ན་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སྤེལ་བྱར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། མགྲོན་སོ་སོ་ལ་མོས་པོར་བསྒྱུར་བྱ་ནི་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱས་མོས་པར་བསྒྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། མགྲོནས ་སོ་ལ་སྤྱོད་པར་དབང་བསྐུར་བ་ནི་རྒྱལ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་དང་ཕྱག་རྒྱས་སྤྱོད་པར་དབྱང་བསྒྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། སོ་སོའི་ཡོད་ལ་འདོད་པ་བཞིན་དུ་མ་ཐོབ་པ་རྣམས་ལའི་སོ་སོར་འདོད་པ་བཞིན་ཐོབ་པར་བྱ་བ ་ནི་ཡེ་ཤེས་སྐར་མདོའོ་སྔགས་དང་ཕྱག་རྒྱས་འདོད་པ་བཞིན་དུ་ཐོབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། མགྲོན་རྣམས་བདག་གི་དབང་དུ་བསྡུ་བ་ནི། ལྷ་མགོན་སྤྱིའི་སྔགས་དང་ཕྱག་རྒྱ་སྟེ། མིང་དབང་བསྒྱུར་འཁོར་ལོའི་སྔགས་དང ་ཕྱག་རྒྱས་མགྲོན་རྣམས་བདག་གི་དབང་དུ་བསྡུའོ་ཞེས་བྱ་བའི་དོན་ཏོ།། དེ་ཡན་ཆད་ཀྱིས་ནི་རྣམ་པར་དབྱེ་བ་བཞི་པ་བསྡུས་སོ།། ད་ནི་སྐབས་ལྔ་པ་སྟོན་ཏེ། དེ་ལ་ཞེས་བྱ་བ་ནི་སྐབས་ལྔ་བཀར་ནས་སྟོངོན་པའི་ཐ་ཚིག་གོ།། བསམ ་རྒྱུད་ནི་ཞེས་བྱ་བ་ནི་བདག་ཉིད་དང་འབྲེལ་ཏེ། བདག་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱ་བའི་ཡུལ་བཅད་པ་འམ། བསྒོམ་པ་ནི་ཞེས་བྱ་བའི་ཐ་ཚིག་གོ།། གནས་སྐབས་འདིར་མ་རྟོགས་པའི་གང་ཟག་གང་ཞིག་དགེ་བའི་བཤེས་གཉེན་ལ་མི་རྟེན་པ ་རྣམས་སུན་དབྱུང་བའི་ཕྱིར། དཀྱུས་མ་དཀྲུགས་ཏེ། དེ་བྱས་ན་བརྟེན་ཏོ།། དྲང་པོར་ཚད་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཞེས་བྱ་བ་ནི་ཕྱོགས་མེད་པའི་བྱམས་པ་དང་། ཕན་འདོགས་པའི་སྙིང་རྗེ་དང་། འགྱོད་པ་མེད་པའི་དགའ ་བ་དང་། དམིགས་པ་མེད་པའི་བཏང་སྙོམས་དང་བཞིའོ།། དེ་རྣམས་ལ་ཅིའི་ཕྱིར་ཚད་མེད་པ་ཞེས་བྱ་ཞེ་ན། བསྒོམ་པའི་ཡུལ་དང་། བསྒོམ་པའི་འབྲས་བུ་དང་། དེ་དག་གི་རང་བཞིན་གསུམ་གྱི་ཚད་འདྲི་ཙམ་མོ།། ཞེས་བཟུང་དུ་མེད ་པའི་ཕྱིརརོ།། བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཞེས་བྱ་བ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཇི་ལྟ་བུར་ཡང་དམིགསུ་མེད་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་ཆེན་པོའི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་ན།། བྱང་ཆུབ་ཏུ་སེམས ་བསྐྱེད་ལ་ཞེས་བྱའོ།། དེའི་འོག་ཏུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་དྲན་པ་དགོས་ཏེ། དེ་ཡང་བྱ་བའི་རྒྱུད་ཀྱི་གཞུང་གིས་ལྷ་དྲུག་གི་སྒོ་ནས་སྐྱེད་པར་གསུངས་ཏེ། ལྷ་དྲུག་ཀྱང་དངོས་པོ་གང་ཞེ་ན། སྨེ་བརྩེགས་ཀྱི་རྒྱུད་ལས། དང་པོ་སྤྱོད་པ་ཆོས ་སྨཻ། ཡིག་འབྲུ་ཕྱག་མཚན་ཡེ་ཤེས་ལྷོ།། ཡོང་སུ་རྫོགས་པ་སྐུའི་ལྔ་ཞེས་འབྱུང་སྟེ། དྲུག་པི་དེའི་སྒོ་ནས་བདག་ཉིད་དམ་ཚིག་གི་སེམས་དཔར་གསལ་པོ་ར་བསྒོམ་པ་ཡིན་ཏེ། དེ་ཡང་བདག་ཉིད་ཀྱི་སྒོ་གསུམ་དང་ལྷའི་སྒོ་གསུམ ་མཉམ་པར་དམ་ཚིག་གི་སེམས་དཔའ་བསྒོམ་པས་ན་དྲན་པ་བསྐྱེད་ཅེས་བྱའོ།། དེའི་འོག་ཏུ་བདག་གིས་ལུས་བསྲུང་སྟེ། ལུས་བསྲུང་བ་ཡང་ཡི་གེ་ཧཱུཾ་གི་འཕྲོ་འདུ་ལས་རྡོ་རྗེ་ཕྲ་མོས་བདག་གི་ལུས་ལ་དཔེར་ན་ཤིང་ཀ་རན་ཏ་བྱི ་རརིའི་ཚེར་མ་ལྟར་གཏམས་པ་ལས་རྡོ་རྗེ་གོ་ཆའི་ཕྱག་རྒྱས་གནས་ལྔར་གཏུགསགོ་ཆེ་རྣམས་རྡོ་རྗེ་གོ་ཆ་བགོ་བ་དང་། དེའི་འོག་ཏུ་མི་འཇིགས་པའི་མཛུབ་མོ་ལ་ཁྲོ་བོ་གཤིན་རྗེ་གཤེད་དང་། རྡོ་རྗེ་གནོད་སྦྱིན་བསྒོམ་པའི་ཏིང་ངེ་འཛིན་གྱིས་ཀ། ་ནན་ལུ་གུ་རྒྱུད་ཀྱི་གནས་ལྔར་བཅིང་བ་དང་། ཏིང་ངེ་འཛིན་ཕྲ་མོ་གཞན་དག་ཀྱང་བསྒོམ་པས་ན་ལུས་བསྲུང་ཞིང་ཞེས་བྱའོ།། དེའི་འོག་ཏུ་ལུས་དང་ངག་དང་ཡིད་ཀྱི་སྒོ་གསུམ་ནས་ཙི་རཱན་དུ། དཀོན་མཆོ་གྲོ་གསུམ་ལ་སྐྱབས་གསོལ་ཞིང་། ་དེའི་འོག་ཏུ་ལྕེ་ཡེ་ཤེས་སེམས་དཔའ་ཡང་བསྒོམ་པར་བྱའོ།། དེ་ལྟར་བདག་ལྷའི་སྐུ་ཕྱག་རྒྱར་ང་རྒྱལ་ཆེན་པོར་བསྐྱེད་པ་དེ། གོལ་བའི་ས་དག་ཏུ་སོང་གིས་དོགས་པའི་ཕྱིར་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱ་བར་བདོག་གིས་དྲན་པར་བྱའོ། ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡན་ཆད་ཀྱིས་ནི་རྣམ་པར་དབྱེ་བ་ལྔ་པ་བསྡུས་སོ།། ད་ནི་སྐབས་དྲུག་པ་སྟོན་ཏེ་དགེ་བའི་རྩ་བ་གང་ཐབས་གང་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ཡིན་ཏེ། དེ་ཡང་བསྔོ་བ་ཡིན་ཏེ། དེ་ཡང་བསྔོ་བ་ནི་ཞེས་བྱ། ་བ་ནི་སྐབས་དྲུག་པ་ལ་གསུམ་གྱིས་བསྟན་པའི་དང་པོ་སྟོན་ཏེ། དགེ་བའི་རྩ་བ་རྣམས་བསྔོ་བ་ཡང་ཞེས་བྱ་བའི་དོན་ཏོ།། གང་ཞིག་གཱ་བསྔོ་ཞེ་ན། དང་པོར་སེམས་བསྐྱེད་ནས་ཐ་མ་བྱངས་ཆུབ་ཀྱི་བར་གྱི་དགེ་བོའི་རྩ་བ་རྣམས་དང་། མཆོད་སྦྱིན་འདི ་ཉིད་འཇིག་རྟེན་འདི་དང་འཇིག་རྟེན་ཕྱི་མར་བསྔོ་བ་ཡང་མ་ཡིན། བདག་དང་གཞན་གྱི་དོན་དུ་བསྔོ་བ་ཡང་མ་ཡིན། འོ་ན་གར་བསྔོ་ཞེ་ན། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཆེན་པོར་མི་དམིགས ་པར་བསྔོ་སྟེ་ཞེས་བྱ་བའི་ཐ་ཚིག་གོ།། བླ་ན་མེད་པའི་བྱང་ཆུབ་ཏུ་འདི་དག་ལ་ཡང་མཉམ་སྙོམསསུ་བསྔོ་མོད་ཀྱི་རེ་ཞིག་མགྲོ་ནི་དེ་ཡང་དམིགས་ཀྱིས་འདི་དག་ཡིན་ནོ་ཞེས་བསྔོ་བ་ནི་ཞེས་བྱ་བའི་དོན་ཏོ།། འདི་ལ་མགྲོན་ནི་རྣམ་པ་བཞིར་དེས ་ཏེ། སྣང་བ་དང་མི་སྣང་བ་ཀུན་ཀྱང་བཞི་པོ་འདིར་ནི་མ་འདུས་པ་མེད་དོ།། བཞི་པོ་ཉིད་བསྟན་པ་ལ་སྲི་ཞུའི་མགྲོན་ཞེས་བྱ་བ་ནི། ལྷ་དང་བཅས་པའི་འཇིག་རྟེན་པ་རྣམས་ཀྱིས་གུས་པའི་སྒོ་ནས་མཆོད་ཅིང་བསྟོད་པའི་གནས་ཡིན་པས་ན། སྲི ་ཞུའི་མགྲོན་ཞེས་བྱའོ།། དངོས་གང་ཞེ་ན། འདིར་མགྲོན་དག་ལ་ངོ་བོ་དང་ངེས་པའི་ཚིག་དག་ཏུ་ཤེས་པར་བྱའོ།། སངས་རྒྱས་དང་ཞེས་བྱ་བ་ནི། ཆོས་ཀྱི་སྐུ་ལ་སོགས་པའི་སྐུ་གསུམ་གྱིས་བསྡུས་པའོ།། ཅིའི་ཕྱིར་ཞེ་ན་རྒྱུད་ལས་མ་རིག ་གཉིད་ལས་སངས་ཕྱིར་དང་། བློ་རྒྱས་གཉིས་ཕྱིར་སངས་རྒྱས་ཡིན་ཞེས་འབྱུང་བ་ལྟ་བུའོ།། བྱང་ཆུབ་སེམས་དཔའ་དང་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ས་ལ་མོས་པར་སྤྱོད་པ་ནས། ས་དང་པོ་ནས་ས་བཅུའི་བར་ལོ་རྟོགས་པའི ་ཁྱད་པར་གྱིས་གནས་པ་དག་གོ།། དེ་ཡང་རྣམ་པར་སྣང་མཛད་དག་ལས། བྱང་ཆུབ་ན་མཁའི་མཚན་ཉིད་དེ། རྟོགས་པ་ཐམས་ཅད་སྤངས་པ་ཡིན། གང་ཞིག་དེ་རྟོགས་འདོད་པ་དེ། བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་འབྱུང ་བ་ལྟ་བུའོ།། ཅིའི་ཕྱིར་ཞེ་ན། སྤང་བའི་རྒྱུ་གཉིས་པོ་དག་ལས་མི་གནས་པར་སྤངས་པ་དང་། ཤེས་རབ་ཀྱི་རྟོགས་པར་བྱ་བའི་ཡུལ་ཉེས་བྱ་རྟོགས་ནས། ཚོགས་གཉིས་རྫོགས་ཤིང་ནུས་པ་དག་བསམ་པའི་ཡུལ་གཉིས་ལ་ཆེ། ་སེམས་ཤིང་དེ་ཉིད་ལ་དཔའ་བའི་ཕྱིར་རོ།། ཉན་ཐོས་དང་ཞེས་བྱ་བ་ནི། སྒོ་བཞིར་ཞུགས་ནས་རྒྱུ་འབྲས་བརྒྱད་པོ་སྒྲུབ་ཅིང་ཐོབ་པའི་སྐྱེས་བུ་དྲུག་གོ།། ཅིའི་བྱི་ན་ན། རྫུ་འཕྲུལ་གྱི་རྣ་བ་ལྟ་ལུས་ཞ་པ་ནས་གསུངས་པ་དག་ཟས་ཤེད་ཤེས་པ་སྟེ།། ་དེའི་ཕྱིར་མིང་དུ་བཏགས་པའོ།། རང་སངས་རྒྱས་དང་ཞེས་བྱ་བ་ནི། ཤེས་རབ་ཆེན་པོ་དག་ཅིག་པུར་གནས་པ་དང་། དེ་མ་ཡིན་པ་དག་ནི་གཅིག་གི་སློབ་དཔོན་གཅིག་ལ་ལྟོས་པའི་ཕྱིར་བྱས་གནས་པ་དག་གོ། ཅིའི་ཕྲེ་ན་ན། རང་གི་ཤེས་རབ་ཀྱིས ་བརྟགས་ནས་འབྲས་བུ་ཐོབ་པར་འདོད་ཅིང་ཐོབ་པ་དག་གོ།། དེ་དག་ཀྱང་ཐུགས་ཀྱི་སྲས་དང་། གསུང་གི་སྲས་དང་། བྱིན་གྱིས་བརླབས་ཀྱི་སྦས་སོ།། ལ་སོགས་པ་དང་ཞེས་བྱ་བ་ནི། བྱ་ཆུབ་དེ་གསུམ་གྱི་སྒོར་ཞུགས་པ་དག་པསསོ།། མགྲོ་ག། ཉིས ་སྡུད་པ་ལ་ཡོན་ཏན་གྱི་མགྲོན་ཞེས་བྱ་བ་ནི། ཡོན་ཏན་ཆེན་པོ་ཅན་དུ་བྱིན་གྱིས་རླབས་པའི་སྲུང་མ་དམ་ཚིག་ཅན་རྣམས་ཁོ་ན་སྟེ། དེ་ཉིད་བསྟན་པ་ལ། ཚངས་པ་དང་ཞེས་བྱ་བ་ནི།། ག་ན་འཕྲ་ལ་དབདེ་བྱེད་ཀྱི་ནས་མ་ཚངས་ས་ཀྱིས ་བསྐོར་ཅིང་དེ་དག་ལ་དབང་བྱེད་པ་སྟེ། ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་ཀྱིས་འདོད་ཆགས་དང་། མི་དགེ་བ་བཅུའི་གྱོང་ཁྲིན་དང་འདྲ་བ་ལས་ཚངས་པའི་ཕྱིར་རོ།། བརྒྱ་བྱིན་དང་ཞེས་བྱ་བ་ནི། སུམ་ཅུ་རྩགསུམ་གྱི་གནས་ན་སུཅུ་རྩ་ཡསུམ་གྱི ་ལྷའི་རྒྱལ་པོ་བློན་པོ་ཉེ་དབང་རྣམས་ཀྱིས་བསྐོར་བ་སྟེ། ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་ཀྱི་ལྷའི་རྒྱལ་པོ་ཡབ་ཏི་ན་ཀུ་པ་ཏི་ཡིས། ལོངས་སྤྱོད་ཀྱི་རྐྱེན་ཡིད་བཞིན་གྱི་ནོར་བུ་བརྒྱ་བྱིན་པས་དེ་ལས་བྱུང་བའི་ལོངས་སྤྱོད་བརྒྱ་བརྒྱས་མཆོད་པ་བྱེད ་ཅིང་སྦྱིན་པ་བརྒྱ་བརྒྱ་འགྱེད་པའི་ཕྱིར་བརྒྱ་བྱིན་ནོ།། འཇིག་རྟེན་སྐྱོང་བ་བཞི་དང་ཞེས་བྱ་བ་ནི། ཡུལ་འཁོར་བསྲུང་ལ་སོགས་པ་བཞི། རི་རབ་ཀྱི་ངོས་བཞིན། དྲི་ཟ་ལ་སོགས་པ་བཞི་ལ་དབང་བྱེད་ཅིང་གནས་པ་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཕྱི་ནང ་སྣོ་དོང་བཅུད་ཀྱི་འཇིག་རྟེན་ལ། སོ་སོའི་ཕྱོགས་ཕྱོགས་ནས་ཚོགས་འཇིག་མ་བྱུང་གི་བར་དུ། སྔོན་གྱི་དམ་ཚིག་དྲན་པ་ལ་གཞག་ནས་བདེ་བར་སྐྱོང་བ་བཞི་དང་ཞེས་བྱའོ།། ཕྱོགས་སྐྱོང་བ་བཅུ་གཅིག་དང་ཞེས་བྱ་བ་ནི། འབྱུང་པོའི་རྒྱལ་པོ ་དབང་ལྡན་ལ་སོགས་པ་བཅུ་གཅིག་ཏུ་ངེསོ།། ཅིའི་ཕྱིར་ཞེ་ན། ཤར་ཕྱོགས་ལ་སོགས་པ་ན་གནས་ཤིང་། སྔོན་གྱི་དམ་ཚིག་དྲན་པ་ལ་གཞག་ནོས་རང་རང་གི་ཕྱོགས་ན་བདེ་བར་སྐྱོང་བས་ཕྱོགས་སྐྱོང་བ་བཅུ་དང་ཞེས་བྱའོ།། སྲུང་མ་དམ ་ཚིག་ཅན་རྣམས་དང་ཞེས་བྱ་བ་ནི། ལྷ་མ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ་དང་། གཙུག་ལག་ཁང་གི་སྲུང་མ་གང་བ་བཟང་པོ་ལ་སོགས་པ་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། བསྟན་པ་བསྲུང་བར་དམ་བཅས་པའི་སྒོ་ནས། སྔོན་གྱི་དམ་ཚིག་དྲན་པ་ལ ་གཞག་ནས། རྣལ་འབྱོར་པ་རྣམས་བསྲུང་བ་སྟེ། དེ་བས་ན་སྲུང་མ་དམ་ཚིག་ཅན་རྣམས་དང་ཞེས་བྱའོ།། མགྲོན་གསུམ་པ་བསྟན་པའི་ཕྱིར། སྙིང་རྗེའི་མགྲོན་འགྲོ་བ་རིགས་དྲུག་གི་སེམས་ཅན་དང་ཞེས་བྱ་བ་ནི། ལྷ་དང་མི་ལ་སོགས ་པ་འགྲོ་བ་རིགས་དྲུག་ལ་བྱཱ་སྟེ། ཅིའི་ཕྱིར་ཞེ་ནཱ། སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་གཙེས་ཤིང་ཉེན་པའི་ཕྱིར་དང་། གྲངས་དྲུག་ཏུ་ངེས་པས་ན། སྙིང་རྗེའི་མགྲོན་འགྲོ་བ་རིགས་དྲུག་གི་སེཾན་དང་ཞེས་བྱ་བའི་དོན་ཏོ།། ཁྱད་པར ་དུ་ཡང་བདག་གི་ལྷ་མགོན་ད་ང་ཞེས་བྱ་བ་ནི། བདག་ལ་གནོད་སྦྱིན་ལྟ་བུ་འཇིག་རྟེན་པ་གྲོགས་བྱེད་པ་དག་ལ་བསྔོའོ་ཞེས་བྱ་བའི་ཐ་ཚིག་གོ།། ཅིའི་ཕྱིར་ཞེ་ན། གནོད་སྦྱིན་ཡིན་ཡང་བདག་ལ་གྲོགས་བྱེད་པའི་ཐད་ཀར་ཚིག་བླ་དག་སུ་ལྟ་ཞེས ་བྱ་སྟེ་སྔོན་ཆད་པས་གྲོགས་ཆེར་བྱེད་དུ་གཞུག་པའི་ཕྱིར་དག་ཉིད་ཡུལ་གང་ན་གནས་པའི་ཡུལ་གེའིས་འདས་ལྟ་བུ་ད་འི། ས་བདག་ཆེན་པོ་པ་ཏི་ལའི་འཁོར་དུ་གཏོགས་པའི་ས་བདག་དང་། ལྷ་ཀླུ་དག་གང་ན་གནས་པའི་ཡུལ་དེའི་ཉེ་འཁོར་ན་གནས་པའི་ས ་འམ་ཆུ་འམ་བར་སྣང་ལ་གནས་པ་གང་དག་གོ། ཅིའི་ཕྱིར་ཞེ་ན། ཡུལ་གང་ཡིན་པའི་ས་བདག་ཏུ་གྱུར་པའི་ཕྱིར་དང་། ཡུལ་གང་གིས་མི་རྣམས་ལ་འགྲོ་བའི་ཕྱིར་དང་། ཡུལ་གང་གིས་སྤྱི་འཁྲུང་སྐྱེད་པའི་ཕྱིར་སུ་བདག་ལྷ་ཀླུ་ཞེས་བྱ་བའི་ཐ་ཚིག།། ། ་མགྲོན་ཐ་མ་བསྟན་པའི་ཕྱིར་ལན་ཆགས་ཀྱི་མགྲོན་དངོས་གང་ཞེ་ན། ཚེ་རབས་བགྲངས་པའི་བགྲོགས་དང་ཞེས་བྱ་བ་ནི། བགེགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ།། དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་དུསོ་ནས་བར་དུ་བཅོད་པའི་ཕྱིར་བགྲོགས་ཞེས་བྱའོ།། ་སྤྱོད་ལམ་མ་ལེགས་པ་ལས་གྱུར་པ་འམ། པྲ་མོ་ཀླན་ཀ་ཚོལ་བ་སྟེ། འཕྲལ་དུ་གནོད་པ་བྱེད་པའོ།། དངོས་གང་ཞེ་ན། རྐྱེན་བགེགས་དང་ཡི་དགོས་ཀྱི་བགེགས་ཀྱི་རིས་ལ་ཕྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འཕྲལ་དུ་བར་ཅར་བྱེད་པའི་ཕྱིར་བགེགས་དང ་ཞེས་བྱའོ།། དེ་དག་ཀུན་ལ་མཉམ་སྟོས་ཀྱི་ཏིང་བན་ལྡན་པས་པ་པ་བྱེད་པ་ལ་ཚིག་བླ་དག་སུ་ལྷ་ཞེས་བྱ་བ་དང་། གནོད་པར་བྱེད་པ་ལ་ཚིག་བླ་དག་སུ་གནོད་པ་བྱེད་པའི་འདྲེ་ཞེས་བྱ་བ་གཉིས་ཀྱིས་བསྡུས་པ་གཞན་དག་དང་། འགྲོ་བ་རིས་དྲུག་ཀུན་ལ་ཡང་བདག་ཏུ ་ངེངེ་འཛིན་གྱིས་མཉམ་སྙོམས་བསྔོ་བར་བྱའོ་ཞེས་བྱ་བ་ནི། གཅིག་ཏུ་བསྡུས་ནས་འཕྲིམ་རྒྱལ་མེད་པར་བྱ་བའི་ཕྱིར་ཏེ། གོང་གི་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང་འབྲེལ་ཏོ།། དེ་ལ་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་དང་། ཡིག་འབྲུ་དང་། དེ་བཞི ་གཤེགས་པ་རྣམས་དང་། ཏཱིང་ངེ་འཛིན་རྣམས་ཉི་ཚེ་ཞིག་བཀར་ཏེ་བསྟན་པ་ལ་དེ་ལ་ཞེས་བྱའོ།། འདིར་བརྗོད་པ་རྣམས་ནི་སྐབས་བཞི་པ་དང་འབྲེལ་ཏེ། སྐེབས་བཞི་པ་ལས་སྤྱད་པ་དང་ཞེས་བྱ་བ་དང་། དེ་ལ་སྦྱང་བ་ནི་ཆོས་ཉིད་རྣམ་པར་དགེ ་པའི་སྔགས་དང་། ཕྱག་རྒྱ་སོ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་ཕྱག་རྒྱ་ཉིད་རྣམ་པར་ཕྱེ་བ་དྲུག་པའི་སྐབས་འདིར་གསལ་བར་བྱས་པ་སྟེ། དེ་ཡང་སྔགས་ནི་འདིར་སློབ་དཔོན་གྱིས་སྔགས་ཀྱི་མཐུ་ཉམསུ་དོགོས་པའི་ཕྱིར་མ་བཤདདོ།། ། ་ཕྱག་རྒྱ་རྣམས་ནི་དཀྱུས་མ་ཉིད་བརྗོད་པས་གོ་བར་སླའོ།། ཡིག་འབྲུ་རྣམས་ནི་ཨ་སྟེ་སྐྱེ་བ་མེད་པ་དང་། སྭ་སྟེ་འདོད་པ་འབྱུང་བའི་རྒྱུ་དང་རཾ་སྡེ་མོས་པར་བསྒྱུར་བའི་རྟེན་དང་། ཧ་སྟེ་སྤྱོད་པར་དབང་བསྐུར་བའི་རྒྱུ་དང་། ཨོཾ་སྟེ་སྐྱེ་བ་མེད་པ་ལས ་སྐྱེ་བའི་ཆོ་འཕྲུལ་གྱིས་མ་ཐོབ་པ་རྣམས་ཐུགས་རྗེ་མྱུར་པོས་ཐོབ་པར་གདོན་པར་བྱ་བ་དང་། ཛཱ་སྟེ་མགྲོན་དབང་དུ་བསྡུ་བ་རྣམས་ནི་གོ་རིམས་བཞིན་དུ་སྦྱར་རོ།། དེ་བཞིན་གཤེགས་པ་རྣམས་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ ་དང་། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་དང་། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་དང་། དེ་བཞིན་གཤེགས་མི་འཁྲུགས་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྦྱང་མཛད་རྣམས་ཀྱང། ་རིམ་པ་བཞིན་སྦྱརོ།། ཏིང་ངེ་འཛིན་རྣམས་ནི་ཆོས་ཉིད་རྣམ་པར་དག་པས་སྦྱང་བ་དང་། ན་མཁའ་མཛོད་དུ་བྱིན་གྱིས་བརློབས་དང་། བདུད་རྩི་ཐབ་སྦྱོར་དང་རྒྱལ་ཆེན་ཤུགས་ལྡན་འོད་དང་། ཡེ་ཤེས་སྐར་མངའ་དང་། དབང་སྒྱུར་འཁོར་ལོ་དང་། དྲུག ་ཀྱང་གོ་རིམས་བཞིན་དུ་སྦྱརརོ།། གོང་དུ་བསྟན་པའི་སྔགས་དང་ཕྱག་རྒྱ་འདི་གཅིག་ལ་ཡང་ལན་བདུན་བདུན་བཅའ་ཞིང་བཟླས་པའི་དགོས་ཆེད་ནི། ཏི་འཛིན་མ་གསལ་གྱི་བར་གྲངས་བདུན་ཡན་ཆང་བཟླསོ།། ཏིང་ངེ་འཛིན་དེ་རྣམས་བསྟན་པ་ལ། ཏྲི ་འཛིན་དེ་ཡང་སྔགས་དང་ཕྱག་རྒྱ་དང་པོས་ནི་གཏོརེ་ས་འདི་ཉིད་ལ་མཚན་མ་ལ་སོགས་པ་ཉེས་པའི་སྐྱོན་མྱེད་ཅིང་དྲག་པ་ཆེན་པོར་བྱིན་གྱིས་བརླབ་པོ།། སྔགས་དང་ཕྱག་རྒྱ་གཉིས་པས་ནི་མཆོད་པའི་རྫས་ཀྱི་ཁྱད་པར་འཇིག་རྟེན་དང་འཇིག་རྟེན ་ལས་འདས་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་། འགྲོ་བ་རོས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་ཡིད་ལ་མོས་པ་ཇི་ལྟ་བ་བཞིན་དུ་ན་མཁའི་ཁམས་རིན་པོ་ཆེའི་རྒྱུ་ལས་བྱུང་བའི་འདོད་པའི་ཡོན་ཏན་ལྔས་གང་ཞིང་རྒྱས་པར ་བྱིན་གྱིས་བརླབོ།། གོང་མོ་དེ་ལྟར་སྤེལ་ནས་སྔགས་དང་ཕྱག་རྒྱ་གསུམ་པས་ནི་བདུད་རྩི་རྒྱ་མཚོ་དང་ཞེས་བྱ་བ་ནི། སྐབས་གསུམ་པ་དང་འབྲེལ་ཏེ། ཆུ་བླུགས་པ་ཞེས་བྱ་བའི་ཚིག་ཁོ་ན་སྟེ། ཆུ་ཐིགས་པ་གཅིག་ལ་བདུད་རྩིའི་རྒྱ་མཚོར་བྱིན་གྱིས ་བརླབ་པོ།། ཞེས་བྱ་བའི་ཐ་ཚིག་གོ། ཟས་ལ་སོགས་པའི་ཞེས་བྱ་བུ་དེ་ཡང་སྐབས་གསུམ་པ་ལསུ་ཕྱེ་དང་ཞེས་བྱ་བ་ནས། ཁ་ཟས་མ་སྨས་པ་བྱ་བའི་བར་དང་འབྲེལ་ཏེ། ཟས་ཙུམ་པ་ཐག་གཅིག་ལ་ཡང་རི་རབ་ཙམ་དུ་བྱིན་གྱིས་རླབ་བོ་ཞེས་པའི་ཐ ་ཚིག་གོ།། སོགས་པའི་ཁོངསུ་ནི་མེ་ཏོག་དང་རིན་པོ་ཆེ་དང་དྲིལ་སོགས་པ་སྐབས་གསུམ་པའི་ཡོ་བྱད་བསྡུའོ།། འདོད་པའི་ཡོན་ཏན་ཡང་དངོས་གང་ཞེ་ན། འགྲོ་བ་རིས་དྲུག་སོ་སོའི་ལོངས་སྤྱོད་ལ་ཡིད་ལ་ཇི་ལྟར་མགྲོན་སོ་སོའི་མོས་པ་ཇི་ལྟ་བ ་བཞིན་དུ་ལོངས་སྤྱོད་འདོད་པ་རྣམས་ལ་ལོངས་སྤྱོད་ཀྱི་རྐྱེན་འདོད་ཆགས་ལ་སོགས་པ་དུག་ལྔའི་གསོས། དེ་ཡང་དངོས་གང་ཞེ་ན་ཡེ་ཤེས་ལྔར་བྱིན་གྱིས་བརླབ་པོ།། སྔགས་དང་ཕྱག་རྒྱ་བཞི་པས་ནི། འཁོར་བའི་སྡུག་བསྔལ་ལས་ཁྱད་ཆེས ་འཕགས་པ་དང་། འགྲོ་བའི་དོན་ལ་དགོངས་པས་སྲི་ཞུའི་མགྲོན་མ་ལུས་པ་ཐམས་ཅད་ཀྱི་སྤྱན་ལམ་དུ་ཡང་གནས་ཀྱི་ཁྱད་པར་རིན་པོ་ཆེའི་གཞལ་མེད་ཁང་བརྩེགས་པ་ལ་སོགས་པའི་ནང་དུ་ལོངས་སྤྱོད་ཀྱི་ཁྱད་པར་འཇིག་རྟེན་དང་འཇིག ་རྟེན་ལས་འདས་པའི་མཆོད་པའི་སྤྲིན་ཕུང་མང་པོར་སྤྲུལ་ནུས་འཕགས་པ་རྣམས་ལ་མཆོད་པ་དང་། ཡོན་ཏན་གྱི་མགྲོན་དང་། སྙིང་རྗེའི་མགྲོན་དང་། ལན་ཆགས་ཀྱི་མགྲོན་དག་སྟེ། དེ་དག་ཀྱང་དམ་ཚིག་ཅན་དང་། རིས་དྲུག་དང་། གནོད ་བ་བྱེད་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སོ་སོའི་དབང་པོ་ལྔའི་སྤྱོད་ཡུལ་དང་། སོ་སོའི་འདོད་པའི་ཁྱད་པར་གྱིས་ཇི་ལྟར་འདོད་པ་བཞིན་དུ། འདོད་པའི་ཡོན་ཏན་ལྔས་དཔེར་བྱ་ན་ཆར་གྱི་རྒྱུན་བཞིན་དུ་འབྱུང་བར་བསམ་ཞིང་། ་སྙིང་རྗེའི་མགྲོན་ཁུང་པ་སྟེ། དེ་ཉིད་བསྟན་པ་ལ་ཁྱད་པར་དུ་ཡང་ཡི་དགས་ཀྱི་སྡུག་བསྔལ་བཀྲེས་སྐོམ་དང་། དབྱུག་ཏོ་ཅན་གྱིས་སྲུང་བ་ལ་སོགས་པའི་སྡུག་བསྔལ་གྱི་རྣམ་པ་མང་པོ་ཅན་དང་། གཞན་ཡང་བཞི་པོ་དག་གིས་བསྡུས་པའི ་སེནི་མ་ལུས་པ་ཀུན་གྱི་སོ་སོའི་བསམ་པ་ཡོངསུ་རྫོགས་པར་བྱིན་གྱིས་བརླབ་ཅིང་དབང་བསྐུ་རོ།། སྔགས་དང་ཕྱག་རྒྱ་ལྔ་པས་ནི། བདག་ཉིད་ཀྱི་ལུས་རྡུལ་ཕྲ་མོ་སྙེད་དུ་སྤྲུལ་ནས། རྡུལ་ཕྲ་མོ་རེ་རེ་ལས་མཆོད་སྦྱིན་རྡུལ་ཕྲ་མོ་རེ་རེའི་གྲངས་རི་རབ་ཙམ་མང ་པོ་འབྱུང་བས། འཕགས་པ་ཐམས་ཅད་ལ་ཕུལ་བས་མཉེས་པ་དང་། ཏིང་ངེ་འཛིན་སྐེར་མདུའི་ལྟ་བུས་སེམས་ཅན་རྣམས་ལ་བྱིན་པས་ཐོབ་པ་དང་མ་ཐོབ་པའི་འོཕམ་རྒྱལ་མེད་པ་དང་། དེ་དག་ཀྱང་ཕན་ཚུན་འཐབ་རྩོད་མེད་པར་སོ་སོར་ཡིད་ལ་མོས ་པ་བཞིན་ཐོབ་པར་བྱིན་གྱིས་བརླབ་བོ།། སྔགས་དང་ཕྱག་རྒྱ་དྲུག་པས་ནི། སྲི་ཞུའི་མགྲོན་དང་། ཡོན་གྱི་མགྲོན་དང་བྷི་མཚན་ད་། ལ་ཆགས་ཀྱི་མགྲོན་དང་། དེ་མ་ཡིན་པའི་བཞིས་བསྡུས་པ་གཞན་གང་དག་མགྲོན་དུ་གྱུར་པ་ཀུན་ལ་ཡང་སྔོན་སྟོན་པས་དམ་ཚིག ་ཕོག་པ་རྣམས་ནི། དམ་ཚིག་དབང་གིས་འགྲོ་ཞིང་སྟོང་གྲོགས་བྱེད་པར་འགྱུར་ལ། དམ་ཚིག་མྱ་ཕོག་པ་རྣམས་ལ་མཆད་སྦྱིན་བྱིན་པ་དེ་དྲན་པ་ལ་གཞག་ནས། འགྲོ་ཞིང་སྟོང་གྲོགསུ་གྱུར་པར་མངོན་སུམ་དུ་དམིག་སོ།། དེ་ལྟར་གྱུར་པ་དང་། སེཾན་གྱི ་དོན་དུ་གྱུར་པའི་ལས་སེན་གྱི་དོན་དང་མི་འགལ་བ་ཅི་བཅོལ་བ་ཡོང་འགྲུབ་སྟེ། ཕྱག་རྒྱ་ཡང་ཕྱོགས་བཅུར་བསྟན་ལ། མགྲོ་ན་རྣམས་བདག་གི་དབང་དུ་བྱའོ།། ཕྲིན་ལས་ཇི་ལྟར་བདག་འདོད་པ་དེ་ཡང་སེམས་ཅན་གྱི་དོན་བྱ་བ་དང་། བདག་དང ་གཞན་དགྲོལ་བའི་ཕྲིན་ལས་བཅོལ་བའི་ཐ་ཚིག་གོ།། གཞན་དུ་ན་མགྲོན་དང་བདག་ཉིད་དོན་དམ་པར་མ་སྐྱེས་པའི་ཕྱིར་བཅོལ་དུ་ཉིད་མེད། མེད་པའི་ཕྱིར་མཆོད་སྦྱིན་ཉིད་ཀྱང་མེད་ཅེས་བྱའོ།། འདི་མན་ཆད་ཚིགསུ་བཅད་ནས། སྦྱིན་པ་གཉིས་བདག ་དང་གཞན་གྱི་དོན་དུ་སྔོ་བར་སྟོན་ཏེ། སྨྱོན་པ་དེ་ཉིད་བསྟན་པ་ལ། མཆོད་སྦྱིན་ལ་སོགས་པ་ཟང་ཟིང་རྣམས་ཚུལ་ཇི་ལྟར་གང་དག་བསྔོ་ཞེ་ན། ལན་ཉིད་སྟོན་པ་ལ། དེ་ནས་ཚིགསུ་བཅད་པ་འདི་དག་གིས་ཀྱང་བསྔོ་བར་བྱའོ་ཞེས་བྱ་བ་སྨོས་པ་ནི། དེ ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ཐོག་སུ་སྨོས་པ་སྟེ། འདི་དྲུག་ནི་མངོན་སུམ་པ་ཁོ་ནའོ།། གཏན་པ་མེད་པ་ཞེས་བྱ་བ་ནི། འཁོར་གསུམ་ཡོངསུ་དག་པའི་བསྔོ་བ་མྱི་དམིགས་པ་དེ་ལ་དམིགས་པའི་གཏན་པ་མེད་པས་ན་གཏན་པ་མེད་པས་ན ་གཏན་པ་མེད་ཅེས་བྱ་བ་འམ། གཞན་དུ་ཆོས་ཉིད་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་རྟོགས་པའི་དུས་ན་མི་རྟོགས་དམིགས་པའི་གཏན་པ་མེད་པའོ་ཞེས་བྱ་བའི་དོན་ཏོ།། མཆོད་པའི་རྒྱལ་པོ་འདྲི་ཞེས་སྨོས་པ་ནི། འཕགས་པ་ལ་མཆོད་པ་དང་། སེཾ། ་ལ་སྦྱིན་པ་རྣམས་ཀྱི་ནང་ན་མྱི་དམིགས་པའི་སྦྱིན་པ་འདི་ནི་དམ་པ་ཡིན་པས་ནཱ། རྒྱལ་པོ་ཞེས་བྱ་བའི་ཐ་ཚིག་གོ།། གོང་མ་ལྟ་བུའི་མི་དམིགས་པ་དེ་ལས་བྱིན་བརླབས་དགུ་པས་བསྔོ་སྟེ། དེ་ཉིད་བསྟན་པ་ལ་ཆོས་ཉིད་རྣམ་པར་དག་པའི་བྱིན་བརླ ་དང་། ཞེས་སྨོས་པ་ནི། ཆོས་ཉིད་རྣམ་པར་དག་པ་ནི་ཇི་ལྟར་སྔོན་དུ་སྨོས་པའི་ཕྱིར་འདིར་ཡང་སྔོན་དུ་སྨོས་པ་སྟེ། ནམ་མཁའ་མཛོད་ལ་སོགས་ཏེ། ཚོགས་དྲུག་ཅར་གྱིས་ཇི་ལྟར་བྱིན་གྱིས་བརླབས་པའི་བྱིན་བརླབས་གང་ཡིན་པ་དང་ཞེས་བྱ་བ ་ཐ་ཚིག་གོ།། ཇི་ལྟར་སྐབས་དང་པོར་བསྟན་པའི་དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་ཁམས་གསུམ་དྲག་ལས་ཁྱད་ཆེས་དཔགས་ཏེ་ཆེ་བ་གང་ཡིན་པ་དང་ཞེས་བྱ་བའི་ཐ་ཚིགོ།། ཇི་སྐད་དུ་གོང་དུ་སྨོས་པའི་ཨ་ལ་སོ།། ་པའི་སྙིང་པོ་རྣམས་དང་། ཐལ་མོ་ཁོང་སྟོང་ལ་སོགས་པའི་ཕྱག་རྒྱ་རྣམས་དོན་མ་ནོར་བའི་ཕྱིར་ངེས་པའོ།། ཅིའི་ཕྱིར་ཞེ་ན། ཇི་ལྟར་ཏིངེ་འཛིན་གྱིས་སྒྲུབ་པ་སེམས་ལ་གནས་པ་དང་། བདག་ཉིད་ཆེན་པོ་རྣམས་ཀྱི་ཕྱག་རྒྱའི་མཚན་མའི་གཟུ ་སུ་གྱུར་པའི་དོན་དེ་ལས་ཕ་རོལ་པོས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་དང་ཞེས་སྨོས་པ་ཡིན་ནོ།། སྐབས་གསུམ་པ་ལས་སྨོས་པའི་རྒྱུ་དང་སྐབས་ལྔ་པ་ལས་སྨོས་པའི་རྐྱེན་གཉིས་དམིགས་པའི་རྟེན་དང་། དོན་ཟབ་མོ་དང་འབྲེལ ་པ་དེ་དང་བདག་རྣལ་འབྱོར་པ་གཉིས་གང་དུ་ཚོགས་པའི་དུས་ན་བསམ་པ་རྣམ་པར་དག་པའི་ནུས་པའི་མཐུ་གང་ཡིན་པ་དང་། ཞེས་བྱ་བའི་དོན་ཏོ།། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེ་བའི་ཡོན་ཏན་གྱི་མིང་བསྟན་པ་སྟེ། འཁོར་བུའི ་སེམས་ཅན་འཁྱོགས་པའི་ལམ་ངན་པར་འགྲོ་བ་གང་ཡིན་པ་དག། ཐབས་ཐུགས་རྗེའི་མཛད་སྤྱོད་ཀྱིས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ལམ་དྲང་པོས་སོང་བས་ན། དྲང་སྲོང་ཞེས་བྱ་བའི་དོན་ཏོ།། འདིའི་སྒོ་ནས་བྱང་ཆུབ་སེ་དེའི ་རྣམས་ཀྱི་རིགས་མ་ནོར་བར་འཛིན་པ་འམ། གཞན་དུ་ན་ཐེག་པ་ཆེན་པོ་ལ་འབད་པར་བྱེད་པའི་ཕྱོག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་དང་། ཚེ་ལ་དབང་བའི་གྲུབ་པ་ཚེ་གཅིག་གིས་ཐོགས་པ་སྟེ། དེ་ལྟ་བུ་གྲངས་མང་པོ་རྣམས་ཀྱིས་བསྒྲུབས་ནས། ་གྲུབ་པ་དག་གིས་བྱིན་གྱིས་བརླབས་གང་ཡིན་པ་དང་ཞེས་བྱ་བའི་ཐ་ཚིག་གོ།། ཇི་ལྟར་རྣལ་འབྱོར་པ་བདག་གིས་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ། དངོས་གང་ཞེ་ན། འདི་ཉིད་ཀྱི་སྐབས་ལྔ་པ་ལས་ཚད་མེད་པ་བཞི་པོ་དག་གིས་སྨོན་ལམ་རྒྱ་ཆེན་པོར ་བཏབ་པ་དེ་དག་ཤེས་རབ་ཀྱིས་རྟོགས་ཤིང་ཏིང་ངེ་འཛིན་གྱིས་བསྒོམས་པའི་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བུའི་བྱིན་བརླབས་དགུ་ཡིས། མཆོད་སྦྱིན་འདི་ཇི་ལྟར་སྣང་ཞེས་དྲིས་པའི་ལན་དུ་ཡེ་ཤེས་ལྔའི་འོད་ཟེར་རྣམ་པར ་འཕྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་སེམས་ཅན་གྱི་དུག་འདོད་ཆགས་ལ་སོགས་པ་ལྔའི་གསོས་ཏེ། དངོས་གང་ཞེ་ན། ཡེ་ཤེས་ལྔར་བྱིན་གྱིས་བརླབས་པ་དང་འབྲེལ་ཏེ། དུག་ལྔ་གསོས་ནས། ཁ་དོག་དཀར་པོ་ལ་སོགས་པ་ལྔར་འཕྲོས ་ཏེ། འོད་ཟེར་དེ་ཡང་རིགས་དང་གོ་རིམ་སུ་ཁ་དོག་དང་ཡི་སུ་སྦྱར་ཏེ། རྟགས་ཀྱི་འོད་ཟེར་ཁ་དོག་གི་འོད་ཟེར་རྣམ་པ་ལྔར་འཕྲོ་ཞེས་བྱ་བའི་ཐ་ཚི་གོ། དབང་པོ་ལྔའི་ལོང་སྤྱོད་མཁོ་དགུར་ལྡན་ཞེས་བྱ་བ་ནི། མིག་གི་དབང་པོ་ལ་སོགས་པ་ལྔའི་ཡོན ་ལྔ་འབྱུང་སྟེ། ཇི་ལྟར་མཁོ་བའི་རྫས་ཀྱང་ལྔ་པོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟར་འདོད་པ་ལྔ་དག་བསྔོས་པའི་རྫས་དེ། མེད་ཉུང་གི་ཚད་ཇི་ཙམ་ཞེ་ན། ན་མཁའི་མཐས་ཀླས་ཤེས་བྱ་བ་སྨོས་ཏེ། ཇི་ལྟར་ན་མཁའ་ལ་མཐར་ཐུག་པ་མེད་པ་དེ་ཀུན་འད ་པའི་ཡོན་ཏན་ལྔས་གང་བར་བསྔོའོ།། ས་དི་ལྔར་བསྔོ་བ་ནི་ཡུན་ཇི་ཙམ་ཞེ་ན། གཏེར་ཆེན་གྱུར་པ་འདི་ཞེས་བྱ་བ་སྨོས་ཏེ། གཏེར་ཆེན་པོ་ཡོད་པ་ལ་ཟད་པའི་དུས་མེད་པ་དང་འདྲ་བར་གོང་མ་ལྟར་ཕྱོགས་བཅུའི་ན་མཁའ་ལ་ཐུག་པ་མཐའ་མེད་པ ་དེ་ཀུན་ཀྱང་སྦྱིན་པའི་གཏེར་འདི་ཟད་པའི་མཐའ་མེད་པར་བསྔོའོ་ཞེས་བྱ་བའི་ཐ་ཚིགོ།། དེ་ལྟར་བུ་དེ་ཡང་གང་ལ་བསྔོ་ཞེ་ན། ལན་དུ་གཉིས་བསྟན་པ་མཆོད་གནས་བླ་མ་ཁྱེད་ཀྱི་ཕོ་བྲང་དུ་ཞེས་བྱ་བ་སྨོས་ཏེ། དེ་ནི་སངས་རྒྱས་དང་བྱང་ཆུབ་སེདེའོ ་དང་ཞེས་བྱ་བ་ལ་སོགས་པོ་དང་འབྲེལ་ཏོ།། སྲི་ཞུའི་གནས་ཀྱི་གན་དུ་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུ་ཞེ་ན། མཆོད་པའི་སྤྲིན་གྱིས་རྒྱས་ཤིང་གཏིབས་པར་སྨོན་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཡོན་ཏན་ལྷ་ལས་གྱུར་པའི་མཆོད་པའི་སྤྲིན་མང་པོས་ཀུན ་ནས་ཀུན་ཏུ་རྒྱས་ཤིང་གཏིབས་པར་སྨོན་ཏོ་ཞེས་བྱ་བའི་དོན་ཏོ།། ཡོན་ཏན་གྱི་མགྲོན་དང་། སྙིང་རྗེའི་མགྲོན་ལ་ཡང་བསྔོ་སྟེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི། སངས་རྒྱས་པའི་ས་བོན་རྩ་བ་རང་གི་སེམས་ཡོད་པ་སྟེ། དེ་ཉིད་བསྟན་པ་ལ་ཚངས ་དང་ཞེས་བྱ་བ་ལ་སོགས་པའི་ལྷ་དང་། འགྲོ་བ་རིས་ལྔ་དང་། ཡི་དྭགས་བགེགས་ཀྱི་རིགས་པི་ཤཱ་ཙི་པ་ལ་སོགས་པ་ཐམས་ཅད་སྦྱིན་པ་འདིས་བདེ་བར་གྱུར་ཅིག་བྱ་བའི་དོན་ཏོ།། དེ་ལྟར་བུའི་མགྲོན་ཀུན་ཀྱང་གནོད་པའི་འཚེ་བ་རྣམས་དང་བྲལ་བར ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ།། དེའི་ཐོག་ཏུ་སྦྱིན་པ་དགེ་བསྣན་པ་ལ། ཡང་ན་དེ་བཞིན་གཤེགས་པ་སྔགས་པའི།། འདོད་པ་ཕུན་སུམ་ཚོགས་གྱུར་ཅིག་ཅེས་བྱ་བ་ནི།། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ནས། མཆོད་པའི་རྐྱེན་དུ ་པའི་འདོད་པ་ལྔ་པོ་དག་གིས་ཡིད་ལ་འདོད་པོ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚི་གོ།། ཡང་བསྣན་པ་ལ། ཡང་ན་སོན་ཐིད་ཀྱང་། བསམ་པ་ཡིད་བཞིན་འགྲུབ་གྱུར་ཅེ་བྱ་བ་ནི། གོང་དུ་སེམས་ཅན་ཞེས་སྨོས་པ་དག་ལ། འདོད་ཅིང་དགོས ་པའི་བསམ་པ་དང། དཔེར་བྱཱན་ནོར་བུ་དམ་པ་རྙེད་པ་ལྟར་གྲུབ་པར་གྱུར་ཅིག་ཅེས་བྱ་བའི་ཐ་ནཱི་གོ།། དེ་ཡན་ཆད་དུ་མགྲོན་དག་ལ་སྤྱིར་བསྔོས་ནས། ད་ནི་སྙིང་རྗེའི་མགྲོན་ཁུད་པ་སྡུག་བསྔལ་ཅན་དགུ་ལ་བསྔོ་སྟེ། དེ་དག་ག་གོ་རིམ་སྣ་ནི་མངོན་ནོ།། དུང ་འགྲོ་གཅིག་ལ་གཅིག་ཟ་བའི།། གནོད་པ་དག་ཡོད་མི་འབྱུང་ཞེས་བྱ་བ་ནི། ཇི་ལྟར་ཆུ་སྲིན་ཉ་མིང་ལྟ་བུ་དང་། ཁྲི་དང་འབར་སྦྱང་ལྟ་བུ་དང་། བརྡེག་བརྡུང་དང་བཀོལ་བསད་དང་། གླེན་ལྕགས་ལ་སོགས་པའི་སྡུག་བསྔལ་ཡོང་གིས་ས་བྱུང་ཞིག ་ཅེས་བྱ་བའི་ཐ་ཚི་གོ།། ཡི་དྭགས་རྣམས་ལ་ཟས་སྒོམ་སྩོགས། ཐོགས་པ་མེད་པར་འབྱུང་གྱུར་ཅིག་ཅེས་བྱ་བ་ནི་ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། སྒྲོག་པའི་ནང་དུ་སྡུག་བསྔལ་ཕྱི་དང་ནང་གི་ཙླི་ལྷ་སྒྲིབས་ཏེ། བསྐལ་པ་མཐིའི་བར་དུ ་གོང་མོ་མ་མྱོང་ནས་རིད་ཅིང་སྐེམ་པ་དག་ལ་ལྷ་དང་མིའི་ཁ་ཟས་ལྟ་བུས་ཐོགས་པ་མེད་པར་འབྱུང་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། སེན་དམྱལ་བའི་སྡུག་བསྔལ་གང་།། མི་བཟུད་རྣམ་པ་སྣ་ཚོགས་པ།། བསོད་ནམས་བྱིན་པའི་བྱིན་བརླབས ་ཀྱིས་དེ་དག་མྱུར་དུ་ཞི་གྱུར་ཅིག་ཅེས་བྱ་བ་ནི། སྡུག་བསྔལ་གྱི་རྣམ་པ་གང་ཞེ་ན། བརྗོད་ཀྱིས་མི་ལང་སྟེ། སྣ་ཚོགས་པ་ཞེས་བྱ་བའི་ཁོངསུ་བཙོ་ཞིང་བསྲེག་པ་དང་། གཤེག་ཅིང་བཏུབ་པ་དང་། ཨ་ཚ་ཚ་དང་། ཨ་ཆུ་ཆུ་དང་ལ་སོགས་ཏེ། སྠཱ ་བསྔལ་དེ་དག་ཀུན་ཀྱང་སྦྱིན་པའི་སྟོབས་ཀྱིས་མྱུར་དུ་ཞི་བར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིགོ། ས་འམ་ཆུ་འམ་མཁའ་ལ་འཁོད་པ་ཡི།། ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། འབྱུང་པོ་གང་འཁོད་པ། དགེ་བའི་བསམ་པ་རྫོགས་གྱུར་ཅིག་ཅེས་བྱ་བ་ནི། ལུ ་གང་ན་གནས་པའི་ཞེས་བྱ་བ་དང་འབྲེལ་ཏེ། ཡུལ་གང་ན་གནས་ཤིང་སྐྱེར་འཁྲུང་ལོ་ཏོག་སྐྱེད་པ་འམ། སའི་བདག་ཏུ་གྱུར་པ་ལ་སོགས་པའི་བྱ་བ་བྱེད་པ་དང་གནས་སྐབས་ཀུན་ཏུ་ཀླན་ཀ་ཚོལ་དུ་འབྱུང་བའི་འདྲེ་སྲིན་ལ་སོ་ཌ་པ་ཡུལ་ཁམས ་གང་དག་ན་འཁོར་བ་རྣམས་སོ་སོའི་སྡུག་བསྔལ་ཞི་ནས། མི་དགེ་བ་ཞེ་ལ་འཆང་པོ་གང་དག་དགེ་བའི་བསམ་པ་རྫོགས་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། མ་ཆོད་སྦྱིན་ལ་སོགས་པའི་ཟང་ཟིང་དེ་ལྟར་བསྔོས་ནས་ད་ནི་ཆོས་ཀྱི་སྦྱིན་པ། ཕྱག་རྒྱ་ཆེན ་པོ་བསྔོ་སྟེ་དེ་ཡང་ཇི་ལྟར་བསྔོ་ཞེ་ན། ལན་གཉིས་བསྟན་པ་ལ། སྐབས་ལྔ་པ་ལས། བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་པ་གང་ཡིན་པ་དེའི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བྱེ་བ་ཕྲག་བརྒྱ་ཕྱུང་ནས། ལྗགས་ཀྱི་དབང་པོ་དེ་རེ་རེ་ལས་ཀྱང ་གསུང་དབྱངས་ཀྱི་ཡན་ལག་བརྒྱ་ཕྲག་དྲུག་ཅུ་དྲུག་ཅུ་ཕྱུང་བས། ཛམྦུའི་གླིང་བྱེ་བ་ཕྲག་བརྒྱར། སྤྲུལ་པ་བྱེ་བ་ཕྲག་བརྒྱས་གསུང་གི་སྒོ་ནས། འགྲོ་བ་སོ་སོའི་སྐད་དང་མཐུན་པར་འགྲོ་བ་རེ་རེ་ལ་ཡང་ཐེག་པའི་ཁྱད་པར་མི་མཐུན་པ་སྣ་ཚོགས ་པས་སོའི་མོས་པ་དང་། སྐལ་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པས་སེམས་ཅན་ཐམས་ཅད་སྒྲོལ་ཞིང་སྨིན་པར་རྣལ་འབྱོར་རོ།། དེ་ལྟར་རྣལ་འབྱོར་པས་དེ་ནས་ཟང་ཟིང་ལས་གཞན་པ་དེ་གང་ཞེ་ན། དེ་ནས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བྱའོ་ཞེས་བྱ་བ་སྨོས ་ཏེ་ཆོས་ཀྱི་སྦྱིན་པ་ནི་འདི་ལྟ་སྟེ། ཆོས་རྣམས་ཐད་རྒྱུ་ལས་བྱུང་།། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།། དེ་ལ་འགོག་པ་གང་ཡིན་པ།། དགེ་སྦྱོང་ཆེན་པོས་འདི་སྐད་གསུངས།། ཤེས་བྱ་བ་སྨོས་ཏེ། དེ་ལ་ཆོས་རྣམས་ཐ~ཾད་ཅེས་བྱ་བ་ནི། སྡུག་བསྔ ་བདུན་གྱི་བསྡུས་པའི་ཟག་པ་དང་བཅས་པའི་ཆོས་རྣམས་ཐ~ཾད་ལ་བྱ་སྟེ། དེ་དག་ནི་རང་འབྱུང་མི་སྲིད་དེ་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར་རྒྱུ་ལས་བྱུང་ཞེས་བྱའོ།། རྒྱུ་རྐྱེན་དེ་ཡང་གང་ཡིན་ཞེ་ན། ལན་བདུན་དུ་རྟེན་ཅིང་འབྲེལ་པ་བཅུ་གཉིས་ལ། དང་པོ་མའི། ་བ་དང་། བརྒྱད་པ་སྲེད་པ་དང་། དགུ་པ་ལེན་པ་ནི་ཉོན་མོངས་པ་སྟེ་རྒྱུའོ།། གཉིས་པ་འདུ་བྱེད་དང་། བཅུ་པ་སྲེད་པ་ནི་ལས་ཏེ་རྐྱེན་ནོ།། གསུམ་པ་རྣམ་པར་ཤེས་པ་དང་། བཞི་པ་མིང་དང་གཟུགས་དང་། ལྔ་པ་སྐྱེ་མཆེད་དྲུག་དང་། དྲུག་པ་རེག་པ་དང་། བདུན ་བ་ཚོར་བ་དྲི་དག་དང་། བཅུ་གཅིག་པ་སྐྱེ་བ་དང་། བཅུ་གཉིས་པ་རྒ་ཤི་སྟེ་བདུན་ནི་སྡུག་བསྔལ་བ་སྟེ་འབྲས་བུའོ།། དེ་ལྟར་འབྲས་བུ་སྡུག་བསྔལ་བདུན་པོ་དེ་ནི་རྒྱུ་ཉོན་མོངས་པ་གསུམ་དང་ཞེས་བྱ་བ་དང་། རྐྱེན་ལས་གཉིས་ཞེས་བྱ་བ་དང་། གཉིས་ལས ་འབྱུང་བས་ན་ཆོས་རྣམས་ཐ~ཾད་རྒྱུ་ལས་བྱུང་ཞེས་བྱ་བ། གཞན་དུ་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་བསྡུས་པའི་ཆོས་རྣམས་ཐ~ཾད་ཀྱི་རྒྱུ་ནི་དགེ་བ་དང་། མི་དགེ་བ་ལས་བྱུང་ལ། དགེ་བ་དང་མི་དགེ་བ་དེ་ནི། འཁྲུལ་པའི་རྟོག་པ་རང་སྣང་བ།། ་ནན། རྩ་བ་རང་གི་སེམས་ལས་བྱུང་བས་ན། ཆོས་རྣམས་ཐཾད་རྒྱུ་ལས་བྱུང་ཞེས་བྱ་བའི་དོན་ཏོ།། འོན་ཀྱང་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་དང་འབྲས་བུ་དང་། ཀུན་ནས་ཉོན་མོངས་པ་དང་། དོན་དམ་པར་རྩ་བ་རང་གི་སེམས་དེ་ནཱི་ཆོ ་ཐཾད་ཀྱི་རྒྱུ་ཡིན་པར་གང་གིས་གསུངས་ཤེ་ན། ལན་དུ་དེ་ལྟ་ཞིག་ཡིད་བརྟན་དུ་རུང་བའི་ཚད་མ། དེ་བཞིན་གཤེགས་པས་གསུངས་ན། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས་ཤེས་བྱ་བའོ།། དེ་ལ་འགོག་པ་གང་ཡིན་པ་ཞེས་བྱ་བ་ནི། འཁོར་བའི ་ཡན་ལག་བཅུ་གཉིས་དང་། རྩ་བ་རང་གི་སེམས་ཆོས་ཀྱི་རྒྱུ་གཉིས་ལ་ལུགས་ལས་བཟློག་པའི་ཐབས་གང་གིས་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་དང་། སེམས་ཀྱི་རྟོག་པ་ཆོས་ཀྱི་རྒྱུ་དེ་ལ་འགྲོག་པ་ནི། མྱ་ངན་ལས་འདས་པ་སྟེ། ་དེནི་སྐྱེ་རྒ་ན་འཆི་སྡུག་བསྔལ་བཞི་དང་བྲལ་བ་ཡིན་ལ། དེ་ཐོབ་པར་བྱ་བའི་ཐབས་གང་ཡིན་པ་ནི། དགེ་སྦྱོང་ཆེན་པོ་ཤཱཀྱ་ཐུབ་པས་འདི་སྐད་གསུངསོ་ཞེས་བྱ་བའི་ཐ་ཚི་གོ།། ད་ནི་སྡོམ་པ་བཤད་དེ་སྡིག་པ་ཅི་ཡང་མི་བྱ་སྟེ་ཞེས་བྱ་བ་ནི་ལྷག ་བའི་ཚུལ་ཁྲིམས་ལ་གཞག་པ་སྟེ། སྡིག་པ་ཅི་ཡང་ནི་དཔེར་བྱ་ན་ལྷས་ངར་དང་འདྲ་སྟེ། སྡིག་པ་བྱས་པ་ནས་གཟུང་སྟེ། འདི་དང་ཕྱི་མ་ལ་སྡུག་བསྔལ་འབྱུང་བའི་ཕྱིར་སྡིག་པ་ཅི་ཡང་མི་བྱ་སྟེ། ཞེས་བྱ་བའི་དོན་ཏོ།། དགེ་བ་ཕུན་སུམ ་ཚོགས་པར་སྤྱད་ཅེས་བྱ་བ་ནི་སྒོ་གསུམ་གྱི་ཁ་ན་མ་ཐོ་བ་དག་པར་བྱས་ལ་སྤྱོད་པ་བཅུ་དང་། ཤེས་རབ་གསུམ་གྱི་སྒོ་ནས་ཕུན་སུམ་ཚོགས་པར་སྤྱད་དོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལས་ལྷག་པའི་ཤེས་རབ་འཕེལ་བར་འགྱུར་རོ།། ་རང་གི་སེམས་ནི་ཡོངསུ་གདུལ་ཞེས་བྱ་བ་ནི། སེམས་ནི་ཐོགས་མ་མེད་པ་ནས་ཉོན་མོངས་པ་ལ་རང་ཡན་དུ་འཕྱན་པའི་དཔེ་ནི། རྟ་དམུ་རྒོད་དང་འདྲ་སྟེ། དེ་དགྲ་འདུལ་བ་ནི་སྲབ་ཡིན་པའི་དཔེ་དེ་བཞིན་དུ་སེམས་རང་ཡན་དུ་ཡུལ ་ལ་འཕན་པའི་རྟོག་གེ་འདུལ་བའི་ཐབས་ནི། ལྷག་པའི་ཏིངངེ་འཛིན་གྱིས་སེམས་མཉམ་པར་གཞག་པས་ཡོངསུ་འདུལ་ཞེས་བྱ་བའི་ཐེ་ཆེགོ།། དེ་ལྟར་ལྷག་པའི་བསླབ་གསུམ་ལ་གནས་པར་བསྟན་དེ་ནི། དུས་གསུམ་གྱི་དེ་བཞིན ་གཤེགས་པ་དེ་དག་གིས་འགྲོ་བ་རྣམས་སངས་རྒྱས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྟོན་པའི་ཞལ་ནས་གསུངས་པའི་མདོ་སྡེ་རྣམས་ཀྱི་ནང་ནས་འབྱུང་བའི་ཚིགས་བཅད་མང་པོས་ཆོས་ཀྱི་སྦྱིན་པ་ཡང་རྒྱ་ཆེར་བྱའོ།། གོང་དུ ་གསུངས་པའི་ཚུལ་དེ་ལྟར་ཆོས་ཀྱི་སྦྱིན་པས་ཐེ་ཚོམ་བསལ་བ་དང་། དེའི་སྒོ་ནས་ཤེས་བྱའི་སྒྲིབ་པ་སྤོང་ལ། ཟང་ཟིང་གི་སྦྱིན་པས་འདོད་པའི་ཉོན་མོངས་པ་ཞི་བར་བྱས་པ་དང་། དེའི་སྒོ་ནས་ཉོན་མོངས་པའི་སྒྲིབ་པ་སྤོང་སྟེ། དེ་ལྟར་ཆོས་དང་ཟེད ་ཟིང་གཉིས་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་བྱང་ནས། དེའི་གཉེན་པོ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་རྫོགས་ནས། བླ་ན་མེད་པའི་སངས་རྒྱསུ་འགྲུབ་པར་ཤེས་པར་བྱའོ།། དེ་ཡན་ཆད་དུ་རྣར་ཕྱེ་བ ་དྲུག་པ་བསྡུ་སོ།། གཏོར་མྱ་ལས་རྣམས་ཀུན་གྱི་མཆོག། ལས་རྣམས་ཀུན་གྱི་སྣ་ལ་འགྲོ། ཤེས་རབ་དམན་ལ་བསྟན་པའི་ཕྱིར།། གཏོར་མའི་དོན་ནི་རྒྱ་ཆེ་བ།། དོན་ཆེན་ཡི་གེ་དམ་པ་འདིས།། རྒྱུད་ལྔར་སྐྱེ་སྤ་དགྲོལ་བའི་ཕྱིར།། མ་ནོར་ཙམ་དུ་བཤད ་པ་ཡིས་ནི་འདི་བྱས་བསོད་ནམས་ཅི་ཡོད་པས།། མཐའ་ཡས་སིན་མ་ལུས་ཀུ་ནི།། བདེན་གཉིས་ཆུ་གཏོར་དོན་རྟོགས་ནས།། བླ་མེད་བྱང་ཆུབ་ཐོབ་པར་ཤོག། གཏོར་མའི་འགྲེལ་པ་སློབ་དཔོན་ཆེན་པོ་བིད་ད་ཛྙཱ་ནས་མཛད་པ་རྫོགསོ།། ་རྒྱ་གར་གྱི་མཁན་པོ་ཤཱན་ཏིང་གརྦྷ་དང་། ཞུ་ཆེན་གྱི་ལོ་ཚ་བ་ཨཱ་ཙཨཱརྱ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་