CLOSE WINDOW

GT2587: rgyud sna tshogs las btus pa'i gtor ma'i cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ནཱ་ནཱ་ཏནྟོདྦྷི་ཏོ་བ་ལི་བི་དྷི། བོད་སྐད་དུ། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག། ཨོཾ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཡེ་ཤེས་ལྷ་ཡི་རང་བཞིན་ཅན།། སྐུ་མཆོག་རང་གི་སྣང་བས་འཁྱུད།། སྐྱོབ་པ་མ་ལུས ་སྤྲོ་མཛད་པ།། རྡོ་རྗེ་སེམས་དཔར་ཕྱག་འཚལ་ནས།། དེ་བཞིན་གཤེགས་རྣམས་རབ་སྟེར་བ།། ལྷ་མོ་ཆོས་དབྱིངས་དབང་ཕྱུག་མ།། མ་ལུས་རྒྱལ་བ་རྣམས་ཀྱི་ཡུམ།། འགྲོ་བ་སྐྱོབ་ལ་རབ་བཏུད་ནས།། གང་གི་སྐུ་དྲིན་ཆེན་པོ་ཡིས།། གསུང་ནི་བླ་མེད་ཐོབ ་འགྱུར་བ།། འཇམ་པའི་དབྱངས་ཀྱི་ཞབས་པདྨ།། ཆུ་སྐྱེས་གཉིས་ལ་ཕྱག་འཚལ་ལོ།། གང་གི་རིག་པ་འཁོར་བ་ཡི།། གདུང་བ་དག་ནི་ཞི་འགྱུར་བ།། བླ་མའི་ཞལ་སྔ་ནས་ཀྱི་ཞབས།། པདྨ་དང་འབྲེལ་བརྟུལ་བསྟོད་ནས།། སེམས་ཅན་རྣམས་ལ་ཕན ་པའི་ཕྱིར།། གཏོར་མའི་སྒྲུབ་ཐབས་བདུད་རྩི་མཚུངས།། སྣ་ཚོགས་རྒྱུད་ཀྱི་རྒྱ་མཚོ་ལས།། ཡང་དག་བཏུས་ནས་བདག་གིས་བཤད།། སྔོན་གྱི་དུས་སུ་བཅོམ་ལྡན་གྱིས།། ཞལ་གྱི་མན་ངག་གསུངས་པར་འགྱུར།། དེ་ཙམ་ཁོ་ནས་སེམས ་ཅན་རྣམས།། གྲུབ་གྱུར་གླེགས་བམ་དག་ལས་མིན།། དེ་ནས་གསུམ་ལྡན་དུ་གྱུར་ནས།། རྩ་བའི་རྒྱུད་རྣམས་སྤྲུལ་པར་གྱུར།། དེ་ལ་དོན་གྱི་འབྲེལ་རྟོགས་ནས།། བསམས་ཏེ་སྐྱེ་བོས་དངོས་གྲུབ་ཐོབ།། གཉིས་ལྡན་དུ་ནི་གཙོར་རྒྱལ་བས།། བཤད ་པ་རྒྱ་ཆེན་མཛད་པར་འགྱུར།། དེ་དོན་རྟོགས་པ་ཉིད་ཀྱིས་ནི།། མཁས་པས་དངོས་གྲུབ་ཐོབ་པར་འགྱུར།། རྩོད་པའི་དུས་གྱུར་དང་སང་ནི།། གསུང་རབ་ཡན་ལག་བཅུ་གཉིས་པོ།། བཅོམ་ལྡན་འདས་ཀྱིས་མང་དུ་གསུངས།། འོན་ཀྱང་སྐྱེ་བོས་ཞི་མ་གྱུར ་ཅི་ཕྱིར་འདི་ལྟར་སེམས་ཅན་རྣམས།། རྟག་ཏུ་ཚེ་དང་བརྩོན་འགྲུས་ཆུང་།། ཆགས་སོགས་ཉོན་མོངས་གདུང་བ་ཡིས།། རྟག་ཏུ་རང་གི་སེམས་གདུང་གྱུར།། རང་གི་ལྟོ་བ་དག་ལ་བརྩོན།། འདའ་ཞིག་ལྷུར་ལེན་ཡིད་ལྡན་བྱ།། ་རྒྱལ་པོ་མཉེས་སོགས་བྱས་པ་དག། ཐོ་རངས་ལངས་ནས་སྤྱོད་པར་བྱེད།། ནང་པར་བཤང་གཅི་དག་གིས་ཏེ།། ཉི་མ་ཕྱེ་འཕྲེང་ཟས་སྐོམ་གྱིས།། ཚིམ་ནས་འདོད་པས་གནོད་འགྱུར་ཏེ།། སྐྱེ་བོ་མཚན་མོ་གཉིད་ཀྱིསོ།། རེ་ཞིག་ལྀ་ནི་བརྒྱ་ཐུབ་པ།། ཚོ་ཡི ་མཆོག་ཏུ་བརྗོད་པར་བྱ།། སེམས་ཅན་དེ་དག་གཉིད་ཀྱིས་ནི།། ཁྱོད་ནི་ཡོངསུ་ཟད་པར་འགྱུར།། བྱིས་པ་རྒས་པ་ནང་རྣམས་ཀྱིས།། དེ་ལས་ཀྱང་ནི་ཕྱེད་ཟད་འགྱུར།། ཚེ་ཡི་ཆ་ཤས་ལྷག་མ་ཡིས།། ནང་དུ་དགེ་བ་ཇི་སྙེད་བྱེད།། འོན་ཀྱང་གལ་ཏེ་དགེ་བ་ཡིས།། ། ་ལས་ལ་བརྩོན་འགྲུས་དང་བཅས་འགྱུར།། སངས་རྒྱས་ཉིད་ནི་ཐོབ་འགྱུར་ན།། དེ་མིན་གཞན་གྱི་དབང་གྱུར་པས།། འདོད་ངན་ཁ་ཅིག་བུད་མེད་ཀྱི།། དབང་པོའི་ཆུ་སྨྱོ་ཉམྱ་ང་རུ།། ལྟུང་བར་གྱུར་ནས་འཁོར་བ་ཡིས།། རྒྱ་མཚོར་རབ་ཏུ་ནུབ་པར་འགྱུར།། ཆོས ་ཀྱི་ལམ་ལས་ཡོངས་ཉམས་ཤིང་།། སྐད་ཅིག་ལོངས་སྤྱོད་ལ་བསྐུལ་བརྩོན།། རང་ཉིད་ཉམས་པའི་གྲོགས་ངན་གྱིས།། ཁ་ཅིག་རྣམ་པར་ཉམས་པར་འགྱུར།། ཁ་ཅིག་ཚོལ་བའི་སྡུག་བསྔལ་ཉེན།། བཟའ་བཏུང་དག་ནི་བཙལ་བའི་ཕྱིར།། རྨོངས་པ་འབྲང ་པ་དང་ལྡན་པས།། ཕྱོགས་བཅུ་དག་ཏུ་འཁྱིམ་པར་འགྱུརརོ།། ཉིན་མཚན་གཉིད་ནི་མི་ལྡོག་ཅིང་།། རྒྱལ་པོ་མཉེས་སོགས་ཉོན་མོངས་ཀྱི།། ཡོངསུ་གདུངས་པའི་སེམས་ལྡན་པ།། གཞོན་དག་འབྲས་བུ་མེད་པར་འགྱུར།། དེ་ལྟར་སེམས་ཅན་རྣམ་དཔྱད་ནས། ་ཏུ་མི་ཁོམ་པ་ཡི་ཚོགས།། བརྩོན་འགྲུས་མི་ལྡན་དེ་བས་ན།། བདག་གིས་ངལ་འདི་འབྲས་བུར་བཅས།། སེམས་ཅན་ལ་ནི་ཕན་འདོད་པས།། རྟོགས་པར་སླ་ཞིང་གཞུང་ཉུང་ལ།། རབ་ཏུ་དོན་མང་ཡིད་འོང་བ།། གཏོར་མའི་ལས་ཀྱི་ཆོ་ག་བཤད།། འདི་ན་ཁ་ཅིག་ཕྱོགས་སླ ་མ།། རབ་ཏུ་བྱེད་པ་འདི་ལྟ་སྟེ།། ཆོས་རྣམས་དག་ནི་མ་སྐྱེས་ཤིང་།། གཉིས་ཀྱིས་སྟོང་ལ་སྔགས་རིག་པས།། ཇི་ལྟར་གཏོར་སྦྱིན་གང་ཞིག་ལ།། ཡང་དག་པར་ནི་བགེགས་གང་ཡོད།། བྱུང་ནས་རབ་ཏུ་ཞིག་འགྱུར་ན།། སྔགས་ཀྱིས་གང་ཞིང་རབ་རྒྱས་བྱེད།། རང ་བཞིན་གྱིས་ནི་བསྐལ་པ་ཡི།། ལྷ་ཚོགས་རྣམས་ལ་གཏོར་མ་ནི།། དེ་ཉིད་རིག་པས་ཇི་ལྟར་གཏང་།། དེ་རྣམས་དེ་ནི་ཇི་ལྟར་ཟ།། མཚན་མ་གཅིག་སོགས་གནས་སུ་ནི།། གཏོར་མ་ཇི་ལྟར་དོར་བར་བྱ།། གཞན་དུ་མིན་ཞིང་དེརེ་གཏོར་ཡང་།། དེ་རྣམས་ཀྱིས་དེ་ཇི་ལྟར ་འཁྱེར།། གཞན་ཡང་ཤིན་ཏུ་ཉུང་བ་ཡི།། ཆུ་དང་བཟའ་བ་ལ་སོགས་པས།། ནམ་མཁའ་དང་མཚུངས་གྲངས་མེད་པའི།། འབྱུང་པོ་ཀུན་ནི་ཇི་ལྟར་ཚིམ།། ཡི་དྭགས་ལ་སོགས་གང་འགའ་ཞིག། ཁྲག་གི་བཏུང་བ་འཐུང་བྱེད་པ།། སྔགས་པས་གཏོར་མ་ཙམ ་གྱིས་ནི།། དེ་དག་ཇི་ལྟར་མགུ་བར་འགྱུར།། གཟོད་ནས་མ་སྐྱེས་རྫོགས་བྱང་ཆུབ།། ཐོབ་པའི་སྐྱོབ་པ་རྣམས་དང་ནི།། མཁའ་འགྲོ་མ་དང་དེ་རྣམས་ལ།། གཏོར་སྦྱིན་རིག་པ་ཅི་ཞིག་ཡོད།། དེ་ཙམ་གྱིས་ནི་མཉེས་གྱུར་ནས།། བསྐལ་པ་མང་པོར་རྣལ་འབྱོར་པས། ་ཐོབ་འགྱུར་འདོད་པ་ལ་སུ་ང་།། མི་རྣམས་ལ་ནི་ཇི་ལྟར་སྟེར།། འདིར་ནི་བརྗོད་བྱ་རང་བཞིན་གྱིས།། ཆོས་རྣམས་རེ་ཞིག་བདག་མེད་ཅིང་།། སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི།། གྲོང་ཁྱེར་དང་ནི་རྨི་ལམ་མཚུངས།། འོན་ཀྱང་སངས་རྒྱས་རྣམས་ཀྱིས་ནི།། འགྲོ་འདི་བདེན་པ་གཉིས ་བསྟན།། རྣམ་རྟོག་དང་པས་ཅིག་ཤོས་ལས།། སྤྱན་རྫོབ་དང་ནི་དོན་དམ་མོ།། ཆོས་ཉིད་ལ་ནི་རབ་ཞུགས་པ།། གཉིས་མེད་རིག་པའི་རྣལ་འབྱོར་པས།། རེ་ཞིག་གཏོར་མ་དག་གི་ལས།། དམ་པའི་དོན་དུ་ཇི་ལྟར་བྱ།། འོན་ཀྱང་ཀུན་རྫོབ་ཕྱོགས། ་བརྟེན་ནས།། བསོད་ནམས་ཚོགས་ནི་འཕེལ་བྱའི་ཕྱིར།། དེ་ལ་དང་པོའི་ལས་ཅན་གྱིས།། གཏོར་མའི་ལས་ནི་བྱ་བ་ཡིན།། དེ་ཉིད་ཀྱི་ནི་རིམ་གྱིས་འདིར།། བགེགས་རྣམས་ཀུན་ཏུ་འབྱུང་བ་ཡོད།། དེ་བས་དེ་རབ་ཞི་བྱའི་ཕྱིར།། མཁས་པ་རྣམས་ཀྱི་གཏོར་མ།། ་བསྔགས།། དངོས་རྣམས་སྐད་ཅིག་ཉིད་ཡིན་ཡང་།། སྔགས་རྣམས་ལ་ནི་ནུས་པ་ཡོད།། དུག་འཇོམས་པའི་སྔགས་བཞིན་དུ།། དེ་དག་མངོན་སུམ་ཉིད་དུ་འགྲུབ།། སྔགས་རྣམས་ནུས་པ་འདི་འདྲ་སྟེ།། མི་སྣང་ལྷ་ཚོགས་གང་ཡིན་པ།། དེ་ཉིད་རེ་ཞིག ་སྤྱན་དྲངས་པས།། མིའི་མངོན་སུམ་ཉིད་དུ་འགྱུར།། ཤིང་གཅིག་དྲུང་ལ་སོགས་པ་ཡང་།། དངོས་གྲུབ་གནས་བཅོམ་ལྡན་གསུངས།། དེས་ན་རྣམ་པ་དེ་ལྟ་བུ།། གཏོར་མའི་གནས་གསུངས་པར་གྱུར།། ལྷ་རྣམས་རང་མཐུས་གཏོར་མ་ལས།། རོ་དག ་མྱོང་བར་བྱེད་པ་ཉིད།། དེས་ན་སྣང་བར་གྱུར་ཀྱང་ནི།། ཉེས་པ་ཡོད་པ་མ་ཡིན་ནོ།། གཞན་ཡང་དངོས་གྲུབ་མཆོག་ཐོབ་པའི།། རྣལ་འབྱོར་ལག་ནས་གཏོར་མ་ནི།། བླངས་ན་ལྷ་རྣམས་ཟ་བར་བྱེད།། ནགས་སུ་ཀླུའི་བྱང་ཆུབ་བཞིན།། སྔགས་ཀྱིས་བདུད་རྩི ་ལྔར་བྱས་ནས།། མཁས་པ་རྣམས་ཀྱིས་གཏོར་མ་གཏོང་།། དེའི་མཐུ་ཡིས་ལྷ་ཚོགས་རྣམས།། མཉེས་འགྱུར་ཆུང་བའི་ཉེས་པ་མེད།། ཟང་ཟིང་ལ་སོགས་རབ་དབྱེ་བ།། དེ་བཞིན་གཤེགས་པས་སྤྱོན་རྣམ་པའོ།། གསུངས་ཏེ་དེ་བས་ཡི་དགས་ཀྱི།། ་གཏོར་མཱ་ལ་ནི་ཆོས་བཤད་གྱུར།། འདི་ལྟར་འདུམ་གྱིས་རྙོགས་པ་བྱ་ཞེནྟ།། བངྒཱའི་ཆུ་བོ་གླང་གི་རྒྱུན།། མཐོང་ནས་ཀྱརྦ་ནི་ཁྱོད་རྣམས་ཁྲག་ལག་པ་དག་གོས་ཙོ་ཕྱིར་འཐུང་།། དེས་ནཱ་མ་བྱིན་བླངས་པ་ཡིས།། འདའི་རྣམ་སྨིན་མི་ཟད་ཡིན།། དེ་བས་ན་ནོ།། ་བྱེད་གཏོ་མ་འདི།། ཁྱེད་རྣམས་ཀྱིས་ནི་བླང་བར་གྱི།། དེ་ལྟར་རིམ་པ་འདི་བཞིན་དུ།། རྣལ་འབྱོར་པ་འདིས་ཡི་དྭགས་རྣམས།། ཆོས་འདོད་པར་ནི་དེ་བས་སྐྱོན།། ཅུང་བང་ཙམ་ནི་ཡོད་མ་ཡིན།། བཅོམ་ལྡན་འདས་དང་མ་མོ་ལ། ཅུང་ཟད་དོགས་པ་མེད་མོད།། ་ཀྱི།། འོན་གླིང་བསོད་ནམས་ཚོགས་དག་ལ།། དང་པོའི་ལས་ཅན་བསྐུལ་བར་བྱ།། ། རིམ་གྱིས་ཡེ་ཤེས་ཚོགས་དག་ཀྱང་།། ཐོབ་ནས་རྣལ་འབྱོར་པ་དག་ནི།། རྫོགས་པའི་བྱང་ཆུབ་སྣོད་འགྱུར་ཏེ།། དེས་ནི་དངོས་གྲུབ་ཅིས་མི་འཐོབ།། གྲངས་མེད་བསྐལ ་པས་བྱང་ཆུབ་ནི་ཐོབ་འགྱུར་འདི་ནི་བདེན་མོད་ཀྱང་།། ཐབས་དང་མ་ཚང་ཉིད་གྱུར་པ།། རིམ་འདི་ཐེག་པ་ཆེན་པོ་ཡིན།། སྔགས་ཚུལ་ཆེན་པོར་རྣལ་འབྱོར་པས།། སྐད་ཅིག་གཅིག་གིས་ངེས་པ་རུ།། རྡོ་རྗེ་འཆང་ན་ཆེན་པོའི་གནས།། ཐོབ་འགྱུར་བློ་ཡིས། ་ཁྱད་པར་གྱིས།། དེ་ལྟར་ཕྱོགས་རྣམས་བརྩམས་ནས་ནི།། གཏོར་མའི་ཆོ་གའི་གཞུང་ལུགས་འགྲུབ།། ཡང་དག་བྱང་ཆུབ་འདོད་རྣམས་ཀྱིས།། དེ་ཡང་མགུ་བར་བྱ་བ་ཡིན།། ཉིན་དང་མཅན་དུ་རྣལ་འབྱོར་པས།། དེ་མཐུན་གསུམ་མམ་བཞི་དག་ཏུ།། བསོ། ་ནམས་ཚོགས་དང་ཡེ་ཤེས་ཀྱི།། ཚོགས་ནི་སྤེལ་ཕྱིར་བྱ་བ་ཡིན།། ཚོགས་ཀྱི་འཁོར་ལོའི་ཆོ་ག་གང་།། དེ་ནི་གཏོར་མ་ཆེན་པོར་བཤད།། གང་ཕྱིར་དཀྱིལ་འཁོར་འཁོར་ལོ་ཡི།། རྣམ་པ་དང་བཅས་རབ་བརྙེས་ཕྱིར།། རེ་ཞིག་དེའི་རིམ་པ་འདི།། ཇི་ལྟར། ་དཀྱིལ་འཁོར་འཁོར་ལོ་ཡི།། ཕྱི་རོལ་མཁས་པས་ཚིམ་བྱ་བ།། མཁས་པ་རྣམས་ཀྱིས་མཉན་པར་གྱིས།། རེ་ཞིག་དང་པོ་རྣལ་འབྱོར་པ།། རང་གི་འདོད་པའི་ལྷའི་ང་རྒྱལ་དང་ལྡན་པས་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་བར ་ལས་ལངས་ཏེ། སྔར་བསྡུས་པ་པུལླི་ར་མ་ལ་སོགས་པ་གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མའི་འཁོར་ལོ་སྣ་ཁུང་གཡས་པ་དང་གཡོན་པའི་སྲོག་དང་རྩོལ་བས་བསྐུལ་པ་ཇི་ལྟ་བ་བཞིན་དུ་རྗེ་སུ་འོད་ཟེར་སྤྲོ་བའི་སྦྱོར་བ་སའི་རྡུལ་ཚོན་ལ་སོགས་པས ་སྤྲུལ་པའི་ཕྱི་རོལ་གྱི་དཀྱིལ་འཁོར་འཁོར་ལོར་སོ་སོའི་གནས་སུ་རྣམ་པར་སྤྲོས་ཏེ་བཀོད་ལ་མཆོད་པའི་ཆོ་གའི་རིམ་པ་བཞིན་དུ་ཡང་དག་པར་མཆོད་དེ་གཏོར་མའི་ལས་བྱའོ།། དེ་ལ་རེ་ཞིག་དང་པོ་དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་པའི་ལྷ་དང་། ཀླུ་དང ་གནོད་སྦྱིན་དང་། འབྱུང་པོ་རྣམས་ལ་རིམ་པ་འདིས་གཏོར་མ་སྦྱིན་པར་བྱའོ།། དེ་ལ་འཇིག་རྟེན་པའི་ལྷ་རྣམས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་རྣམ་པར་དགོད་པའི་རིམ་པ་ནི་འདི་ཡིན་ཏེ། ནང་གི་དཀྱིལ་འཁོར་ལས་ཕྱི་རོལ་གྱི་རྡོ་རྗེ་ར་བ་ལས་ཕྱི་རོལ་གྱི ་ཤར་དུ་དུར་ཁྲོད་མ་དང་། དྲ་མྲྀ་རི་དང་། གཏུམ་མོ་བདུད་རྩིའི་ཆུའི་སྣོད་ལག་ན་ཐོགས་པ་དཀར་མོ་དང་། སེར་མོ་དང་། དམར་མོའི་བདག་ཉིད་ཅན་དགོད་པར་བྱའོ།། བྱང་དུ་དྲག་མོ་དང་། ཁྲག་མ་དང་། ཤྱ་ཟ་མ་ལྕགས་ཀྱུ་ལྔས་གང་བའི་སྣོད་ལག་ན ་ཐོགས་པ་སེར་མོ་དང་དཀར་མོ་དང་། དམར་མོའི་མདོག་ཅན་རྣམ་སོ།། ནུབ་ཏུ་མི་བཟང་མ་དང་། འབར་མ་དང་། འཇིགས་རུང་མ་ལག་ན་གཏོར་མའི་སྣོད་ཐོགས་པ་དམར་མོ་དང་། སེར་མོ་དང་། སྔོན་མོའི་མདོག་ཅན་རྣམས་སོ།། ལྷོ་རུ་ཐོད་པ་མོ་དང་། རྡོ་རྗེ་མ ་དང་བུམ་པ་མ་བཟའ་བ་དང་བཏུང་བ་ལ་སོགས་གང་བའི་སྣོད་ཐོགས་པ་ནག་མོ་དང་། དམར་མོ་དང་། དཀར་མོའི་མདོག་ཅན་རྣམས་སྷོ།། དབང་ལྷུན་གྱི་ཕྱོགསུ་སྒེག་མོ་དང་། དྲི་མ་དཀར་མོ་དང་། སེར་མོའི་མདོག་ཅན་དག་གོ།། མའི་ཕྱོགས་སུ་པི་བང་མ་དང་། མེ ་ཏོག་མ་དཀར་མོ་དང་། ནག་མོའི་མདོག་ཅན་རྣམ་སོ།། བདེན་བྲལ་གྱི་ཕྱོགསུ་གླུ་མ་དང་། བདུག་པ་མ་ནག་མོ་དང་། དམར་མོ་དག་གོ།། རླུང་གི་ཕྱོགསུ་གར་མ་དང་། མར་མེ་མ་དམར་མོ་དང་། སེར་མོ་དག་གོ།། དེ་དག་ཐམས་ཅད་འབར་བའི་ཕྲེང་བས་ཁྱབ་པིན། ་འོད་དང་ལྡན་པ། སྐྲ་བཤིག་པ་སྦྲུལ་རྣམས་ཀྱིས་བརྒྱན་པ། གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཟང་པོའི་འདུག་སྟངས་ཀྱིས་གནས་པ་རྣམས་སོ།། དེ་ནས་ཕྱི་རོལ་གྱི་ས་གཞིའི་གཡས་ཕྱོགས་ནས་བསྐོར་བར་འཆད་པར་འགྱུར་བའི་གཏོར་མཱི ་སྔགས་ཀྱི་རྗེ་སུ་འབྲངས་ནས་ཞིང་སྐྱོང་བརྒྱད་ཡོངསུ་བརྟག་སྟེ། ཕྱོགས་བརྒྱད་དུ་དག་པོ་ནག་པ་སོགས་པ་ཞིང་གི་བདག་པོ་རྣམས་བློ་ཡིས་དགོད་པར་བྱའོ།། དེ་ལོ་རིམ་པ་འདི་ཡིན་ཏེ། ཤར་དུ་དྲག་པོ་ནག་པོ།། བྱང་དུ་དྲག་པོ་ཆེན་པོ། ནུབ་ཏུ་ལྷ་སྦྱིན། ་ལྷོ་རུ་ནག་པོ་དབང་ལྡན་གྱི་ཕྱོགསུ་བརྩིགས་པ། མེའི་ཕྱོགསུ་འཇིགས་སུ་རུང་བ། བདེན་བྲལ་གྱི་ཕྱོགས་སུ་རྣོན་པོ།། རླུང་གི་ཕྱོགསུ་ལོག་འདྲེན་ཏེ། དེ་དག་ཐམས་ཅད་ཀྱང་མིག་གསུམ་པ། ལག་པ་བཞི་པ། གདོང་གཅིག་པ་ཇི་སྐད་བཤད་པའི་ཕྱག ་མཚན་དང་། གོས་དང་རྒྱན་གྱིས་བརྒྱན་པ་ནག་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོའི་མདོག་ཅན་དང་།། དབང་ལྡན་ལ་སོགས་པའི་མཚམས་རྣམས་ཀྱི་དཀར་ནག་དང་། དཀར་སེར་དང་། དཀར་གནག་དང་། དམར་གནག་རྣམས་ཏེ་འཁོར ་བཅས་པ་དག་གོ།། ནག་པོ་དྲག་པོའི་མདུན་དུ་ཙཱ་མུནྟཌེ། གཡོན་དུ་དྲུག་མོ། རྒྱབ་ཏུ་འཇིག་སུ་རུང་མ། གཡས་སུ་ལྷ་མོ་དབུ་མ་བསམ་པར་བྱའོ།། ལྷ་མོ་དེ་དག་ཀྱང་མཁའ་འགྲོ་མ་ལ་སོགས་པའི་མདོག་ཅན་མཆོད་པ་རྣམ་པ་ལྔ་ལ་སོགས་པ། ་ལག་པ་བྲེལ་བ་མཆོད་པ་རྣམ་པ་ལྔ་ཁོ་ནས་ཡང་དག་པར་མཆོད་པར་བྱེད་པའོ།། དེ་བཞིན་དུ་བྱང་དུ་རྒྱུལ་མ་དང་། རྣམ་པར་རྒྱལ་མོ་དང་། རྒྱལ་བྱེད་མ་དང་། གཞན་གྱིས་མི་ཐུབ་མ་ཞེས་བྱ་བ་དྲག་པོ་ཆེན་པོའི་འཁོར་རྣམས་ཏེ། ཐུགས་ཀྱི་འཁོར་ལོའི་མཁ ་འགྲོ་མ་རྣམས་ཀྱི་མདོག་ཅན་ནོ།། དེ་བཞིན་དུ་ནུབ་དུ་ནག་མོ་ཆེན་མོ་དང་། ནག་མོ་སྦོམ་མ་དང་། རྣལ་འབྱོར་མ་དང་། ལྷ་སྦྱིན་གྱི་མཁའ་འགྲོ་མ་གསུང་གི་འཁོར་ལོའི་མཁའ་འགྲོ་མའི་མདོག་ཅན་རྣམས་བསམ་པར་བྱའོ།། དེ་བཞིན་དུ་ལྷོ་རུ་དབང་མ་དང་། ཟླ་བ་མ ་དང་། དྲགུ་མོ་དང་། གདུག་པཞི་བྱེད་པ་དང་། འཕྱོང་མ་དང་། ལྷའི་དབང་ཕྱུག་མ་ཞེས་བྱ་བ་ནག་མོའི་ལྷ་མོ་སྐུའི་འཁོར་ལོའི་མཁའ་འགྲོ་མའི་མདོག་ཅན་རྣམ་སོ།། དབང་ལྡན་གྱི་ཕྱོགསུ་ཀམ་པོ་ཛི་མ་དང་། འབར་མ་དང་། འཇིབ་མ་དང་། གྲོང་ནཱ་ཀུན་ཏུ་གནས་པའི ་རྣལ་འབྱོར་མ་རྩིགས་པའི་མཁའ་འགྲོ་མ་ཁྭའི་གདོང་ཅན་མའི་མདོག་ཅན་རྣམས་སོ།། མེའི་ཕྱོགསུ་དྲག་པོའི་གཟུགས་ཅན་མ་དང་། མཆེ་བའི་གཟུགས་ཅན་མ་དང་། གཙིགས་མ་ཞེས་བྱ་བ་འཇིག་སུ་རུང་བའི་མཁའ་འགྲོ་མ་བུག་པའི་གདོད་ཅན་མའི ་མདོག་ཅན་རྣམསོ།། བདེན་བྲལ་གྱི་ཕྱོགསུ་ཐོད་པའི་ཕྲེང་བ་ཅན་མ་དང་། ཕྲེང་ལྡན་མ་དང་། མགོ་ཅན་མ་དང་། མཐུན་ཆེན་མ་ཞེས་བྱ་བའི་རྣོན་པོའི་མཁའ་འགྲོ་མ་ཁྱིའི་གདོང་ཅན་མའི་མདོག་ཅན་རྣམ་སོ།། རླུང་གི་ཕྱོགསུ་ལག་ན་རལ་གྲི་མ་དང་། ལག་ན་དགྲ ་སྟསྙམ་དང་། རྡོ་རྗེ་མ་དང་། ལག་ན་གཞུ་ཐོགས་མ་ཞེས་བྱ་བ་ལོག་འདྲེན་གྱི་མཁའ་འགྲོ་མ་ཕག་གི་གདོང་ཅན་མའི་མདོག་ཅན་རྣམས་སོ།། དེ་ནས་ཤར་གྷོ་སྦྱོར་ཁྱབ་འཇུག་དབྲོག་པ་ཐོགས་པ། ལྷོར་ཚངས་པ་རྔ་ཡབ་ཐོགས་པ། ནཱབདྡྷ་དྲུག་པོ་མཚན། ་ནས་སྒྲོགས་ལྷུར་ལེན་པ། བྱང་དུ་དབང་པོ་གདུགས་ཐོགས་པ། དེ་བཞིན་དུ་ལྷོའི་སྣམ་བུ་ལ་དབང་ལྡན་གྱི་ཕྱོགསུ་བརྒྱ་བྱིན། མིའི་ཕྱོགསུ་ལུས་ངན་པོ། བདེན་བྲལ་གྱི་ཕྱོགསུ་འབྱུང་པོའི་བདག་པོ། ཀླུའི་ཕྱོགས་སུ་རླུང་གི་བདག་པོའོ།། དེ་རྣམས་བུ་ད ་རུདུ་མ་དང་འཁོར་དང་བཅས་པ་སྟེ། ཁ་དོག་དང་ལག་པ་དང་ཕྱག་མཚན་ནི་སྒྲུབ་ཐབས་གཞན་གྱི་རྗེ་སུ་འབྲང་བྱེར་བྱའོ།། དེ་ལ་ཕྱི་རོལ་གྱི་ཁྱམས་ཀྱི་ཤར་གྱི་ཆར་རུས་གོང་འཇིགས་བྱེད་དང་། ཁ་ཊྭཱཾ་ག་དང་ལྡན་པའི་ཚོགས་ཀྱི་སྲིན་པོ་དང་། ཚོགས་ཀྱི་དབང་ཕྱུག ་དང་། དྲིལ་བུའི་དྷཱུ་བ་ཅན་ཞེས་བྱ་བ་མཁའ་འགྲོ་མ་ལ་སོགས་པའི་མེ་དོག་ཅན་རྣམས་བསམ་པར་བྱའོ།། དེ་བཞིན་དུ་བྱུང་དུ་གཏུམ་མོའི་དབང་ཕྱུག་དང་། འདུན་སུའི་ལྷ་དང་། རྒ་བོའི་དབང་ཕྱུག་དང་། སོལ་སྨྲས་འཇིགས་བྱེད་ཅེས་བྱ་བ་ལ་སོགས་པའི་མིདོག ་ཅན་རྣམ་སོ།། ལྷོ་རུ་ནི་གཏུམ་པོ་རིའི་དབང་ཕྱུག་དང་། སྒྲ་ཆེན་དང་། མཆེ་བ་གཙིགས་པ་དང་གཞུ་འཛིན་ཅེས་བྱ་བ་ཀམ་པོ་ཛཾ་མོཾ་ལ་སོགས་པའི་མདོག་ཅན་རྣམས་སོ།། དེ་བཞིན་དུ་འདོད་པ་དྲག་པོ་དང་། གནས་ཀྱི་དབང་ཕྱུག་དང་། ཅང་ཏེའུ་འདུལ་བ་དང་། རྔ ་སྨྲས་འཇིགས་བྱེད་ཅེས་བྱ་འཇིབ་བྱེད་མ་ལ་སོགས་པའི་མདོག་ཅན་རྣམ་སོ།། འདི་རྣམས་ཀྱང་ལག་པ་བཞི་པ་ཁ་ཊྭཱཾ་ག་ཐོགས་པ་ལྷ་མོ་ལ་འཁྱུད་ཅིང་ལག་ན་རྩེ་གསུམ་ཐོགས་པ་མིག་གསུམ་པ་སྟག་གི་པགས་པའི་ཤམ་ཐབས་ཅན་སྦྲུལ་གྱི་རྒྱན་གྱིས་བརྒྱན ་པཐོད་པའི་ཕྲེང་བ་ཅན་རྣམ་སོ།། དེ་ནས་ཕྱི་རོལ་གྱི་མུ་ཁྱུད་ཀྱི་ས་གཞི་ལ་འབྱུང་པོ་དང་།། ཤ་ཟ་ལ་སོགས་པ་ཅུ་ཅོའི་སྒྲ་སྒྲོགས་པ་རྣམས་དང་། དེ་དག་གི་འཁོར་རྣམས་ཀྱང་བལྟ་བར་བྱའོ།། དྲུག་པོ་ལ་སོགས་པ་དང་། རུས་གོང་འཇིགས་བྱེད་ལ ་སོགས་པ་རྣམས་ཀྱི་ཡི་གེ་ནི་རང་གི་མིང་གི་དང་པོའི་ཡི་གེ་དེ་ཁོ་ན་ཡིན་ནོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་གུང་མོ་དང་མཛུབ་མོ་དག་བརྐྱང་ནས་ལྕགས་ཀྱུའི་རྣམ་པར་སྦྱར་བར་བྱའོ།། ཨོཾ་ཨཱ་ཀཪྵ་ཡ་ཧཱུ~ཾ་ཕཊ་ཅེས་བྱ་བ་ནི་འཇིག་རྟེན་པའི་ལྷ་རྣམས་སྤྱན་དྲང་བའི ་སྡུསྔག་སོ།། ཨོཾ་ཡུཾ་སྭཱ་ཧཱ་ཞེས་བྱ་བ་དང་། རྩེ་གསུམ་གྱི་ཕྱག་རྒྱ་ནི་དུར་ཁྲོད་མ་ལ་སོགས་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་སྔག་སོ།། ཐལ་མོ་སྦྱར་ནས་དེ་ཉིད་གཡསུ་པ་པོ་སྟེ་གཟུང་བར་བྱ་ཞིང་། ཨོཾ་གྷྲཾ་སྭཱ་ཧཱ་ཞེས་བྱ་བ་ནི་དྲག་མོ་ལ་སོགས་པ་རྣམས་ཀྱིའོ།། རྡོ་རྗེ་ཐལ ་ཨོཾ་བཅིངས་ནས་དབྱེ་བར་བྱ་ཞིང་། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་ནི་གཙིགས་མ་ལ་སོགས་པ་རྣམས་ཀྱིའོ།། ལག་པ་གཡས་པ་བརྐྱང་ནས་རྒྱབ་གཉིས་སྦྱར་ཏེ་སོར་མོ་རྣམས་སོ་སོར་བཅིང་ཞིང་། ཨོཾ་བེ་ཏི་ལི་ཧཱུ~ཾ་སྭཱ་ཧཱ་ཞེས་བྱ་བ་ནི་མི་བཟད་མ་ལ་སོགས་པ་རྣམས ་ཀྱིའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། དཀུ་དག་ཏུ་གཟུང་ཞིང་། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ནི་སྒེག་མོའིའོ།། གཡོན་གྱི་བརྐྱང་སྟེ་མཐེ་བོང་དང་སྤྲིན་ལག་སྦྱར་ནས་གཡས་པས་གཟུང་བར་བྱ་ཞིང་། ཨོཾ་སུ་པྲཱི་ཡ་གཱན་དྷེ་ཧཱུཾ་ཞེས་བྱ་བ་ནི་དྲི་མའི་འོ།། པི་བང་གི་ཟློས་གར་དང ་ཨོཾ་ཧཱ་ཧུ~ཾ་སྭཱཧཱ་ཞེས་བྱ་བ་ནི་པི་བང་མའིའོ།། ཐལ་མོ་སྦྱར་བ་སྤྱི་བོར་གཞིག་ནས། ཨོཾ་ཤྲཱི་སྭཱ་ཧཱ་ནས་བྱ་བ་ནི་མེ་ཏོག་མོའོའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིང་མོ་ནས་མཛུབ་མོ་བསྒྲེངས་ཏེ་ཁར་བསྐྱོད་ནས་རྦཱ་ཧཱུ~ཾ་ཧཱུ~ཾ་སྭཱ་ཧཱ་ཞེས་བྱ་བ་ནི་གླུ་མའིའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ ་ལག་པ་བསྐྱོད་པའི་ཚིགསུ་བཟུང་ཞིང་། ཨོཾ་ཨི་སྭཱ་ཧཱ། ཞེས་པ་ནི་བདུག་པ་མའི་འོ།། ལག་པ་གཡོན་པས་གཡས་ཀྱི་རྐེད་པའི་ཆར་སྒེག་པ་དང་བཅས་པར་བཞག་ནས་གཡས་ཕྲག་པར་བཞག་ཅིང་། ཨོཾ་སུ་ནི་ར་ཏེ་སྭཱ་ཧཱ་ཞེས་བྱ་བ་ནི་གར་མའི་འོ།། ཐལ་མོ་སྦྱར ་བ་སྤྱི་བོར་གཟུང་ཞིང་། ཨོཾ་ཀྲུཾ་སྭཱ་ཧཱ་ཞེས་བྱ་བ་ནི་མར་མེ་མའི་འོ།། གཡས་པ་ཁུ་ཚུར་བཅིངས་ནས་མཛུབ་མོ་དང་གུང་མོ་དག་བསྒྲེངས་ཏེ་དཔྲལ་བར་རེག་པར་བྱ་ཞིང་ཨོཾ་མུ་མུ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ནི་བདྨ་བྱིན་གྱིའོ།། རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས ་རིན་པོ་ཆེའི་རྣམ་པར་སྦྱར་ཞིང་། ཨོཾ་རཏྣེ་གྲེ་སྭཱ་ཧཱ་ཞེས་བྱ་བ་ནི་ནོར་སྦྱིན་གྱིའོ།། གཡས་པ་ཁུ་ཚུར་བཅིངས་ཏེ་སྡིགས་མཛུབ་བསྒོངས་ནས་གཡས་པའི་བ་དན་གསུམ་སྤྱི་བོར་བ་ཞིག་ནས་ཨོཾ་ཧཱུཾསྭཱ་ཧཱུ~ཾ་ཞེས་པ་ནི་དྲག་པོའི་འོ།། གཡས་པའི་ཁུ་ཚུར་སྙིང་གར་བསྒོ ་ཅིང་། ཨོཾ་སྭཱ་ཧཱ་ཚངས་པོའིའོ།། ལག་པ་གཡས་པ་བརྐྱང་སྟེ་ཁ་སྤུབ་ནས་གཡོན་པའི་ཁུ་ཚུར་གྱིས་ཁྲོ་བོའི་སོར་མོ་བརྐྱང་སྟེ་དབུས་སུ་སྦྱར་ཞིང་གདུགས་ཀྱི་རྣམ་པར་བྱས་ནས། ཨོཾ་མུ་སྭཱ་ཧཱ་ཞེས་བྱ་བ་ནི་དབང་པོའིའོ།། དྲག་པོ་ནག་པོ་ལ་ས་ཌཱ་བ་རྣམས་དང་། ་རུས་གོང་འཇིགས་བྱེད་ལ་སོགས་པ་རྣམས་ཀྱི་ནི་དྲག་པོའི་དམ་ཚིག་གི་སྔགས་དང་ཕྱག་རྒྱ་ཁོ་ན་ཡིན་ནོ།། དེ་ལ་ལྷ་རྣམ་པར་བཀོད་པའི་རྗེས་ཐོགས་ལ་མཆོད་པ་རྣམ་པ་ཉི་ཤུས་ཡང་དག་པར་མཆོད་དེ། སྒེག་མོའི་ཕྱག་རྒྱ་བཅིངས་ཏེ་ཡི་གེ་ཧཱུཾ་གི་སྒྲ ་བརྗོད་ནས། ཧཱུཾ་ཧཱུཾ་ཧཱུཾ་གྷུ་ཊཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་གྷེ་གྷེ་གྷེ། ཧཱུཾ་ཨོཾ་གྷེ་ཏྱ་གྷེ་ཏྱ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་འདིས་ཤིན་ཏུ་མཉེས་པར་བྱའོ།། དེ་ནས་རྡོ་རྗེ་དེ་ཉིད་ཀྱིས་བཟུང་ནས། དྲིལ་བུ་ཆོས་ཀྱི་དཀྲོལ་བར་བྱ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། རྒྱབ་ཏུ་རྒྱབ་ནི ་སྦྱར་བར་བྱ།། མཐེའུ་ཆུང་གཉིས་ནཱི་བཅིངས་བྱས་ནས།། ཅུང་ཟད་དུ་ནི་བཅིང་བར་བྱ། ཨོཾ་བཛྲ་གྷ་ཎ་ཧོ།། དེ་ནས་ཨོཾ་བཛྲ་གྷ་ཎེ་ཊཱ། ར་ཎ་ར་ཎ། པྲ་ར་ཎ་བྷཱ་ར་ཎ། སཾ་པྲཱ་ར་ཎ་སཾ་པྲ་རཱ་ཎ། སརྦྦ་བུདྡྷཀྵེ་ཏྲ་པྲ་ཙ་ནི་ཏེ། པྲཛྙཱ་པཱ་ར་མི་ཏཱ་ནཱཾ་སཾ་བྷཱ། ་བེ་བཛྲ་ཧྲི་ད་ཡཾ་སཾ་ཤི་ནི་ཧཱུཾ་ཧཱུ~ཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་དྲིལ་བུ་བཟུང་སྟེ། དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པའི་མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། རྡོ་རྗེའི་གླུ་བླངས་ཏེ། དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་བསྟོད་པ་དང་། ་མཆོད་པ་བྱས་ལ། ཡང་དག་པར་མཉེས་པར་བྱ་བའི་ཕྱིར་དྲིལ་བུ་དཀྲོལ་བར་བྱའོ།། དེ་ནས་སྙིང་གར་རྡོ་རྗེ་ཐལ་མོ་བཅིངས་ཏེ་སྙིང་གར་བཞག་ལ།། ཨོཾ་ཤུདྡྷ་དྷརྨ་ཧཱུཾ་ཨ་ཨཱ་ཨོཾ་ཨ་ཞེས་བྱ་བ་བརྗོད་པས་ལྷའི་ང་རྒྱལ་བརྟེན་པར་བྱས་ཕྱི་རོལ་གྱི ་ལྷ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ།། ཇི་སྐད་བཤད་པའི་གོས་དང་རྒྱན་གྱིས་རྣམ་པར་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་ཐོགས་པ། བརྒྱ་བྱིན་ལ་སོགས་པའི་འཁོར་དང་ལྡན་པའི་སློབ་དཔོན་རྐང་པ་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་གནས ་པ་གཡོན་བརྐྱང་བས་རོལ་པའི་ཚུལ་དུ་གནས་པ་རྫས་དྲི་ཞིམ་པོ་རྣམས་ཀྱིས་དཀྱིལ་འཁོར་གྲུ་བཞིར་བྱས་ལ། ཁ་དོག་དཀར་པོ་ལ་སོགས་པའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། འབྲས་སཱ་ལུའི་དྲི་ཞིམ་པོའི་འབྲོས་ཆན་ཞོ་དང་ཤ ་ཁ་ར་དང་། སྦྲང་རྩི་དང་། མར་ནག་དག་བསྲེས་པ་ཟས་ལ་སོགས་པ་ལས་བྱས་པའི་སྣོད་རྣམསུ་བཞག་པས་ཤར་གྱི་སྒོར་གཏོར་མ་སྦྱིན་པར་བྱའོ།། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཝད་ཏ་ལི་མ་ཧཱ་ཝད་ཏ་ལི། ཧཱུཾ་ཧཱུཾ་ཧཱུཾ་ཛཿསྭཱ་ཧཱ་ཞེས ་བྱཱ་བའི་བར་སྔགས་འདིས་ལྷ་རྣམས་དགུག་པར་བྱའོ།། ཨོཾ་ཝ་ཧཱི་ནཱི། མ་ཧཱ་ཝ་ནི་སཱུརྱ་ཙཱནྟ་སིདྡྷ་མུ་ཁི། ཛ་ཡ་རཱ་ཛི་སོ་སོ་མ་ཛི་ཨུ་མཱ་དེ་བ་ག་ག་སུ་རུ་པི་ཏ་ར་ཡ། ས་ཏོད་གྲ་ཧ་ག་ཎ་སརྦེ་གཱ་ཎ་པ་ཏི་ཀནྟི་ཀཱར་ཤྲི་ཤ་ཤྲིར་ཏེ་བེ་དི་ག་ལོ་ཨ་སུ་ར་ས་རོ་ཙི། པུཀྐ ་སི་མ་ཧཱ་པུཀྐེ་སི་ཧཱུཾ་ཧྱེ་ཧོ། ཨིཪྵ་ཡ་ཨ་ཀཪྵ་ཡ། ས་མ་ཡ་དེ་བེ་ཧཱུ~ཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའི་ཕྱག་རྒྱ་གཉིས་བསྒྲེང་བ་དང་། ཨོཾ་དྷཀྵ་ཡ་བྷཀྵཱ་ཡ། ས་མཱ་ཡེ་ཏིཥྛ་བ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་མཉེས་པར་བྱས་ཏེ་སེ་གོལ་གསུམ་བརྡབས་ལ་གཏང ་བར་བྱའོ།། དེ་ནས་ཤར་གྱི་ཕྱོགསུ་ས་ཕྱོགས་གཙང་མར་དོར་བར་བྱའོ།། དེ་ནི་ལྷའི་གཏོར་མའོ།། ། དེ་ནས་སྔར་བཤད་པའི་ཆོ་ག་བཞིན་དུ་བྱས་པའི་དཀྱིལ་འཁོར་འོ་མ་ལ་སོགས་པ་ལས་བྱས་པའི་ལྷ་བཤོས་ཀྱིས་ཡོངསུ ་བསྐོར་བར་མངར་གསུམ་དང་བསྲེས་པོའི་འོ་ཐུག་གིས་བཀང་བའི་གསེར་ལ་སོགས་པ་ལས་བྱས་པའི་སྣོད་དུ་བཞག་སྟེ། སྔགས་དང་ཕྱག་རྒྱ་དེ་ཉིད་ཀྱིས་མཐའ་ཡས་དང་། ནོར་རྒྱས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ ་དང་། དུང་སྐྱོང་དང་། རིགས་ལྡན་དང་། ལྷ་ལྡན་དང་། ལྷ་ལྡན་ཆེན་པོ་དང་། ཟླ་བ་དང་། གཙུག་ཏོར་དང་། གཙུ་ག་ཏོར་ཆེན་པོ་དང་། དབྱིག་པ་ཐོགས་པ་དང་། ཧཱ་ལུ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། རྒྱ་མཚོ་ཆེན་པོ་དང་། གདུང་བ་དང་། གདུང་བ ་ཆེན་པོ་དང་། དཔལ་འོད་དང་། འོད་ཆེན་དང་། རིན་པོ་ཆེའི་འོད་དང་། གཟུགས་བཟངས་དང་། གཟུགས་ཆེན་དང་། སྤྲུལ་བཟངས་དང་། གསུས་པོ་ཆེ་དང་། ཛི་ལི་དང་། མཧཱ་ཛེ་ལི་བ་སྟེ། ཨོཾ་ཨཱ་གཙྪ་ཨཱ་གཙྪ། མཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་ཕྲུཾ་ཧཱུཾཿ ་ཕུ། རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི།། མཐེ་བོང་དང་ནི་མཐེ་ཆུང་སྦྱར།། དབུས་ཀྱི་སོར་མོ་དག་བརྐྱང་ནས།། གདངས་ཀའི་རྣམ་པར་སྦྱར་བར་བྱ།། དེ་ལྟ་བུ་འདིས་སྲིན་ལག་བཟུང་སྟེ་བཏང་བར་བྱའོ།། བྱང་ཕྱོག་སུ་ཆུ་བོ་ལ་དོར་བྱར་བྱའོ།། ་ཀླུའི་གཏོར་མའོ།། །། དེ་ནས་ནུབ་ཕྱོགས་སུ་མངོན་པར་ཕྱོགས་པའི་རྣལ་འབྱོར་པ་དཀྱིལ་འཁོར་གྱི་འགྲམ་ན་གནས་པས་ཙོན་དན་དམར་པོ་ལ་སོགས་པ་ལས་བྱས་པའི་དཀྱིལ་འཁོར་གྲུ་གསུམ་མེ་ཏོག་དམར་པོ་ལ་སོགས ་པས་མཛེས་པར་བྱས་ལ། སྔ་མ་བཞིན་དུ་ཞོ་དང་སྦྲང་རྩི་དང་བཅས་པའི་འབྲས་ཅན་བདུད་རྩི་ལྟ་དང་ཡང་དག་པར་ལྡན་པའི་སྣོད་མདུན་དུ་བཞག་ལསྔ་མ་བཞིན་དུ་ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། རྒྱལ་བ་བཟང་པོ་ལ་སོགས་པ་གནོད་སྦྱིན ་གྱི་བདག་པོ་རྣམས་བོས་ཏེ། རྡོ་རྗེ་བསྔག་པ་སྟོང་གར་བཅིངས་པས་བཟུང་ཞིང་། ཨོཾ་ནཱ་གཱ་དྷི་པ་ཏཾ་བཏཱ་ལི་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྡིགས་འདིས་མཉེས་པར་བྱའོ།། དེ་ཁོ་ན་བཞིན་དུ་བཏང་ནས་ལྷོའི་ཕྱོགསུ་ཤིང་གཅིག་པར་དོར་བར་བྱའོ།། དེ་ནི་གནོད་སྦྱིན ་གྱི་གཏོར་མའོ།། ། ཡང་དེ་ཁོ་ན་བཞིན་དུ་ལྷོ་རུ་མངོན་པར་ཕྱོགས་པར་གནས་པ་རྡོ་རྗེའི་འགྲོས་དང་ལྡན་པས་ཙན་ངན་དམར་པོ་ལ་སོགས་པ་ལས་བྱས་པའི་དཀྱིལ་འཁོར་གྲུ་གསུམ་མེ་ཏོག་དམར་པོ་ལ་སོགས་པ་བཀྲམ་པར ་ལྷལྟ་བཤོས་ལ་སོགས་པ་ཡང་ཕུལ་ཏེ། ཉ་ཤ་སྐམ་པོ་དང་། སྒོག་པ་དང་། བཙོང་དང་། ཁྲག་དང་། ཏིལ་དང་། ངག་ཕྱེ་ལ་སོགས་པའི་ཁུར་བ་དང་། བདུད་རྩི་ལྔ་དང་། བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། མྱང་བ་དང་། གཞིབ་པ་རྣམ་པ ་ཐ་དད་པ་དང་ཉའི་གཟུགས་བརྙན་གྱིས་གང་བའི་མདུན་དུ་བཞག་ལ། སྔགས་དང་ཕྱག་རྒྱ་དེ་རྣམས་ཀྱིས་སྣོད་ལ་རེག་སྟེ། གདན་བཞི་པའི་རྒྱུད་ལས་གསུངས་པའི་ཨེ་ཀ་བྲྀཀྵ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི ་ཕྱག་རྒྱ་བཅིངྒ་ཏེ་མཛུབ་མོ་གཉིས་ལུ་གུ་རྒྱུད་བྱས་ལ། ཕྱག་རྒྱ་དང་། ཨོཾ་ཏིཥྛ་ཏཻཥྛ་ཧཱུཾ། བྷཀྵ་བྷཀྵ་ཛཿཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མགུ་བར་བཏང་ལ། རྔ་ལ་སོགས་པའི་སྒྲ་དང་། དྲིལ་བུའི་སྒྲ་དང་། འབྱུང་པོའི་གཏོར་མ་ཡོ་བྱད་ཀྱི་སྔགས་དང་། ཕྱག ་རྒྱ་དང་ཉིད་ཀྱིས་གང་ན་དཀྱིལ་འཁོར་གྱི་གཞི་ཡོད་པ་དེ་ལ་ཕྱི་རོལ་གྱི་མཚམས་ཀྱི་ཕྱོགས་བརྒྱད་དུ་གཏོར་མི་དོར་བར་བྱའོ།། དེ་ནི་འབྱུང་པོའི་གཏོར་མའོ།། ། གཏོར་མ་དེ་དག་ཐམས་ཅད་ལ།། སྔགས་པ་བཟང་པོས་གཏོང་དུས་སུ།། དགེ ་བསྙེན་གྱི་ནི་སྤྱི་བོ་རུ།། ལན་གསུམ་དུ་ནི་བསྐོར་བར་བྱ།། གཏོར་མ་སྐྱེལ་བྱེད་དང་ལྡན་གང་།། འཕགས་པ་འཁྱིལ་པའི་སྔགས་ཀྱིས་ནི།། དེ་ལ་བསང་གཏོར་བྱ་བ་ཉིད།། མིནྡ་ན་དེ་རྣམས་ཀྱིས་ཟོས་འགྱུར།། ནང་གི་དཀྱིལ་འཁོར་དག་གི་ནི།། གཏོར་མ་ག ་གིས་རྣལ་འབྱོར་པས།། དངོས་གྲུབ་མཆོག་ནི་འགྲུབ་འགྱུར་བ།། དེ་ནས་ཡང་དགེ་བ་ཤུང་བྱ་བ།། སྒྱུ་མའི་རྒྱུད་ལས་ཇི་སྐད་བཤད་པ་བཞིན།། སྐྲ་བཤིག་རྐང་པ་ཡིས་ནི་གར་སྟབས་བྱས།། གཅེར་བུ་ལྷོ་ཕྱོགས་གནས་པའི་བདག་ཉིད་ཀྱིས།། ་ཐུན་མཚམས་ཀུན་ཏུ་གཏོར་མ་རབ་སྦྱིན་བྱ།། དང་པོར་ཕྱོགས་ནི་བརྒྱང་རྣམས་སུ།། ཁྲོ་མོ་མཁའ་འགྲོ་མི་བསམ་བྱ།། དེ་རྣམས་ལ་ནི་བློ་རྒྱ་ཆེས།། བདུད་རྩི་ལྔ་ལྡན་གཏོར་མ་སྦྱིན།། བདུད་རྩི་ལྔ་དང་ཡང་དག་ལྡན།། ཐུན་བཞི་རུ་ནི་རབ་ཏུ་བྱ།། ་སྔ་དྲོ་རྡོ་རྗེ་མཁའ་འགྲོ་ལ།། མཁའ་སྤྱོད་རྣམས་ལ་ཉིན་ཕྱེད་ན།། མཚན་དུས་ས་སྤྱོད་རྣམས་ལའོ།། མཁའ་འགྲོ་མ་ལ་མཚན་ཕྱེད་ན།། གཡས་བརྐྱང་གནས་པས་མཁའ་འགྲོ་ལ།། གཡོན་བརྐྱང་བ་ཡིས་མཁའ་སྤྱོད ་ལ།། ས་སྤྱོད་རྣམས་ལ་ཁྱེད་པར་དུ།། རྐང་པ་མཉམ་པར་བྱ་བ་ཡོན།། པདྨའི་བསྐོར་བའི་སྦྱོར་བ་ཡིས།། གཱཅེ་རོ་བུ་གར་དང་ཡང་དག་ལྡན།། དག་པོའི་ལྟ་སྟངས་དང་ལྡན་པ།། མིག་ནི་གཡོན་པ་དག་གིས་བལྟ།། རུས་སྦལ་ཕྱག་རྒྱ་བཅིངས་ནས ་ནིདཔྲལ་བའི་སྟེང་དུ་ཡང་དག་བཞག། སྐད་ཅིག་རྣམ་པའི་ཚུལ་གྱིས་ནི།། ཧེ་རུ་ཀཱའི་གཟུགསུ་བྱ།། ཅིག་ཅར་སྔགས་ནི་བརྗོད་བྱ་ཞིང་།། ཅིག་ཅར་ཕྱོགས་ནི་རྒྱས་གདབ་ཅིང་།། དུར་ཁྲོད་དྲམ་ནི་ཆུ་བོའི་འགྲམ།། མཚན་མ་གཅིག་གམ ་བཞི་མདོ་རུ།། འདོད་པའི་འབྲས་བུ་རབ་སྟེར་བ།། རྣལ་འབྱོར་རྒྱལ་པོས་རྟག་ཏུ་སྦྱིན།། བདུད་རྩིས་ཁ་ནི་བཀང་ནས་སུ།། རུས་གོང་སྟེང་དག་གནས་བྱས་ལ།། ཕྱག་རྒྱ་ལྔ་ནི་འཆིང་བ་ཡིས།། སྔགས་ནི་བརྗོད་ཅིང་གཏོར་མ་སྦྱིན།། ་སརྦ་ཀྲོ་དྷ་ཌཱ་ཀི་ནྱ་མ་བ་ལིཾ་པྲ་ཏིཙྪནྟུ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་གཏོར་མ་དུར་ཁྲོད་ལ་སོགས་སུ།། རྣལ་འབྱོར་སྐྱེས་མཆོག་དག་གིས་དོར།། དེ་ནས་མེ་ཏོག་མགོར་བཞག་སྟེ།། རང་གི་གནསུ་འཇུག་པར་བྱ།། དེ་ནི་ནང་གི་རྡོ་རྗེ་མཁའ་འགྲོ་མྱ ་རྣམས་ཀྱི་གཏོར་མའོ།། །། གྲངས་ནི་བཞི་རུ་གྱུར་པ་ཡི།། རྒྱལ་ཆེན་ཇི་ལྟར་ཚིམ་གྱུར་པ།། གཏོར་མོའི་ལས་ནི་ཡིད་འོང་བ།། དེའི་རྗེས་ལ་བཤད་པར་བྱ།། རྩ་བའི་དཀྱིལ་འཁོར་ཤར་སོགས་ཀྱི།། ཕྱོགས་རྣམས་ནི་འཁོར་ལོ ་བཞིན་རྣམ་པར་བསྒོམས་ནས་གང་བའི་སྣོད།། བཞི་ནི་དེ་རུ་བཞག་པར་བྱ།། ཡུལ་འཁོར་སྐྱོང་གི་སྣོང་གང་ཡིན།། དེ་ནི་བཟའ་བ་ཆང་སྤངས་པས།། ཡོངསུ་གྲང་བར་རབ་ཏུ་བྱ།། དེ་བཞིན་རྣམ་ཐོས་སྲས་ཀྱི་ནཱི།། ཤཱ་དང་ཆང་ལ་སོགས་པསོ།། ་དགང་དེ་བཞིན་ལུས་འཕགས་པོའི་སྣོད་།། ཁྲག་གིས་གང་བར་གྱུར་པར་བྱ།། མིགོ་མི་བཟང་གི་སྣོད་དག་ནི།། འོ་མ་དག་གིས་དགང་བར་བྱ།། དེ་ནི་སྣོད་ཀྱི་ཆོ་ག་ཡིན།། བྱས་ནས་རྒྱལ་པོ་ཆེན་པོ་ནི།། བསྐྱེད་པའི་ཕྱིར་ནི་བསྒོམ་། ་པར་བྱ། དང་པོའི་ཡི་གེ་ལས་བྱུང་བའི།། རྒྱལ་པོ་ཆེན་པོ་བཞི་པོ་ནི་ཡི་གེ་གསུམ་གྱིས་བྱིན་བརླབས་ཤིང་།། ཡེ་ཤེས་སེམས་དཔའ་དང་ལྡན་བསྒོམ།། ཧེ་རུ་ཀ་ཡི་སྐུར་གནས་ཏེ།། ལག་ན་རྡོ་རྗེ་དྲིལ་བུ་ཐོགས།། བཻརྟུལ་ཞུག ་བཟང་པོས་སྔགས་འདི་ཡིས། དེ་རྣམས་སོ་སྦྱོར་གཏོར་མ་སྦྱིན།། ཨོཾ་དྷྲྀ་ཏ་རཥྚ་ཡ་གཱིནྡྷཎྜ་ས་ནཱ་དྷི་པཱ་ཏ་ཡེ་ཨི་མོ་བ་ལིཾ་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨཱ་ར་ཨཱཏྨཧཱུ~ཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ནི་མོ་བཻ་ཤྲ་བཎྜཱ་ཡ་ཡཀྵྨ་སེ་ནྱཱ་དྷི་པ་ཏ་ཡེ་ཨི་མཾ་བ་ལིཾ་པྲ་ཏཱཾ། ་ཙྪཙཱ་ས་མ་ཡ་མེ་ནུ་སྨཱ་ར་ཨཱརྡྷ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཱི་རུ་ཌྷ་ཀཱ་ཡ་མོཧྨ་ཀྵཱ་བེ་ར་ཨ་དྷི་པ་ཏཱ་ཡེ་ཨི་མཾ་བི་ལཱཾ་པྲ་ཏཱིཙྪ་ས་མཱ་ཡ་མཱ་ནུ་སྨཻ་རཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཽ་རཱཾ་པཀྵཱ་ཡཻ་མ་ཧཱ་ནཱ་གཱ་དྷི་པཱ་ཏ་ཡེ་ཨོཾ་མྱཾ་བ་ལཱི་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨ་ར་ཨཱཿ ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྡིགས་ཚིག་བླ་མེད་འདི་རྣམས་ཀྱིས།། སྣོད་བཞི་བྱིན་གྱིས་བརླབས་ནིས་ནི།། རྣལ་འབྱོར་པ་ཡིས་རིམ་བཞིན་དུ།། ཤར་ལ་སོགས་པར་དོར་བར་བྱ།། དེ་ནི་རྒྱལ་པོ་ཆེན་པོ་བཞིའི་གཏོར་མའི་ཆོ་གའོ།། ་བདེ་མཆོག་ཆོ་ག་ལས་གསུངས་པའི།། སྐྱེ་བོ་རྣམས་ནི་མཆོད་འགྱུར་བ།། གཏོར་མ་འབྱུང་པོ་ཐམས་ཅད་ལ།། དེ་ནས་ཡང་དག་རབ་བཤད་བྱ།། དམ་ཚིག་འཁོར་ལོའི་ཕྱི་རོལ་ཏུ།། ཧཱུ~ཾ་གཱི་ས་བོན་ལས་བྱུང་བ།། ཤིང་གཅི། ་དང་བཅས་དུར་ཁྲོད་བརྒྱད།། རྣལ་འབྱོར་རིག་པས་བསམ་པར་བྱ།། གནོད་སྦྱིན་སྲིན་པོ་འབྱུང་པོ་དང་།། དེ་བཞིན་ཡི་དྭགས་ཤ་ཟ་དང་།། གྲུལ་བུས་བརྗེད་བྱེད་མཁའ་འགྲོ་དང་།། མཁའ་གྲོ་མ་ཡི་ཚོགས་ཉིད་དག། ཤིང་དྲུང་གཅིག་ནི་བརྒྱད་པོའོ།། རྩེ་མོར་དྲུག་པོ ་རྣམས་བསམ་བྱ།། ཤིང་གི་རྩ་རུ་དེ་མཚུངས་པའི།། འཁོར་དག་རྣམ་པར་བསམ་པར་བྱ།། ཁཱའི་གདོང་ཅན་ལ་སོགས་པའི།། འཁོར་གྱི་རང་གི་གཟུགས་དག་ནི།། ཐམས་ཅད་ཧཱུཾ་ལས་ཡང་དག་བྱུང་།། མཚོན་ཆ་སྣ་ཚོགས་དག་ཐོགས་པ ་ཆང་དང་ཤ་དང་བཙོང་ལ་སོགས།། ཁུ་བོ་དེ་བཞིན་ཤའི་གཟུགས།། སྣོད་དུ་བཅུག་ནས་དེ་ཉིད་ནི།། བདུད་རྩིའི་རང་བཞིན་ཉིད་དུ་བྱ།། སྔར་བཞིན་སྐྲ་བཤིག་ལ་སོགས་ལྡན།། གཡོན་བརྐྱང་ལ་སོགས་སྦྱོར་བྱས་པ།། བརྟུལ་ཞུགས་བཟང ་པོས་སྔགས་འདི་ཡིས།། དེ་རྣམས་ཉིད་ནི་བོད་པར་བྱ།། ཨོཾ་བཛྲ་ཨ་རི་ལི་ཧོ་ཛཿཧཱུ~ཾ་བཾ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། སྔགས་འདི་ལན་གསུམ་བརྗོད་ནས་ནི།། རང་ཉིད་ཀྱི་ནི་སྙིང་གཱར་ཡང་།། སྣོད་ཀྱི་ཕྱག་རྒྱ་ལན་གསུམ་དུ།། བསྐོར ་ནས་གཏོར་མ་སྦྱིན་པར་བྱ།། མཁའ་སྤྱོད་ཕྱག་རྒྱ་བཅིངས་ནས་ནི།། ཁྲོ་ཅིག་མཚན་ཅིག་ལ་སོགས་སུ།། སྒྲུབ་པ་པོ་ཡིས་སྔགས་འདི་ཡིས།། དོགས་པ་མེད་པར་གཏོར་མ་བཏང་།། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵི་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙེནྡྲ་ད་ཨ ་བྱཱསྐཱ་རརཱ་ཊྚ་ཀཱཌྜྷྱ་ཀིནྱཱ་དྷཱ་ཡ་ཨི་མྨེ་བ་ལིཾ་གྲྀ་ཧྣ་དྷ་ས་མ་ཡ་རཀྵཱ་ཏྲཱཿ་མཱ་སརྦ་སིདྡྷི་མྨེ་པྲཱ་ཡཙྪ་ནྱཱ། ཡ་ཐཻ་ག་ཡ་ཐནྡྷེ། བྷཱུནྡྷ་ཐ་བི་པ་ཀྲ་ཧཱུ~ཾཿ། ཀཱ~ཾ་ཀྲ་མཱ་ཐ་མ་མཱ་སརྦ་ཀདྷཱ་ཡཱ་སང་སུ་ཁོ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷཱ་བརྡྷ་དུ་ཧཱུཾ་སཿསྭཱཧཱ། དེ་འདྲའི་སྔགས་ཆེན་བརྗོད་བྱས་ནས།། དུ ་ཁྱོད་དུ་ནི་གཏོར་མོ་སྦྱིན།། འཇིགས་བྱེད་སེམས་ཅན་དྲགི་པོའི་བདག། སྙིང་རྗེར་ལྡན་པས་གཏོར་མ་དོར།། དེ་ལྟ་བུ་ཡི་རིམ་འདི་ཡིས།། འདི་ནི་འབྱུང་པོ་ཐམས་ཅད་བརྗོད།། བགེགས་རྣམས་ཞི་བར་བྱ་ཕྱིར་ཡང་།། གཏོར་མ་འདི་ནི་སྔགས་པ་ཡིན།། ་དེ་ནི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གའོ།། ། གཞན་ཡང་རྡོ་རྗེ་མཁའ་འགྲོ་མ།། གུརཱི་ལས་གསུངས་པའི་གཏོར་མའི་ལས།། ཁམས་གསུམ་དག་ཏུ་གཅིག་ཅར་ཏུ།། ཚིམ་པར་བྱ་ཕྱིར་ཡང་དག་བྱ།། ན་མཁའི་དབྱིངས ་ཀྱི་དབུས་སུ་ནི།། ཆུ་སྐྱེས་འདབ་བརྒྱད་དབུས་སུ་སྒོམ།། དབང་པོ་ཤྭར་གྱི་བདབ་མར་བསམ།། གཤིན་རྗེ་ལྟོ་རུ་དགོད་པར་བྱ།། ཆུ་ལྷ་ནུབ་ཀྱི་འདབ་མར་ཏེ།། བྱང་དུ་གནོད་སྦྱིན་དགོད་པར་བྱ།། མེའི་ཕྱོགས་སུ་མེ་ཆེན་པོ།། བདེན་བྲལ་ཕྱོགས་བདེན ་བྲལ་ཏེད། རླུང་གི་ཕྱོགསུ་རླུང་ལྷ་བསམ།། འབྱུང་པོའི་བདག་པོ་དབང་ལྡན་དུ།། ཟླ་བ་ཉི་མ་ཚངས་ལ་སོགས།། ཚངས་རིས་དམ་པ་རྣམས་དང་ནི།། ཚངས་པའི་མདུན་ནོ་འདོན་བདག་ཉིད།། དགའ་ལྡན་འཐབ་བྲལ་ན་གནས་དང་།། རྒྱལ་པོ་ཆེན་པོ ་ཀུན་དུ་སྐྱེས།། གཞོན་འཕྲུལ་དབང་བྱེད་དག་དང་ནི།། འཕྲུལ་དགའ་ཡོན་ལྕེ་རྣམས་དང་།། གང་དག་གཙང་མའི་གནས་འདུག་དང་།། བདེ་བ་ཅན་ན་ཀུན་དུ་གནས།། འོག་མིན་ན་ནི་གནས་པ་དང་།། འོད་ཅན་འཇིག་རྟེན་ཁམས་གནས་དང་།། སུམ་ཅུ་རྩ ་གསུམ་ན་གནས་པ།། དེ་དག་ཐམས་ཅད་སྟེང་དུ་བསམ།། སྟོབས་རྒྱུ་དང་ནི་དུང་སྐྱོང་དང་།། མཐའ་ཡས་དེ་བཞིན་ནོར་རྒྱས་དང་།། འཇོག་པོ་དང་ནི་རིག་ལྡན་ཉིད།། པདྨ་ཆེ་དང་པདྨ་ནི།། ཆོས་འབྱུང་གི་ནི་དབུས་ན་གནས།། ལྷ་མ་ཡིན་དང་སེམས།། ་དམྱལ་དང་།། ཆོས་འབྱུང་གི་ནི་འོག་ཏུའོ།། ཨོཾ་ལས་ཚངས་པ་ལ་སོགས་པ།། ཡི་གེ་ཧཱུཾ་ལིས་དབང་པོ་སོགས།། ཨ་ལས་སྟོབས་རྒྱུ་ལ་སོགས་པ།། ཞལ་གཅིག་ཕྱག་ནི་གཉིས་པའོ།། སྟེང་གི་ལྷ་ནི་ཤིན་ཏུ་དཀར།། དབང་པོ་ལ་སོགས་མདོག་སྔོན་པ། ་སྟོབས་རྒྱུ་ལ་སོགས་ཤིན་ཏུ་དམར།། རང་སྣང་རིག་མས་ཡན་ལག་འཁྱུད།། རྡོ་རྗེ་དྲིལ་བུས་ཕྱག་བྲེལ་བ།། གཡས་བརྐྱང་བ་ཡི་གནས་པས་གནས།། ཚངས་སོགས་རྟག་པས་རྒྱས་གདབ་ཅིང་།། རྡོ་རྗེ་ཅན་གྱིས་བརྒྱ་བྱིན་སོགས།། ལྟོས་འགྲོ་ལ ་སོགས་གིར་དབང་གིས།། ཐམས་ཅད་རིག་ས་བྱུང་བ་ཡི།། གོའུ་རཱི་ཡིས་ནི་དགུག་པར་བྱ།། རྐུན་མོས་གཞུག་པར་བྱ་བ་སྟེ།། རོ་ལངས་མ་ཡིས་ཞགས་པས་བཅིང་།། དྲིལ་བུ་ཟ་ཕོད་མ་དབང་བྱ།། དེ་ནས་མཆོད་ཡོན་ཞལ་བསིལ་དབུལ།། དེ་བཞིན་མེ ་ཏོག་བདུག་པ་སོགས།། མཉམ་པར་གཞག་པའི་སེམས་ཀྱིས་ནི།། སྔགས་འདི་ཡིས་ནི་ཚིམ་པར་བྱ།། ཨོཾ་ཨཱཿཧཱུ~ཾ། གསང་སྔགས་འདི་དག་ཉིད་ཀྱིས་ནི།། སྔར་བཞིན་རྫས་ཀྱིས་གང་བ་ཡི།། ཐོད་པ་དེ་རྣམས་དག་ལ་དབུལ།། མཚན་གཅིག་ལ ་སོགས་རྣམསུ་དོར།། གཏོར་མའི་ཆོ་ག་བཞིན་བྱས་ནས།། དོགས་པ་མེད་པའི་སེམས་ཀྱིས་ནི།། དེ་ནས་འཐོར་འཐུང་ཕུལ་བྱས་ནས།། སྔགས་འདི་ཡིས་ནི་གཤེགསུ་གསོལ།། ཨོཾ་བཛྲ་ཌཱ་ཀི་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཌཱ་ཀི་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ ་བ་སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་བོ་ཥྱོ་མེ་བྷ་བ། སཱརྦ་སིདྡྷི་མ་མེ་པྲ་ཡཙྪ། སརྦྦ་ཀརྨ་སུ་ཙ་མེ་ཙིཏྟ་ཤྲེ་ཡཿཀུ་རུ་ཧཱུཾ་ཧཱུ་ཧ་ཧ་ཧ་ཧོཿབྷ་ལ་བཾ་སརྦ་ཏ་ཐཱ་ག་ཏ་མཱ་མེ་མུཉྫ་ཌཱ་ཀི་བྷ་བ་མ་ཧཱ་ས་མཱ་ཡ་སཏྭཱ་ཨཿམུ། དེ་ནས་གཏོར་མའི་ལས་བྱས་ནས།། དཀྱིལ། ་འཁོར་རང་གི་ཡན་ལག་ལ།། བསྡུ་བ་བྱས་ནས་སྔར་རིམ་བཞིན།། ཡེ་ཤེས་འཁོར་ལོ་གཤེགསུ་གསོལ།། སྔ་དྲོའི་ཐུན་ལ་དེ་བཞིན་དུ།། ཐམས་ཅད་མཉམ་པར་གཞག་པས་བྱ།། ཐུན་བཞི་དག་ནི་ཐམས་ཅད་ལ།། སྐད་ཅིག་གིས་ནི་བསྒོམ་པར་བྱ།། ། ་དེ་ལྟར་གུར་གྱི་རྒྱུད་གསུངས་པ།། ཅིག་ཅར་འབྱུང་པོ་ཐམས་ཅད་ནི།། ཚིམ་པ་རུ་ནི་བྱེད་པའི་མཆོག། གཏོར་མྱི་བདག་གིས་བཤད་པ་ཡིན།། དེ་ནི་དུས་གཅིག་ཏུ་ཁམས་གསུམ་པ་ཚིམ་པར་བྱེད་པའི་གཏོར་མའི་ཆོ་གའོ།། གང་ཚེ་རྣལ་འབྱོར་སྔར ་བཤད་པའི།། གཏོར་མའི་ཆོ་ག་བྱེད་པས་ནི།། གནོད་པ་བྱ་བྱེད་བགེགས་མཐོང་བ།། དེ་ཚེ་དེ་རབ་ཞི་བྱའི་ཕྱིར།། གཏོར་མ་བྱ་བ་དེ་རིམ་པ།། དཔལ་ལྡན་རྒྱུད་དྲ་དགྱེས་རྡོ་རྗེ།། རྒྱུད་གཉིས་ཀྱི་ནི་རྗེས་འབྲངས་ནས།། བདག་གིས་བཟང་པོར་བཤད་པར་བྱ།། ་ཞིག་དང་པོར་རྣལ་འབྱོར་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ཏེ།། དེ་ནས་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཁ་དོག་སྔོན་པོ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཞལ་གསུམ་པ་ཕྱག་དྲུག་པ་ཕྱག་གཡས་པ ་ནརལ་གྲི་དང་། རྡོ་རྗེ་དང་། རྩེ་གསུམ་བསྣམས་པ། གཡོན་པ་ནི་དྲིལ་བུ་དང་། དགྲ་སྟ་དང་། ཐོབ་བསྣམས་པ། མཆེ་བ་གཙིགས་པ།། ལྗགས་བསྤྱོད་པ། དབུ་སྐྲ་དཔར་སེར། སྨན་དམར་པོ། མགུལ་བསྒྲིལ་གྱི་རྒྱན་གྱིས་པོརྒྱན་པ། གཡོན་པ་བརྐྱང་བ། ་སའི་སྟེང་མནན་པ། ཁྲོ་བོ་འབར་བའི་ཕྲེང་བ་འཕྲོ་ག་སྙིང་གར་ཡི་གེ་ཧཱུཾ་གིས་མཚན་པ། ཧ་ཏ་ཞེས་སྒྲོགས་པར་བདག་ཉིད་བསྒོམས་ལ།། དེ་ནས་མདུན་དུ་ཅི་ནུས་པར་རྡུལ་ཚོནཱ་ལ་སོགས་པས་དཀྱིལ་འཁོར་ཀུམྦུ་ཏྱཱ་དྷིས་ཏེ། བུམ་པ་སྲོག་ཆགས ་མེད་པའི་ཆུ་དྲི་བཟང་པོ་དང་ལྡན་པས་ཡོངསུ་བཀང་བ་ལྕུག་མས་ཁ་རྒྱུན་བྱས་པ། གོས་ཀྱིས་མགྲིན་པ་དཀྲིས་པ། ནང་དུ་འབྲུ་དང་། རིན་པོ་ཆེ་དང་། སྨན་བཅུག་པ་བཅུ་འམ། ལྔ་འམ། གཅིག་དེ་ཉིད་དུ་གཞག་ལ། གཡོན་དུ་མཆོད་ཡོན་གྱི་སྣོད་དང་། གཡོ་སུ་མེ་ཏོག ་ལ་སོགས་པའི་ཡོ་བྱད་གཞག་སྟེ། མཆོད་ཡོན་གྱི་སྣོད་ལ་རང་གི་འདོད་པའི་ལྷའི་སྔགས་ལན་ཉི་ཤུ་གཅིག་བཟླས་པར་བྱའོ།། ལས་ཐམས་ཅད་པའི་སྣོད་ལ་ཡང་བདུད་རྩི་འཁྱིལ་པའི་སྔགས་དེ་ཁོ་ན་བཞིན་དུ་ཡོངསུ་བཟླས་པར་བྱའོ།། དེ་ནས་ཟླ་བ་དང་རྡོ ་ལ་སོགས་པའི་རིམ་པ་མདོར་བསྡུས་པས་བུམ་པ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བདུད་རྩི་འཁྱིལ་པ་ལ་ཐུག་པའི་གཟུགས་བསྐྱེད་ལ་རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས་ཨོཾ་ཨཱཿཧཱུ~ཾ་ཞེས་བྱ་བའི་སྔགས་ཀྱིས་རྡོ་རྗེ་ཡང་དག ་པར་མཆོད་དེ། ཨོཾ་བཛྲ་གྷཎྚེ་ར་ཎ་ཞེས་བྱ་བའི་སྔགས་ཀྱིས་མཆོད་ལ། སྤོས་ཀྱིས་བདུགས་ཏེ། ཨོཾ་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བུམ་པ་དག་སྤྱན་དྲང་བར་བྱའོ།། དེ་ནས་མེ་ཏོག་དང་སྤོས་དང་། ཡོན་ཆབ་དང་། དྭཱི་དང་། ལྷ་བཤོས ་ཕུལ། རང་རང་གི་སྔགས་རྣམས་ཡི་གེ་བརྒྱ་པ་འདོན་པ་སྔོན་དུ་འགྲོ་བ་ཅན་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བུམ་པ་རྣམས་ལ་བརྒྱ་རྩ་བརྒྱད་ཡོངསུ་བཟླས་ཏེ། རས་ལྀ་སོགས་པ་ལ་བཞུགས་པའི་བཅོམ་ལྡན་འདས་ལ་ཁྲུས་བྱའོ།། རི་མོ་བྲིས་པ ་རྣམས་ལ་ནི་མེ་ལོང་ལ་དང་། སྐུ་གཟུགས་རྣམས་ལ་ནི་དངོས་སུའོ།། སྐུ་ཁྲུས་ཀྱི་ཡོ་བྱད་འབྲུ་ལ་སོགས་པ་རྣམས་ནི་ཁྲུས་ཀྱི་ཆོ་ག་ལས་བསྟན་ཏེ། དེ་ཉིད་ལས་ཤེས་པར་བྱའོ།། དེ་ནས་རང་གི་སྔགས་ཀྱིས་དཀྱིལ་འཁོར་གྱི་བུམ་པ་དག་གིས་དང ་བསྐུར་ལ་དཀྱིལ་འཁོར་མཆོད་པ་ལྔ་ལ་སོགས་པས་མཆོད་པར་བྱའོ།། དེའི་རྗེས་ལ་ཕྱོགས་བཅུ་ན་གནས་པའི་སྤྲིན་ནག་པོ་དང་མཚུངས་པའི་གནོད་སྦྱིན་དང་སྲིན་པོ་དང་ཤ་ཟ་ལ་སོགས་པ་ལག་ན་རལ་གྲི་དང་། ཐོ་བ་དང་། མདའོ་ཆེ་ལ་སོགས ་པ་ཐོགས་པ་རྣམས་ཏེ། ནམ་མཁའ་ལ་ཡང་པཾ་ལས་བྱུང་བའི་པདྨ་ཆེན་པོ་དེའི་འདབ་མ་བརྒྱད་ལ་འཇིག་རྟེན་སྐྱོང་བ་བརྒྱད་ཁ་དོག་དང་དབྱིབས་དང་། ཆ་བྱད་ཇི་ལྟ་བ་བཞིན་དང་ལྡན་པ། ལྟེ་བའི་དབུས་སུ་བགེགས་ཀྱི་རྒྱལ་པོ་ལོག་འདྲེན་མདོག་དམ ་བོ་གླང་པོ་ཆེའི་གདོང་ཅན། གདོང་གཅིག་པ། ལག་པ་བཞི་པ། ལག་པ་གཡས་ན་དགྲ་སྟ་དང་། རལ་གྲི་ཐོགས་པ། ལག་པ་གཡོན་ན་ཕྲེང་བ་དང་། ལ་དུ་ཐོགས་པ། གསུས་པ་འཕྱང་བ་གར་བྱེད་པ། ཚངས་པ་རྒྱབ་ཏུ་རྐང་པ་གཉིས་མཱནྡན་པ ་གླང་པོ་ཆེའི་སྒྲས་གང་བའི་མཆུའི་རྩེ་མོའི་སྒྲས་ཕྱོགས་བཅུའི་གཏོས་ཀྱི་ནང་འགྲེངས་པ། མེ་ཏོག་གི་མཆེ་བ་ཅན་གྱི་ཚོགས་ཀྱིས་རྐང་པའི་པདྨ་གཉིས་ལ་ཕྱག་བྱས་པ་རྣམ་པཱ་བསྒོམས་ལ། ཨོཾ་བཛྲ་ཨ་ར་ལི་ཧོ་ཛཿཧྲཱི་བཾ་ཧོཿ། བཛྲ་ཌཱ་ཀི་ནི ་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ་ཞེས་བྱ་བའི་སྔགས་ཀྱིས་བོས་ལ། དཀྱིལ་འཁོར་གྱི་ཕྱོགས་བཅུ་ཀུན་ཏུ་བསམ་པར་བྱའོ།། དེ་ནས་ཡི་གེ་ཧཱུཾ་གི་སྒྲ་འཇིག་སུ་རུང་བ་བརྗོད་ནས་འཁྱིལ་པའི་སྔགས་ཀྱིས་ཡུངས་ཀར་བྱིན་གྱིས་བརླབས་ཏེ་བགེགས་ཐང ་ལ་དམིགས་ནས་ཨོཾ་རི་རི་ཏི་ཏི་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེ་ས་བྱ་བའི་སྔགས་ཀྱི་མྱེའི་སྣོད་དུ་གཞུག་པར་བྱའོ།། དེ་ནས་བགེ་ཌ་རྣཾས་ཀྱི་སྤྱི་བོ་དྲང་སྙིང་ཨརྫ་ཀའི་དོག་པ་བཞིན ་དུ་འགས་པར་འགྱུར་རོ།། གལ་ཏེ་དམ་ཚིག་ལ་གནས་པར་མི་བྱེད་ན་དེའི་ཚེ་བག་ཕྱེ་ལས་བགྲོགས་རྣམས་ཀྱི་གཟུགས་བརྙན་བྱས་ཏེ་དཀྱིལ་འཁོར་གྱི་དབུས་སུ་གསོར་བའི་རྡོ་རྗེས་ཕྱེ་མར་བྱས་ན་སྐད་ཅིག་དེ་ཉིད་ལ་དེ་རྣམས་དམ་ཚིག ་ལ་གནས་པར་འགྱུར།། དེ་ནས་སུམ་བྷ་ནི་སུཾ་བྷུ་ཞེས་བྱ་བ་ལ་སོགས་པས་ཕུར་བུ་གདང་ཅིང་། དེ་བཞིན་དུ་སྔགས་རྐང་པ་ཕྱི་མས་བརྡུང་བར་བྱའོ།། དེའི་རྗེས་ལ་ས་ལ་སོགས་པའི་བུམ་པ་འམ་ཕྲུ་བ་ཚད་ཆེན་པོ་དང་ལྡན་པ་ཆུས ་ཡོངསུ་གང་བར་བྱ་སྟེ། ཉའི་ཤ་རློན་པ་དང་། བཙས་པ་དང་། བསྒྲེགས་པའི་དབྱེ་བ་རྣམ་པ་གསུམ་དང་། དེ་བཞིན་དུ་པི་ཡང་ཀུ་དང་ཀོ་ལ་ཐ་དད་ཙི་ན་ཀ་དང་། འབྲེང་བུའི་ཆུན་པོ་དང་། འབྲས་ཡོས་དང་། སྦྱར་གའི་འབྲས་བུ་དང་། སྣུམ་ལུ ་དང་ཤ་དང་། མ་ཡཽ་སྟ་དང་། ཐུག་པ་དང་། བཙོང་དང་། སྒོག་སྐྱ་དང་། ཀེའུ་དང་། ཁཱ་བ་དང་། འགྲོན་བུ་དང་། སྙི་མྲའི་འབྲུ་དང་། ལན་ཚྭ་དང་། སྦྲང་རྩི་དང་། འབྲུའི་ཆང་དང་། རྒུན་ཆང་དང་། གོས་སྔོན་པོ་དང་། སྒྲོན་བུའི་ཚོགས་ཀྱིས་གང་། ་བར་བྱས་ལ། ཁྲོ་བོ་བདུད་རྩི་འཁྱིལ་བའི་སྔགས་བརྒྱ་རྩ་བརྒྱད་ཡོངསུ་བཟླས་པར་བྱའོ།། འདིར་སྔགས་ནི་འདི་ཡིན་ཏེ། ཨོཾ་ན་མཿས་མནྟ་ཀཱ་ཡ་བཱ་ཀྲིཏྟ་བཛྲེ་ནྡན་མོ་བཛྲ་ཀྲོ་དྷ་ཡ་མེ་ཧཱ་པིཙྪེ་ཀ་ཊ་བྷཻ་ར་བཱ་ཡ། ཨ་སི་མུས་ལ་བི་ར་ཤུ་པཱ་ཤ་ཧསྟཱ། ་ཡ་ཨོཾ་ཨ་མྲྀ་ཏ་ཀུན་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྚ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣ་བི་ནཱ་ཡ་ཀན། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱ་ཧཱ། དེའི་རྗེས་ལ་རྗེ་བཙུན་ཡི་གེ་བརྒྱ་པས་མེ ་ཏོག་དང་སྤོས་རྣམས་ཀྱིས་མཆོད་ལ། གཡས་བརྐྱང་བའི་འདུག་སྟངས་ཉེ་བར་བཅིངས་ཏེ་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར་བས་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨིནྡྲ་ཛ་མ་ཛ་ལ་ཛ་ཀྵ། བྷུ་ད་པ་ཎཱི་བཱ་ཨ་ར་ཀྵ། ཙནྡ་སུ་ཛྙཱ་མཱ་ད་བ་པུ ་ཏ་ལ་པ་ཏ་ལཾ་ཨཊྚ་ས་པུ་ས་ཧཱ། ཨི་དྱཾ་བ་ལིམྦྷཱ་ཛ་ཛ་གྷ། ཕུལླ་ཊཱ་པུ་མཾ་སྱ་བི་གྷཾ། ཨ་མ་ས་པ་ཀཱ་ཛྙཱ་སཱ་དཱ་ཁཱནྟི་ཁྱཱ་ཎཱི་ཕེ་ཊ་ག་ཏཱ། དི་བཞིན་དུ་ཨཽ་ཨ་ཀཱ་རཽ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱཏྨ་ནུཏྤ་པན་ན་ཏཱཏ་ཏ་ཨཽ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཡང་ན་སོ་སོ་། ་གཏོར་མ་སྦྱིན་པར་བྱའོ།། འདི་ལྟ་སྟེ་ཨོཾ་ཨིནྡྲ་ཡེ་སྭཱ་ཧཱ། དབང་པོའི་ཕྱོགསུའོ།། བེ་བ་སྭ་ཡེ་སྭཱཧཱ། ཤི་ནརྀ་རྗེའི་ཕྱོགས་སུའོ།། ཨོཾ་ཨ་པཱཾ་པ་ཏ་ཡེ་སྭཱ་ཧཱ། ཆུའི་ཕྱོགས་སུའོ།། ཨོཾ་ཡཀྵ་བིརྱ་དྷ་རི་སྭཱ་ཧཱ། ལུས་ངན་པོའི་ཕྱོགསུའོ།། ་ཨོཾ་རྱཱ་དྲཱ་ཡཽ་སྭཱ་ཧཱ། དབང་ལྡན་གྱི་ཕྱོག་སྱའོ།། ཨོཾ་ཨགྣི་ཡེ་སྭཱ་ཧཱ། མེའི་ཕྱོགས་སུའོ།། ཨོཾ་རཀྵ་སིདྡྷི་པ་ཏཱ་ཡཻ་སྭཱཧཱ། བཕྱེ་བྲལ་གྱི་ཕྱོགསུའོ།། ཨོཾ་ཝཱ་ཡེ་བི་སྭཱཧཱུ~ཾ། རླུང་གི་ཕྱོགསུའོ།། ཨོཾ་ཀ~ཾ་ཀ་རྀ་སཱཤྨ་སྲིན་པོ་རྣམས་ཀྱིའོ།། ཨོཾ་པ~ཾ ་ཙི་པི་ཙི་སྭཱ་ཧཱ། ཤ་ཟ་རྣམས་ཀྱིའོ།། ཨོཾ་གྷུ་གྷུ་སྭཱ་ཧཱ། འབྱུང་པོ་རྣམས་ཀྱིའོ།། ཨོཾ་ག་ར་ལ་ཡེ་སྭཱ་ཧཱ། ལྷ་མ་ཡིན་རྣམས་ཀྱིའོ།། ཨོཾ་མ་ཏི་བྷྱེ་སྭཱ་ཧཱ། མ་མོ་རྣམས་ཀྱིའོ།། ཨོཾ་བི་ཤུདྡྷ་སྭཱ་ཧཱ། བ་ཧ་ནི་སྭཱ་ཧཱ། དྲི་ཟ་རྣམས་ཀྱིའོ།། ཨོཾ་ཡཀྵ་ཤར ་ཡ་སྭཱ་ཧཱ། གནོད་སྦྱིན་རྣམས་ཀྱིའོ།། ཨོཾ་པྲི་ཤཱ་ཙ་ག་ཏི་སྭཱ་ཧཱ། ཤ་ཟ་རྣམས་ཀྱིའོ།། ཨོཾ་གྲ་ཧེ་སརྫ་པྲཱ་བ་ཏ་ཛྱོ་ཏི་མ་ཡ་སྭཱ་ཧཱ། རྒྱུ་སྐར་རྣམས་ཀྱིའོ།། རིམ་པ་འདི་ཁོ་ན་བཞིན་དུ་སྔགས་འདི་རྣམས་ཀྱིས་ཆུ་སྙིམ་པ་གསུམ་སྦྱིན ་པར་བྱའོ།། དེ་ནས་ཐམས་ཅད་ཕུར་བུ་ལས་ཐལ་བར་འགྱུར་རོ།། འདིར་ཕྱག་རྒྱ་ཡང་འབྱུང་སྟེ། མཛུབ་མོ་འདུས་བྱས་གུང་མོ་སྦྱར།། མཐེ་བོང་རྡོ་རྗེ་བརྟན་པོར་སྦྱར།། དེ་ནི་དཔྲལ་བའི་དབུས་གཞག་ནས།། ཤིང་རྒོ་ནས་བསྐྱོད་པར་བྱ།། ལྷོ་རུ་ལུས ་ནི་བལྟས་བྱས་ནས།། གཅེར་བུ་སྐྲ་ནི་བཤིག་གྱུར་ཅིང་།། དྲག་ཅིང་ཁྲོས་པའི་སེམས་ལྡན་པས།། ཐུན་གསུམ་དུ་ནི་གཏོར་མ་སྦྱིན།། ཡང་རྐེང་པའི་ཕྱོགསུ་ལག་པ་གཡོན་པའི་དྲིལ་བུ་དང་བཅས་པ་བཞག་ལ་གཡས་པས་སྙེམས་ཚུལ་དང ་བཅས་པའི་རྡོ་རྗེ་གསོར་ཞིང་གཏོར་མ་སྦྱིན་པར་བྱའོ།། ཡང་ན་གུང་མོ་དང་སྲིན་ལག་དགེ་བཀུག་ནས་དེ་དག་གི་རྩ་བར་མཐེ་བོང་བཅུག་སྟེ་མཛུབ་མོ་དང་མཐོའུ་ཆུང་དག་ལྕགས་ཀྱུའི་རྣམ་པར་བྱ་ཞིང་ལག་པ་གཡོན་པའི་རྒྱ་ཚོགས་རྒྱབ་ཏུ་ལག ་པ་གཡས་པའི་རྒྱ་ཚིགས་བཞག་སྟེ་སྙིང་གའི་གནས་བཞག་པར་བྱའོ།། དེ་ལྟ་བུ་དེ་ཡང་གཏོར་མའི་ཕྱག་རྒྱ་ཡིན་ནོ།། ཐུན་མཚམས་ཐམས་ཅད་དུ་རྒྱུའི་རྒྱུད་ལས་གསུངས་པའི་ཆོ་ག་བཞིན་དུ་གཏོར་མ་སྦྱིན་པར་བྱའོ།། དེ་ནས་སྒྲུབ་པའི་གྲོགས ་མཆོག་གིས་ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པའི་སྔགས་བརྗོད་པས་སྒྲུབ་པ་པོས་བསྲུང་བ་བྱས་ཐོར་ཚུགས་བཅིང་བར་བྱས་ཤིང་གཅིག་གམ། ལམ་གྱི་བཞི་མདོ་འམ། སུམ་མདོ་འམ། མཚན་མ་གཅིག་པོ་འམ། ཆུ་བོ་དག་ཏུ་གཏོར་མ་དོར་བར ་བྱ་བ་འམ། བཀྲེས་པ་རྣམས་ལ་སྦྱིན་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་རྡུལ་ཚོན་ཆུ་བོ་ལ་དབོ་བར་བྱའོ།། དཀྱིལ་འཁོར་གྱིས་གཞི་བའི་ལྕི་བས་བྱུགས་ལ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཀླག་པར་བྱའོ།། བསོད་ནམས་ཡོངསུ ་བསྔོས་ཏེ། དེ་བཞིན་གཤེགས་པོ་ཐམས་ཅད་ལ་ཕྱག་བྱས་ནས་བསྐོར་བ་བྱས་ཏེ་ལངས་ནས་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་དང་། ངོ་མཚར་གྱི་ཕྱག་རྒྱས་བཏབ་ལ་རང་གི་ལྷའི་ང་རྒྱལ་གྱིས་སྤྱོད་ལམ་རྣམ་བཞིའི་སྒོ་ནས་ཇི་ལྟར་འདོད་པས་གནས ་པར་བྱའོ།། དེ་ནི་བགེགས་རབ་ཏུ་ཞི་བར་བྱེད་པའི་གཏོར་མའི་ཆོ་གའོ།། །། གདོན་དང་ཕྱོགས་སྐྱོང་ཚིམ་བྱའི་ཕྱིར།། དཔུང་བཟངས་རྒྱུད་ལས་ཇི་སྐད་གསུངས།། གཏོར་མའི་ལས་ནི་ལུང་བཞིན་དུ།། དེ་ནས་དང་པོར་རབ་བཤད་བྱ།། རེ་ཞིག་དང་པོར་སྔར། ་བཤད་པའི།། བཟའ་བ་དང་བཅའ་བ་ལ་སོགས་པ་ཉེ་བར་བསོགས་ཏེ། ཆ་གཉིསུ་བྱས་ནས་ཆ་གཅིག་ལ་གདོན་རྣམས་ཚིམ་པར་བྱ་བའི་ཕྱིར་ཚིགས་བཅད་པ་འདི་རྣམས་བརྗོད་པར་བྱའོ།། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ།། ན་མཁའ་ལྡིང། ་དང་འདབ་བཟངས་ལུས་སྲུལ་པོ།། དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་།། གང་དག་སྱ་ལ་གནས་པའི་རྫུ་འཕྲུལ་ཅན།། བདག་ཅག་པུས་མོ་ས་ལ་བཙུགས་ནས་ནི།། ཐལ་སྦྱར་ཁྱེད་རྣམས་ལ་ཡང་གསོལ་འདེབས་ན།། བུ་སྨད་བཅས་ཤིང ་གཡོག་འཁོར་བཅས་པ་རྣམས།། གསན་ནས་ཕན་འདོགས་སླ་དུ་འདིར་སྤྱོན་ཅིག། འབྱུང་པོ་གང་དག་རི་རབ་སྙིང་གནས་དང་།། དགའ་བའི་ཚིལ་དང་ལྷ་ཡུལ་ཀུན་གནས་དང་།། ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་།། གྲོང་ཁྱེར་ཀུན་ན་གང་དག ་གནས་པ་དང་།། ཆུ་བོ་ཀུན་དང་ཆུ་བོའི་དང་རྣམས་དང་།། རིན་ཆེན་གནས་ན་ལྷག་པར་གང་གནས་དང་།། རྫིང་དང་མཚོ་དང་ལུ་མ་སྟེང་ཀ་དང་།། ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང་།། གྲོང་དང་ཕྱགས་དག་དང་ནི་ནགས་ཚལ་དང་།། ཁང ་སྟོང་དང་ནི་ལྷ་ཡི་ཁང་པ་དང་།། གང་དག་གཙུག་ལག་ཁང་དང་མཆོད་རྟེན་གནས།། སོ་ནཱ་མ་ཁྱིམ་དང་གླང་པོའི་ཁང་རྣམས་དང་།། གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང་།། སྲང་དང་ཁྱམས་དང་གྲོང་དང་འདུན་ས་དང་།། གང་དག་ཤིང་གཅིག ་དྲུང་དང་ལམ་ཚནཱ་གནས།། དུར་ཁྲོད་དང་ནི་ནགས་ཚལ་ཆེ་གནས་དང་།། སེང་གེ་གླང་ཆེན་དྲོད་ཀྱི་གནས་རྣམས་དང་།། འཇིགས་སུ་རུང་བའི་དགོན་པ་ཆེ་གྲནས་དང་།། ཆུ་གླིང་མཆོག་དག་ཏུ་ནི་གནས་བཅས་དང་།། གང་དག་འབྲོག་དགོན་དུར་ཁྲོད་གནས་ན ་གནས།། དགའ་ཞིང་མ་གུ་ནས་དྲི་དང་མེ་ཏོག་འཕྲེང་།། སྤོས་དང་མེ་ཏོག་མར་མི་བྱས་ཕུལ་བ། ནི་ག་སྷོས་ཏེ་སཽར་བཞིས་ནས་ཀྱང་།། ལས་འདི་དག་གི་འབྲས་བུ་མཆིས་པར་མཛོད།། གདོན་ལ་མཆོད་པ་བྱ་བའི་ཕྱིར་དེ་ལྟར་བྱ་སྟེ།། དེ་ནས་ཆུ་གཅིག་ལ་ཕྱོགས་སྐྱོང ་རྣམས་ལ་མཆོད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་འདི་རྣམས་བརྗོད་པར་བྱའོ།། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས།། གཏོར་མ་ཕུལ་བ་འདྲི་དག་བཞེས་སུ་གསོལ།། མེ་དང་གངཤིན་ཎྜེ་བེདེ་ནྱ་བྲལ་སྲིན་པོའི་བདག། ཆུ་བདག་རླུང་བདག ་ནོར་གྱི་བདག་པོ་དང་།། སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་།། ལྷ་རྣམས་མ་ལུས་སའི་ཀླུ་དག་དང་།། རིའི་ལྷ་དང་གསང་བའི་ཚོགས་འདུས་ལ།། སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས།། རང་རང་གི་ནི་ཕྱོགསུ་བཞུགས་ནས་ཀྱང་།། རང་གི་བུ་སྨད ་གྲོགས་དང་གཡོག་འཁོར་བཅས།། དཔུང་དང་སྡེ་བཅས་མཉེས་ནས་བཞེསུ་གསོལ།། སྤོས་དང་མེ་ཏོག་གཏོར་མ་ལྷ་བཤོས་ནི།། འདི་དག་བཞེས་ཤིང་སོ་སོར་སྙོམས་ནས་ཀྱང་།། བྱ་བ་འདི་ནི་འབྲས་བུ་མཆིས་པར་མཛོད།། འདི་ནི་བགེགས་ཉེ ་བར་བྱེད་པའི་དོན་དུ་འམ།། དགོས་པ་གཞན་འདོད་པའི་མཁས་པ་རྣམས་ཀྱིས་སྒྲུབ་པར་བྱའོ།། གཏོར་མ་འདི་ལ་སྔགས་རྣམས་ནི།། ཀུན་ཏུ་འབྱུང་བ་མེད་མྱོད་ཀྱི།། འོན་ཀྱང་ཚིགས་བཅད་ཙམ་གྱིས་ནི།། འདིར་ནི་གདོན་སོགས་ཚིམ་པར་འགྱུར། ་གླུལ་མཱ་ཐུ་ང་བདེན་པ་རྣམ་ས།། ལྷག་པར་ཡང་དག་ཐོབ་འ་ག། བཅོཾམ་ལྡན་འདས་ཀྱི་དཀའ་ལུང་ནི།། འདི་ལྟར་སྔགས་དང་མཚུངས་པར་འདོད་།། སྲུབ་མེད་པའི་ཚིག་གད་ཡིན།། དེ་ནི་གས་སྡུག་ས་ཉིད་དུ་འདོད།། སྭཱ་གས ་ཀྱི་ནི་བསྣུན་པའི་སྔགས།། དེ་ཉིད་ཕྱིར་ན་ཚད་མ་མིན།། དེ་བྱས་དངོས་གྲུབ་ཐོབ་རྣམས་ཀྱི།། ཚིག་གང་དེ་སྔགས་ཉིད་ཡིན་ཏེ།། སྤྱོད་ལམ་བཞི་པོ་དེ་དག་ནི།། ཕྱག་རྒྱ་ཉིད་དུ་བཤད་པ་ཡིན།། དེ་བས་གཏོར་མའི་ལས་འདི་ལ།། ཚིགས ་བཅོད་གསང་སྔགས་ཉིད་དུ་འགྲུབ།། དེ་བྱས་འདིར་ནི་སྭཱ་ཧཱ་སྩོགས།། སྤེལ་བའི་སྔགས་ནི་དགོས་པ་མེད།། དེ་ནི་གདོན་དང་ཕྱོགས་སྤྱོད་རྣམས་ཀྱི་གཏོར་མའི་ཆོ་གའོ།། ། དཀྱིལ་འཁོར་ཐམས་ཅད་ཚིམ་བྱའི་ཕྱིར།། དུས ་ཀྱི་འཁོར་ལོ་ལས་གསུངས་པོ།། གཏོར་མའི་ལས་ནི་ཤིན་ཏུ་གསང་།། དེ་བཞིན་གཤེགས་དང་ལྷ་མོ་རྣམས།། དཀྱིལ་འཁོར་གྱི་ནི་འཁོར་རྣམས་དང་།། ཁྲོ་བོ་མཁའ་འགྲོ་མ་རྣམས་ཀྱིས།། སུམ་ཅུ་དྲུག་གི་བར་གསོལ་བོར།། དེ ་ནས་གཞན་ཡང་རབ་བཤད་བྱ།། དང་པོའི་སྦྱིན་པ་སོགས་དབྱེ་བས།། ཏིང་ངེ་འཛིན་ནི་གསུམ་དུ་འདོད།། དེའི་ཐ་མར་རྣལ་འབྱོར་པས།། ཕྱི་རོལ་དཀྱིལ་འཁོར་ཚིམ་པར་བྱ།། ཡེ་ཤེས་འཁོར་ལོ་རབ་སྙིང་ནས།། སྣའི་བུ་ག ་བྱཡས་དང་གཡོན།། གཉིས་ནས་ཀུན་ཏུ་སྤྲོ་བྱ་ཞིང་།། དཀྱིལ་འཁོར་ལ་ནི་ཡང་དག་དགྲོད།། ཆོས་ཀྱི་འཁོར་ལོའི་ཕྱོགས་ཀྱི་མཐའ།། བཞི་པོ་ལས་ཀྱང་མཁའ་འགྲོ་སོགས།། གནས་ནི་ཉི་ཤུ་རྩ་བཞི་ལས།། རབ་ཏུ་གཏུམ་མོ་ལ་སོགས ་སྤྲོ། ཁཱའི་གདོང་ཅན་ལ་སོགས་པ།། ཐམས་ཅད་ཟ་བྱེད་མཁའ་འགྲོ་མ།། རུལ་བའི་དྲི་ལྡནྡ་ལ་སོགས་སྒོ།། དུར་ཁྲོད་རྣམས་ནས་ཡང་དག་སྤྲོ།། འཁོར་ལོའི་དཀྱིལ་འཁོར་ནང་དུ་ནི།། མཁའ་འགྲོ་མ་ཡི་དཀྱིལ་འཁོར་མཆོག། མཐོང་ནས། ་མཆོད་ཡོན་ཞབས་བསིལ་སོགས།། སྔར་བཞིན་རྣལ་འབྱོར་སོ་སོ་དབུལ།། དེ་ནས་སྔ་བཞིན་ཆུ་སྐྱེས་སོགས།། རྣལ་འབྱོར་པས་ནི་རྣམ་པར་བསམ།། བདུད་རྩི་ལྔ་ཡང་བསམ་པར་བྱ།། རང་གི་ས་བོན་བྱིན་བརླབས་ཤིང་།། འོད་ཀྱི་ཚོགས ་ནི་རྣམ་པར་འཕྲོ།། བྱང་ཆུབ་སེམས་ཀྱི་རང་བཞིན་དུ།། དེ་དག་བརྟུལ་ཞུགས་ཆེན་པོས་བསམ།། དེ་ལས་རྣམ་པར་སྦྱང་བ་ལ་སོགས་པའི་སྔགས་ཀྱི་ཚིག་ནི་འདི་རྣམས་ཡིན་ནོ།། ཨོཾ་ན་མཿཤྲི་བཛྲ་ཌཱ་ཀི་ཡ་ཨོཾ་ཨཱཿཧཱུཾ། ཡི་གེ་ཨོཾ་གྱིས ་སྤང་བར་བྱའོ།། ཡི་གེ་ཧཱུ~ཾ་གིས་སྤང་བར་བྱའོ།། ཡི་གེ་ཧྲཱིཿཡིས་བདུད་རྩིར་བྱའོ།། ལག་པ་གཡོན་པས་སྦྱང་བར་བྱའོ།། ལག་པ་གཡས་པས་རྟོགས་པར་བྱའོ།། ཐལ་མོ་བཀབ་ནས་སྤར་བར་བྱའོ།། ན་མཁའི་ལྡིང་གི་ཕྱག་རྒྱས་ཟླ་བ་ཞུ ་བའི་རང་བཞིན་དུ་བདུད་རྩིར་བྱའོ།། དེ་ནས་གཡོན་པའི་སྲིན་ལག་གིས་དབུས་ནས་ཐིག་ལེ་བླངས་ཏེ་སྭ་ལྔ་ཆོས་འབྱུང་གྲུ་གསུམ་བྱ་ཞིང་། དེའི་ནང་དུ་ཟླུམ་པོའི་ཐིག་ལེའི་གཟུགས་ཅན་བྱའོ།། དེའི་ནང་དུ་མེ་ལོང་གི་གཟུགས་བརྙན་བཞིན་དུ་གས ་བའི་དཀྱིལ་འཁོར་གྱིས་འཁོར་ལོ་བསམ་ཞིང་དེ་ཚིམ་པར་བྱའོ།། ཨོཾ་ཨཱ་ཧཱུཾ། ཨ་ཨཱ། ཨི་ཨཱི། ཨུ་ཨཱ། རྀ་རཱྀ། ལི་ལཱྀ། ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་རྣམས་དང་། ན་མཁའ་ལ་སོགས་པའི་ཁམས་རྣམ ་སོ.ོཾ་ཨཱ། ཨཱི་ཨཱི། ཨཱི་ཨཱཾ། ཨར་ཨཱར། ཨོཾ་ཨོཾ་ཨ་ལ་ཨཱ་ལ། ཨོཾ་ཨཱ་ཧྲཱི་ཞེས་བྱ་བ་ནི་དབང་པོ་དྲུག་གོ། ཡ་ཡཱ། ར་རཱ། ཝ་ཝཱ། ལཱ་ལཱ། ཧ་ཧཱ། ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྐུ་ཅན་གྱི་ཁྲོ་བོ་བཅུ་དང་། ལས་ཀྱི་དབང་པོ་དང་། ་ཞེ་སྡང་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཅན་དག་གྲོ། ཀ་ཀཱ། ཁྱཱ་ཁཱ་གེ་གཱ་གྷཱ་གྷཱ་དི་དཱི། ཙྪནྡི་ཚ་ཚཱ་ཛ་ཛཱ་དྷུ་དྷྲྀཉྫཱཉྩུ། ཊ་ཊཱ་ཛཱཏྶ་ཊ་ཊཱཾཌྷཱ་ཊཱ་ཎེརྞྞ། པེ་པཱ་པཱ་པཱཾ་བ་བཱ་བྷཱུ་བྷཱུ་མཱ་མྱཱ། ཏྱཱཏྐ་ཐ་ཐཱ་ད་དཱ་དྷཱ་ནྱཱ་ནཱ། ཤ་ཤྲཱ་བྷཱུ་བྷྱཱ་ས་སྱཱ་ཧ་ཧྭཱ། ཚྭ་ཧ་ཧྭཱ་ཡ་\ུ0f7f། ་ར་རཱ་ཝ་ཝཱ་ལཱ་ལཱ་ཀྵ་ཀྲཱུ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་རིགས་སུམ་བཅུ་རྩ་དྲུག་ཚིམ་པར་བྱི་ཏཱི་ཆོ་གའི་སྡིགས་སོ།། དེ་ལྟར་བརྗོད་ནས་དཀྱིལ་འཁོར་གྱི་འཁོར་ལོའི་མཁའ་འགྲོ་མི་ཚིམ་པར་བྱ་བའི་ཕྱིར་སྲིན་ལག་དང་མཐེ་བོང ་དག་གིས་ཐིག་ལེ་ཕུལ་ཏེ། དཀྱིལ་འཁོར་རང་གི་ཡན་ལག་ལ་བསྡུ་བར་བྱས་ནས། རང་གི་ཁ་མཚན་མ་གཅིག་པར་བདུད་རྩི་ལྔའི་ཐིག་ལེ་མཁའ་འགྲོ་མའི་གྲངས་དང་མཉམ་པ་སྔགས་འདིས་གཏོར་བར་བྱའོ།། ཨོཾ་སརྦ་ཀྲོ་དྷ་ཥཱ་ཀ ་བྷྱཱ་མི་མཾ་བཱ་ལིཾ་པྲ་ཏཱི་ཙྪན་ཏྱ་ས་མ་ཡ་མ་ནྱཱ་སྨཱ་ནྱ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ཡོདསྒྱུ་མཉེས་པར་བྱ་བའི་དོན་དུ་ཡང་སྔགས་འདི་བརྗོད་པར་བཱསྟེ། ཨོཾ་དཱི་བྷན་ནེ་ས་མཱ་དྷྭཾ་དྷྱཱན་པྲཱིརྞ་ནེ་སྱཱནྟུ། དེའི་རྗེས་ལ་མཁའ་འགྲོ་མའི་འཇོད། ་ལོ་མ་ལུས་པ་ཡོངསུ་མཉེས་པར་གྱུར་ནས་ཁམས་གསུམ་པ་ཡད་དེ་ཁོ་ན་བཞིན་དུ་བསྒོམ་པར་བྱའོ།། དེ་ནས་ལང་སྱཱ་ཏེ་ཡེ་ཤེས་ཀྱི་འཁོར་ལོ་ག་ཤཱགས་གསོལ་བ། དམྦྷ་ཚིག་གི་འཁོར་ལོ་ནང་དུ་བཅུག་སྟེ། སྨོན་ལམ་བཱཏྶ ་ལ་བསོད་ནམས་ཡོངསུ་བསྔོས་ཏེ། རང་གི་ལྷའི་ང་རྒྱལ་དུ་དམིགས་ལ་སྣང་བ་ཙམ་གྱིས་རང་གི་ངོ་བོ་སྤྱོད་ལམ་རྣམས་ཀྱིས་གནས་པར་བྱའོ།། དེ་ནི་དུས་ཀྱི་འཁོར་ལོའི་མན་ངག་གི་རིམ་པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གཽ་ཏོར་མཱའི་ཆོ ་གའོ།། །། གང་གིས་ལུས་ནི་རབ་རྒྱས་ཤིང་།། བདེ་བ་ཆེཪ+W་པོ་ཐོབ་འགྱུར་བ།། ཡི་དྭགས་ཚིམ་བྱེད་གཏོར་མ་ནི།། དེ་ནས་གཞན་ཡང་རུབུ་བུ་ཤང་བྱ།། དང་པོ་ཆུ་ནི་དྲག་བླུགས་ཤིང་།། ཆུ་བོ་ནུང་བལྟས་སྡོང་ནུས་ནི།། ་ལག་པ་ལ་སོགས་བཀྲུས་ནས་ནི།། གུས་པ་ཡིས་ནི་བཟླས་པར་བྱ།། པདྨའི་ཕྲེང་བ་བླངས་ནས་ནི།། མཁས་པས་བརྒྱ་དང་རྩཝ་བརྒྱད་བཟླས།། སྔགས་ནི་ཡི་གེ་དྲུག་པོ་སྟེ།། དངོསུ་འཕགས་པ་སྤྱན་རས་གཟིགས།། ཨོཾ་དང་མ་ཎི་པདྨེ་དང་། ་ཧཱུཾ་གི་མཐའ་ཅན་སྔགས་རྒྱལ་པོ།། ཡི་དྭགས་རྣམས་ཀྱི་བཀྲེས་སྐོམ་སོགས།། ཉོན་མོངས་གདུང་བ་འཇོམས་བྱེད་པོ།། འོ་མའི་མཚོ་ལྟར་དཀར་བའི་འོད།། ཞི་བ་འཕགས་པ་སྤྱན་རས་གཟིགས།། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ་ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། མཆོག་སྦྱིན་ཆུ་སྐྱེས་དག་གིས་མཚན།། ཐུགས་རྗེའི་རང་གི་ཤུགས་ཀྱིས་མི། དུངས་པར་འགྱུར་བའི་ཡིད་མངའ་བ།། མཚོ་སྐྱེས་ཆེན་པོའི་གེ་སར་གྱི།། ལྟེ་བའི་དབུས་ན་ཡང་དག་བཞུགས།། སྐྱིལ་ཀྲུང་ཕྱེད་པར ་བཞུགས་གྱུར་པ།། འོད་དཔག་མེད་པས་དབུ་རྒྱན་བྱས།། ཟླ་བའི་འོད་ཀྱིས་བརྒྱན་གྱུར་ཅིང་།། འོད་ཀྱི་འཁོར་ལོས་རྣམ་པར་བརྒྱན།། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་གྱུར།། མ་ལུས་འགྲོ་བ་སྐྱབ་བརྩོན་པ།། རྣལ་འབྱོར་པས་ནི་བདག་ཉིད ་བསམ་སྐྲག་གྱུར་རི་དྭགས་གཞོན་ནུ་མའི།། གཡོ་བའི་མིག་ནི་ཟིལ་གནོན་མཛད།། ཡིད་འོང་ལྷ་མོ་སྒྲོལ་མ་ནི།། གཱ་ཡས་ལོགསུ་ནི་བསྒོམ་པར་བྱ།། གཡོན་དུ་དེ་བཞིན་སེར་པོར་སྣང་།། ཕྱག་བྱེད་པ་ལོ་ཡང་དག་བརྩོན།། ཟླ་བ་ཕྱེད་པ་དང་མཚུངས ་པའི།། ཕྲལ་བ་དང་ལྡན་ཁྲོ་གཉེར་ཅན།། དེ་ནས་སྙིང་གའི་བང་དབུས་སུ།། ཡི་གེ་ཧྲིཌནི་ཡང་དྲག་བསམ།། དེའི་འོད་ཀྱིས་འགྲོ་བ་ཀུན།། གསལ་བར་བྱས་ནས་རབ་ཏུ་དགང་།། འོད་ཟེར་མང་པོ་དེ་ཉིད་ཀྱིས།། ཤིན་ཏུ་སྐེམ་པའི་ཡི་དྭགས་བལྟ།། རང་གི ་སྒྲ་དང་བྱ་སྤུས་གཡོགས།། གསུས་པ་རི་བོ་དག་དང་མཚུངས།། མགྲིནྡྲ་པའི་ལྷ་ལས་བྱུང་བ་ཡི།། རྣག་ནི་འཐུང་བར་ཀུན་དུ་འདོད།། རུས་པ་སྐབས་ལུང་བཀྲེས་པས་ཉན།། རང་གི་མཆུ་དང་ལྐོག་མ་རྣམས།། དེ་རྣམས་བལྟས་ནས་བསོད་ལྡན་པས།། སྙིང ་རྗེ་ཆེན་པོ་བསྐྱེད་བྱས་ནས།། དེ་རྣམས་སྟེང་དུ་ལུས་བྱུང་བའི།། འོད་ཟེར་འཁོར་ལོ་དབབ་པར་བྱ།། དེ་ནས་སྙིང་རྗེའི་ཤུགས་ཀྱིས་ནི།། ལག་པི་དག་ལས་ཤིན་ཏུ་བྱུང་།། འོ་མའི་རྒྱན་གྱིས་དེ་དག་ནི།། སྙིམ་པ་ཁ་དང་འབྲེལ་པ་དགང་།། དེ་ནས་ལོ་མ ་འདས་རྦཱནྟ་དང་།། འོ་མ་དང་ནི་མདུརྱ་གྶ་མ་གྣིས།། སྣོད་ནི་ཤིནྟ་དྷ་གང་བྱས་ནས།། དེ་དྷཱས་སྨ་དི་མྱུར་བོད་པཪྻཱ་བྱཱ།། ཨཱ~ཾ་ཨ་ཡཱནདྷཱ་ཨ་ཡཱན་ན་སཏྭཱ་བྷྲེ་དྡྷ་ས་བྷཱུ་ཡྻཱཥྚམྦྷ་ཀཱན་རྦོཥྚ་བྲཱདྡྷ། ཀྵཱ་པི་བཱ་སཱུ་ལྱཱ་བྷཱུ་། ་ཙིཏྟ། ཨི་མཾ་བཱ་ལི་གྲཱཧྣཏཛཱི་གྲཱ་ཐ། པི་པ་\ུ0f7f། བྷཱུཉྫམྦྷ་སུ་ཁཱ་ཝུ་ཏུ་རི་མ་ཐ། པུ་ན་ར་ཀྲྀ་ཤ་ལ་དཱི་མར་ཛ་སྭཱཧཱ།། སྔགས་འདི་ཡིས་ནི་ཡི་དགས་ཀྱི།། རིགས་ཆེན་པོས་ལ་དེ་ནཱིས་ནི།། གཏོར་མ་སྦྱིན་ཕྱིར་སྔག་ས་འདི་ནི།། རྣལ་འབྱོར་པས་ནི ་གསལ་བར་བརྗོད།། ཨོཾ་ནཱ་མོ་ཐཱ་ག་བ་ཏེ་ཨཱ་པ~ཾ་ཡཾ་བྷཱི་རུ་ཀ་ཏེ་ཛོ་རཱ་ཛ་ཡ་ཏ་ཐཱ་གཱ་ཏ་ཡ་ཨརྡྷ་ཏི་སམྱཀྲྀ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་བ་ལོ་ཀི་ཏྭེ། བྷ་ར་བྷཱ་ར། སཾ་བྷ་ར་སཾ་བྷ་ར། ཧཱཾ་ཛྙཱ་སརྦ་པྲྀ་ཏོ་ཀཱ་ལཱ་ན་སྱན་ཏ་ར་བ་ནི་སཱཧཱ། དེ་ཉིད་ཀྱི་། ་རྒྱུརྒྱ་འབྱུང་སྟེ། ལག་པ་གཉིས་ཀྱིས་ཐལ་མོ་ཁ་ཅུང་ཟད་ཕྱེ་བ་བྱས་ལ་མཛུབ་མོ་དག་རྣ་ཆའི་རྣམ་པར་བྱས་ཕྱག་རྒྱ་བྱས་ཏེ། ཡི་དགས་ཀྱི་གཏོར་མེའི་སྔགས་དང་ཕྱག་རྒྱའོ།། དེ་ནས་ཆུ་བོ་དེ་ཉིད་འོ་མར་འབྲུག་པར་བསམས་ལ། ་དེ་ཉིད་དུ་གཏོར་མ་དེ་དོར་བར་བྱའོ།། ཡི་དྭགས་དེ་རྣམས་ཀྱང་ལུས་ཡོངས་རྒྱས་པ་འོད་ཟེར་གྱི་ཚོགས་དེ་ཉིད་ཀྱི་སྟོང་དུ་བཏེག་ལཱ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་འཇིག་རྟེན་དབང་ཕྱུག་བཞིན་དུ་པདྨའི་སྤྱན་ལ་ཉེ་བར་གནས་པ་བསམ ་གཏན་ལ་དགའ་བའི་ཡིད་ཅན་དུ་བསྒོམ་པར་བྱའོ།། དེ་ནི་ཡི་དྭགས་ཀྱི་གཏོར་མའོ།། །། བདག་ཉིད་སྐལ་བཟང་བསྒྲུབ་པ་དང་། རྒྱལ་པོ་ལ་སོགས་དབང་བྱའི་ཕྱིར།། དྲི་ཟོའི་གཏོར་མ་བསྒྲུབ་པ་ནི།། དེ་ནས ་གཏོར་མ་རབ་བཤངཿ། དཀྱིལ་འཁོར་གྲུ་བཞི་བྱ་སྟེ། གླ་རྩི་དང་། ག་བུར་དང་། གཞི་མཉམ་དང་། གུར་ཀུམ་དང་། ཙན་དན་དང་། སི་ལ་རས་དང་། བ་ལཾ་ལ་སོགས་པ་རྣམས་ཀྱིས་ཉེ་བར་བྱུགྲ་ལ། དབུས་ཀྱི་གནསུ་ཨ་ཀ་རུའི་སྨོས་དུང་སྣ་ཚོགས ་ཀྱིས་དྲི་བསུང་ཡིད་དུ་འོང་བ།། ནོར་བུ་མཐིང་ཤུན་རང་བཞིན་ཅན་ཤིན་ཏུ་མཐོ་བ། དངུལ་དང་། བྱུ་རུ་དང་། གསེར་ལས་བྱས་པའི་རྩེ་མོ་གསུམ་གྱིས་ཉེ་བར་མཛེས་པའི་གཟུགས་ཀྱིས་དྲི་ཟའི་རྒྱལ་པོ་རྣམས་རྐེད་པའི་ཆ་སྣ་ཚོགས་ལ་སྣ་ཚོགས ་རྒྱན་ལྡན་དང་། སྣ་ཚོགས་མཐུ་ལྡན་ལ་སོགས་པ་དྲི་ཟའི་རྒྱལ་པོས་རྣམ་པར་བརྒྱན་པའི་རིའི་རྒྱལ་པོ་སྨོས་ཀྱི་ངདུ་ལྡིང་རྣམ་པར་བསྒོམས་ལ། དེའི་སྟེང་དུ་སྔར་བཤད་པའི་དྲི་ཟའི་བདག་པོ་ལུས་རྫས་དྲི་ཞིམ་པོ་དག་གིས་ཉེ་བར་བྱུགས་པ ་དྲི་ཞིམ་པོའི་ཚོགས་ཀྱིས་ཕྱོགས་བེཅུར་གཏོགས་པའི་ཁོང་གང་བར་བྱས་ལ། ལུས་ལྷའི་མེ་ཏོག་སྣ་ཚོགས་ཀྱིས་ཕྲེང་བས་རྣམ་པར་བརྒྱན་པ། དྲི་ཟོའི་བུ་མོ་ནུ་མའི་ལྗིད་ཀྱིས་སྐྱིབས་དགུ་པ་ལ་འཁྱུད་པ་ལས་བྱུང་བའི་དགའ་བ་དང ་ལྡན་པ། ས་འཛིན་པ་ལ་སོགས་པ་གླུའི་བྱེ་བྲག་གླུ་ཡོངསུ་ལེན་པའི་སྒྲ་སྙན་པས་ལྐོག་མ་ཁྱབ་པ་དག་རྣམ་པར་བསྒོམས་ཏེ། དཀྱིལ་འཁོར་གྱི་འགྲམ་དུ་གཏོར་མའི་སྣོད་ཆུང་ཞིམ་པོ་དང་། ཞོ་དང་འབྲས་ཡོས་དང་། སྣརོན་ཐམས་ཅད་དང་། ་ཡུངས་ཀར་དང་། ཙན་དན་དཀར་པོ་དང་། ཙན་དན་དམར་པོ་དང་། གླ་རྩི་དང་ཙན་དན་དང་། གུར་ཀུམ་དང་། སྤང་སྤོས་དང་། དྲ་ཚྭ་དང་། ཨ་ཀ་རུ་ལ་སོགས་པའི་དྲི་ཞིམ་པོ་རྣམས་ཀྱིས་ཡོངསུ་བཀང་ལ།། སྣོད་གཞན་ཡང་ཞོ་དང་། སྦྲང་རྩི་དང་། ་མར་སར་དང་། ཤ་ཁ་ར་དང་། བུ་རམ་དང་། འབྲས་ཅན་དག་གིས་གང་བར་བྱ་སྟེ། དེ་རྣམས་བོད་པའི་དོན་དུ་སྔགས་འདི་གསུམ་བརྗོད་པར་བྱའོ།། ཨོཾ་གནྡྷརྠ་སརྦ་ཨ་དྷི་པ་ཏ་ཡེ། པི་ཙི་ཏཱ་ཨང་ག་དྷ་དྷ་ཡེ། མ་མ་ཀ་ཏྱ་སིདྡྷི ་ཡེ། ཨི་ཧཱ་ཨཱ་ཡན་དུ། ས་ས་མ་ཡཾ་པ་ལ་ཡནྟ། བྷ་ག་བང་བཛྲ་དྷརྱཱ་ཤཱ་ས་ནེ་ཏིཥྛནྟུ། ཨ་ཛ་ས་ན་ནི་ཧོ་ཏ་བྷ་ཝཱནྟུ་སྭཱ་ཧཱ། དྲྀ་རྡོ་རྗེ་མྱའི་ཕྱག་རྒྱས་གཏོར་མའི་སྣོད་ཡོངས་རྒྱས་བཏབ་སྟེ་སྔགས་བརྗོད་པར་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཿསྭཔྟཱ ་བྱ་ཤུདྡྷོ་ཧ~ཾ། ཨོཾ་ཨ་ཀཱ་རོ་མུ་ཁམ་སརྦ་དྷརྨཱ་ཎཱཾ་ཨཱིངྒ་ནུད་པནྣ་ཏཱ་ཏེ་ཨོཾ་ཨཱིཿཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་གཏོར་མའི་སྣོད་རིའི་རྩ་རུ་དོར་བར་བྱའོ།། ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པས་བཏེང་སྟེ་རྣལ་འབྱོར་པས་གནས་པར་བྱའོ།། དེ་ནས་རྒྱལ་པོ་ལ ་སོགས་པ་རྣམས་འདིས་དབང་དུ་འགྱུར་རོ།། དེ་ནི་དྲི་ཟའི་གཏོར་མའོ།། ། ཞིང་ནི་བསྲུང་བར་བྱེད་པ་དག། ཐམས་ཅད་ཀྱིས་ནི་རབ་མཉེས་འགྱུར།། ཞིང་སྲུང་གཏོར་མའི་བྱ་བ་ནི།། དེ་ནས་གཞན་ཡང་རབ་བཤད་བྱ།། དེ་ནས ་བཅོམ་ལྡན་འདས་ཀྱི་ཞིང་།། ཐོད་པོའི་དུམ་བུ་ལ་སོགས་བྱ།། དངོས་གྲུབ་དོན་དུ་གང་དུ་གནས།། ཉི་ཤུ་རྩ་བཞི་གསུངས་པར་གྱུར།། དེ་ལ་འདི་རྣམས་ནི་ཞིང་རྣམས་ཀྱི་བརྡའི་མཽང་ཡིན་ཏེ། པཱུ་ཛ་ཨོ་ཨ་གོ་ར་དེ་མ། ཀ་ཨོ་ཏྲྀ་ཀྲོ། ཀ་ལ་ཀཱ་ཧི་པྲི་གྲྀ ་སཽ་སུ་ནཱ་སི་མ་ཀུ། པུ་ལི་ར་མ་ཡ་དང་། ཛཾ་ལན་དྷ་ར་དང་། ཨོཾ་ཌཾ་ཡ་ན་དང་ཨརྦུ་ཏ་རྣམས་ནི་གནས་ངག་ཡིན།། གོ་ད་ཝཾ་རི་དང་། རཱ་མ་ཤྭ་ར་དང་། དི་བི་ཀོ་ཊི་དང་། མཱ་ལཱ་བ་རྣམས་ནི་ཉེ་བའི་གནས།། ཀཱ་མ་རུ་པ་དང་། ཨོ་ཌེ་དག་ནི་ཞིང་ངོ་།། ཏྲི་ཤ་ཀུ ་ནཱཾ་དང་། ཀོ་ས་ལ་དག་ནི་ཉེ་བའི་ཞིང་ངོ་། ཀ་ལྀ་ཀ། ལམ་པ་ཀ་དཱག་ནི་ཙཱ་ནཱ་དོ་ཧའོ།། ཀཉྩི་དང་། ཧི་མ་ལ་ཡ་དག་ནི་ཉེ་བའི་ཙྪ་ན་དོ་ཧའོ།། པྲེ་ཏ་པུ་རི་དང་། གྲི་ཧ་དེ་བཱ་ཏ་དག་ནི་འདུས་པའོ།། སཽ་རཥྚ་དང་། སུ་ཝ་རྞྞ་དྷཱི་པ་དག་ནི་ཉེ་བའི་འདུས་པའོ།། ན་ག་ར་དང་། ་སྲིན་དྷཱུ་ཤ་དག་ནི་དུར་ཁྲོད་དོ།། མ་རུ་དང་། ཀུ་ལུ་ཏ་དག་ནི་ཉེ་བའི་དུར་ཁྲོད་དོ།། ཞིང་དེ་རྣམས་ཀྱི་བདག་པོ་དག་གི་མིང་རྣམས་བརྗོད་པར་བྱ་སྟེ། རྒས་པ་མེད་དང་ཆུར་འགྱུར་དང་།། དེ་བཞིན་ཨི་དང་རྐུན་པོ་དང་།། ཟླ་བའི་གཟུགས་ཅན་དུག་གོང་དང་།། དྲོ ་ཟ་ཐ་དང་ནི་དྲག་པོ་འཇོམས།། ལུས་མེད་བྱུག་པའི་ལུས་ཅན་དང་།། རོལ་པས་འདོན་བྱེད་མཆེ་བ་ཅན།། ས་སྲུང་དང་ནི་རླབས་ཅན་དང་།། དེ་བཞིན་དུ་ནི་སྨན་འཇོམས་དང་།། མཐའ་ཡས་དང་ནི་ཉོན་མོངས་སེམས།། ཨ་མྲ་ལེན་དང་མི་བཟང་གདོང་།། པ་ལང ་གདོང་ཅན་དྲིལ་བུའི་འོད།། ཟ་བྱེད་གཏུམ་པོ་དང་ལྡན་དང་།། རལ་པས་འགྱིང་བཞིད་སྲུང་རྣམས།། གོ་རིམས་བཞིན་དུ་ཤེས་པར་བྱ།། སྤྱན་སེར་དབུ་སྐྲ་གྱེན་དུ་བརྫེས།། མཆེ་གཙིགས་པ་ཡི་ཞལ་མངའ་དང་།། ཐོད་པའི་ཕྲེང་བའི་རྒྱུན་དང་ལྡན།། ཕྱག ་ནཐོད་པ་ཁ་ཊྭཱཾ་གུ། ནགས་དང་འབྲོག་དང་གྲོང་སོ་སོ།། རི་དང་ཚང་ཚིང་ཆུ་འགྲམ་དང་།། ཆུ་བོ་རྫིང་འགྲམ་དག་དང་ནི།། ཁང་སྟོང་དང་ནི་བཞི་མདོ་དང་།། དབྱེན་པ་ཚོང་འདུས་ཡུལ་འཁོར་དང་།། གྲོང་ཁྱེར་ཤིང་དྲུང་དྲག་དང་ནི།། དུར་ཁྲོད་དང་ནི་ཚེང་ཚིང ་ཁྱིམ། སྨད་འཚོང་ཁྱིམ་དང་མུན་ཁུང་དང་།། གནས་གཞན་དག་ཏུ་དེ་དག་ནི།། གནས་བཅས་ནས་ནི་རྟག་ཏུ་གནས།། ཧཱུཾ་གིས་ས་བོན་ལས་བྱུང་བ།། ནང་གི་ཡིག་གསུམ་བྱིན་གྱིས་བརླབས།། རྣལ་འབྱོར་པས་ནི་མདུན་གནས་པར།། འབད་པ་ཡིས ་ནི་བསྒོམ་པར་བྱ།། ཆང་དང་ཤ་དང་འབྲུའི་ཆུང་།། འབྲས་ཀྱི་རྒྱལ་པོའི་ཆན་གྱིས་དགང་།། སྣོད་ནི་ཉི་ཤུ་རྩ་བཞི་དག། བླངས་ནས་གཏོར་མ་དབུལ་བར་བྱ།། དྲིལ་བུའི་སྒྲ་བཅས་སྤོས་ཕུལ་ནས།། རྣལ་འབྱོར་རིག་པས་སྤྱན་དྲངས་བྱ ་དེ་ནས་སྤྱན་དྲང་དོན་དུ་ན།། དེ་ཡིས་སྔགས་འདི་བརྗོད་པར་བྱ།། ཨོཾ་ཨ་ཡཱནྟ། ཨོཾ་ཨ་ཡན་ཏུ། ཀྵེ་ཏྲ་ཨ་དྷི་པ་ཏ་ཡེ། མཱ་མ་ཤཱན་ཏི་པུཥྚིཾ་ཝ་བྱས་དི་དྷི་སཱ་དྷ་ན་ཡཱ། ན་མོ་གྷོ་ནཾ་ན་ཤུ་ཌྷ་ན་པཾ་ཏེ་ས་པ་རི་ཝཱ་རིས་རཀྵ་ཌྷཾ་སརྦྦ་ཧི་ཏ་ཨི་ཧྲ་བྷ་བནྡྷ་སཧཱ། ་དེ་ནས་བོས་ཏེ་དྲིའི་ཆུས།། ཞལ་བསིལ་མཆོད་ཡོན་དྲག་ཕུལ་ནས། སྔགས་འདི་གསང་སྔགས་རིག་པ་ཡིས།། དེ་རྣམས་ལ་ནི་གཏོར་མ་དབུལ།། ཨོཾ་ཧྲཱིཿཧཱུཾ་ཨ་མུ་ཀཱ་ཨ་བ་ཏཱ་རཀྵེ་ཏྲ་པཱ་ལེ། མ་ཧཱ་བཾ་ལཾ་ཀཱ་ལི་ལཱ་ཛཱ་ཏཱི་ལཾ་མེ་ཧཱུཾ་བ་ལཱ་བྷ ་སུར་ཏྲི་ནི་ཏྲ་ཛྭ་ལ་མུ་ཁ་གནྡྷ་དྷཱུ་པ་བ་ལི་པུ་ཛ་གྲྀཧྣ་གྲྀཧྞ། བྷཻ་རཱ་བ་རཱ་བྷེ་ཏ་ར་ཏཱ་ར། ཙུ་རུ་དྷཱ་རུ་ཏུ་རེ། སུ་རུ་མུ་རུ། ཁ་ཁ་ཁཱ་ཁཱ་ལ་ལ་ལ། ཧེ་ཧེ་ཧ་ཧ། མཧཱ་དྷཱ་མ་ར་ཨ་ཏི་པ་ཏ་ཡེ་སྱཱཧྨ། ཞེས་བྱེ་བ་བཛྲད་ལ།། དཔལ་བདེ་མཆོག་འཁོར་ལོའི ་རྒྱུད་ལས་བཤད་པའི་མཁའི་འགྲོ་ཕྱག་རྒྱས་བཏིབ་སྟེ། ཤིང་གཅིག་གཱི་དྲུང་དུ་གཏོར་མ་དོར་བར་བྱའོ།། དེ་ལྟར་བྱས་ནི་རྣལ་འབྱོར་པས།། གང་གིས་སེམས་ཅན་དག་གི་དོན།། རྒྱུན་མི་འཆད་པར་བྱེད་པའི་ལས།། ཞི་བ་ལ་སོགས་དེ ་འགྲུ་བ་འགྱུར།། གལ་ཏེ་ཐུན་ནི་གསུམ་མམ་བཞིར།། རྣལ་འབྱོར་པས་ནི་གཏོར་མ་སྦྱིན།། དེས་ན་དེ་ལ་ཞིང་སྲུང་རྣམས།། རྟག་ཏུ་སྲུང་བར་བྱེད་པར་འགྱུར།། དགྲ་བོ་དང་ནི་རྒྱལ་པོ་དང་།། སེངྒེ་སྟག་ལ་སོགས་པ་དང་།། གཞན་ཡང ་གསོད་བྱེད་རིགས་ཅན་དང་།། རྐུན་མ་འང་དེ་ལ་གནོད་མི་བྱེད།། ལངས་པ་འམ་ནི་འདུག་པ་འམ།། ཉལ་ལམ་འགྲོ་བར་འགྱུར་ཀྱང་རུང་།། སྤྱོད་ལམ་ཐམས་ཅད་དང་ལྡན་པ།། དེ་ལ་དེ་རྣམས་སྲུང་བར་བྱེད།། བདག་ཉིད་དང་ནི་གཞན་དག་ལ།། གང་ཞིག ་མྱུར་དུ་སྐྱོ་བ་འདོད་པ།། དེ་ཡིས་ཞིང་སྲུང་གཏོར་མ་ནི།། གུས་པ་ཡིས་ནི་རྟག་ཏུ་བྱ།། དེ་ནི་ན་མཁའ་དང་མཉམ་པའི་རྒྱུད་ཀྱི་མན་ངག་གི་སྒོ་ནས་དཔལ་བདེ་མཆོག་གི་ཞིང་གི་བདག་པོའི་གཏོར་མའི་ཆོ་གའོ།། ་གང་གིས་རིམས་སོགས་རྣལ་འབྱོར་པས།། སྐད་ཅིག་གིས་ནི་རབ་ཞི་བྱེད།། ཤ་ཟའི་གཏོར་མའི་སྒྲུབ་པ་ནི།། དེ་ནས་གཞན་ཡང་རབ་བཤད་བྱ།། དང་པོར་ཏིང་འཛིན་ལས་ལངས་ཏེ།། འཇིགས་རུང་དུར་ཁྲོད་སོང་ནས་ནི།། དོགས་པ་མེད་པའི ་ཡིད་ཀྱིས་ནི།། དེ་རུ་དཀྱིལ་འཁོར་བྲི་བར་བྱ།། དུར་ཁྲོད་ཀྱི་ནི་སོ་ཕག་ཚོགས།། ལྷག་པས་བརྡུངས་ཏེ་ཁྱེར་བྱས་ནས།། ཚོན་རྩི་ཁ་དོག་ལྔ་པ་དྲུག། དེ་ནི་རྣལ་འབྱོར་རིག་པས་བྱ།། དེ་ནི་བདེ་མཆོག་དཀྱིལ་འཁོར་ནི།། གོ་རིམས་བཞིན་དུ་ལེགས ་བྱིས་ནས།། མེ་ཏོག་ཀུ་ར་བཱི་ར་སོགས།། གོ་ཀུ་ཅན་རྣམས་དང་།། བདུད་རྩི་ཡི་ནི་རྫས་དག་དང་།། བཟའ་བཏུང་དེ་བཞིན་ཤེས་རབ་དང་།། སྙོམས་འཇུག་མཆོད་པས་སྒྲུབ་པ་པོས།། གཙོ་བོ་ཧེ་རུ་ཀ་མཆོད་བྱ།། ཇི་སྲིད་དཀྱིལ་འཁོར་ལས ་འོད་ཟེར། ཁ་དོག་སྔོན་པོ་རྣམ་བྱུང་བ།། དེ་སྲིད་རྐང་པ་བརྒྱད་པའི་སྔགས།། མཉམ་གཞག་རྣལ་འབྱོར་པ་ཡིས་བཟླ།། དེ་མཐོང་ཡིད་ཆེས་ཤེས་བྱས་ནས།། ཤ་ཟིའི་གཏོར་མ་བརྩམ་པར་བྱ།། ཆང་གི་བཏུང་བ་དང་ལྡན་ཁྲག། ཉ་ཤ ་རློན་པ་དག་དང་ནི།། བསྲེགས་དང་བཙོས་པའི་བྱེ་བྲག་དང་།། དྲི་ཞིམ་མེ་ཏོག་དམར་པོ་དང་། ཁབ་དང་རས་ནི་སྔོན་པོ་དང་།། ཟངས་དང་མཁར་བ་ལས་བྱས་དང་།། ལྕགས་ཀྱི་ཕྱེ་མ་དགྲ་དང་ནི།། འབྲུ་སཱའི་ཚད་ཀྱིས ་བདང་བྱས་ནས་སྤོས་དང་མེ་ཏོག་སོགས།། བྱིན་ཏེ་བོད་པ་ཡང་དག་བརྩམ།། ཁྲོ་བོའི་སེམས་ལྡན་ཐུབ་དཀའ་བ།། དོགས་མེད་ཡོད་ཀྱིས་སྔགས་པ་ཡིས།། དུར་ཁྲོད་གནས་པའི་ཤིང་གཅིག་ལ།། འཇིགས་ནས་རྩེ་མི་ལ་ནས ་བུ་སྐྲ་བཤིག་གྱུར་པ་ཡིས།། དཔའ་བོ་དྲུག་གི་གྲོ་ཆ་དགོད།། ཊ་དང་མ་ལས་ཡང་དག་བྱུང་།། ཟླ་བ་དང་ནི་ཉི་མ་དག། མིག་ལ་བསམས་ནས་གནོད་མཛེས་ནོ།། རྒྱལ་པོ་ཕྱོགས་དག་བཅིང་བར་བྱ།། ཨོཾ་ཨ་ར་ལི་ཧོ ་ཀཻ་ནྱེ་ས་མ་ཡ་སྟཾ་དྲོ་ཤྱ་ཧོ།། དེ་ནས་ཤ་ཟ་བློ་ལྡན་གྱིས།། འདི་ཡིས་བོད་པ་བྱས་ནས་སུ། བརྩེ་བའི་བདག་ཉིད་ཁྲོ་ཆིག་གིས།། ཚིགས་བཅང་འདི་ནི་བརྗོད་པར་བྱ།། ཤྭ་ཟ་འམ་དེའི་ཡིད་འོང་བྱ།། འདིབྱོར་མི་བཟང་སུ་ཞི ་བྱ་བ་ངས།། ཀྱེ་ལུས་གཏོར་མར་སྦྱིན་པར་བྱ།། ངའི་ལུས་ལས་ཤ་ཁྲག་སོགས།། བཟའ་བ་དང་ནི་བཏུང་བར་གྱིས།། ཚིགས་དང་རྐང་དང་གླང་པ་དང་།། དེ་བཞིན་ཁམས་ནི་བདུན་པོ་དག། འོངས་ཏེ་ང་ལས་རྣ ་ནི་གནས་པར་གྱིས།། རྣལ་འབྱོར་པ་ནི་དེའི་ཚེ་ག། དེ་སྐད་མཚན་ཕྱེད་ནས་ཐོས་ནས།། རབ་ཏུ་དགའ་བའི་ཡིད་ལྡན་པ།། ཤ་ཟ་ཀུན་ཀྱང་མཐོང་བར་འགྱུར།། གུས་པས་ཤ་ནི་བཟའ་བའི་ཕྱིར།། བྱིན་ཅིག་ཅེས ་ཡི་ཚིག་ཐོས་ཏེ།། འདི་ནི་ཁྱེར་ཅིག་ཅེས་བརྗོད་བྱ།། གལ་ཏེ་ནུས་ཡོད་པའི་ལུས་ལྷས།། ཁྲག་ལ་སོགས་པ་དགུ་ཁྱེར་གཅིག། དེ་ནས་ཧེ་རུ་ཀའི་གཟུགས་སུ་མཐོང་ནས། དེ་དག་འཇིགས་པར་འགྱུར།། རྣལ་འབྱོར་པའི་རང་ལག་ནས།། ་གཏོར་མ་བླངས་ཏེ་འགྲོ་བར་བྱེད།། དེ་ལ་གཏོར་མའི་སྔགས་ནི་འདི་ཡིན་ཏེ། ཨཽ་པི་ཙི་པི་ཙྱཻ་པི་སྨ་ཤཱ་ན་ཝ་སི་བྷྲྀ། མ་ཧཱ་པི་ཤཱི་ཙ་བྷྱོཿ་མཾ་བ་ལི་གྲྀ་ཧྞ་ཏྱཾ། བྷུ་ཛ་ཐ། པི་བཱ་ཐ། ཡ་ཐེཥྚ་ད་མ་མེ་པྲ་ཡཙྪ་ན་ཏུ་སྭཱ་ཧཱུ~ཾ།། དེ་ནས་རབ་ཏུ་གསང ་བབར་བྱ་ཚིག་བརྒྱད་པའི་སྔགས་བརྗོད་ཅིང་།། དེ་ནི་ཤིང་རྩེ་ནས་བབྲ་ཏེ།། ཡེ་ཤེས་འཁོར་ལོ་གཤེགསུ་གསོལ།། རིམས་ལ་སོགས་པའི་ནད་ཞི་བ།། དེ་ནས་དེ་ཡི་རབ་འགྲུབ་འགྱུར།། རྣལ་འབྱོར་པ་ནི་ཇི་ལྟར་འདོད།། ལས ་བྱེད་འགྱུར་འདིར་ཐེ་ཚོམ་མེད།། དེ་ནས་རང་གི་གནས་ཕྱིན་ཏེ།། ཚུའི་གཏོར་མ་གཏང་བར་བྱ།། དེ་ཡིས་སྔར་བཤད་རིམ་པ་བཞིན།། སྒྲིམ་པ་གསུམ་ནི་སྦྱིན་པར་བྱ།། དེ་ནི་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་མན་ངག་གི་ཆོ་གའོ།། ་རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས།། བཏུས་ནས་དུག་ནི་ཞི་བྱའི་ཕྱིར།། མཁའ་ལྡིང་གཏོར་མ་བྱ་བ་ནི།། དེ་ནས་གཞན་ཡང་རབ་བཤད་བྱ།། ཕ་རོལ་ཚུ་རོལ་མེ་པའི་མཆོག། འོ་མའི་རྒྱ་མཚོ་ཟབ་མོ་ནི།། ཆུ་སྲིནྡ་འཛིན་ཀྲི་ཀུན་ཏུ་ཁྱབ།། གཡོ་ཞིང ་ན་མཁ་ཅིའི་གཏོས་རེག་པ།། རླབས་ཀྱིས་ཆུ་ནི་ཀུན་ཏུ་འཁྲུགས།། འོ་མ་མེ་ཏིག་ཀུན་དོམ་ཚུངས།། ཆུ་ནི་དཀར་པོ་མཁའ་གསལ་བ།། ཡི་གེ་སམ་ལེས་བྱུང་བར་བསམ།། དེའི་དབུས་གནས་ཡི་གེ་ཏཱཾ།། ཤིན་ཏུ་དཀར་པོ་བསམ ་པར་བྱ།། དེ་ལས་ཡོངསུ་གྲུབ་པའི་གྲུ།། གསེར་གྱི་རྒྱན་ནི་སྣ་ཚོགས་པས།། ཕྱོགས་བཞི་ནས་ནི་རྣམ་སྤྲས་པའི།། ཀ་བ་དག་གིས་བརྒྱན་པ་བསམ།། དེའི་སྟེང་པཾ་ལས་བྱུང་བ་ཡི།། པདྨ་དཀར་པོ་འདབ་བརྒྱད་པ།། ལྟེ་བ་གེ ་དང་བཅས་ཤིང་།། འོད་ཀྱི་ཚོགས་ཀྱི་རབ་འབར་བསམ།། ཡཾ་སོགས་ས་བོན་ལས་བྱུང་བ།། རླུང་ལ་སོགས་པའི་དཀྱིལ་འཁོར་བཞི།། དེའི་སྟེང་དུ་ཕྱོགསུ་ནི།། གོ་རིམས་བཞིན་དུ་བསམ་པར་བྱ།། སྔར་བཞིན་བདུད་རྩི་ཞེས་བྱ་བ།། སྤྲོ་དང ་བསྡུ་བའི་རིམ་པ་ཡིས།། མཁའ་ལྡིང་བདག་པོ་སྐྱེད་བྱེད་པ།། ས་བོན་དེའི་སྟེང་དུ་དགོང་།། དེ་ནས་དེ་ནི་གྱུར་པ་ལས།། མཁའ་ལྡིང་བདག་པོ་བསམ་པར་བྱ།། གདོང་ཅིག་ལགས་པ་བཞི་པྲ་སྟེ།། ཁ་དོག་དཀར་པོ་འོད་ཆེན་ལྡན།། གསེར་གྱི། ་གཤློ་ག~ཾ་པའི་དབུ་རྒྱན་ཅན།། ནོར་བུ་བཻ་ཌཱུཪྻའི་མཆུ།། རྐང་སྟེར་བྱུ་རུ་ལས་བྱུང་བ།། ཤེལ་ལྟར་དཀུར་བའི་གདོང་དང་ལྡན།། རྐེད་ལྟེ་བར་དུ་བདུད་རྩིས་གང་།། བུམ་པ་ལྷག་པ་གཉིས་ཀྱིས་ནི།། ཕྱག་བྱེད་པ་ལཱ་རབ་ཏུ་བརྩོན།། མིག་སོགས་ལ ་ནཱིནི་གཏི་མུག་སོགས།། རྡོ་རྗེ་གསུམ་ལ་ཚིགས་གསུམ་དགྲོད།། བསྐྱེད་ནས་དེའི་ཡན་ལག་གི། ཚིགས་རྣམས་ལ་ནི་ཧཱུཾ་དགོད་བྱ།། རིག་བྱེད་ཡི་གེ་དང་པོ་ནི།། དེའི་སྤྱི་བོར་བསམ་པར་བྱ།། སྙིང་གའི་ཡི་གེ་ཧཱུཾ་བྱུང་བའི།། འོད་ཟེར་མང་པོའི ་ཚོགས་ཀྱིས་ནི།། མཁའ་ལྡིང་དབང་ཕྱུག་འཁོར་རྣམས་ནི།། རང་གི་རྣམ་པ་ཅན་ཉིད་སྤྲོ།། དེ་ནས་མཁའ་ལྡིང་དབང་ཕྱུག་གི། དཀྱིལ་འཁོར་རྫོགས་པར་བལྟས་ནོས་ནི།། དྲི་ཞིམ་ཆུ་ཡི་དེ་ཉིད་ལ།། མཆོད་ཡོན་བྱིན་ནས་དེ་བཞིན་བོད།། ་དུག་འཇོམས་པ་ལ་བརྩོན་ལྡན་པའི།། ཕྱག་རྒྱ་འབར་བ་བཅིང་བར་བྱ།། ཨོཾ་པ་ཤྲེ་སྭཱ་ཧཱ། སྙིང་གའོ།། ཨོཾ་ཁྲི་པ་སྭཱ་ཧཱ། མགོ་བོའོ།། ཨོཾ་ས་ཀྵི་པ་སྭཱ་ཧཱ། གཙུག་ཕུད་དོ།། ཨོཾ་ཧ་ཀྵི་པ་སྭཱ་ཧཱ། ཆོ་གའོ།། ཧ་ས་ཀྵི་པ་ཨོཾ་མཚོན་ཆའོ།། ཡང ་ཨོཾ་བ་ཀྵེ་སྭཱ་ཧཱ། ལྟེ་བའོ།། དེ་ནི་ཡན་ལག་དྲུག་ལ་གློ་ཆ་དགོད་པའོ།། དེ་བཞིན་དུ་བོད་པོའི་ཕྱག་རྒྱ་འབྱུང་སྟེ། ལག་པ་གཡོན་པའི་གུང་མོ་བསྒྲེང་སྟེ། མཛུབ་མོ་དང་སྲིན་ལག་ཅུང་ཟང་བཀུག་ནས་མཐེའུ་ཆུང་དང་མཐེ་བོང་དག་དགུག་པ ་བྱའོ།། དེ་ནི་ནི་མཁའ་ལྡིང་བོད་པའི་ཕྱག་རྒྱའོ།། ཨོཾ་ཧྲིཿཔཀྵི་རཱ་ཛཱ་ཡ་ཨཱ་གཙྪ་སརྦ་པུཥྚ་པྶ་དུ་ཐཱ་ནཱི་མུ་ཁཾ་བན་དྷ་ཀུ་རུ་མ་ཧཱ་ཀཱ་ལ་ཀུ་ཊ་བི་ལཱ~ཾ་པ་ཧ་རི་ནི་ཤཱི་གྷྲཾ་ས་མ་ཡཥྚ་སྟྭཾ་སྨྲྀ་སྟྭཾ། ས་ས་ས་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ན་མཁའ་ལྡིང ་བོད་པའི་སྔགས་སོ།། དེ་ནས་མདུན་དུ་བ་ལང་དང་མ་ཧེ་ལ་སོགས་པའི་ཁ་ནཱ་མུ་ཐོ་བ་མེད་པའི་སྲོག་ཆགས་ཀྱི་རིགས་རྣམས་ཀྱི་འོ་མས་སྣོད་ཡོངསུ་བཀང་སྟེ། གངྒཱའི་ཆུ་དེང་ཡང་བསྲེས་ནས་དེ་བཞིན་དུ་སྣོད་གཉིས་པའི་ཐུག་གིས་ཡོད ་སུ་གང་བར་བྱས་ལ་སྔགས་འདིས་བྱིན་བརླབས་བྱའོ།། སརྦ་ཏཱ་ཐཱ་གཱ་ཏ་མི་བཻརྱ་ས་མ་ཡ་མུ་ཏྲ་སྥ་ར་ཎ་ཤྲཱི་ཡེ་ཧཱུཾ། དེ་ནས་སྤོས་དང་མེ་ཏོག་དང་མར་མེ་དང་། དྲི་དང་། ལྷ་བཤོས་རྣམས། ཛཱ་ཏི་ཕཱ་ལ་དིང་། གླ་གོར་ཞོ་ཤ་ལ་སོས ་པ་རྣམས་ཀྱིས་གཏོར་མེ་ལ་མཆོད་དེ་རྩེ་གསུམ་པའི་ནམཁའ་ལྡིང་གི་ཕྱག་རྒྱས་མངོན་པར་བཏབ་ལ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་ཏེ་གཏོར་མའི་སྔགས་བརྗོད་པར་བྱའོ།། ཨོཾ་ན་མོ་བྷ་ག་ཏྱཻ་ཨཱརྱ་པ་ར་མ་ཨ་ཤྱ་ཡ། ཏ་ཐཱ་ག་ཏ། ་ཡ་ཨརྷ་ཏེ་སནྱཀྶཾ་བུདྡྷཱ་ཡ། ཨོཾ་ཏཱ་རེ་ཏྱཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་གྲྀ་ཧྣ་གྲྀ་ཧྣཱ་བུཥྚ་དྷཱུ་པ་བཱ་ལི་ཨི་མ་སྭཱརྦ་ཨུ་པ་ཙ་རཱ་སཾ་པཙྪ། ཁ་གྷ་དྷི་པ་ཏེ། ཁ་ཁ་ཁཱ་ཧི་ཁཱ་ཧི་སྱ་མ་ཡ་མཱ་ནུ་སྨཱ་ར་ཨཱཿཧཱུཾ་ཕཊ་སྭཱཏྨ། ཞེས་བརྗོད་ལ། སྙིང ་གར་པདྨ་བསྐོར་བ་ལ་ལན་ལྔ་བྱས་ཏེ། རྡོ་རྗེ་དང་དྲིལ་བུ་དཀྲོལ་པ་སྔོན་དུ་འགྲོ་བ་ཅན་གྱི་སྙིང་པོ་འཇུག་པའི་ཕྱག་རྒྱ་བཅིངས་ལ། རྟའི་རྒྱལ་པོ་ང་རྒྱ་ལཾ་དང་ལྡན་པས་གཏོར་མ་དོར་བ་བྱ་སྟེ། པདྨའི་མཚོ་འགྲམ་མམ། རྫིང་ཆེན་པོའི་འགྲམ ་དུ་གཏོར་མ་དོར་བར་བྱའོ།། དེ་ནས་ལངས་ཏེ། ཨོཾ་བྷ་ཀྵ་སྭཱ་ཧཱ། ཞེས་བྱ་བའི་ཡི་གེ་ལྔའི་སྔགས་ཀྱིས་ལག་པ་གཡོན་པའི་སོར་མོ་རྣམས་བྱིན་གྱིས་བརླབས་ལ། ལག་པའི་དབུས་སུ་དབྱངས་དྲུག་པ་རྣམ་པར་བཀོད་དེ། དེ་ཡོངསུ་གྱུར་པ་ལས ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ལ། དེའི་སྟེང་དུ་བའོ་འོ་མྱ་ལྟོར་མདོག་དཀར་པོ་དང་ལྡན་པའི་ཡི་གེ་ཧཾ་རྣམ་པར་བཀོད་དེ།། ལག་པ་དེས་ཆུ་ལ་མངོན་པར་བསྔགས་ལ།། ཀུ་རུ་ཀུལླིའི་སྔགས་ཀྱིས་གུང་གི་ཁཱ་རུ་ཆུ་བླུགས་དེ་སྐད ་ཅིག་དེ་ཉིད་ལ་དུག་སྐྱུགས་པར་འགྱུརརོ།། བརྟན་པ་འམ་ནི་གཡོ་བ་འམ།། བཅོས་པ་ཡི་ནི་དུག་ཀྱང་རུང་།། མཆེ་བའི་དུག་གམ་དྲན་པའི་དུག། རེག་དང་མཐོང་བའི་དུག་ལ་སོགས།། སྤྲུལ་གང་གིས་ནི་ཟོས་པ་ཡི།། དུག་ནི་སྨད་ཅིག ་དེ་ལ་འཇོམས།། ཐ་ཚོན་དྲག་པོའི་མགྲིན་གནས་པའང་།། མ་ལུས་པར་ནི་འཇོམས་བྱེད་ན། ཀ་ལ་ཀུ་ཌའང་འཇོམས་པ་ནི།། འགྱུར་བ་རུ་ནི་ཐེ་ཚོམ་མེད།། དེ་བས་མཁའ་ལྡིང་མཆོད་པའི་ཕྱིར།། རྣལ་འབྱོར་པས་ནི་གཏོར་མའི་ལས ་གཞན་ལ་ཕན་པའི་སེམས་ཀྱིས་ནི།། བརྩོན་པ་ཡིས་ནི་ཀུན་ཏུ་བྱ།། བཟའ་བཏུང་ཁྱད་པར་ཅན་སོགས་དང་།། གོས་དང་རྒྱན་དང་བྱུག་པ་ཡིས།། སེམས་ཅན་ཁམས་ནི་མ་ལུས་པ།། རབ་གསོས་ལས་བྱུང་བསོད་ནམས་གང་།། བསོད ་ནམས་དེ་ནས་སེམས་ཅན་ཅིག། སྲོག་ནི་ཡོངསུ་སྲུང་ལྔས་བྱུང་།། དེ་བས་དུག་ནི་གཞོམ་པའི་ཕྱིར།། མཁའ་ལྡིང་བདག་པོའི་གཏོར་མོར་འདོང་།། དེ་ནི་རིག་པ་འཛིན་པའི་སྡེ་སྣོད་ལས།། བདག་གིས་གཏོར་མའི་ཆོ་ག་གསལ་བར་བཟླས།། མཉྫུ ་པས་སེམས་ཅན་ལ་ནི་ཕན་གདགས་ཕྱིར།། འབོད་པ་ཡིས་ནི་རྟག་པ་ཉིད་དུ་བྱ།། དཔལ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་ནང་ནས་བཏུས་པའི་མཁའ་ལྡིང་གི་གཏོར་མའི་ཆོ་གའོ།། །། རོ་ལངས་གཏོར་མ་སྒྲུབ་པ་ནི།། རྡོ་རྗེ་བདུད་རྩི ་རྒྱུད་ལས་གསུངས།། ཆོ་ག་ཡིས་ནི་རིམ་བཞིན་དུ།། གསལ་བར་དེ་ནས་ཡང་དག་བཤད།། གཏོར་མའི་ལས་ནི་ཐམས་ཅད་ལ།། བསྒོམ་པའི་སྟོབས་ཀྱིས་འབྱུང་པོ་རྣམས།། བསྐྱེད་ནས་མགུ་བར་བྱ་ཞེས་གྲགས།། རྣལ་འབྱོར་པས་འདིར ་དེ་བཞིན་མིན།། དང་པོར་རོ་ལངས་དག་གི་ཚོགས།། སྔགས་ཀྱི་མཐུ་ཡིས་བསླངས་ནས་ནི།། དེ་ནས་འདས་སོགས་དྲིས་ནས།། རྡོ་རྗེ་ཆེན་པོས་གཏོར་མ་སྦྱིན།། རེ་ཤིག་དང་པོར་ཤིན་ཏུ་འཇིགས།། དུར་ཁྲོད་རོ་ཡིས་འཇིགས་བྱེད་པར།། ་སོང་ནས་དོགས་མེད་སེམས་ཀྱིས་ནི།། མཚན་མོ་རོ་ནི་བཙལ་བར་བྱ།། རྒྱལ་པོས་ཉེས་པ་ལ་བརྟེན་ནས།། བསྒྲགས་གྱུར་པ་གང་ཡིན་དང་།། བསལ་ཤིང་ལ་སྐྱོན་ཡན་ལག་ནི།། མ་ཉམས་རོ་ཆེན་བཙལ་བར་བྱ།། འཁྱུད་པ་དང་ནིའོ།། ་བྱས་ཏེ།། དེ་བཞིན་དཔྱད་ཐག་བྱ་བ་ཡིས།། དགྱེས་གང་བཅོམ་ལྡན་འདས་ཀྱིས་ནི།། འདི་གསུངས་མཱ་མ་ཀཱི་ལ་གསུངས།། རོ་ལངས་ཆེན་པོ་སྒྲུབ་པ་ནི།། དེ་ནས་ཡང་དག་རབ་བཤད་བྱ།། མར་ངོའི་བརྒྱད་དམ་བཅུ་བཞི་ལ།། མཚན ་མ་གཅིག་གམ་བཞི་མདོ་འམ།། ཤིང་གཅིག་གམ་ནི་དུར་ཁྲོད་དམ།། ཆུ་ཡི་འགྲམ་དང་རི་བོ་རུ།། བྱ་བ་དག་ནི་ཐམས་ཅད་བསྒྲུབ།། དེ་བཞིན་རོ་ལངས་བསླད་པ་ནི།། མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། བསྲེགས་ནས་ཤི་བ་གང ་ཡིན་པ།། གདོལ་པ་འམ་ནི་གཡུང་མོའང་རུང་།། སྡུག་ཅིང་མཛེས་ལ་རྨ་མེད་པ།། སུམ་ཅུ་རྩ་གཉིས་སོ་དང་ལྡན།། ལོ་ནི་ཉི་ཤུ་རྩ་ལྔ་ལོན།། ཡང་ན་བཙའ་བའི་དུས་སུ་ནི།། ཤི་བའི་བུད་མེད་བསླང་བར་བྱ།། སྔགས་དང་སྨན་དང་ལྡན་པ་ཡི།། ་ཆུ་མདོག་དག་གྲིས་ཁྲུས་བྱ་ཞིང་།། ཙནྡྲ་དན་དཀར་པོ་གྷྲྀ་རྩི་ཡིས།། དེ་ལ་རྣམ་པར་བྱུག་པར་བྱ།། སྤོས་དང་མེ་ཏོ་གི་དག་གིས་མཆོད།། གཏོར་མ་སྣ་ཚོགས་སྦྱིན་པར་བྱ།། ཏིལ་མར་ཆེན་པོས་བྱུགས་ནས་ནི།། ཡུངས་ཀཪྵ་གྱིས་ནི་གདོང་ལ་བརྡག ་སྒྲུབ་པ་པོས་ནི་ཧེ་རུ་ཀ། ཞེས་བྱ་འི་དཀྱིལ་འཁོར་དེ་བྲི་བྱ།། ཟླ་བ་ཕྱེད་པ་ཐོད་མཚུངས་པ།། གཞུ་གདུངས་པ་ཡི་རྣམ་པ་ཅན།། རིག་མ་བརྒྱད་དང་ཡིང་དག་ལྗོན།། ཐོད་པ་རྣམས་ཀྱིས་ཉེ་བར་མཛེས།། གཞི་ནི་ཐོད་པ་དག་ཡིན་ཏེ།། ཐམས་ཅད་ཁ ་ཟློ་གཾ་བསྣམས་པ།། སྤྱན་གསུམ་དྲག་པོའི་གཟུགས་ཅན་ཏེ།། སྤྱན་དྲུག་རལ་གྲི་ཕྱག་བསྣམས་པ།། དཀྱིལ་འཁོར་འདིའི་ཕྱི་རོལ་ཏུ།། སྒོ་བསྲུངས་དག་ནི་རབ་ཏུ་བརྟག། བ་ལང་སཱ་དང་གླང་པོའི་སྭཱ།། བཞིན་བཟངས་དེ་བཞིན་བཞིན་ངན་པ།། དྲག ་བོའི་ཞགས་པ་ལྕགས་ཀྱུ་ཐོགས།། མི་སྡུག་རྣམ་གཙིགས་འཇིགས་རུང་བ།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། སྤོས་དང་མེ་ཏོག་ལ་སོགས་བྲི།། རོལ་ཆ་རྣམ་པ་སྣ་ཚོགས་མཆོག། དཀྱིལ་འཁོར་དུ་ནི་རིམ་བཞིན་བྲི།། དེ་ནས་དང་ཁོ་སྒྲུབ་པ་པོ།། ་ཧེ་རུ་ཀའི་གཟུགས་འཛིན་པ།། དུང་ཆེན་དག་གིས་རྣམ་པར་བརྒྱན།། ཁ་ན་ཤ་ཆེན་ཟ་བྱེད་པ།། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན།། ཤིན་ཏུ་རྣམ་གཙིགས་འཇིགས་རུང་བས།། དེ་རུ་ཅང་ཏེའུ་བརྡུང་བྱ་ཞིང་།། གར་གྱིས་གྲོང་ཁྱེར་འཇུག་པར་བྱ།། ལུས ་ལ་སྔགས་ཀྱིས་གོ་བགོས་པས།། དེར་ནི་ཡི་གེ་ཕཊ་བརྗོད་བྱ།། དཀྱིལ་འཁོར་མཆོག་ནི་སྔར་བཞིན་དུ།། ཁྲུག་ཆེན་པོ་ཡིས་བསང་གཏོར་བྱ།། ཧེ་རུ་ཀའི་སྔགས་ཆེན་པོ།། སྒྲུབ་པ་པོས་ནི་བཟླས་པར་བྱ།། ཁྲོ་བོ་བཅས་ནས་རོ་ལངས་ནི།། འབྲུག་གི ་སྒྲ་ནི་སྒྲོགས་པར་འགྱུར།། སྔགས་པས་འཇིགས་པར་མི་འགྱུར་ཞིང་།། ཧེ་རུ་ཀ་ནི་རྗེས་དྲན་བྱ།། ཧེ་རུ་ཀ་ནི་འཇིགས་རུང་བཤང་།། ཚངས་པའི་ཡུལ་ས་ཟེ་བྱེད་བརྩོན།། དྲག་པོ་ཆེན་པོ་ལྗགས་བསྐྱོད་པ།། འགྲོ་བ་ཀུན་དུ་སྡུད་པ་པོ།། ཧ་ཧ་ཞེས་ནི། ་སྒྲོགས་བཞད་པ།། འཇིགས་བྱེད་ཇི་བཞིན་འཇིགས་རུང་བ།། རྒྱ་མཚོའི་གླིང་གི་མེ་ལྟར་འབར།། ཉི་མ་བཅུ་གཉིས་དང་མཚུངས་འོད།། དཔའ་བོ་དབང་ཕྱུག་གཟུགས་ཅན་པ།། ཁམས་གསུམ་དོག་ནི་གཡོ་མཛད་པ།། སྒོམ་པའི་བདག་ལྡན ་དོ་ཡིས་གཟུགས།། སྒྲུབ་པ་པོས་ནི་དབང་པོ་བསམ།། ལངས་པར་གྱུར་ནས་རོ་ལངས་དེ།། སྒྲུབ་པ་པོ་ལ་འདི་སྐད་སྨྲ།། དཔལ་ཚོན་བདག་གིས་ཅི་ཞིག་བགྱི།། རྡོ་རྗེ་ཅན་མཆོག་བཀའ་སྩལ་ཅིག་རལ་གྱི་མིག་སྨནས་བོག་དང་། མཁའ་སྤྱོད་ཕམ་པར ་བྱ་བ་དག། ཇི་ལྟར་བསྒྲུབ་པར་འདོད་བཞིན་བུ།། ལས་དེ་རབ་ཏུ་སྒྲུབ་པར་བྱེད།། ཡིད་ལ་འབོད་པའི་ལས་གང་ཡིན།། སྒྲུབ་པ་པོས་ནི་དེ་ལ་བརྗོད།། དེ་དག་ཐམས་ཅད་སྒྲུབ་པར་བྱེད།། པདྨ་རྒྱ་ཆེན་མཱ་མ་ཀཱི།། དེ་ནས་དེ་ཡི་ཁ་ལས་ནི།། འདས་དང་། ་མ་འོངས་སོགས་ཤེས་བྱ།། རྒྱལ་པོ་ལ་སོགས་ཚེ་ཚང་དང་།། བདག་ཉིད་ཀྱིཡང་དེ་ལས་ཡིན།། ཤ་ཆེན་རྒུན་ཆང་ཟང་ཟིང་དང་གི། སྐྱེ་བ་བདུན་པ་ལས་བྱུང་བ།། ཤ་ནི་ཆེན་པོ་དག་གིས་ཀྱང་།། དེ་ནས་དེ་ལ་གཏོར་མ་སྦྱིན།། ཡང་ན་ལུས་ནི་མ་ཉམས ་ར་གཞོན་ནུའི་གཟུགས་ཅན་ཡོན་ཏན་ལྡན།། བ་ལ་ཁ་ན་མ་ཐོ་མེད།། རྙེད་ནས་གཏོར་མའི་སྡོང་དུ་གཞུག། བདུད་རྩི་དག་གིས་ཁ་བཀང་ནས།། ཧེ་རུ་ཀའི་གཟུགས་འཛིན་ཅིང་།། སྔགས་པ་ཕྱག་རྒྱ་ལྔ་འཆང་བ།། རྡོ་དྲིལ་བུ་སྙེམས་བཅས་པས།། བཤཱ ་གཅི་ཁྲག་ལྡན་བུད་མེད་གོས།། བདུད་རྩི་གུ་གུལ་གྱིས་ཐོད་པར།། རོ་བསྲེགས་མེ་ལ་སྤོས་བཏུལ་ཏེ།། སྒྲའི་མཆོད་པ་ཕྱིར་ལྡན་ཞིང་།། དེ་བྱས་སོར་གཏུབ་དང་ལྡན་པས།། འབེབས་པར་བྱེད་པའི་མཆོག་འགྱུར་ཏེ།། གསང་སྔགས་འདི་ནི།། ་བརྗོད་པར་བྱ།། ཨོཾ་བྷཱར་བྷུ་བ་སཱ། ཤྲཱི་ཧེ་རུ་ཀ་ཡ་བིད་མ་ཧེ། བིདྱ་རཱ་ཛ་ཡཱ་དྷི་མ་ཧེ་སྭཱ་ཧཱ་ཞེས་བྱ་བ་དེ་ཡིས་ཕབ་ནས་ནི།། མཁའ་སྤྱོད་ཕྱག་རྒྱ་བཅིངས་ནས་སུ།། བློ་གྲིས་ཆེན་པོས་རོ་ལངས་ལ།། ལག་པ་གཉིསུ་གཏོར་མ་སྦྱིན།། འདི་ནི་སྔགས ་ནི་འདི་ཡིན་ཏེ།། ཧཱུཾ་བཛྲི་ཀ་ར་མུ་ཀ་ཡེ་ན་མཿཤྲཱི་བཛྲ་རཱ་ག་ས་མ་ཡཱ་ན་མཾ། ཁ་ཊྭཱཾ་གེ་བཛྲ་པྲྀ་ཛ་ལ་ཡ་ཡ་ན་མཿཤྲཱི་བཛྲ་གྷཎྛ་ཙཽ་ལ་ཡ་ཡན་མཿལག་པ་གཡས་དང་གཡོན་དག་གིས།། སྒེག་བཅས་རྩེད་མོའི་ག་དག་གིས།། བསྐུལ ་བཟང་རྡོ་རྗེ་ཧ་ཧར་བཞད།། གཏོར་མ་མཆོད་པ་སྦྱིན་པར་བྱ།། དེ་ནི་རྣལ་འབྱོར་གྱིས་བཏེག་སྟེ།། ཆེ་མཆོག་ལས་བྱུང་མཆོག་འཛིན་པས།། དཔྲལ་བ་རུ་ནི་བསྐོར་བྱས་ཏེ།། སྤྱི་བོའི་གཙུག་ཏུ་བཟུང་བར་བྱས།། དེ་ནས་གར་བྱེད་ཕབ་བྱས་ནས།། ལྷ ་མོའི་རྣལ་འབྱོར་གྱིས་གླུ་དག། བླང་ཞིང་ཕྱག་རྒྱ་བརྒྱད་ཀྱིས་ནི།། དེ་ཉིད་གསང་བ་ལ་སྦྱར་བྱ།། དེ་ལྟར་ཐམས་ཅད་བྱས་ནས་ནི།། གཏོར་མའི་ཆོ་ག་རབ་རྫོགས་ནས།། དེ་ནས་རོ་ལངས་དེ་ཡིད་ནི།། མགུ་བར་རྟོགས་ནས་གུས་བཅས་པས།། དེ་ལ ་རྣལ་འབྱོར་བདེ་ས་ཚིག་གིས།། ཚི་གོ་ནི་འདི་སྐད་བརྗོད་པར་བྱ།། ཁྱོད་ཀྱི་མགུལ་ནས་ཞག་པ་གང་།། དེ་ནི་གྲོག་མཆོག་ངོ་ལ་བྱིན།། ཁ་ནས་བྱུང་བར་གྱུར་པ་ཡིན།། པེ་རེ་འདི་ནི་ང་ལ་བྱིན།། དེ་ནས་ཞགས་པ་པེ་ནེ་དག། དེ་ཡིས་དེ་ལྟ་སྟེར་བར་འགྱུར།། དེ་དག་བླངས་ནས་རྣལ་འབྱོར་པའི།། རྨ་ཆེན་ལས་ནི་བྱེད་པ་འགྱུར།། ཞམ་པའི ་ལ་འགྲངས་ནས་ནི། ཨུ་གྲང་ལྷན་ཅིག་སུ་བྱེད་པ་མི་བྱེས་ཁྲི་ཆེན་པོ་ལྔ།། དེ་ནི་སྐད་ཅིགས་གྲོལ་འགྱུར། བཙོང་བའི་དོན་དུ་གང་ཞིག་ལ། སྔགཱ་པོ་གང་གིས་བེ་ནེ་བྱིས།། དེ་ནི་ལག་ཏུ་སླར་ལྡོག་པར། འགྱུར་བདུ་པོ་ཚེ་སྟེ། དེ་ནས་བཏང་བར་བྱས་ནས་ནི། རྣམ་འབྱོར་རིང་གོ་གནས་མོ་བྱ། སྨོན་མོ་བཉེ་བ་སྟེ་དགེ་བ་ཉིད། ཡོང་སུ་བསྔོས་ཏེ་དེ་བར་གནས།། དེ་ན་རྡོ ་རྗེ་བདུད་རྩིའི་རྒྱུད་ལས་བཏུས་པའི་གཏོར་མའི་ཆོ་གའོ།། ། དཔལ་ལྡན་གདན་གཞིའི་རྒྱུད་གསུངས་པའི།། ཆོ་གས་རྒྱས་པའི་ལས་ལ་ནི།། ཆུའི་ལས་བྱ་གཏོར་མའི་ལས་བྱ་གཏར་མའ་ལས།། དེ་ནས་ཡང་དག་བཤད་པར་བྱ།། ་ངོ་མཚར་གྱུར་པའི་ལྷ་ཐོས་ཏེ།། ཆུའི་སྦྱིན་སྲེག་ཇི་ལྟ་བུ།། དེ་ཉིད་ཆུའི་སྦྱིན་སྲེག་གི། མཚན་ཉིད་ཇི་ལྟར་ཤེས་པར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པོ།། ཆུ་སོགས་མཚན་ཉིད་ཡང་དག་པ།། རྡོ་རྗེ་དེ་ཉིད་ཡང་དག་བྱིན།། བླ་རེ་དག ་།། ནི་རྣམ་པར་སྐྱེས།། སྣ་ཚོགས་གོས་ནི་རབ་ཏུ་འཆང་།། དྲི་དག་གིས་ནི་ཀུན་ཏུ་བྱུགས།། གྲུ་བྱཞི་ཤིནྡ་ཏུ་རྒྱུ་ཆེ་བ།། དབུས་སུ་སྣོད་ནི་དཀར་པོ་བཞག། རྫས་ནི་དཀར་པོར་བྱུགས་བར་བྱཱ།། ཆུ་ནི་འོ་མ་དང་བསྲེས་ཤིང་།། གཙང་ཅ། ་ཆུ་ཡིས་ཡོངས་གང་བ།། དྲིའི་ཆུ་ཡིས་ཀུན་དུ་གང་།། ལྷག་མ་དག་གིས་རྒྱན་གྱུར་བྱ།། བུམ་པ་བརྒྱད་པོ་དྲུག་ཀྱང་ནི།། ཕྱོགས་བརྒྱད་དུ་ནི་བཞག་པར་བྱ།། སྐད་ཅིག་རྣམ་པས་བསྐྱེད་པ་ཡོས།། ཡེ་ཤེས་མཁའ་འགྲོ་བདག་ཉིད་ལ།། ་སྤོས་དང་མེ་ཏོག་དྲི་སོགས་ཀྱིས།། བདག་གིས་དངོས་པོ་མ་ཆོད་པར་བྱ།། དེ་ནས་ཕྱི་རོལ་གནས་སུ་ནཽ།། ཆུ་ཡི་ལམྦྷ་རྣམས་བྱ་བ་ཡིན།། ལྕག་གཉིས་ཐལ་མོ་སྦྱར་བྱས་ནས།། པདྨའི་རྣམ་པར་གཟུང་བར་བྱཱ། ཨོཾ་ཀ་མ་ལ་ཡེ་སྭཱ་ཧཱ།། པདྨའི་སྔན ་དང་ཕྱག་རྒྱའོ།། ཆུའི་དབུས་སུ་པདྨ་ནི།། ཟླ་བའི་དཀྱིལ་འཁོར་བརྒྱན་པ་དགོད།། གདུ་གས་ནི་དཀར་པོ་གཡོགསྨྲ་བ་ཡི།། སྣ་བོན་དབུས་བསྒོམ་པར་བྱ།། རླུང་གི་དབུགས་ལས་བྱུང་གྱུར་པ།། སྐྱ་བོན་གྱིས་ནི་གཟུགས་བསྐྱེད་བྱ།། ཕྱག་གཉིས ་སེམས་དཔའི་སྐྱིལ་ཀྲུང་བཅས།། རྒྱུན་ནི་ཐམས་ཅད་ཀྱིས་བརྒྱན་པ།། ཕྱག་ན་རྡོ་རྗེ་དབྱུག་པ་བསྣམས།། སྒྱུ་མདོག་དཀར་པོར་རབ་ཏུ་གྲགས།། བྱཱ་ཞད་ཙི་དྱཱ་ཁྲོ་བོ་སྒེག་ལྡན་པ།། རབ་ཏུ་མཛེས་བྱའི་གོས་ཀྱིས་བརྒྱན།། དམ་ཚི་ག་ཕྱག་རྒྱུ་བསྟན་བྱ་ཞིང ་དམ་ཚིག་སྔགས་ནི་བརྗོད་པར་བྱ།། ལག་གཉིས་ཕན་ཚུན་ཁུ་ཚུར་བཅསོ།། མཛུབ་མོ་གཉིས་ནི་རབ་བརྐྱང་ཞིང་།། བཀུག་ཅིང་མདུད་པ་བྱས་པ་ནི།། དམ་ཚིག་ཕྱག་རྒྱ་རེ་རབ་ཏུ་བསྒྲགས།། ཨོཾ་ས་མ་ཡེ་ཏིཥྛ་ཧཱུ~ཾ་ཕཊ།། དམ་ཚིག་སྔགས་དང་ཕྱག་རྒྱ ་ཤར་གྱི་བུམ་པར་ནོར་བུ་བཟང་།། ལྷོ་རུ་གང་བ་བཟང་པོ་སྟེ།། ནོར་སྦྱིན་ནུབ་ཀྱི་བུམ་པར་རོ།། དེ་བཞིན་བྱང་དུ་རྣམ་ཐོས་སྲས།། རྣ་ཆ་བཟང་པོ་དབང་ལྡན་དུ།། རྩེ་ལྡན་ཞེས་བྱ་མེ་ཕྱོགསུ།། བདེན་བྲལ་ཕྱོགསུ་ཕྲེང་ལྡན་ཉིད།། མུ་ཅོར་སྨྲ་བ་རླུང་ཕྱོགསུ།། ་ཡང་དང་ཡང་དུ་མངོན་བསྔགས་ནས།། ཛཾ་བྷ་ལ་ནི་དབུས་སུ་དགོད།། ད་ནི་བུམ་པ་དགོད་པའོ།། ནོར་འདོད་པའི་རྣལ་འབྱོར་པས།། དེ་ནས་ལག་པ་ལ་དགོད་བྱེ།། ལག་པ་དྲི་ཡིས་བྱུག་པ་ལ།། ནོར་བུ་བཟང་སོགས་ཡང་དག་དགོད།། ནོར་བུ་བ ་བོཔོ་མཛུབ་མོ་ལ།། གང་བ་བཟང་པོ་གུང་མོ་ལ།། ནོར་སྦྱིན་གནོད་སྦྱིན་སྲིན་ལག་ལ།། རྣམ་ཐོས་སྲས་ནི་མཐེའུ་ཆུང་ལ།། མཐེ་བོང་ལ་ནི་རྩཝ་ཆ་བཟང་།། འཁྲིག་མར་རྩེ་ལྡན་ཕྱེང་ཅན་དག། ལག་པཱ་ཡི་ནི་ལག་ངར་ལ།། ཀུན་དུ་མུ་ཅོར་སྨྲ་དབང་ཕྱུག། ཡང ་དང་ཡང་དུ་མངོན་བསྔགས་ཏེ།། ཛཾ་བྷཱ་ལ་ནི་དབུས་སུ་དགོད།། ཨོཾ་ཛཱི་བུ་པུཾ་ས་ཞེས་བྱ་བའི་ས་བོན་རྣམས་གུང་མི་ནས་བརྩམས་ཏེ་མཐེ་བོང་ལ་ཐུག་པ་ལ་གོ་ལྔའོ།། དེ་ནས་སོ་སོའི་ཕྱག་མཚན་ནི།། དམ་ཚིག་ཕྱག་རྒྱ་བཞིན་དུ་བསྟནི།། སྤོས་དང་མེ་ཏོག ་ལ་སོགས་དྲིས།། མཁས་པ་ཡིས་ནི་མཆོད་པར་བྱ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། གཡོན་པ་སྙིང་གར་བཞག་བྱ་ཞིང་།། གཡས་པ་གོང་དུ་བཞག་བྱེ་བ།། རྩིའི་ཕྱག་རྒྱར་རབ་ཏུ་བསྒྲགས།། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ།། ཨོཾ་ཛ~ཾ་ཧཱུཾ་སྭཱ་ཧཱ། རྩ་བའི ་སྔག་སོ།། མེ་ཏོག་དཀར་པོ་ཀུན་ད་སོགས།། ངུར་བ་མདུན་དུ་དབུལ་བར་བྱ།། སྦྱོར་བ་བརྒྱ་རྩ་བརྒྱད་པ་ནི།། མཁས་པས་མགོ་བོའི་སྟེང་དུ་བླུགས།། སྦྱོར་བ་རེ་རེ་ཞིང་ནི་བླུགས།། ལན་ཅིག་བརྗེད་ནས་དབུལ་བར་བྱ།། ཁྲི་ཕྲག་གཅིག་གིས་དེའི་ལན།། ་ཐམས་ཅད་དག་ནི་འགྲུབ་པར་འགྱུར།། མེ་ཏོག་ཀར་བིར་སོགས།། མེ་ཏོག་ཁ་དོག་དཀར་པོ་རུང་།། ཁྱོར་གཁྲི་ཕྲག་གཅིག་ཕུལ་ན།། ཁྱིམ་ནི་ཞི་བར་བྱས་པར་འགྱུར།། ཡང་ཞིང་ནཱ་གཱ་པུས་པ་དག། འོ་མ་དང་བསྲེས་དབུལ་བྱ་ཞིང་།། ཁྱོར ་པ་ཁྲི་ཕྱག་གཅིག་ཕུལ་ན།། དེ་བཞིན་གློང་ནི་ཞི་བར་འགྱུར།། ལས་རྣམས་ཀུན་ལ་སྦྱར་བྱ་ཞིང་།། པདྨ་རྣམ་པ་སྣ་ཚོགས་པ།། ཁྲི་ཕྲག་ཕུལ་བ་ཙམ་གྱིས་ནི།། ཡུལོ་ནི་ཞི་བར་བྱས་པར་འགྱུར།། པྲི་ཡང་ཀུ་དང་བིལ་བ་དང་།། ཨུཏྤ་ལ་དོང་ཀུ་མུ་ད།། ་རྒྱལ་པོའི་སྐྱོན་ལ་སྦྱར་བྱས་ནཱ།། ཕ་རོལ་ཡུལ་འཁོར་འཇིག་པར་འགྱུར།། གང་ཞིག་ནང་བར་བརྒྱ་རྩ་བརྒྱད།། ཚུ་ལ་གཏོར་མ་སྦྱིན་བྱེད་པ།། སྔགས་པ་དེ་ལ་ཡིད་འོང་བའི།། ནོར་དག་རྒྱས་པར་གྱུར་པ་ཡིན།། དེ་ནས་སྔ་མ་བཞིན་དུ་གསེར་ལ་སོ ་པཾ་ལས་བྱས་པའི་སྣོད་དགུ་ཆུ་དྲི་ཞིམ་པོས་གང་བར་བྱས་ཏེ་དེའི་ནང་དུ་འབྲུ་དང་རིན་པོ་ཆེ་དང་སྨན་དང་དེ་བཞིན་དུ་བའི་འོ་མ་བཙུག་ལ། མེ་ཏོགེ་དང་སྤོས་ལ་སོགས་པའི་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་དེ། སྔར་བཤད་པའི་བྱ ་རྒྱས་ཀྱང་མངོན་པར་རྒྱས་བཏབ་ནས་དྲིལ་བུ་དཀྲོལ་བློ་སྔོན་དུ་འགྲོ་བས་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཛཾ་བྷཻ་ལ་ཛ་ལེན་དྲཱ་ཡ་སྭཱཧཱ། ཇི་སྲིད་ཨོཾ་མུ་ཁེ་ཤྭ་རཱ་ཡཱ་སཱཧཱ་ཞེས་བྱ་བ་ལ་ཐུག་པའི་སྔགས་དགུ་བརྗོད་ལ་སྤྱནྟེ་དྲང་སྟེ། དེ་རྣམས ་མངོན་སུམ་དུ་གྱུར་པར་བལྟས་ལ་གཏོར་མ་སྦྱིན་པའི་ཕྱིར་ཡང་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ན་མོ་བྷ་ག་བ་ཏི་ཛཾ་བྷ་ལ་ཛ་ལེན་དྲཱ་ཡེ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨི་མཾ་བི་ལཾ་པྲ་ཏི་ནྱ་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་བཛྲ་ཛཾ་ཕཊ་སྭཱ་ཧཱུ~ཾ། མཱ་མ་ཧི་ར་ནུ་ཎུས ་བརྞྞ་མ་ཎི་མུ་ག་ཏ་རཏྣ་ཏེ་མ་ནཱི་དྷ་ནི་དེ་ཧེ་མཱི། ཛཱི་གྷྣཱནཱ་ཏུ། པི་བན་ཏཱ་ཁ་དན་དུ། མ་མཱ་ཤཱུན་ཏི་པུཥྚཱཾ་ཀུ་རུ་བཛྲ་དྷ་རི་ཀ་བ་ལི་པྲ་ཏཱི་ཙྪ་ས་མ་ཡཱ་མ་མུ་སྨཱ་རཱ་ཛྲྀ་ཛ་ཛཾ་ཛོ་ཧཱུ~ཾ་ཛཱཾ་ཛི་ཛ་ཕཊ་སྭཱ་ཧཱ། ཞེས་བྱ་བ་བརྗོད་ལ་དྲག་ཏུ་འབྲུག་པའི་ཆུ་བོ་ཁ་དོར་བར་བྱའོ།། དེ་ན ་གཏོར་མ་བསྒྲུབ་པ་དང་།། དེའི་བདག་རྡོ་རྗེ་གནོད་སྦྱིན་དང་། བུ་སྟེ་རྣམ་ཐོས་སྲས་ཀྱི་ནི།། དེ་བྱས་བཞིན་ཡང་རབ་བཤད་བྱ།། རེ་ཞིག་དང་པོར་རང་གི་ཁྱིམ་མམ། ལྷ་ཁང་ངམ་མཆོད་རྟེན་གྱི་གནས་སམ་ལྷའི་ཁང་པ་འམ། གང་ཡང་རུང་བར་གནས་པས ་ཉིན་ཞག་རྟོག་ཏུ་བྱ་བའི་རིམ་པས་གཏོར་མོ་འང་བྱའོ།། བཟའ་བའི་བྱ་བའི་དང་པོར་ཡི་གེ་དང་པོ་ཡོངསུ་གྱུར་པ་ལས་གནོད་སྦྱིན་མ་ཆེན་པོ་འཕྲོག་མ་གདོང་ཅིག་པ་ལག་པ་གཉིས་པ་ཁའི་ནང་མཆེ་བ་གཙིགས་པས་འཇིག་སུ་རུང་བ ་ཁ་ན་ལྕེ་འདྲིལ་ག་རྐེད་པའི་ཆ་མའི་པགས་པས་གཡོགས་པ། ལག་པ་གཡོན་པསྔ་མིའི་མགོ་བོ་བཟུང་བ་གཡས་ན་དྲོ་མཚར་གྱི་ཕྱག་རྒྱ་འཛིན་པ། གུར་གྱི་འགྱིང་ཚུལ་བྱས་པ་སྣ་ཚོགས་མདོག་ཅན་རྣམ་པར་བསྒོམས་ལ། དེ་བཞིན ་དུ་དེའི་བདག་པོ་རྡོ་རྗེ་གནོད་སྦྱིན་དེ་ཁོ་ན་བཞིན་དུ་བྱུང་བ་སྟེ། འོན་ཀྱང་གཅེར་བུ་སྒྲ་བཤིག་པ་རྣམ་པར་བསྒོམས་ཏེ། དེ་བཞིན་དུ་དེའི་བུ་རྣམ་ཐོས་སྲས་ཡི་གེ་དང་པོ་ལས་བྱུང་བ་མདོག་དམར་པོ་ལག་པ་གཉིས་པ་གདོང་གཅིག་པ་མཆེ་བ ་གཙིགས་པའི་གདོང་ཅན་སེང་གེ་ལ་ཞོན་པ་གཡོན་སེང་གའི་རྒྱལ་མཚན་ཐོགས་པ། གཡས་ན་རིན་པོ་ཆེའི་གཏེར་ཐོགས་པ། དུང་གི་གཏེར་དང་། པདྨའི་གཏེར་གཉིས་ཀྱིས་སྒེག་པ་དང་བཅས་པའི་གཡོན་དང་གཡས་པ་ན་ཐོགས་པའི ་རྔ་ཡབ་དཀར་པོ་གཡོན་པར་ཡང་རྣམ་པར་བསྒོམས་ལ། དེ་ནས་དེ་རྣམས་བོད་པའི་ཕྱིར་ཨུཏྤ་ལའི་ཕྱག་རྒྱ་བཅིང་བར་བྱའོ།། འདིར་སྔགས་ནི་ཨོཾ་ཨེ་ཧྱེ་ཧི་རི་ཏེ་ཡ་བཱ་ཤྩཱ་པུ་ཏྲ་ཤ་ཏ་པ་རི་བཱ་རེ་བཛྲཱ་ཡཀྵ་བྷཱི་ཡེ་ཨ་སྨིན ་སན་ནི་ཧི་ཏོ་བྷ་བ་སྭཱ་ཧཱ། བོད་པའི་སྔག་སོ།། དེ་ནས་ཟས་ཀྱི་སྣོད་ནས་འབྲས་ཆན་གྱི་ཆང་བུ་གསུམ་བྱས་ཏཱ་ས་ལ་གཞག་པར་བྱའོ།། ཆང་དང་ཤ་ལ་སྩོགས་པ་ཇི་ལྟར་རྙེད་པར་ཅུང་ཟད་ཙམ་བྱིན་ལ་སྔགས་བརྗོད་པར་བྱའོ།། ཨོཾ་ཧ་རི་ཏྱེ་མཧཱ ་ཡཀྵ་སེ་ནཱ་པི་ཏ་ཡི་ཧེ་ར་ཧཱ་ར། སརྦེ་པ་པ་པཾ་ནི་ཀྵི་སརྦ་ཡཀྵ་ནཱི་པྲ་བེ་ཤྲ་ཏ་པ་རི་བཱ་རཱ་ཨི་མ~ཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཡཀྵ་རུ་ད་ཕཊ་སྭཱ་ཧཱ། ཨོཾ་བེ་ཤྲ་བ་ཎཱ་ཡེ་སྭཱ་ཧཱུ~ཾ། ཞེས་བྱ་བའི་སྔགས་བརྗོད་ལ་ཆུའི་སྣོད་དུ་བཅུག་སྟེ་དབེན་པར་གཞག ་པར་བྱའོ།། དེ་ནི་རྟག་པར་བྱ་བའི་གཏོར་མི་ཆོ་གའོ།། མཁས་སྤྱོད་གཏོར་མའི་རིམ་པ་ནི།། ཚེ་གྲཝ་རབ་གསལ་ལི་བརྟེན་ནས།། རྣལ་འབྱོར་མ་རྒྱུད་རྗེས་འབྱངས་ནས།། དེ་ནས་གཞན་ཡང་རབ་བཤད་བྱ།། གཏོར་མའི་ལས་ལ་བྱ་རྣམས་ལས།། བྱ་རོག་གཱི་ནི་རི་ཌ ་རྣམ་བསྔགས།། འདི་ལྟར་དེ་དག་མཁས་རྣམས་ཀྱིས།། གཏོར་ཟན་ཉིད་དུ་བཤད་པ་ཡིན།། སྔགས་པས་བཟའ་བའི་སྔོན་རོལ་ཏུ། དུར་ཁྲོད་ཆེན་པོར་སོང་ནས་ནི།། བྱ་རོག་ལྷའི་བདག་ཉིད་ཅན།། ཚིམ་ཕྱིར་དེ་རུ་གཏོར་མ་བྱ།། མངོན་བརྗོད་བླ་མའི་རིམ་པ ་བཞིན།། དེ་རུ་དཀྱིལ་འཁོར་བསམ་པར་བྱ།། གེ་སར་ལྟེ་བ་དང་ལྡན་པའི།། པདྨ་འདབ་མ་བརྒྱད་པ་བསམ།། དེའི་དབུས་ལྷ་མོ་དགོང་།། དྲག་པོའི་གཟུགས་ཅན་མདངས་ཅན་མ།། ཞལ་གཅིག་ཕྱག་ནི་བཞི་པ་སྟེ།། ཐོང་བ་ཁ་ཊྭཱཾ་ག་ཡིས་བརྒྱན།། ཕྱག་ན་གྲི ་གུག་མགོ་བསྣམས་ཉིད།། ལྟེ་བའི་དབུས་སུ་བསྒོམ་པར་བྱ།། སྤྱན་གསུམ་སྨིན་མ་ཁམ་ལྡན་པ།། རོལ་པའི་འདུག་སྟངས་གར་དང་ལྡན།། སྐྱེག་པ་ལ་སོགས་རོ་ལྡན་པ།། གར་གྱི་སྦྱོར་ལྡན་བསྒོམ་པར་བྱ།། ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་རྣམས།། ཕྱག་རྣམ་ས། ་ཀུན་ན་ཐོ་སྔོགས་བསྣམས།། མི་སྡུག་དྲག་པོ་འཇིགས་རུང་བ།། འོད་བ་མ་བརྒྱད་ལ་རྣམ་དགོད་བྱ།། དེ་ནས་རང་རང་སྔགས་རྣམས་དང་།། སྤྱི་དང་བསྡུ་བ་བྱེད་པ་ཡིན།། མཁས་སྤྱོད་ཕྱག་རྒྱུ་བཅིངས་ནས་ནི།། དེ་ནས་ཀུན་ཏུ་སྤྱརྒྱུ་དང་བྱ།། སྤོས་དང་མེ་ཏོག་མར ་མེ་དང་། དྲི་དང་ལྷ་བ་ཤོས་ལྔ་རྣམས་དང་།། མཆོད་ཡོན་ཞབས་བསིལ་རིམ་གྱིས་ནི།། དཀྱིལ་འཁོར་མཆོག་ནི་མཆོད་པར་བྱ།། ཁྭའི་གདོང་ཅན་མཁའ་འགྲོ་མར།། བདག་ཉིད་ཀྱང་ནི་བསམ་པར་བྱ།། ཇི་ལྟར་དཀྱིལ་འཁོར་འཁོར་ལོ་བཞིན།། འཁོར ་རྣམས་བརྒྱད་པོ་བསམ་པར་བྱ།། དེ་ནས་ཤིང་རྩེ་ལ་གནས་པའི།། བྱ་རོག་ཚོགས་རྣམས་གུས་བཅས་པས།། ཁ་གདོང་ཚེ་བྱད་གཟུགས་ཅན་དག། རིམ་པ་ལ་ནི་བརྟེན་ནས་བསྒོམ།། དེ་ནས་དེའི་སྔགས་ཀྱིས་ནི།། དེ་རྣམས་ཀྱང་ནི་སྤྱན་དྲང་བྱ།། རྣམ ་འབྱོར་པས་ནི་སྤྱན་དྲངས་ནས།། དེ་རྣམས་ལ་ནི་གཏོར་མ་དབུལ།། ཞོ་དང་འབྲས་ཆན་ཡིད་འོང་བས།། སྣོད་ནི་རབ་ཏུ་གླང་བྱས་ནས།། བློ་ལྡན་གྱིས་ནི་ཆང་གུ་དགུས།། གཉིས་པ་ཡང་ནི་དབང་བར་བྱ།། མཆོད་ཡོན་མེ་ཏོག་སོགས་རྣམས་ཀྱིས།། སྔར ་བཞིན་སྣོད་གཉིས་མཆོད་པར་བྱ།། དེ་ནས་རྣལ་འབྱོར་མཉམ་གཞག་པ།། ཁྭའི་གདོང་ཅན་གཟིགས་འཛིན་ཅིང་།། དཔའ་བོ་སེམས་ལྡན་རྩེ་བདག་གིས།། གཏོར་མའི་སྔགས་ནི་བརྗོད་པར་བྱ།། དེ་ནས་ཐུགས་ཀྱི་འཁོར་ལོ་གནས།། མཁས ་མའི་ཚོགས་ཇི་སྙེད།། སྩོལ་བ་བྱ་རོག་གཟུགས་ཉིད་དུ།། དེ་དག་ཐམས་རྒྱུད་དེར་འོང་འགྱུར།། ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི།། མཁའ་སྟོང་དག་ནི་ཅི་འདྲ་དང་།། ཇི་སྙེད་ཡོད་པ་དེ་དག་ཀུན།། བྷ་རོག་རྣམ་པར ་དེ་གནས་འགྱུར།། ཨོཾ་ནི་མ་ཤྲཱི་བཛྲ་ཌཱ་ཀཱ་ཡཱ་ཨོཾ་ཀྵ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། དེ་ཡིས་རབ་ཏུ་གང་བའི་སྣོད།། སྙིང་གར་རབ་ཏུ་བསྐོར་བྱས་ནས།། དེ་ནས་མདུན་སྦྱིན་རྣལ་འབྱོར་པས།། དི་རུ་མཚན་མ་བརྟག་པར་བྱ།། དེས་ནི་ས་རབ་གཡོ་བར་གྱུར།། ཕྱོགས ་རྣམས་ལུས་ནི་འབྲུག་སྒྲ་འབྱུང་།། གླ་རྩི་མཚོ་སྐྱེས་དག་དང་ནི།། དྲི་བསྲུང་ཡིད་དུ་འོང་བའང་འབྱུང་།། དེ་ཡིས་སླར་ཡང་ཚིམ་བྱ་ཞིང་།། སྟེ་གོལ་བཅུ་པོ་དག་གིས་ནི།། ཕྱོགས་བཅུ་བཅིངས་པ་སྔོན་འགྲོ་བས།། སྡོམ་བརྩོན་གྱིས་ནི་སྔགས་འདི ་བརྗོད། ཨོཾ་བཛྲ་ཌཱ་ཀཱི་མྱ་བི་ཙི་རི་རུ་ཀ་ཀཱ་པ་སྱ་ཙི་ལོ་ལ་ག་རུ་ཊ་ཨི་མཾ་བཱི་ལཱྀ་གྲྀཧྞ་ཏུ་ས་མ་ཡ་རཀྵནྟུ།། ཡ་ཐེཥྚ་སརྦ་སིད་དྷི་པྲཱ་ཡ་ཙྪནྟ་ཧཱུཾ་ཧཱུཾ་སྭཱ་ཧཱ།། དེ་ནས་ཤིང་གཅིག་དྲུང་དུ་ནི།། གཏོར་མ་ཆེན་པོ་དེར་དོར་ནས།། སྔར་བཞིན་གཤེགསུ་གསོལ ་བྱས་ཏེ།། བསྟོད་པའི་ཚོགས་བཅད་འདི་རྣམས་བརྗོད།། ཀུན་ཏུ་རྟོག་པའི་འཆིང་པོ་བཅད།། འཇིག་རྟེན་བྱ་བ་གྲུབ་བྱེད་པའི།། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མྱ།། དེ་སྙེད་རྣམས་ལ་རྟག་ཕྱག་འཚལ།། མཁའ་འགྲོ་མའི་འཁོར་ལོ་སྒྱུར།། སྐུ་གསུམ་ཡིས ་ལྔ་ལྡན་པ་འགྲོ་བ་སྐྱོབས་མཛད་དཔལ་ལྡན་པའི།། རྡོ་རྗེ་མཁའ་འགྲོ་ཕྱག་འཚ་ལོ།། དེ་ནི་མཁའ་སྤྱོད་མའི་གཟུགས་ཅན་གྱི་བྱ་རོག་གི་གཏོར་མའི་ཆོ་གའོ།། གང་གིས་ས་སྤྱོད་ཚོགས་དག་ནི།། མཆོག་ཏུ་ཚིམ་པར་འགྱུར་བ་ཡི།། ཕྱིའི་གཏོར ་མོའི་རིམ་པ་ནི།། དེ་ནས་གཞན་ཡང་རབ་བཤད་བྱ།། དགོན་པ་ཆེན་པོའི་རྣལ་འབྱོར་ཆེས།། དཀྱིལ་འཁོར་ཆེན་པོ་བསམ་པར་བྱ།། སྔར་བཞིན་འ་བ་བརྒྱད་དག་གིས་ནི།། ཡོངསུ་མཛེས་བྱས་པདྨ་ནི།། དེ་དབུས་ལྷ་མོ་ཁྱི་གདོང་ཅན།། སྔ་མ་བཞིན ་དུ་བྱསམས་ནས་ནི།། རྣལ་འབྱོར་དབང་ཕྱུག་བདག་ཉིད་ཀྱང་།། དེ་བཞིན་ཁོ་ནར་རྣམ་པར་བསམ།། དེ་ནས་མཆོད་པ་རྣམ་ལྔ་ཡང་།། ཆོ་ག་ཇི་བཞིན་མཆོད་བྱས་ནས།། འབྲས་ཆན་ཤ་དང་ཁྲག་རྣམས་ཀྱིས།། གཏོར་མའི་སྣོད་ནི་རབ་དགང་བྱ། ་གཏོར་སྣོད་ཡང་དག་མཆོད་བྱས་ནས།། ཕྱོགས་བཅིང་བར་ནི་རབ་བྱས་ནས།། ཕྱག་རྒྱ་བཅིངས་ཏེ་བཟླས་བྱས་ལ།། དེ་ཡིས་སྤྱན་དྲང་ཉིད་ཀྱང་བྱ།། ཨོཾ་ཨ་ཡན་ཏྲ་ཡན་ཏུ་ཌཱ་ཀི་ནྱཱ་ཤ་ན་ཝ་གུ་ཏཱ་མ་ཧོ་གྲཱ་བྷཱི་མ་ཝ་པུ་ཥཱ་ཨི་མཾ་བ་ལིཾ་བྷུཉྫ། ་ཛི་གྲ་ཐ་པི་པ་ཐ་གྲྀ་ཧྞཱ་ཏྲཾ་ཨཱསྨཻ་ཀཾ་པུཥྚིཾ་ཀུ་རུ་ས་མ་ཡ་མ་ནུ་སྨ་ར་ཨཿཧཱུཾ་ཕཊ་སྭཱ་ཧཱུ~ཾ།། སྔགས་འདི་ཡིས་ནི་སྤྱན་དྲང་བྱས།། ཕྱོགས་བཅུ་ནས་ནཱི་ཁྱིའི་གཟུགས་ཅན།། ཁྱི་གདོངས་སྤྱོད་འཁོར་ལོ་དང་།། གཏྭོ་རི་མ་བཟའ་ཕྱིར་མདུན་འོང་འགྱུར། ་དེ་རྣམས་ཚིམ་པར་བྱས་ནས་ནི།། སྨོན་ལྡེམ་བཏབ་ནས་གཤེགས་གསོལ་ཏེ།། ཤིན་ཏུ་མཉམ་གཞག་བསྒོ་བ་པ་པོས།། ཅི་འདོད་གཟུགས་ཀྱི་གནས་པར་བྱ།། ཡང་ན་ཆོ་ག་གཞོན་གྱིས་ནི།། ཇི་ལྟར་འཇིག་རྟེན་ཐམས་ཅད་ལ།། འབྲས་བུ ་བདེ་འགྲོ་སྟེར་འགྱུར་བ།། ཁྱི་རྣམས་ལ་ནི་གཏོར་མ་སྦྱིན།། མངོན་པར་འདོད་པའི་དོན་སྒྲུབ་ཕྱིར།། འཕོ་ཞག་གཉིས་ལ་བརྟེན་ནས་ནི།། བཟའ་བའི་སྔོན་དུ་གུས་བཅས་པས།། ཁྱི་རྣམས་ལ་ནི་གཏོར་མ་སྦྱིན།། ཕྱི་དྲོ་ཁང་པའི་སྒོ་ཁང་དུ།། ཚོན ་རྩི་དཀར་པོས་དཀྱིལ་འཁོར་ནི།། གྲུ་བཞི་ཤིན་ཏུ་མཛེས་འགྱུར་བ།། རི་མོ་བརྒྱད་པར་རབ་ཏུ་བྱ།། ཁམ་ཕྱིར་འབྲས་ཆན་དག་དང་གཞན།། ཚོད་མ་ཡིད་འོད་དེ་བཞིན་དུ།། ལྷའི་ཡོ་བྱད་རྣམས་ཀྱིས་བཀང་།། ས་ལས་བྱས་པ་དེར ་གཞག་བྱ།། གཉིས་པ་ཆང་གིས་ཀུན་ཏུ་དགང་།། སྣོད་ནི་དེའི་འགྲམ་དུ་གཞག། གསུམ་པ་སྤོས་དང་མེ་ཏོག་སོགས།། སྣོད་ནི་གཡས་ཀྱི་འགྲམ་དུའོ།། དེ་ནས་ཁྱི་ནི་བོས་ནས་སུ།། དཀྱིལ་འཁོར་མདུན་དུ་གཞུག་པར་བྱ།། ཁྱི་གདོང་རྩ་བའི་སྔགས ་ཀྱིས་ནི།། དེ་ལ་བསང་གཏོར་ཀུན་ཏུ་བྱ།། དེ་ལ་མེ་ཏོག་སྔགས་སོགས་ཀྱིས།། གོ་རིམས་བཞིན་དུ་མཆོད་པར་བྱ།། དེ་ནས་སྔགས་ནི་འདི་དག་གིས།། གཏོ་རོ་མ་མདུན་དུ་སྦྱིན་པར་བྱ།། ཨོཾ་ཤཱན་སྱཻ་བྷཱུ་ཙ་རི་ཡེ་ཨི་མོ་བཱ་ལིཾ་གྲྀཧྞ་གྲཧྞ་ཧཱུ~ཾ་ཧཱུ~ཾ་\ུ0f7f ་ཇི་སྲིད་མདུན་དུ་ཁྱི་གཏོར་ཟ།། དེ་ནས་བཟླས་པ་རབ་ཏུ་བྱ།། ཟོས་པ་ཡི་ནཱི་ཐ་མ་རུ།། སྔར་བཞིན་རབ་ཏུ་བཏང་བར་བྱ།། གཏོར་མེ་འདི་ནི་ཉིན་རེ་བཞིན།། གལ་ཏེ་སྔགས་པས་བྱོས་ན་ནི།། ཐམས་ཅད་འགྲུབ་པར་འགྱུར་བ་ཡིན།། ཚོགས་པ་མངོན ་སྔར་བཤད་པའི།། རིམ་པ་ཉིད་ལ་བརྟེན་པར་བྱ།། ཡོད་ནཱ་ཟླ་བ་རེ་རེ་ཞིང་།། ཡར་གྱི་ངོ་ཡི་བཅུ་གཉིས་ལ།། དོ་ན་ས་སྤྱོད་མའི་གཟུགས་ཅན་གྱི་ཁྱིའི་གཏོར་མེའི་ཆོ་གའོ།། གང་གིས་སའི་གསེར་འཇིགས་པ།། རྣལ་འབྱོར་པས་ནི་འགྲུབ ་འགྱེར་བ།། ས་འོག་གནས་པའི་གཏོར་མའི་ལས།། དེ་ནས་ང་ཡིས་བཤད་པར་བྱ།། བསོད་ནམས་འབྲས་ཆེན་ཐོབ་བྱིའི་ཕྱིར།། ཉིན་རེ་ཞིང་དམ་བཅོ་ལྔ་འམ།། བཅུ་གཉིས་པར་གྱི་གཏོར་མའི་ལས།། འདི་ནི་རྣལ་འབྱོར་དབང་པོ་བྱ།། ཆུ་བོ་ང ་རྒྱ་མཚོའི་ཆུ་འགྲམ་དུ།། ས་འོག་གནས་པའི་སེམས་ཅན་རྣམས།། ཚིམ་པར་བྱ་ཕྱིར་རྡུལ་ཚོན་གྱིས།། དཀྱིལ་འཁོར་དག་ནི་ཆེན་པོ་བྱ།། གཽ་རི་ནག་མོ་ཕྱག་གཉིས་པ།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། ཉ་དང་གྲི་གུག་བསྣམས ་བ་མཆོག། ཉའི་གདན་ཅན་ཉ་གསོལ་བ།། ཉྫའི་རྒྱན་དག་གིས་བརྒྱན་པ།། དཀྱིལ་འཁོར་དབུས་སུ་དགོད་པར་བྱ།། འདབ་མ་གཞན་ལ་སྔ་མ་བཞིན།། གཱར་གྱི་འགྱིང་ཚུལ་ལ་བརྩོནཱ་བ།། ཧ་ཧ་ཧི་ཧི་ཞེས་སྒྲོགས་འཇིགས།། ཁྲོ་བོའི ་གཟུགས་དག་རྣམ་པར་དགོད།། དེ་ནས་དཀྱིལ་འཁོར་དེ་ཉིད་ནི།། སྤོས་དང་མེ་ཏོག་ལྷ་བ་ཤོས་སོགས།། དྲི་ཡིསྭ་ཆོ་ག་བཞིན་མཆོད་ནས།། གཏོར་མའི་ལུས་ནི་ཡང་དག་བྱ།། གཽ་རིའི་གཟུགས་འཛིན་རྣལ་འབྱོར་པ།། སེམས ་དཔའ་གསུམ་དག་སྐུ་འཛིན་པས།། སྐད་ཅིག་གྱིས་ནི་སྔར་བརྗོད་ནས།། གཅིག་ཅར་དུ་ནི་ཕྱོགས་བཅིང་བྱ།། སྐད་ཅིག་དུ་ནི་བསྒོམ་པར་བྱ།། དེ་ནི་དབང་རྣོན་རིམ་པའོ།། དེ་ནས་ཡི་གེ་ཐཱ་ལས་བྱུང་།། ཉ་རྣམས་ཁྱབ་འཇུག་གཟུགས ་ཅན་དུང་རྣམ་པར་བསེམས་ནས་བསྒྲུབས་པ་པོས།། དེ་རྣམས་སྔགས་ཀྱིས་བོད་པར་བྱ།། ཨོཾ་ཨེ་ཧྱེ་ཧི་མ་ཧཱི་བ་ལ་བི་ཏྱ་བ་ར་ཀྲ་མ།། མ་ཧཱ་ཡོ་ཛ་ན་ས་ཧྭཱ་སྭ་པྲ་ལཾ་བྷ་ཝ་པུ་ཤྭཱ།། ཏི་ལི་ཏི་མི་གྷི་ལི། མཱ་ཧཱ་ཏ་མིཾ་གི་ལིཾ་པྲ་བྷི་ཏ་ཡོ། མ་ཧཱ་མིན ་ཨ་དྷི་པ་ཏེ་ཡེ། ཨ་ཏྲ་ས་ན་ནི་ཧི་ཏོ་བྷྱོ་བནྡྷ། མ་མ་ཨ་བྷི་པྲི་ཏཱརྦ་སིདྡྷི་མ་པི་ཏ་རནྟུ་སྭཱཧཱུ~ཾ།། དེ་ནས་དེ་རྣམས་བོད་བྱས་ནས།། ཁ་ར་ཁན་དྷ་འབྲས་ཆན་ཕྱི།། ལ་དུ་གློ་ཁ་ས་སོགས་ཀྱིས།། གཏོར་མའི་སྣོད་ནི་རབ་ཏུ་དག་།། ཆུ་ནི་གཅིང་མ། ་དྲི་ཞིམ་པ།། སྲོག་ཆགས་དགུ་ནི་རྣམས་སྤངས་པ།། ཁྱབ་འཇུག་གིས་ནི་ཆུང་སྲུང་ཕྱིར།། ཆང་མ་གཏོགས་པ་སྦྱིན་པར་བྱ།། མཆོད་ཡོན་ཞབས་བསིལ་མཆོད་ནང་དུ།། བྱིན་ནས་མེ་ཏོག་ལ་སོགས་གཞུག། བྱིན་ནས་སྔགས ་ནི་འདི་ཉིད་ཀྱིས།། གཏོར་མའི་སྣོད་ནི་དོར་བར་བྱ།། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ། རྀ་རཱྀ་ལྀ་ལཱཾ་ཨེ་ཨཻ་ཨོཾ་ཨོཾ་ཨཾ་ཨཿསྭཱ་ཧཱ།། དེ་ནས་དེ་དག་སྔར་བཞིན་དུ།། མྱུར་དུ་གཏང་བ་བྱས་ནས་ནི།། དཀྱིལ་འཁོར་གྱི་ནི་རྡུལ་ཚོན་དེ།། དོགས་པ་མེད་པར་དོར ་བར་བྱ།། དེ་ལྟར་བྱས་ནས་ས་འོག་ན།། གནས་པ་རྣམས་ནི་མགུ་བར་འགྱུར།། དེ་ལ་མཁའ་འགྲོ་མའི་ཚོགས།། དངོས་གྲུཔ་ཡི་འོང་སྟེར་བར་འགྱུར།། འདོད་ཆགས་བྲལ་བ་སྟོང་ཕྲག་ལ།། ཉིན་རེ་གསང་བ་མཆོག་ཕུལ་ལས།། བྱུང་བའི་བསོད ་ནམས་གང་ཡིན་ཏེ།། ཉ་རྣམས་ཚིམ་པར་བྱས་ལས་འབྱུང་།། རང་རྒྱལ་གྱི་ནི་དགེ་འདུན་ལ།། བསོད་སྙོམས་ཕུལ་ལས་དག་གང་འབྱུང་།། ཉ་རྣམས་ཚིམ་པར་བྱས་པ་ལས།། བསོད་ནམས་དེ་ནི་ཐོབ་པར་འགྱུར།། དེ་ནི་ས་འོག་ན་གནས་པའི ་གཟུགས་ཅན་གྱི་ཉྫའི་གཏོར་མའི་ཆོ་གའོ།། །། གང་གིས་སྤྱོད་ལྡུམ་རྣམ་བཞི་རུ། རྣལ་འབྱོར་པ་ཡིས་འགྲུབ་འགྱུར་བ།། ཕྱོགས་སྤྱོད་གཏོར་མྱོ་བསྒྲུབ་པ་ནི།། དེ་ནས་གཞན་ཡང་རབ་བཤད་བྱ།། རབ་ཏུ་གྲགས་པའི་བཞི ་མདོ་རུ་ང་རྒྱལ་པོའི་སྐྱེད་མོས་ཚལ་བརྟེན་ནས། རྡུལ་ཚོན་ཁ་དོག་ལྔ་པོ་ཡིས།། དེ་རུ་དཀྱིལ་འཁོར་བྲི་བར་བྱ།། པདྨ་འདབ་བརྐྱང་ལྟེ་བར་བཅས།། པདྨ་སྣ་ཚོགས་དང་ལྡན་པ།། རྣལ་འབྱོར་པ་ཡིས་དེར་བྲིས་བྱ།། དབུས་སུ་ཐོད་པ་བྲི་བར་བྱ། ་སྡིགས་མཛུབ་རྡོ་རྗེ་འགླིང་བཅས་པས།། ཤིན་ཏུ་མི་བཟང་འཇིགས་མཛད་པ།། སྤྲིན་ནི་སྔོན་པོའི་མདོག་དང་ལྡན།། འབར་བ་སྔོན་པོ་རབ་ཏུ་ཁྱབ།། གཽ་རི་གཽ་རིའི་བདག་པོ་ཡིས།། སྙིང་གར་གཡས་བརྐྱང་ཞབས་ཀྱིས་མནན།། ལྟེ་བའི་དབུས་སུ ་བཅོམ་ལྡན་འདས།། རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱ།། ཤར་འདྲབ་ཚངས་པའི་ལྷ་མོ་བསམ།། ཁྱབ་འཇུག་གི་ནཱི་ལྟོན་གནས།། གཞོན་ནུ་ཡཱི་ནི་ནུབ་ཏུ་བསྒོམ།། གཤིན་རྗེའི་བྱང་གི་ཕྱོགས་ན་གནས།། སྲིན་པོའི་ཕྱོགས་སུ་ལུས་དྲན་པོ།། མེ ་ཕྱོགསུ་ཙྪེ་མུན་གྱི།། དབང་ལྡན་ཕྱོགསུ་དབང་ལྡན་མ།། རླུང་གི་ལྷ་མོ་རང་ཕྱོགས་གནས།། ཞལ་གཅིག་སྤྱན་ནི་གསུམ་པ་སྟེ།། ཕྱག་གཉིས་གར་ལ་རབ་བརྩོན་པ།། ལག་པ་ཡི་ནི་ཕྱག་རྣམསུ།། ཕྲེང་བ་དེ་བཞིན་འཁོར་ལོ་དང་།། རྩེ་གསུམ ་དབྱུག་པ་དབྱུག་ཏོ་དང་།། རིལ་གྱི་མདུང་དང་གོས་ཉིད་དེ།། ཕྱག་མཚན་འདི་རྣམས་བསམ་པར་བྱ།། སྤྱི་བླུ་གྲོས་དང་ནི་པདྨ་དང་།། ཕྲེང་བ་དད་ནི་དེ་བཞིན་མགོ།། སེང་གེའི་རྒྱལ་མཚན་ཐོད་པ་དང་།། ཁ་ཊྭཱཾ་ག་དངངོ་མཚར་གཞན།། གཡོན་པ་རྣམས། ་སུཾ་བསམ་པར་བྱ།། དམར་པོ་ལྗང་གུ་གྷ་སེར་དང་ཚུངས།། སྔོ་པོ་དམར་པོ་དམར་དཀར་འོད།། ཨིནྡྲ་ནཱི་ལྀའི་འོད་ལྡན་པ།། མི་མོ་མཆོག་ནི་འདི་རྣམས་བསམ།། སྔགས་དང་དམ་ཚིག་ཕྱག་རྒྱ་ལཱིས།། དེ་རུ་སྤྱན་ནི་དྲང་བར་བྱ།། དེ་ནས་གཏོར་མཱ་རྒྱ་ཆེན། ་པོ་སྔགས་པས་སྦྱིན་བྱ་ལུང་བཞིན།། ཨོཾ་ན་མོ་བྷ་ག་བ་ཏེ།། བཛྲ་ཧཱུཾ་ཀ་ར། ཧྲིཥྚི་སརྦ་བྷཱུ་ཏ་ནི་སྟཾ་བྷ་ཡ་སྭཱ་ཧཱ། ཨོཾ་བྲཧྨ་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཻ་ཥྞ་བཱི་ཡེ་ཧྲཱིཿཧཱུཾ་ཕཊ། ཨོཾ་ཀཽ་མཱ་རཱི་ཡེ་ཧྲཱིཿཧཱུཾ་ཕཊ། ཨོཾ་ཡ་མཱ་ནཱི་ཡེ་ཧྲཱིཿཧཱུཾ་ཕཊ། ཨོཾ་ཀུ་བཻ་རཱ་ཡེ་ཧྲཱིཿཧཱུཾ་ཕཊ། ཨོཾ་ཙ ་མུན་ཌི་ཡེ་ཧྲཱིཿཧཱུཾ་ཕཊ། ཨོཾ་ཨཱི་ཥ་བྷྱོ་ཧྲཱིཿཧཱུཾ་ཕཊ། ཨོཾ་བ་ཡ་བྷྱེ་ཧྲཱིཿཧཱུཾ་ཕཊ།། ལག་པ་གཉིས་ནི་བརྐྱང་ནས།། གུང་མོའི་རྩ་བར་མཐེ་བོང་དག། ཐལ་སྦྱར་ཚིག་འདོན་སྦྱོར་བ་ནི།། ཚངས་པའི་ཕྱག་རྒྱར་རབ་ཏུ་བསྒྲགས།། རྡོ་རྗེ་ཁྲུ ་ཚུར་གཉིས་བཅིངས་ནས།། མཛུབ་མོ་རྣ་ཆའི་དབྱིབསོ་བྱས་ཀྱི་ཁྱབ་འཇུག་ལྷ་མོའི་ཕྱག་རྒྱ་ཡིན།། གཡས་པའི་ཁུ་ཚུར་གཞོན་ནུ་མའི།། ཁུ་ཚུར་གཉིས་ནི་གཤིན་རྔོ་མའི།། གཉིས་ཀྱིས་མཆོག་སྦྱིན་ནོར་སྦྱིན་མའི།། ལག་གཉིས་ཁུ་ཚུར་བཅིངས ་བྱས་ནས།། མཛུབ་གཉིས་བསྒྲེང་བ་ཙཱ་མུན་ཌིའི།། མཐེའུ་ཆུང་མཐེ་བོང་དག་བཀུག་ནས།། གཞན་དག་བསྒྲེང་བ་དབང་ལྡན་མའི།། གོས་ཀྱི་རོལ་པས་ལག་པ་གཉིས།། སྤྱི་བོ་རུ་ནི་གཞག་པར་བྱ།། ཕྱག་རྒྱོ་འདི་ནི་རླུང་གི་སྟེ།། དེ་ནི་ཕྱག་རྒྱའི་ཚིག ་རིམ་པ།། དེ་ནས་སྣོད་ནི་གང་བ་དགུ།། ཁྱད་པར་དུ་ནི་བདུད་རྩི་ལྡན།། སྔ་མ་བཞིན་དུ་གཞག་པར་བྱ།། བ་ལང་ཁྱིམ་བྱ་ལསེ་བྱུང་དང་།། བོང་མི་རུས་སྦལ་རྔ་མོ་དང་། ཁྱི་དང་ཅེ་སྤྱང་རྟ་ལས་བྱུང་།། ཤ་རྣམས་ཀྱིས་ནི་གོ་རིམས་བཞིན།། རྣལ་འབྱོར་པ་ཡིས།། ་དགང་བར་བྱ།། དོགས་པ་མེད་པའི་སེམས་ཀྱིས་ནི།། སྤོས་དང་མེ་ཏོག་སོགས་ཕུལ་ནས།། སྔར་བཤད་སྔགས་དང་ཕྱག་རྒྱ་ཡིས།། དེ་རྣམས་ལམ་གྱི་བཞི་མདོར་དོར།། མ་མོ་རྣམས་ནི་རང་གནས་སུ།། དེ་ནས་གཤེགསུ་གསོལ་བྱས་ནས།། བསོད ་ནམས་བསྔོས་ཏེ་རྣལ་འབྱོར་པ།། སྐྱེས་མཆོག་ཇི་ལྟར་འདོད་གནས་བྱ།། འགྲོ་བའམ་ནི་འགྲེང་ཡང་རུང་།། གཉིད་ལོག་པ་འམ་ས་དཔའང་རུང་།། མི་གཙང་བ་འམ་གཙང་ཡང་རུང་།། མ་མོ་རྣམས་ནི་བསྲུང་བར་འགྱུར།། བློ་མཆོག་རྣམས་ནི་ཞི་རྒྱས ་སོགས།། ལས་ནི་ཅུང་ཟད་གང་བྱེད་པ། དེ་ལ་གཏོར་མ་དག་གིས་ནི།། མཉེས་ནས་དེའི་གྲོགས་བྱེད་འགྱུར།། དེའི་བཀའ་ནོད་ལ་བརྩོན་པ།། བགེགས་ལ་སོགས་པ་འགའ་ཡང་རུང་།། དེ་རྣམས་ཀྱང་ནི་དེ་ཉིད་ལ།། རླུང་དང་མྱོ་བ་དང་སྦེད་པར་འཡུགྱུམ། མང་པོ་ཡི་ནི་ཆོས་བཟླནས ་ཡཡང་ཆོས་འི་ལུཅུ་བཞི་ལ།། མཚན་ཕྱེད་ལ་ནི་གཏོངས་བྱ།། དེ་ནི་དུས་ཀྱི་ཆོ་ག་རིམ་པའོ།། དེ་ནི་ཕྱོགས་ན་སྤྱོད་པའི་སྒོ་ནས་མ་མོ་རྣམས་ཀྱི་གཏོར་མའི་ཆོ་གའོ།། །། བྱས་ན་བསོད་ནམས་མཐའ་ཡས་པ།། མི་བཟད་གང་དུ་འབྱུང་འགྱུར་བ།། གང་ཞིག་ཐ། ་ལ་སྤྱོད་རྣམས་ཀྱི།། གཏོར་མ་གཞན་ཡང་རབ་བཤད་བྱ།། ཐང་བོ་དྷ་རྣམས་ཀྱི་ནང་ནས་ནི།། བ་ལང་མཆོད་པ་རབ་ཏུ་བསྔགས།། སྐྱུགས་ལྡང་བྱེད་པའི་ལྷ་ཡིན་པས།། བདེ་མཆོག་ལས་ནི་བཅོམ་ལྡན་གསུངས།། སྒྲུབ་པ་པོས་ནི་ཡར་ངོ་ཡིས།། ་བཅུ་བཞི་ལ་ནི་སྔར་ལངས་ཏེ།། ཆུ་བོ་དྲི་མེད་ཆུ་ལྡན་པར།། སོང་ནས་ཁྲུས་ནི་ཀུནྡ་ཏུ་བྱ།། མདོ་ལས་གསུངས་པའི་ཆོ་ག་བཞིན།། ལུས་ནི་རབ་ཏུ་བཀྲུ་བར་བྱ།། སྡོམ་བརྩོན་གྱིས་ནི་གདོང་ལ་སོགས།། དབེན་པར་བཤིང་གཅི་དོར་བྱས་ཏེ།། མཚན་མཿ། ་བདུན་དང་འཕོངསུ་བདུན།། ལག་པར་ས་ཕུར་བདུན་བླུགས་ཤིང་།། དེ་ནས་ཆུ་ཡིས་བཀྲུས་ནས་ནི།། དེ་ནས་ལན་གསུམ་འཐོར་འཐུང་བྱ།། རྣ་སོགས་ལྟེ་བ་ལ་ཐུག་པར།། ལྡན་བདུན་ཉེ་རེག་བྱས་ནས་ནི།། དབང་བསྐུར་བྱས་པས་ལན་གསུམ ་དུ་ཆུ་ལ་ཇི་བཟུལ་བྱས་ནས་ནི།། ཁྱོར་བ་དག་ནི་བརྒྱ་རྩ་བརྒྱད།། ཛ་བྷ་ལ་ལ་སྦྱིན་པར་བྱ།། རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ལའང་།། ཆུ་ནི་སྙིམ་པ་གསུམ་དག་ཉིད།། རེ་རེ་ཞིང་ནི་རང་སྔགས་ཀྱིས།། མཁས་པ་རྣམས་ཀྱིས་དབུལ་བར་བྱ།། དེ་ནས ་སྙིམ་པ་གསུམ་གྱིས་ནི།། ཡི་གེ་བརྒྱ་པས་ཚིམ་པར་བྱ།། ཡི་དྭགས་རྣམས་ལ་ཆུ་སྙིམ་ལྔ།། འཇིག་རྟེན་དབང་པོའི་སྔགས་ཀྱིས་ནི།། དེ་ནས་ལངས་ཏེ་པ་བརྒྱད་ནི།། ཁྱུ་མཆོག་མཐོན་པོ་དང་ལྡན་པ།། འཁོར་ལོའི་ཚུལ་དུ་གཞག་ནས་ནི།། ་དབུསུ་ཁྱུ་མཆོག་མཐོན་པོ་གཞག། དེ་ནས་མཆོད་ཡོན་དག་གི་སྣོད་།། བའི་རྣམ་ལྔས་དགང་བར་བྱ།། ངུར་བའི་ཚུན་པོས་བསངས་ནས་ནི།། མཁའ་འགྲོ་དྲག་མོ་རོ་ལངས་མ།། དེ་བཞིན་གཞན་ཡང་གཏུམ་མོ་དང་།། སེང་མོ་སྟུག་མོ་འུག་པ་མོ ་དེ་བཞིན་གཞན་ཡང་ཅེ་སྤྱང་མའི།། ས་བོན་དེ་དག་ལ་དགོད་བྱ།། རྡོ་རྗེ་སེམས་དཔའི་ས་བོན་གྱིས།། དབུསུ་ཁྱུ་མཆོག་བྱིན་བརླབས་བྱ།། དེ་ལ་ས་བོན་ནི་འདི་རྣམས་ཡིན་ཏེ།། ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་ས་བོན་ནི་ཡི་གེ་ཧཱུཾ།། དྲག་མོའི་ས ་བོན་ནི་ཡི་གེ་ཀྵུཾ། རོ་ལངས་མའི་ས་བོན་ནི་ཡུཾ།། གཏུམ་མོའི་ས་བོན་ནི་ཡི་གེ་ཧཱུཾ།། སེང་མོའི་ས་བོན་ནི་ཡི་གཱིཥྛ།། སྟག་མོའི་ས་བོན་ནི་ཡི་གེཥྛ།། འུག་པ་མོའི་ས་བོན་ནི་ཡི་གེ་ཛྫ། ཅེ་སྤྱང་མའི་ས་བོན།། ས་བོན་བརྒྱད་པོ་དེ་དག་དང་།། དགུ་པ་ཡེ ་ཤེས་ས་བོན་ནོ།། དེ་དག་སྙིང་གར་བཀོད་ནས་ནི།། དེ་ནས་གཏོར་མ་སྦྱིན་པར་བྱ།། འབྲས་ཆན་ཆང་བུ་རྣམས་ཀྱིས་ཀྱང་།། སྣོད་ནི་དགུ་དག་དགང་བར་བྱ།། འོ་ཐུག་ལན་ཚྭ་དང་ལྡན་པ།། དེ་རྣམས་ཀྱི་ནི་ནང་དུ་གཞུག། དེ་རྣམས་ལོགསུ་ས་ལ་ནི།། ཆུ། ་ནི་སྙིམ་པ་གསུམ་བླུགས་བྱ།། མེ་ཏོག་སྤོས་ལ་སོགས་རྣམས་ཀྱིས།། མཉམ་པར་གཞག་པས་མཆོད་པར་བྱ།། བདག་ཉིད་ཞི་བར་མཐུ་ལྡན་པ།། བཅོམ་ལྡན་སྒྲོལ་མ་དབང་ཕྱུག་མ།། མ་དུ་ལུང་ཀ་རྩེ་གསུམ་བསྣམས།། ཁྱུ་མཆོག་ལ་ནི་བཅིབས།། ་པར་བསྒོམ།། དེ་ནས་གསང་སྔགས་འདི་ཡིས་ནི།། གང་གི་སེམས་ཅན་ཁམས་རྣམས་ནི།། བདེ་བྱེད་རྣལ་འབྱོར་པས་འགྲུབ་འགྱུར།། གཏོར་མ་དེའི་མདུན་དུ་སྦྱིན།། ཨོཾ་ཨ་ཨཱ་ཨཱཾ་ཨ་ཀཱ་རོ་མུ་ཁམ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏ་པན་ན་ཏྭཱ་ཏ་ཏ་ཞེས་བྱ་བའི་སྔགས།། ་འདི་ཡིས།། གཏོར་མའི་སྣོད་ནི་གུས་བཅས་པས།། ལན་གསུམ་བྱིན་གྱིས་བརླབས་ནས་སུ།། དེ་ནས་དེ་རྣམས་ལ་སྦྱིན་བྱ།། ཇི་སྲིད་པ་ལ་ཟ་འགྱུར་བ།། བཞི་པོའི་མཐུ་ལྡན་སྒྲོལ་མ་ཡི།། དེ་ཉིད་གསུམ་དེ་ང་ཡོངས་སྤེལ་བའི།། སྔགས་འདི་དེ ་བརྗོད་པར་བྱ།། ཨེ་ཏཱ་རེ་ཏུ་ཏཱ་རེ་ཏུ་རེ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ།། མུའི་མཐའ་ཅན་སྔགས་ཀྱིས་ནི།། དེ་ནས་སྔགས་ཀྱིས་ནི།། དེ་ནས་སྔགས་པས་གཤེགས་གསོལ་བྱ།། གུས་པ་ཡིས་ནི་བཟའ་བ་དག། དགེ་སློང་དགེ་འདུན་དག་ཕུལ་ནས ་དགེ་བ་བསྔོས་ཏེ་བསྟོད་པ་དགེ། བརྗོད་ནས་སྒྲོལ་མའི་རིགས་དག་ལ།། ཕྱག་བྱས་ནས་ནི་ཀུན་ལངས་ཏེ། དེ་ནས་ཇི་ལྟར་འདོད་བཞིན་གནས།། དེ་ནི་ཐང་ལ་སྤྱོད་པའི་གཟུགས་ཅན་གྱི་བ་ལང་རྣམས་ཀྱི་གཏོར་མའོ།། ། ་གང་གི་འཁོར་ལོ་གསུམ་མཁའ་འགྲོ།། བསྒྲུབ་པ་པོ་ལ་ཀུན་དུ་སྲུང་།། གཞོན་ནུ་མའི་གཏོར་སྒྲུབ་པ།། དེ་ནས་ཡང་དག་རབ་བཤད་བྱ།། རེ་ཞིག་དང་པོར་ན་མཁའ་ཉི་མའི་སྟེང་གི་ཟླ་བའི་མཆོད་རྟེན་གྱི་དབུསུ་ཡི་གེ་མཱཾ་ལས་ཡོངསུ་སྤྲུལ ་པ་གཞོན་ནུ་མའི་གཟུགས་ཅན།། གསེར་བཙོ་མ་ལྟ་བུ་ཉི་མ་འཆར་ཀའི་འོད་ཟེར་གྱི་ཕྲེང་བ་སྟོང་ཕྲག་འཕྲོ་བའི་མེ་ཏོག་མན་དུ་ཛི་བ་ཀ་དང་། ཛ་བ་ལྟ་བུའི་གོས་དང་ལྡན་པ། ཨང་ག་རིགས་དང་སྟོད་གཡོགས་དམར་པོ་རྣམ་པ་སྣ་ཚོགས ་པ་དང་། ལྡན་པ། ལག་གདུབ་དང་། རྣ་རྒྱུན་དང་། སྐ་རགས་དང་། རྐང་གདུབ་དང་། གཡེར་ག་རྣམས་ཀྱི་སྒྲ་དང་། སོར་གདུབ་ཁ་དོག་སྣ་ཚོགས་པའི་རྒྱུན་དག་གིས་རྣམ་པར་བརྒྱན་པ། རྣམ་པར་སྣང་མཛད་ཀྱིས་དབུ་རྒྱུན ་བྱས་པ། མགོ་ལ་མྱ་ངན་མེད་པའི་ཕྲེང་བས་རྣམ་པར་བརྒྱན་པ། ཕྱག་བརྒྱད་པ། ཞལ་གསུམ་པ། སྤྱན་གསུམ་པ་ཕྱག་གཡོན་པ་རྣམས་ན་གཞུ་དང་། ཤིང་མྱ་ངན་མེད་པ་དང་། སྒུད་པོ་དང་ཞགས་པ་བསྟིམས་པ། ཕྱག་གཡོསྟེ། ་པོ་རྣམས་ན་རྡོ་རྗེ་འབོར་བ་དང་། ཁབ་དང་། ལྕགས་ཀྱུ་དང་། མདའ་གསོར་བ་ལ་བརྩོན་པ། ཞལ་དང་པོ་ཞི་བ་པདྨ་ཁ་རབ་ཏུ་བྱེ་བ་ལྟ་བུ་གཱ་སེ་རཱ་རབ་ཏུ་སེར་མཱའི་མེ་ཏོག་ཅན་མིག་རབ་ཏུ་ཡངས་པ་མཆུ་ལི་ཁྲིའི་ཕྱེ་མ་བཞིན་དུ་དམར ་བསྒེག་ཅིང་རོལ་པ་དང་བཅས་པ། ཞལ་གཡོན་པ་ཕག་གི་གདོང་ཅན་ཁྲོ་བ་དང་བཅས་ཤིང་རྣམ་པར་གཙིགས་པ་ལ།། མི་སྡུག་ཅིང་དྲག་པོ་འཇིག་སུ་རུང་བ་ཨིནྡྲ་ནཱི་ལའི་མདོག་དང་མཚུངས་པ་མཐིང་ཤུན་ལྟར་སྣང་པ། ཉི་མ་སྟོ་ཕྲག ་བཅུ་གཉིས་དང་མཚུངས་པའི་འོད་དང་ལྡནྡ་པ། ཁྲོ་གཉེར་གཙིགས་པ་དང་བཅས་པ་འཇིགས་པར་མཛད་པ། ཞལ་གཡས་པ་པདྨ་རཱ་གཱ་ལྟར་ཤིན་ཏུ་དམར་པོ་མཆོག་ཏུ་འབར་བའི་ཉི་མ་སྟོང་ཕྲུག་ལྟར་རབ་ཏུ་གསལ་ཞིང་ཞི་བ ་བ་མཆོད་རྟེན་གྱི་བུམ་པ་ལས་བྱུང་བའི་ཤིང་མྱ་ངན་མེད་པའི་མེ་ཏོག་གིས་གཡོགས་པ། དེའི་འོག་ཏུ་རྣམ་པར་སྣང་མཛད་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་ཅིང་ཞི་བ། གསེར་རབ་ཏུ་སེར་པོའི་མདོག་ལྟར་འབར་བ། བྱང་ཆུབ ་མཆོག་གིས་ཕྱག་རྒྱ་དང་ཡོངསུ་ལྡན་པར་བཞུགས་པ། ཕག་པའི་གདན་ལ་གཡོན་བརྐྱང་བའི་གནས་པས། གཞོན་ནུ་མཱའི་ན་ཚོད་དུ་བཞུགས་པ། དེའི་འོག་ཏུ་རླུང་གི་དཀྱིལ་འཁོར་ལ་ཡི་གེ་རཾ་ལས་ཡོངསུ་སྤྲུལ་པའི་གཟའ ་པོ་སྒྲ་གཅན་འཛིན་དང་། མཚན་དུ་ཟླ་བ་དང་ཉི་མ་དྲུག་པ་བཱར་བྱེད་པ་རྣམ་པར་བསྒོམས་ལ། རང་གི་སྔགས་ཀྱིས་བདག་ཉིད་བྱིན་གྱིས་བརླབསྱཱ་ཏེ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱུ~ཾ། ཞེས་བྱ་བའི་སྔགས་འདི་བཟླས་པར་བྱའོ།། དེ་ནས་མདུན་དུ་ཁྱེའུ ་གཅིག་ཏུ་བུ་མོ་དང་བརྒྱད་བཀུག་སྟེ་གོ་རིམས་བཞིན་དུ་དཀྱིལ་འཁོར་གྱི་རིམ་པས་རྣམ་པར་བཞག་ལེ། དེ་དག་ལོ་ནི་བཅུ་གཉིས་ལོན་པའི་མིག་ཡངས་རབ་ཏུ་མཛེས་རྙེད་ནས།། ས་ཕྱོགས་དབེན་པར་ཁྲུས་ལེགས་བྱས་ཤིང་གོས ་ནི་གར་དགར་གོན་པ་ཡི།། གུར་ཀུམ་དང་ནི་གླ་རྩི་ལ་སོགས་བྱུགས་ཤིང་སྤོས་ཀྱིས་རབ་བདུགས་ལ།། དེ་དག་ཐད་དེ་ཁོ་ན་བཞིན་ཉེ་བྱུགས་ཏེ་བདུག་བྱས་ནས།། དེའི་མདུན་ས་གཞི་པའི་ལྕི་བས་བྱུགས་ཏེ་དེ་ཉིད་དུ་བཞག་ལ།། གུ ་གུལ་བདུག་པ་རབ་བྱིན་གསང་སྔགས་བརྒྱ་རྩཝ་བརྒྱད་བཟླས་བསྒྲུབ་བྱ་ཡི།། སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བཀོད་དེ་དེ་ཡི་སྟེང་དུ་ཡི་གེ་མཾ།། རྣམ་པར་བཀོད་པས་འོད་ཟེར་ཅན་གྱི་ང་རྒྱལ་རབ་ཏུ་བསྙེམས་ཚུལ་གྱིས ་དྲིལ་བུའི་སྒྲ་དང་གུ་གུལ་བདུགས་པས་སྐད་ཅིག་དེ་ཉིད་ལ་འབབ་འགྱུར།། འདིར་ནི་སྔགས་ཀྱང་འབྱུང་བ་སྟེ། ཨོཾ་མཱ་རཱི་ཙྱཻ་ཨཱ་བཻ་ཤ་ཡ་ཨཱ་པེ་ཤ་ཡ། ཀཾ་པ་ཀཾ་པ། དྷུ་ན་དྷུ་ན། གྲིཧྞ་གྲི་ཧྣ། ཧཱུཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བའི་སྔགས ་འདིས་ཕབ་སྟེ། དེ་ནས་དེ་རྣམས་ལ་མེ་ཏོག་དང་སྤོས་ལ་སོགས་པས་ཇི་ལྟར་རྗེས་མཐུན་པ་ཉིད་ཀྱིས་སྔགས་རྣམས་ཀྱིས་བྱིན་ལ། མེ་ཏོག་ཕྲེང་བ་གཙུག་ཕུད་ཀྱི་ནང་དུ་བཅུག་སྟེ་མདུན་དུ་བཟའ་བ་དང་བཅའ་བ་དང་བཏུང ་བ་ལ་སོགས་པས་ཡོངསུ་གང་བྱའི་སྣོད་གཞོན་ནུ་མའི་གྲངས་དང་མཉམ་པ་རྣམས་ཨོཾ་མཱ་རཱི་ཙྱཻ་བར་ལེ་བ་ད་ལེ། བདེ་ཏ་ལི་བཱ་ར་ཧ་མུ་ཁཱི་སརྦ་དུཥྚཱ་ནཱ་མུ་ཁཾ་བནྡྷ་བནྡྷ་ཧཱུཾ་ཧཱུ~ཾ་ཕཊ། ཨི་མཾ་པ་ལཾ་པྲ་ཏཱིཙྪི་ས་མྱཱ་ཡ་མ་ནུ་སྨ་ར་ཨཱཿཧཱུཾ་སྭཧཱ་ཞེས ་བྱ་བའི་སྔགས་ཀྱིས་སྦྱིན་པར་བྱའོ།། དེ་ནས་ཇི་སྲིད་གཏོར་མྱ་ཟ་བ་དེ་སྲིད་དུ་བཅོམ་ལྡན་འདས་མིའི་རྩ་བའི་སྔགས་བཟླས་པར་བྱའོ།། ཟས་ཀྱི་བྱ་བའི་མཐའ་མ་རཾ་མ་གྷོན་བུ་དང་། སྟར་ཀཱི་འབྲས་བུ་དང་། ཚོན་སྣ་ལྔའི་སྐུད་པ་སྣ་ཚོགས་པ། ་དང་། རྣ་བ་དང་ལྷག་པ་དང་། མགུལ་བརྒྱན་ཅི་འབྱོར་པའི་ཡོ་བྱད་བྱིན་ཏེ། ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཀྱིས་བཏང་སྟེ། ཡེ་ཤེས་ཀྱི་འཁོར་ལོ་གཤེགས་གསོལ་ནས་འོད་ཟེར་ཅན་གྱི་ང་རྒྱལ་གྱིས་གནས ་པར་བྱའོ།། དེ་ནི་གཞོན་ནུ་མའི་གཏོར་མོའི་ཆོ་གའོ།། །། གང་གིས་ས་གཞི་ཇི་སྲིད་པར།། མཆོད་རྟེན་རྒྱལ་བའི་གནས་སྲུང་འགྱུར།། ནག་པོ་ཆེན་པོའི་གཏོར་མའི་རིམ།། དེ་ནས་གཞན་ཡང་རབ་བཤད་བྱ།། ལྷ་ཁང་ལ་སོག ་ཟིན་ནས་ནི།། རབ་གནས་རྒྱུད་ལས་གསུངས་པ་ཡི།། ཆོ་གས་དེ་རབ་གནས་བྱས་ཏེ།། དེ་ནས་གཏོར་མ་ཀུན་དུ་བྱ།། རྒྱལ་བའི་གནས་ནི་གསུང་བའི་ཕྱིར།། གཙུག་ལག་ཁང་གི་སྒོར་གནས་ཤིང་།། དྲི་གཙང་ཁང་གི་ནང་གནས། ་པར།། ནག་པོ་ཆེ་དགོད་རྣལ་འབྱོར་པས།། སྐུ་མདོག་ནག་པོ་ཞལ་བཞི་པ།། ལྟོ་བ་ཆེན་པོ་ཕྱག་བཅུ་པ།། ན་མཁའི་གོས་ཅན་སྟག་ལྤགས་ཀྱིས།། སྨད་ཀྱིས་ཆ་ནི་རབ་བཀྲིས་པ།། དབུལ་ཐོད་པའི་ཕྲེང་བར་ལྡན།། མཆེ་བྱ་གཅིགས ་ཤི་ཨི་བཟད་པ།། ཐོད་པཥྚི་ཕྲེང་བ་བཀོད་པ་ཡིས།། མགྲིན་པ་རྐང་པ་རྣམ་བརྒྱནཱ་པ།། སྨིན་མ་ཁམ་བྱའི་སྦྱིན་བྱུགས་དང་།། སྤྱན་གསུམ་གྱིས་ནི་རྣམ་པར་སྤྲས།། དང་པོའི་ཞལ་ནི་ནག་པོ་མཚུངས།། གཡས་པ་སྔོན་བོར་སྣང་བ ་སྟེ། གཡོན་པ་དམར་པོ་ཤིན་ཏུ་མཛེས།། ཉི་མ་ཁཱི་དང་མཚུངས་པའི་འོད་།། རྒྱ་བ་ནི་དྲི་བཅས་དུ་བའི་མདོག། ངོའི་གདོང་ནི་བསམ་བོར་བྱ།། རལ་གྲི་དང་ནི་ཐོ་བ་དང་།། རྩེ་གསུམ་རྒྱུད་མངས་དག་གི་རྒྱུད།། སྒྲེང་བ་ལ་ནི་བརྩོན་འགྱུར་བ ་དེའི་གཡས་ཀྱི་ཕྱག་དུ་བསམ།། གཡོན་དུ་ཐོད་བྱ་ཁ་ཊྭཱཾ་ག། བི་ཝད་དེ་བཞིན་གར་བྱེད་བྱ།། མའི་པགས་པ་ཁྲག་འཛག་པ།། ལྟེང་གི་ཕྱག་དགུ་ནྡྷ་བསྣམས་ཤིང་།། གྷ་ཡས་བརྐྱང་གྲྀ་སྟངས་གར་བྱེད་པ།། མཉམ་པར་གཞག་པས་ལྐ་\ུ0f7f། ་པར་བྱ།། དེ་བཞིན་དུ་ནི་དེའི་འཁོར།། མི་སྡུག་གདོང་ཅནི་མཁའ་འགྲོ་མ།། སེང་གེ་གླང་པོ་དྲོད་དང་སྠཱུ་ལྔ།། བྱི་ལ་ཁྱིའི་གདོང་ཅན་ཏཱི།། ཧ་ཧ་ཞེས་སྒྲོགས་ཅི་ཅོའི་སྒྲས།། རྨོངས་པ་རྣམས་ནི་སྐྲག་བྱེད་པ།། ཐོད་པའི་ནང་དུ་བླུགས་པའི་ཁྲག། ་འཐུང་བྱེད་པ་ནི་བསྒོམ་པར་བྱ།། དེ་ལྟར་བསམས་ནས་རྣལ་འབྱོར་དབང་།། བདག་ཉིད་མ་ཧེ་ལ་ཞོན་ཅིང་།། དྲག་པོ་ཆེན་པོ་གཤིན་རྗེ་གཤེད།། གདུག་པ་ཐམས་ཅད་འཇོམས་མཛད་པ།། ཞལ་དྲུག་དང་ནི་ཞབས་དྲུག་དང་།། ཕྱག་དྲུག་ཉིད ་ཀྱིས་རྣམ་རྒྱན་པ།། ལྷ་དང་ལྷ་མིན་ཟ་བྱེད་པ།། གཡས་པའི་ཕྱག་རྣམས་ནཱ་ཐོ་ག།། རལ་གྲི་ལྕགས་ཀྱུ་བསྣམས་སྡིགས་མཛུབ།། ཞུགས་པ་དང་ནི་དྲིལ་བུ་ཡིས།། གཡོན་པ་རྣམས་ནི་མཛེས་བྱས་པ།། གཡས་བརྐྱང་བ་དང ་གཡོན་བརྐྱང་དང་།། དེ་བཞིན་མཉམ་པའི་འདུག་སྟངས་ཀྱིས།། ལྷའི་ཚོགས་རྣམས་དྲུག་པོ་ཡིས།། སྟོབས་ནི་ཀུན་དུ་མནན་ནིས་བཞུགས།། སྙིང་གའི་ཡི་གེ་ཧཱུཾ་ལས་བྱུང་།། འོད་ཟེར་འཁོར་ལོ་འབྱར་བ་ལས།། ཁྲོ་བོའི་སྤྲིན་གྱི་ཚོགས་དག་ནི།། ་བྱང་མཚུངས་པའི་ཚོགས་རྣམས་སྤྲོ།། ཨཱིན་ནཱི་ལ་ལྟར་སྣང་བསམ།། དེ་འདྲའི་གཟུགས་སུ་གནས་ནས་ནི།། ནག་པོ་ཆེན་པོ་སྙིང་འགས་པར།། བརྩོན་པར་གྱུར་པའི་སྔགས་འདི་ཡང་།། ཁྲོ་བོའི་ཚིག་གི་བརྗོད་པར་བྱ།། ཨོཾ་ཧྲཱིཿཥྚྲྀ་བི་ཀྲྀ་ཏཱ་ན ་ན་སརྦ་ཤ་ཏྲུ་ནཱ་ཤ་ཡ་སྟཾ་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེའི་རྗེས་ལི་དེ་ལ་འདི་སྐད་དུ་བཀའ་བསྒོ་བར་བྱའོ།། སྔར་བཤད་པའི་སྔགས་ཉིད་ཀྱིས་བཀུག་སྟེ། བཅིངས་དེ་དབང་དུ་བྱས་ནས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཉིད་ཀྱིས་བཀའ་བསྲོ་བར ་བྱ་སྟེ། ཀྱེ་ནག་པོ་ཆེན་པོ་གཙུག་ལག་ཁང་འདི་ཇི་སྲིད་གནས་པ་དེ་སྲིད་དུ་ཁྱོད་ཀྱིས་བསྲུང་བར་བྱ་ཞིང་འཁོར་དང་བཅས་པ་ཁྱོད་ཀྱིས་འཕགས་པའི་དགེ་འདུན་གྱི་བཀའ་ཡང་མཉན་པར་བྱའོ།། དེའི་རྗེས་ལ་རྣལ་འབྱོར་པ་དེ་ཉིད་ཀྱིས་ཡོངསུ ་མཉེས་པར་བྱ་བའི་ཕྱིར་དེ་ལ་གཏོར་མ་སྦྱིན་པར་བྱའོ།། ཟངས་ལ་སོགས་པ་ལས་བྱས་པའི་སྣོད་ཚད་ཆེན་པོ་དང་ལྡན་པ་ཙན་དན་དམར་པོ་ལས་བྱས་པའི་དཀྱིལ་འཁོར་གྲུ་བཞི་པ་བཞག་སྟེ། ཐུག་པ་ནག་པོ་དང་། གློ་བ་དང་། འོ་ཐུག་དང་། རློན་པ ་དང་། བཅོས་པ་དང་། བསྲེགས་པའི་དབྱེ་བས་ཉཝའི་ཤ་རྣམས་པ་གསུམ་དང་། ཁྲག་དང་། ཞག་དང་། གླད་པ་དང་། ཚིལ་རྣམས་དང་། རྒུན་ཆང་དང་། འབྲུའི་ཆང་དང་། ཉའི་གཟུགས་བརྙན་དང་། འབྱེང་བླའི་ཆུན་པོ་དང་། སྒྲོག་པའི་བྱེ་བྲག་བདུན་དང་། ་སྣུམ་ཁུར་དང་། ནས་དང་། གྲོ་ལ་སོགས་པའི་བྱེ་བྲག་གི་འབྲུ་རྣམས་དང་། ཟངས་དང་ལྗགས་ལས་བྱས་པའི་ཁབ་ཀྱི་ཚོགས་ཀྱིས་ཡོངསུ་བཀང་ལ། མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམ་པ་ལྔས་ཡོངསུ་མཆོད་དེ།། ་གཤེན་རྗེ་གཤེད་ཀྱི་ཕྱག་རྒྱས་ཀྱང་མངོན་པར་བཏབ་ལ་ཕྱོགས་བཅིང་བར་བྱ་སྟེ། ཁྲོས་པའི་སེམས་དང་ལྡན་ཞིང་དྲིལ་བུ་དང་རྡོ་གསོར་བ་ལ་བརྩོན་པའི་རྣལ་འབྱོར་པས་སྔགས་འདིས་སྤྱན་དྲང་བར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཨ་ཡ་ཏི་མཿ། ་བི་ཧ་ར་པཱ་ལ་ན་ཡ། སརྦ་ཌཱ་ཀི་ནཱི་ཡཀྵ་རཀྵ་ས་ས་པ་རཱི་ཝ་ར་ན་ཏྲ་སན་ནི་ཏི་ཏོ་བྷ་བ་སྭཱ་ཧཱ། དེའི་རྗེས་ལ་སྔགས་འདི་དང་སྙོམས་པར་འཇུག་པའི་ཕྱག་རྒྱས་ཚིམ་པར་བྱ་བའི་ཕྱིར་གཏོར་མ་བྱིན་གྱིས་བརླབས་པར་བྱའོ།། ཨོཾ་ཨཿད་ཤ་དཱི་ཀ་ཏྲི་ཨ ་དྷཱདྷ་སཾ་བྱ་བ་སྠི་ཏ། སརྦ་ད་ཤ་དི་ཀ་ལོ་ཀ་དྷི་ཏུ་པ་ར་མ་ཎུ་པ་རན་ཏེ་ར་པ་ཏི་སརྦ་བ་ཏཱི་ཀཱི་ལོ་ཀ་པཱ་ལ། མ་ཧཱ་ཀཱ་ལ་བཛྲ་ཨཱ་ཡུ་དྷུ་མ་ཡ་བཛྲ། བཛྲ་ནཱ~ཾ་ལ། བཛྲ་ཀཱ་ལ་བཛྲ་མུ་ས་ལ། ནཱ5་། བཛྲ་ཨ་ནི་ལ། བཛྲ་ཤོ་ནཿ། བཛྲ་ཀུཎ་ཌཱ་ལི་མོ་ན་བཛྲ། བེ་མ་ཙི་ཏྲི། པྲི ་ཏཻ་བཾ་དཻ་བ་ཏ། སརྦ་ཨི་ཏྱཱ་པ་སར་ག་ཨུ་བ་ཤཱན་ཏ་ཡེ། སརྦ་གནྡྷ་པུཥྤ་དྷཱ་ག་དཱི་པ་ནེ་བཻ་ཏ། སརྦོ་པ་ཏྲ་ཨ་ལཾ་ཀ་ར་དིནཤྩ་པྲ་ཏཱིཙྪ། ཨུ་པ་པུ་ཛྱ། སརྦ་ཥ་ནཾ། ཀཱ་ཡ་གཱ་ཀ་ཙིཏྟཾ། སྟཾ་བྷ་ཡ་སྟཾ་བྷ་ཡ། མ་མ་སརྦ་ཨ་ཤཾ་པ་རི་པུར་ཡ་ཐ་ཡ་བ་དཱ་སཾ་སཱ་ར ་མ་མ་སརྦ་སཏྭཱ་ནཱཾ་ཙ། སང་སུ་ཁཱ་སིདྡྷ་ཡེ་སྭཱ་ཧཱ། ཀཱ་ཡ་བྷ་བནྡྷ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ། གཏོར་མའི་སྣོད་སྒྲུབ་པའི་གྲོགས་མཆོག་ཐོར་ཚུགས་བཅིངས་པའི་ལག་ཏུ་བྱིན་ཏེ་དུར་ཁྲོད་ཆེན་པོར་དོར་བར་བྱའོ།། དེ་ནས་ནག ་ཆེན་པོ་ནི།། འཁོར་དང་བཅས་པ་མཉེས་གྱུར་ནས།། ཇི་སྲིད་ནམཁའི་ཉི་ཟླ་དང་།། ཇི་སྲིད་སྐར་མ་དག་དང་ས།། ཇི་སྲིད་རྒྱ་མཚོ་དང་ནི་གླིང་།། ཇི་སྲིད་འགྲོ་བ་རིས་དྲུག་གནས།། དེ་སྲིད་རྒྱལ་བཅས་གཙུག་ལག་ཁང་།། མཆོད་རྟེན་བཅས་པ་དེས་སྲུང ་འགྱུར།། དེ་ནི་འཕགས་པའི་དགེ་འདུན་ཡང་།། ཚེ་ནི་རིང་པོར་བྱེད་པར་འགྱུར།། མེ་ལ་སོགས་པ་བགེགས་ཀྱི་ཚོགས།། འབྱུང་བ་དེ་ཡིས་འཇིག་པར་བྱེད།། རབ་གནས་དུསུ་རྣལ་འབྱོར་པས།། གཏོར་མ་འདི་ནི་ཡང་དག་བྱ།། ཕན་ཕྱིར་བྱ་བའི ་རྒྱུད་ལས་ནི།། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས།། དེ་ནི་ནག་པོ་ཆེན་པོའི་གཏོར་མའོ།། །། སྐྱེའོ་སྡིག་པ་བྱེད་པ་རྣམས།། གང་གིས་བདེ་འགྲོར་སྐྱེ་འགྱུར་བ།། འཆི་བའི་དུས་ཀྱི་གཏོར་མ་ནི།། བཟང་པོ་དེ་ནས་བཤད་པར་བྱ། ་བློ་གྲོས་ཆེན་པོས་བུད་མེད་དམ།། སྐྱེས་པ་ཤི་བ་མཐོང་ནས་ནི།། དེ་ཚེ་བདག་ཉིད་བྱང་ཆུབ་སེམས།། ཕྱག་ན་རྡོ་རྗེར་བསམ་པར་བྱ།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། ཨུཏྤལ་སྔོན་པོའི་འདབ་འདྲའི་འོད།། མཆེ་བ་ཅུང་ཟད་གཙིགས ་པ་སྟེ།། སྒེག་པ་ཡི་ན་རོ་ཡིས་བརྒྱན།། གཡོན་པ་སྡིགས་མཛུབ་དང་ལྡན་ཞིང་།། གཡས་པ་རྡོ་རྗེ་གསོར་མཛད་པ།། གང་བཅས་དེ་དག་མཚུངས་ཉིད་ཀྱིས།། འདྲེན་པ་རྣམས་ཀྱིས་ཡོངསུ་བསྐོར།། ས་སྙིང་ལ་སོགས་ས་བོན་གྱིས།། ཡན ་ལག་དྲུག་གི་གོ་ཆ་དགོད།། མིག་ལ་སོགས་པ་བྱིན་བརླབས་ན།། དེ་ནས་ལྷའི་མིག་སོགས་འགྱུར།། དེའི་མགོ་དང་ལོགས་སོགསུ།། དེ་ཡིས་གཤིན་རྗེའི་ཕོ་ཉ་མཐོང་།། ལག་པ་དབྱུག་པའི་ཐོ་བ་ཅན།། དེ་ནས་མཐོང་ནས་འདི་ལྟར་བསྡིགས།། ་གཤིན་རྗེའི་ཕོ་ཉ་ཁྱེད་རྣམས་ནི།། འདི་ནི་མདུན་ནས་འགྲོ་བར་གྱིས།། དེ་ནི་གནས་པ་འདི་རུ་ཁྱེད།། སྐད་ཅིག་ཙམ་ཡང་གནས་སྐབས་མེད།། དེ་མིན་རྡོ་རྗེ་རྣོན་པོ་ཡིས།། ཁྲག་དང་རྣག་འཛགས་འཇིགས་རུང་བར།། ཁྱོད་ཀྱི་མགོ་ནི་དེགས ་པར་བྱ།། རྡོ་རྗེ་འཛིན་པའི་རྣལ་འབྱོར་པ།། དེའི་ཚིག་དེ་ཐོས་ནས་ནི།། མི་བཟད་གཤིན་རྗེའི་ཕོ་ཉ་སོགས།། ཕྱོགས་རྣམས་ཀུན་དུ་འབྲོས་པར་འགྱུར།། དེ་ནས་དེའི་སྙིང་གནས།། འབྱུང་བར་འགྱུར་པའི་རླུང་དག་དང་།། རྣམ་པར་ཤེས་པ་ཆེས ་བྱའི་ཕྱིར།། གཏོར་མ་དང་ནི་བྱ་བ་ཡིན།། རྣ་བའི་དྲུང་དུ་སྔགས་འདི་ནི།། རྣལ་འབྱོར་རིག་པས་བསྙུངས་ནས་ནི།། བཟླས་ན་དེ་ལཱས་རྡོར་འཛིན་དང་།། མཚུངས་པ་ཉིད་དུ་འགྲུབ་པར་འགྱུར།། ཨོཾ་ན་མོ་བྷ་གཱ་པ་ཏེ་སརྦྦ་དུརྨྨ་ཏི་པ་རི་ཤོ་དྷ་ནི་རཱ་ཛྙཱ ་ཡཻཏ་ཐཱ་ག་ཏཱ་ཡ་ཨ་ར་ཧ་ཏྭེ་སམྱཀྶཾ་བུདྡྷཱ་ཡ། ཏཱདྱ་ཐཱ། ཨཽ་བྷྱོ་མ་བྱ་བི་ནེ། བྷྱོ་མ་རུ་སྨཱ་ཡ། སརྦྦ་བྷཱ་བི་ནེ། ཤྲི་བ་ཡ་ཧཱི། བྲཧྨ་མ་ཧཱ། ཧྲྀ་བིཥྞུ་ར་ཡེ་ཏ། མྱཾ་རུ་དྲཱ་ཀྲཱ་བིཾ་སརྦི་ནི་ཧཱུཾ་རྱ་ཏྲ་ས་རུ་པེ། ཧྲི་ནཱ་ད་ཨཱ་ཏ་མ་ཀེ། ཧཱུཾ་བིན་དུ་ཤ་རཱི་རེ་ཨཾ་ཤག་སཾ་ཡཾ་ཛ་ནི་མི། ་བྷྱོ་མ་ཡཽ་ཛ་ནི།། པཱི་ཤཱ་ཏ་ཀེ་བ་ལྱེ་པ་དི་བྲཧྨ་བི་དྷྱེ་ནེ་མཿཡུཾ་རླུང་ལཱུ་ཀྵྨཱཾ་ཥྚཽ་ན་མཱཿི་ཨཽ་ཨི་ཨ་མཱཾ་བྷྱོ་མ་བྱ་པི་ནི་བྷྱ་ཕཊ། དེ་ནས་གསང་སྔགས་འདི་ཡིས་ནི།། མི་སྐྱོང་གནས་ནི་ཉམས་དགའ་བ།། རྒ་དང་འཆི་བ་རྣམ་སྤངས་པར།། རྣམ་པར་ཤེས། ་པ་བྱུང་ནས་འགྲོ། དེའི་ཚངས་པའི་སྒོ་ནས་ནི།། རྣམ་ཤེས་མྱུར་དུ་འབྱུང་བར་འགྱུར།། བཞིན་ནི་རབ་ཏུ་འཛུམ་བྱེད་ཅིང་།། ངོ་ནི་ངོ་མཚར་ཕྱག་རྒྱར་ལྡན།། རླུང་རྣམས་ཀྱི་སྔག་འདི་ཡིས་ནི།། ཨོཾ་ཛྙཱ་བྷ་ནཱ་ཡ་སྭཱ་ཧཱ། ཨོཾ་ཨཾ་པཱ་ནཱ་ཡ་སྭཱ་ཧཱ། ཨོཾ་ཨ ་ས་མཱ་ནཱ་ཡ་སྭཱ་ཧཱ། ཨོཾ་ས~ཾ་ཨུ་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་ཧཱ་བྱཱ་ནཱ་ཡ་སྭཱ་ཧཱ། ཨོཾ་ཀྲུཾ་ཨུད་ཝཾ་ཧ་ཡ་སྭཱ་ཧཱ། ཨོཾ་བཛྲ་བི་ཝ་ཧ་ཡཱ་སྭཱ་ཧཱ། ཨོཾ་ག~ཾ་སཾ་ཝ་ཧཱ་ཡ་སྭཱ་ཧཱ། ཨོཾ་ཀྵ་ཥྚྲྀ་ནི་ཝ་ཧཱ་ཡེ་སྭཱ་ཧཱ། ཨོཾ་སཾ་བི་ཛྙཱ་ནེ་ཡ་ཨ་རུ་པི་ནཱི་ག་ག་ན་རུ་པ་ཡ། ཨེ་ཧྱེ་ཧི་པྲ་བྷཱ ་སྭཱསཱཧཱ་སྭ་བྷཱ་བ་བེཛྲ་དྷ་ར་རུ་ར་པ་ནཱཾ་ཧཱུཾ་བཽ་ཝཊ། སྔགས་མཆོག་བཟང་པོ་འདི་རྣམས་ཀྱིས།། ཚིགས་དག་ནས་ནི་རླུང་འབྱུང་བས།། སྐྱེ་བོ་བདེ་བར་བྱེད་པར་འགྱུར།། ནི་མཁའི་རང་བཞིན་དུ་མར་འགྱུར།། དེའི་རྗེས་ལ་ན་མཁར་སྲིད་པ་བར ་མེའི་ཡི་གེ་ཧོ་གཉིས་ཀྱིས་བརྟེན་པ་རྣམ་པར་བསྒོམས་ཏེ་དེའི་མངོན་སུམ་ཁོ་ནར་ཤི་བའི་རོ་བསྐྱེགས་པར་བྱའོ།། འཕགས་པ་འཁྱིལ་པའི་སྔགས་ཀྱིས་ནི།། བྱིན་གྱིས་བརླབས་ནས་ཆུས་བསངས་ཏེ།། དེ་ནས་ཆུ་བོར་ཁྲུས་བྱས་ནས།། ་རྣམ་ལྔས་དགང་བར་བྱ།། དེ་ནས་དྲི་མ་དག་བྱུགས་ཏེ། ཁ་རུ་གོ་ལ་གཞུག་པར་བྱ།། མེ་ཏོག་སྤོས་ལ་སོགས་རྣམས་ཀྱི།། མཆོད་བྱས་ནས་ནི་སྤོས་ཀྱིས་བཀྲིས།། གླུ་དང་རོལ་མོ་ཡིད་འོང་བས།། དེ་ལ་རབ་ཏུ་མཆོད་པར་བྱ།། ཡིག་གསུམ་བྱིན ་བརླབས་མེ་ལྷ་ནི།། སྦྱིན་སྲེག་ལས་བཤད་ཆོ་གས་གཞག། ཚིག་པར་གྱུར་གྱི་བར་དུ་ནི།། མཁས་པས་ལན་བརྒྱ་རྩ་བརྒྱད་དམ།། སྟོང་ངམ་ཁྲེ་ནི་བཟླས་ནས་ནི།། འདི་ནི་ཤི་བའི་ཆོ་ག་རིམ་པ།། རུས་པ་བླངས་ནས་དག་བྱས་ཏེ།། རྡུལ ་ནི་ཆུ་བོ་ལ་དོར་བྱ།། རྡུལ་ཚོན་ཁ་དོག་དམར་པོ་ཡིས།། ཁྲོ་བོའི་གཟུགས་ཅན་གཤིན་རྗེ་གཤེད།། དཀྱིལ་འཁོར་དེ་རུ་བྲི་བར་བྱ།། ཁྲོ་བོ་བརྒྱད་དང་ཡང་དག་ལྡན།། སྔར་བཤད་སྐུ་མདོག་ཕྱག་མཚན་སོགས།། གདན་བཅས་ཁྲོ་བོའི་སྐུ་འཛིན།། ་པབ།། དེ་ནས་མཉམ་གཞག་གྱུར་པ་ཡིས།། སྔགས་ཀྱི་བཟླས་བརྗོད་སྔོན་འགྲོ་བའི།། མེ་ཏོག་ལ་སོགས་ཡིད་འོང་བའི།། དཀྱིལ་འཁོར་དྷེ་རུ་བྲི་བར་བྱ། ཁྲོ་བོ་བརྒྱད་དང་ཡང་དག་ལྡན།། སྔར་བཤད་སྐུ་མདོག་ཕྱག་མཚན་སོགས།། གཽདན ་བཅས་ཁྲོ་བོའི་སྐུ་འཛིན་པ།། དེ་ནས་མཉམ་གཞག་གྱུར་པ་ཡིས།། སྔགས་ཀྱི་བཟླས་བརྗོད་སྔོན་འགྲོ་བའི།། མེ་ཏོགཱ་ལ་སོགས་ཡིད་འོང་བའི།། དཀྱིལ་འཁོར་པ་ཡང་མཆོད་ནས་ནི།། བརྒྱད་པོ་གོ་རིམས་བཞིན་དུ་འབུལ།། དབུས་སུ་ཡང་། ་ནི་མར་མེའི་སྣོད།། ཆོ་ག་བཞིན་དུ་གཞག་པར་བྱ།། མཆོད་པ་བྱས་ནས་གཏོར་མ་སྦྱིན།། ཁམ་པའི་སྣོད་ནི་བཅུ་གཅིག་དང་། འོ་མ་སྦྲང་རྩི་དེ་བཞིན་དུ།། ཙན་དནྟ་དཀར་པོའི་ཆུས་བཀང་སྟེ།། མེ་ཏོག་བཀྲམ་པ་མཛེས་གྱུར་པའི།། བའི ་རྣམ་ལྔས་དག་བྱས་ནས།། དེ་ནས་འབྲས་ཆན་ཆང་པུ་གཅིག། སྣོད་གཅིག་ཏུ་ནི་གཞག་པར་བྱ།། གཉིས་པ་གཉིས་དེ་གསུམ་པ་ལ།། དེ་བཞིན་གསུམ་སྟེ་བཅུ་གཅིག་པར།། བཅུ་གཅིག་བར་དུ་གཞག་པ་འདི།། གཏོར་མ་སྦྱིན་པའི་ཆོ་ག ་རིམ་པ།། སྔར་བཤད་སྔགས་ནི་བཅུ་དྲུག་གིས།། བྱིན་གྱིས་བརླབས་ནས་མེ་ཏོག་སྤོས།། སོགས་པས་དེ་རྣམས་རབ་མཆོད་དེ།། དེ་ནས་ཆུ་བོར་དོར་བར་བྱ།། དཀྱིལ་འཁོར་གཤེགསུ་གསོལ་ནཱ་ཀྱང་།། རྡུལ་ཚོན་ཆུ་བོར་དོར་ནས་ནི།། ནམ ་མཁའ་སྲིད་པ་བར་མ་ནི།། དེ་བཞིན་གཤེགས་པས་ཡོངས་བསྐོར་ཅིང་།། ཆོས་སྟོན་པ་ནི་ལྷུར་ལེན་པ།། མི་བསྐྱོད་གཟུགས་ཅན་བལྟ་བར་བྱ།། དེ་ནས་ལྡངས་ནས་དེ་ཉིད་ཀྱི།། རུས་པ་བླ་དུསྱ་ཏེ་ཕྱེ་མར་བྱ།། ས་ལས ་བྱས་པའི་མཆོད་རྟེན་གྱི།། ནང་དུ་རབ་ཏུ་གཞུག་པར་བྱ།། དེ་ལ་རིམ་པ་འདི་ཡིན་ཏེ།། ཨོཾ་ཝུ་བ་ར་དྷེ་ཛི་ནི་གོ་ལེ་ཡ་ཤོ་ཏེ་སརྦ་བུདྡྷ་ཨ་དྷོཥྛི་ཏེ་སྭཱ་ཧཱ། འཛི་བ་ལཾ་ལན་ཉི་ཤུ་རྩ་གཅིག་ཡོངསུ་བཟླས་ཏེ་མཆོད་རྟེན་བྱའོ།། ཨོཾ་བཛྲཱ་ཨཱ་ཡུ་ཥེ ་སྭཱ་ཧཱ། ཞེས་བྱ་བས་སྐོང་ཕོར་དུ་གཞུག་པར་བྱ།། མཆོད་རྟེན་འབྱིན་པ་ན་ཡང་འདི་སྐད་བརྗོད་པར་བྱ་སྟེ།། ཨོཾ་དྷརྨྨ་དྷཱ་ཏུ་གར་བྷེ་སྭཱ་ཧཱ། ཨོཾ་ཨ་བྷ་བི་སྭེ་བྷཱ་བ་དྷརྨྨ་ཏེ་སྭཱ་ཧཱ། ཨོཾ་པྲ་མརྡ་ན་ཡེ་སྭཱ་ཧཱ། ཨོཾ་སུ་པྲ་ཏཱིཥྛི་ཏཱ་སྟུ་པེ་སྭཱ་ཧཱ། ཨོཾ་ན་མོ་རཏྣ་ཏྲ ་ཡཱ་ཡེ། ཨོ་ནཱ་མོ་བྷ་ག་བ་ཏེ་ཨ་ཀྵོ་བྷྱཿཡ་ཏ་ཐཱ་ག་ཏཱ་ཡ་ཨརཱ་ཧ་ཏཽ་ས་མྱཀྶཾ་བུདྡྷཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏཱི། ན་མ་མཱཾ་རཱུ་པ་ལོ་ཀི་ཏེ་ཤཱུ་རཱ་ཡ།། བོ་དྷི་སཾ་ཏཱ་ཡ། མ་ཧཱ་སེ་ཏཱ་ཡཱ། མ་ཧཱ་ཀ་རུ་ནི་ཀཱ་ཡེ། ཏདྱ་ཐཱ། ཨོཾ་ཙྭི་ལི་བནྡྷ་མི། མི་ལི་བནྡྷ་མི། ཙི ་མྲྀ་ལི་བརྞྞ་མི། སི་མཾ་བརྞྞ་མི། སི་མཽ་དེ་བྱཱ་དཱདྱ་ཏཱཾ་ཤྩ་མ་ཀ་ཤིན་བྱ་ཏི་ཀྲ་མ་ཏུ་ཀྲྀ་མ་ཏྱཱ་སྭཱ་ཧཱ། སྔགས་འདིས་ཡུངས་ཀེར་ལཱ་ལན་ཉི་ཤུ་རྩ་གཅིག་ཡོངསུ་བཟླས་ཏེ་ཕྱོགས་བཅུར་གཏོར་ན་ཕྱོགས་བཅིང་བ་བྱིས་པར་འགྱུར་རོ།། དེས ་ནི་མཆོད་རྩིན་རབ་ཏུ་གནས་པར་བྱའོ།། དེའི་རྗེས་ལ་བདག་དང་གཞན་བསྲུང་བའི་དོན་དུ་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཤྩཎྜ་བཛྲ་པཱ་ཎ་ཡེ།། མ་ཧཱ་ཡཀྵ་ས་ནཱ་པ་ཏ་ཡེ། ཨོཾ་བཛྲ་ཀྲོ་དྷི་མ་ཧཱ་བ་ལ་མ~ཾ་ཧཱ་ཏེ ་མཧཱ་ཏེ་ཙ་ཡ། མ་ཧཱ་ཧ་ན་ད་ཧ་པ་ཙ་མྱཱ་ཐ། བཱི་ཀི་རཱ་ན་བི་དྷྭཾ་ས་ཡ། བི་དྲཱ་བཱ་ཡ། ཛྙཱ་ཏི་ལཾ་བོ་ད་ར། ཨུཙྪསྨ་ཀྲོ་དྷཱ་ཧཱུཾ་ཕཊ། རཱཀྵཱ་རཀྵ། ཛི་བཾ་མཱ་མ་དེ་བ་དཏྟཱ་སྱཱ་ཙ་སརྦ་བཻ་ཡོ་བ་དྲ་བེ་བྷྱཿསྭཱཧཱ། འདིས་བདག་བསྲུང་བ་དང་། གཞན་བསྲུང་བར་བྱའོ།། དེ་ནས ་ལངས་ཏྭེ་ཅི་བདེར་གནས་པར་བྱའོ།། འཆི་བའི་དུས་ཀྱི་གཏོར་མའི་ཆོ་གའོ།། ། དེ་ནས་ཟོས་པའི་ཤྲཱི་མ་རུ། གུང་གི་རྣལ་འབྱོར་ཞི་བ་དང་རྒྱས་པར་འགྱུར་བའི་གཏོར་མ་ནི།། ལྷགྲོ་མ་ཞེས་བྱ་རབ་བཤད་བྱ།། ཚོགས་ཀྱི ་འཁོར་ལྷོར་ཟློས་པ་ཡང་།། ཡང་ན་རང་གིས་ཟོས་པའི་མཐུར།། བཟའ་བ་ལྔ་སོགས་ཀུན་བསྡུས་ཏེ།། སྣོད་གཅིག་ཏུ་ནི་གཞུག་པར་བྱ།། ཆང་དང་འབྲུ་ཡི་ཆང་ལྷག་གང་།། དེ་ཡང་གཅིག་ཏུ་བྱུགས་པར་བྱ།། དེ་རུ་འབྲས་ཀྱི་ཕྱེ་མ ་ཡིས་དེ་ནི་དཀྱིལ་འཁོར་གྲུ་གསུམ་བྱ།། དབུས་དང་པོའི་དབྱངས་དགོད་ཅིང་།། ཟུར་གསུམ་དུ་ནི་ཡི་གེ་གསུམ།། བཅོམ་ལྡན་འཁོར་བ་ལས་གྲོལ་བ།། དབུས་སྒྲོལ་མ་བསམ་པར་བྱ།། སྤྱན་ནི་རྟག་པ་དང་ལྡན་པ།། ཨོཾ་གྱི་རྨཱ ་རུ་ཡང་དག་བསམ།། ཨཱཿའི་གྲཝ་རུ་ལཱ་མོ་ནི།། གློས་དཀར་མོ་ནི་བསྒོམ་པར་བྱ།། མི་བསྐྱོད་དང་ལྷན་མཱ་མ་ཀྵི། ཧཱུཾ་གི་གྲཝ་རུ་ཡང་དག་བསམ།། འབར་བའི་ཕྲེང་བས་ཁྱབ་ཅིང་དག། གྲུ་གསུམ་མཁས་པས་བསྒོམ་པར་བྱ།། དེའི ་དབུས་བུམ་པ་གང་བ་ནི།། ས་ལས་བྱས་པ་ལ་སོགས་གཞག། བཟའ་དང་བཅའ་བ་སོགས་གང་ངོ་།། བུམ་པ་དེ་རུ་རབ་ཏུ་གཞུག། དེ་ནས་གྲུ་གསུམ་ཐ་མ་རུ།། དུར་ཁྲོད་ཆེན་པོ་བསམ་པར་བྱ།། ཁ་ཊྭཱཾ་ག་དང་མགོ་ལ་སོགས།། ་ཐོད་པ་རྣམས་ཀྱིས་ཡོངསུ་བརྒྱན།། ཤིང་གཅིག་དང་ནི་ལྡན་པ་ཉིད།། ཁྭ་དང་ཁྱི་སོགས་རྣམ་འཇིགས་པ།། དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས།། ཉེ་བར་སྤྲས་པའི་གཟུགས་འཛིན་པ།། ཀེང་རུས་མཁའ། ་འགྲོ་མ་ཉིད་ནི།། དུར་ཁྲོད་གནས་པཱུརྱ་དེ་བསྒོམ་བྱ།། དྲག་མོ་གྲི་གུག་སྣོད་ཐོག་པ།། སྐུ་བཤིག་སྤྱནྡ་ནི་གསུམ་པ་སྟེ།། ཁ་ནི་ཡི་དྭགས་ཟ་བྱེད་ཅིང་།། རྒྱས་པ་མི་བཟད་གསུས་པ་འཕྱང་།། སྟག་གི་པགས་པའི་གོས་ཀྱིས་ནི ་སྨད་ཀྱི་ཆ་ནི་རྣམ་པར་བརྒྱན།། མགོ་བོའི་སྟེང་དུ་རྐང་པ་གཉིས།། གར་གྱི་འགྱིང་ཚུལ་ལ་བརྩོན་པ།། ཐོད་པའི་ཕྲེང་བའི་རྒྱན་དང་ལྡན།། རྒྱུ་མའི་ཕྲེང་བས་རྣམ་པར་བརྒྱན།། ཡི་དྭགས་གླད་པ་ཚིལ་དང་ཞག། རབ་ཏུ་བྱུགས་པ་ལ་དགྱེས ་པ། མི་ཡི་རུས་པའི་ཕྲེང་ལྡན་པའི།། སྐ་རགས་ཁྲག་གི་ཐིག་ལེ་ཅན།། ལག་འགྲོ་ཆེན་པོའི་རྣ་ཆ་ཅན།། བྲང་འགྲོའི་རྐང་གདུབ་འཇིགས་རུང་བ།། ཁ་དོག་དམར་པོ་འབར་བའི་ཚོགས།། གཟི་བརྗིད་ཐུབ་པར་དཀའ་བ་ཡི།། ཤིན་ཏུ་མི་བཟོད།། ་ཁྲོད་པ་ཡིས།། གནོད་སྦྱིན་ལ་སོགས་བསྡིགས་བྱེད་པ།། ཡཀྵ་ཆེན་པོའི་སྒྲ་སྒྲོགས་པ།། ཤ་ཟ་ལ་སོགས་རྣམས་ཀྱིས་བསྐོར།། དེ་བལྟས་ནས་ནི་རྩེ་གསུམ་གྱི།། ཕྱག་རྒྱ་བཅིངས་ནས་རྣལ་འབྱོར་པ།། སྤྱན་འདྲེན་སྔགས་ནི་བཟླས ་བྱ་ཞིང་།། ཆང་གི་བཏུང་པོ་དབུལ་བར་བྱ།། ཨོཾ་ཨེ་ཧྱེ་ཧི་ཤྨ་ཤཱ་ན་ཝ་སེ་ནི་མ་མ་ས་པ་རི་བ་རཱ་སྱ་རཀྵ་ཀུ་རུ་ཨི་ཧ་ས་ན་ནི་ཧོ་ཏོ་བྷ་བ་སྭཱཧཱ།། རང་རང་སྔགས་ཀྱིས་གོ་རིམས་བཞིན།། དེ་ནས་མེ་ཏོག་སོགས་ཕུལ་ནས།། སྔགས་ཀྱི་རྒྱལ ་བོ་འདི་ཡིསཱ་ནི། དེ་ལ་གཏོར་མ་དབུལ་བཪྻ་བྱཱ།། ཨོཾ་ཀུ་རཱུཀྐུ་རུ། ཝཱང་ཏ་ལླི་མཱ་ཧཱ་ལྱཱ་ཏ་ལི། སཱིད་ཏྭཱ་མུ་ཁི་ཤྨ་ཤཱ་ན་ཝ་སི་ནི། པྲཱ་ཏི་ཝཱ་ད་ནི། ཙཎྜཱ་ཀཱ་ར་ལི་རུ་དྷ་ར་པྲེ་ཡེ། སྭ་མ་ཡ་རཀྵི་ཏ། ཡོ་ག་དྷཱ་རི། ཀཱི་ལི་ཀི་ལི། ར་བཻ་བཛྲ་པྲི་ཏི་ཝཱ། མན་དྷེ་པུ ་ཛ་ཧི། བག་ཏི་གཱུ་ཧཱ་ན་དཱུ་ཏེ། ཧཱུཾ་མཾ་ག་གྲ་རི། ཙྪཎ་ཀྲ་ར་ལྀ། ཏིཥྛ་ཏིཥྛ། ཨིཾ་མ་ཨུཙྪིཀྟ་བ་ལི་གྲྀཧྣ་སརྦ་དུཥྚ་ནཱི་བྷུཀྵ་ཡ། ཧོ་ཕྱི་ཕྲེཾ་ཕཊ་སྭཱ་ཧཱ།། ཞེས་བྱ་བའི་ལྷག་མའི་སྔགས་བརྗོད་ལ། གཏོར་མའི་སྣོད་ལན་གསུམ་བསྐོར་ལ་མཚན ་མ་གཅིག་པར་དོར་བར་བྱའོ།། དེ་ནས་ལངས་ཏེ་ལག་པ་དང་ཁ་བཀྲུས་ལ་དཀྱིལ་འཁོར་ཕྱིས་ཏེ། སྔ་མེ་བཞིན་དུ་གཤེགསུ་གསོལ་ལ་ཅི་བདོར་ཉལ་བར་བྱའོ།། དེ་ནི་ལྕུག་མའི་གཏོར་མའི་ཆོ་གའོ།། ཉལ་བའི་དུས་སམ་རབ་གཱནྡ ་སམ།། སྦྱིན་སྲེག་མཐར་ཡང་རྣལ་འབྱོར་པས།། ཕྱོགས་བཅུ་ཚིམ་པར་བྱ་བའི་ཕྱིར།། ཁྲོ་བོའི་རྒྱལ་པོའི་གཏོར་མ་བྱ།། གཤེན་རྗེ་མཐར་བྱེད་ནས་བརྩམས་ཏེ།། གནོད་མཛེས་རྒྱལ་པོ་ལ་ཐུག་པ།། སྐུ་མདོག་ཕྱག་མཚན་ཚྭ ་ལུགས་ནི།། ཇི་བཞིན་ཁྲོ་བོ་བཅུ་པོ་བསྒོས།། མདུན་དུ་དཀྱིལ་འཁོར་བསམ་པར་བྱ།། ཡང་ནཱ་རྡོ་རྒྱུས་དག་གིས་བྲིས།། མཚོ་སྐྱེས་འདབ་མ་བརྒྱད་པ་སྟེ།། དེ་ལ་ཁྲོ་བོ་རྣམ་པར་བསམ།། དབུས་དཔལ་ལྡན་རྡོ་རྗེ་སེམས།། གཤིན ་གཤེད་གཙུག་ཏོར་ལ་ཐུག་རྣམས།། གོ་རིམས་བཞིན་དུ་ཤར་སོགས་དང་།། འོག་དང་སྟེང་གི་ཕྱོགསུ་བསམ།། ཤ་དང་འབྲས་ཆན་ཆང་བཏུང་བས།། གང་བར་གྱུར་པའི་སྣོད་བཅུ་དག། རིམ་པ་བཞིན་དུ་གཞག་བྱ་ཞིང་།། མཆོད་ཡོན ་ཕུལ་ཏེ་དེ་ནས་མཆོད།། སྔགས་འདི་ཡིས་ནཱི་སྒྲུབ་པ་པོས།། དེ་ནས་སྤྱན་ནི་དྲང་བར་བྱ།། ཨོཾ་ཨེ་ཧྱེ་ཏི་བྷ་ག་བཱན།། ཨི་ཧཱ་བྷ་ག་ཏྱ་ཙ་ས་མ་ཡེ་ན་ཙ་ཨརྒྷ་པུཥྤ་པྲཱ་ཏཱིཙྪ་ཨི་དམ་པུ་ཛ་ཝ་དྱཾ་པྲཱ་ས་ད་མི།། དེ་ནས་རང་རང་གི་སྔགས ་བཅུ་པོ་ཁོ་ནས་གཏོང་མའི་སྣོད་རྣམས་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་ནི་མཿས་མནྟ་བུདྡྷེ་བྷྱོ། ནི་མོ་བཛྲ་མུད་ག་ར་ཧསྟ་ཡ་ཙནྡ་མཎྜ་ལེ་ཨ་ཀྵོ་པ་ཀི་རཱ་ཡ་ཧཱུཾ་ཕཊ། གཤིན་རྗེ་གཤེད་ཀྱིའོ།། ཨོཾ་ན་མཿས་མནྟ་བུདྡྷ་བྷྱོ། མ་ཧ་ན་དྷ་ར། བི་བི་དྷ། སོ་ར་སཽ་ར ་བ་ར་ད་ན་བུདྡྷེ་ནིར་མ་ཐ་ནི་རྣཱ་ཐ་ཧཱུ~ཾ་ཕཊ། ཤེས་རབ་མཐར་བྱེད་ཀྱིའོ།། ཨོཾ་ནཱ་མཿསྱ་མནྟ་བུདྡྷོ་བྷྱོ་ཧུ་ལུ་ཧུ་ལུ། མ་ཧཱ་པདྨ་ཨ་མི་ཏྭེ་ཀུ་རུ་མ་ཧཱ་བི་ཤ་ན་ཨཱ། པདྨ་མཐར་བྱེད་ཀྱིའོ།། ཨོཾ་ནཱ་མཿས་མནྟ་བུདྡྷེ་བྷྱོ།། ན་མོ་བཛྲེ་ཀྲོ་དྷ་ཡ། མ་ཧཱ་ཏ་ཨཥྚ་ཨུད་ག ་བྷུཾ་ར་བཱ་ཡ། བཛྲ་སན་དྷ་ར་བྷཱ་ཡེ། ཨ་མྲྀ་ཏེ་ཀུཎྜ་ལི་ཧཱུཾ་ཕཊ། བགེགས་མཐར་བྱེད་ཀྱིའོ།། ཨོཾ་ནཱ་མཿས་མཽནྟ་བུདྡྷི་བྷྱོ།། ཡ་མ་དཎྜེ་ཡཻ། ཏུ་རུ་ཏུ་རུ། མུ་རུ་མུ་རུ། སརྦ་དུཥྚི་མཱ་རཱ་ཡ་ཧཱུཾ་ཕཊ། དབྱུག་པ་སྔོན་པོ་ཅན་གྱིའོ།། ཨི་ནཱི་མིཿས་མནྟ་བུདྡྷེ་བྷྱཱཾ། ན་མོ་མ་ཧཱ་བ་ལ་ཡ། ཨུམྦུ ་དྷཱ་རཱུ་ཛཱ་ཡ། སརྦ་ནཱ་ག་ནཱཾ་ཧྲྀ་ད་ཡ་ཧཱུཾ་ཕཊ?། སྟོབས་པོ་ཆེའོའོ།། ཨོཾ་ན་མཿས་མནྟ་བུདྡྷེ་བྷྱོ།། ན་མོ་ཨ་ཙི་ལ་ཀ་ན་ཙེ་ཏ་ཙེ་ཏཾ། མུ་ཊ་ཊ་མུ་ཊ་ནུ། ཏྱཱ་ཊ་ཏྱ་ཌྷ། གྷ་ཊ་གྷི་ཊ། ག་ག་གྷཱ་ཏ་ཡ་ཧཱུཾ་ཕཊ། མི་གཡོ་བའིའོ།། ཨོཾ་ན་མཿས་མནྟ་བྱཱདྡྷིནྟེ། ཨོཾ་ཊཀྐི་ཧཱུཾ་ཛྙཱ། འདོད་པའི་རྒྱུ ་པའིའོ།། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་ཡཏྣ་ཧཱུ~ཾ། ཨོཾཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། གནོད་མཛེས་རྒྱལ་པོའིའོ།། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱ་ན་མཿས་མནྟ་དྷརྨཱ་ཏཱི་ན་མཿས་མནྟ་སཾ་གྷཱ་ཎཱཾ། ཨོཾ་སི་ཏཱ་ཏ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤང་ཀ་ར། ཨོཾ ་ས་རྣས་སྨྲ་མྦྷ་། སྨྱ་ས་ག་ན་སུ་ས་བྷྱ། 98། ངྒ་དྷཱ་ནཱ་རྒྱུ ་འཁོར་ལོས་སྒྱུར་བའི་འོ།། ཐམས་ཅད་བསྲུང་བར་བྱེད་པའོ།། སྔགས་མཆོགས་བཟང་པོ་འདི་རྣམས་ཀྱིས།། ཁྲོ་བོའི་རྒྱལ་པོ་བཅུ་པོ་ནི།། རྫོགས་པར་ཚིམ་པར་བྱས་པར་འགྱུར།། དེ་ནས་ཤར་སོ་ཕྱོགས་རྣམས།། སྔགས་ཀྱི་གོ་རིམས་ཇི་བཞིན་དུ། ་ཁྲོ་བོ་རྣམས་ཀྱི་གོ་རིམས་བཞིན།། གཏོར་མོའི་སྣོད་རྣམས་དོར་བར་བྱ།། དེ་ཡིས་ནས་ཡང་རྨི་ལམ་ནི།། ངན་པ་ཉིད་ནི་མཐོང་མི་འགྱུར།། ཁྲོ་བོ་ཚིམ་ལས་རྣལ་འབྱོར་དབང་།། རྨི་ལམ་བཟང་པོ་ཉིད་མཐོང་འགྱུར།། རབ་གནས་མཐའ་མར་གཏོར ་མ་འདིས།། ལྷ་ཁང་ཤིན་ཏུ་བརྟན་པར་འགྱུར།། སྦྱིན་སྲེག་མཐའ་མ་མཁའ་འགྲོ་མ།། སྟོབས་ཆེན་མ་དགྲ་རབ་མཉེས་འགྱུར།། གང་ཕྱིར་སྣ་ཚོགས་མ་ལུས་འདི།། ཕྱོགས་བཅུའི་སེམས་ཅན་དང་བཅས་པ།། ཁྲོ་རྒྱལ་གྱིས་ནི་རང་གི་མཐུས།། རྟག ་ཏུ་ཕམ་པར་བྱས་ཏེ་གནས། དེ་ཕྱིར་དེ་ནི་ཚིམ་བྱས་པས།། ཀླུ་དང་འབྱུང་པོ་དྲང་སློང་དང་།། གནོད་སྦྱིན་ལྷ་མིན་བཅས་འགྲོ་བ།། ཧཱུཾ་དང་མི་རྒྱུ་ཚིམ་པར་འགྱུར།། རང་གི་འདོད་ལྷའི་རྣལ་འབྱོར་རམ།། རྟའི་རྒྱལ་པོའི་རིམ་གྱིས་ནི།། རྩེ་གཅིག་སེམས ་ལྡན་སྒྲུབ་པ་པོ།། ཁྲོ་རྒྱལ་རྣམས་ལ་གཏོར་མ་དབུལ།། དེས་ཁྲོ་བོའི་རྒྱལ་པོ་བཅུའི་གཏོར་མིའི་ཆོ་གའོ།། །། གང་ཞིག་བྱིས་པས་རྣལ་འབྱོར་དབང་།། རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར།། ནང་གི་གཏོར་མ་ཞེས་བྱ་བ།། དེ་ནས་གཞན། ་ཡང་རབ་བཤད་བྱ།། བཞིན་བཟངས་མིག་ནི་རབ་ཡངས་པའི།། སིཧླ་ག་བུར་དག་གིས་བརྒྱན།། ཕང་པ་རུ་ནི་གཞག་བྱ་སྟེ། ནུ་མ་བཟུང་བར་རབ་ཏུ་བསམ།། རྡོ་རྗེ་པདྨར་འོ་བྱས་ཞིང་།། རྡོ་རྗེ་བསྐྱོད་པས་མཉེ་བར་བྱ།། འརྒྱན་པ་འབྱུང་ནས་མི ་རྡོ་རྗེ་མཆུ་ནི་རབ་ཏུ་གཞི་བ།། རྡོ་རྗེ་སེམས་མའི་སྦྱོར་བ་ཡིས།། རྡོ་རྗེ་གནས་ནི་རབ་ཏུ་བསྐྱོད།། རྡོ་རྗེ་སེམས་ནི་རབ་ཕྱུང་ནས།། རྡོ་རྗེའི་ལྕེ་ཡིས་བཟའ་བར་བྱ།། དེ་ནས་དེའི་བདེ་ཆེན་དུ།། རྡོ་རྗེ་སེམས་དཔཱ་རབ་ཏུ་གཞུག། རྡོ་རྗེ་བསྡམས་པའི་སྦྱོར་བ་ཡིས།། ་རྡོ་རྗེའི་མཆོད་པ་རབ་ཏུ་བརྩམ།། རྡོ་རྗེ་སེམས་དཔའ་ཐོབ་པ་ན།། བརྟུལ་ཞུགས་ཅན་གྱིས་རྡོར་སེམས་སྤྲོ།། པདྨའི་མེ་ཏོག་ཡང་དག་ལྡན།། མེ་ཏོག་དམར་པོས་མཆོད་པར་བྱ།། པདྨ་མཉེས་གྱུར་རྡོ་རྗེ་ཅན།། པདྨ་དམར་པོས་ཁྱད་པར་དུ།། དྲི་ལྔ་ཡི ་ནི་སྦྱོར་བ་དང་།། སྤོས་དང་ག་བུར་མཆོད་པསོ།། འདི་ཡིས་རྒྱས་པར་འགྱུར་བ་སྟེ།། སྟོབས་དང་མཐུ་དང་རྩལ་ལྡན་འགྱུར།། བལྟས་པ་ཙམ་གྱིས་བསྐུལ་ནས་ནི།། འཇིག་རྟེན་དག་ནི་དབང་དུ་འགྱུར།། ཤེས་རབ་ཡན་ལག་སྦྱོར་བ་ཡིས།། ནང་གི ་གཏོར་མའི་རིམ་འདི་བཤད།། གཞན་ཡང་བཟའ་བའི་སྦྱོར་བས་ཀྱང་།། ནང་གི་གཏོར་མ་བཤད་པར་བྱ།། ཇི་སྐད་དུ་དཔལ་ལྡན་ལྷ་མོ་བཞིས་ཆོས་ཀྱི་དབྱིངས་ཞུས་པ་ལས་ལྷ་མོ་སྒྲོལ་མིའི་ཐེ་ཙོམ་བསལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས ་ཏེ། རྫས་ཀྱི་སྒྲུབ་པ་ཡན་ལག་བརྒྱད།། ཆོས་རྣམས་བསྒྲུབ་པོ་བཤད་པར་བྱ།། མི་དང་གླང་པོ་རྟ་དང་ནི།། བ་ལང་ཁྱི་དང་བོང་བུ་ཉིད།། རྔ་མོང་དང་ནི་མ་ཧེ་ཉིད།། ཆ་དག་མཉམ་པར་བྱས་ནས་ནི།། མཐེ་བོང་གི་ནི་རྩེ་མོ་ཙམ།། མཉམ་པར་མཉམ་པས ་ངེས་པར་སྦྱར།། བཤད་གཅི་ཁྲག་དང་ཁུ་བ་དང་། ནས་ཀྱི་འབྲུའི་ཚད་ཙམ་ཡང་།། སྔགས་ཀྱི་སྐྱོ་ནས་སྦྱར་བྱ་ཞིང་།། བྱིན་གྱིས་ཀྱང་ནི་བརླབ་པར་བྱ།། ཨོཾ་དང་ཡི་གེ་ཨཱཿདང་ནི།། དབུསུ་ཡི་གེ་ཧཱུཾ་ཉིད་དང་།། ཛྭ་ལ་ཛྭ་ལ་ཡ་ཧྲཱི་སྟེ།། འདི་ནི་དགུ་པར་རབ་ཏུ ་གྲགས།། ལོན་གྲངས་ཉི་ཤུ་རྩ་གཅིག་གམ།། སྔགས་འདི་བརྗོད་པས་གདགས་པར་བྱ།། ཆོས་བརྒྱད་དམ་ནི་བཅུ་བཞི་ལ།། ལྔ་ལྔ་དང་ནི་བསྲེ་བྱ་ཞིང་།། ཡུངས་ཀར་ལྷའི་ཚད་ཙམ་གྱིས།། དེ་ནས་རི་ལྱ་དག་བྱས་ནས།། པདྨའི་སྣོད་དུ་གཞག་ནཱ ་སུ་ད་སྟོང་ཕྲག་བརྒྱ་ནི་བཟླས་པར་བྱ།། ཉིན་རེ་བཞིན་དུ་བཟའ་བྱ་ཞིང་།། ཐུན་བཞི་དག་ཏུ་བསྒོམས་བྱས་ན།། བསྐལ་བའི་མཐེའ་ལ་ཐུག་པ་རུ།། དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར།། རི་ལུ་ཆེན་པོ་ཟོས་པ་ཡིས།། མདོག་དྲང་གཟི་བརྗིད ་སྟོབས་དང་མཐུ།། ལྔ་པ་སྨོན་ལམ་ཉིད་དང་ནི།། མངོན་པར་ཤེས་པ་ལྔ་ཐོབ་འགྱུར།། ཞེས་གསུངས་པ་བཞིན་ནོ།། དེ་ལྟར་ནང་གི་གཏོར་མ་ནི།། རྟག་ཏུ་བྱ་བ་རྣལ་འབྱོར་པས།། འདིར་ནི་དཔལ་ལྡན་རྡོ་རྗེ་སེམས།། རྒ་ཤི་མེད་པའི་གནས ་མྱུར་འགྲུབ།། དེ་ནི་ནང་ཡི་གཏོར་མའི་ཆོ་གའོ།། སྣ་ཚོགས་རྒྱུད་ཀྱི་རྒྱ་མཚོ་ལས།། བདག་གིས་གཏོར་མི་ཆོ་ག་ནི།། མྱ་ལུས་ཐམས་ཅད་མཉེས་བྱེད་པ།། རིན་ཆེན་ཚོགས་མཚུངས་སུམ་ཅུ་བཏུས།། རྒྱ་ཆེན་རྒྱུད་འཛིན་འཇིགས་པ་ལ།། གཞུང་ཚད ་དགུ་བརྒྱ་དང་ལྡན་པ།། ལག་མཐིལ་འབྲས་མཚུངས་གཏོར་མི་ཡི།། སྒྲུབ་ཐབས་འདི་ནི་བདག་གིས་བྱས།། རྣམ་པ་སྣ་ཚོགས་རྒྱུད་ལས་བཏུས་ལས་ངལ་བར་གྱུར་པ་བདག་གིས་ནི།། ཕན་དང་བདེ་ཕྱོགས་ཡང་དག་སྒྲུབ་བྱེད་གཏོར་མའི་སྒྲུབ་ཐབས ་བྱས་པ་ལས།། དེ་རིང་ཟླ་བའི་འོད་མཚུངས་ཤིན་ཏུ་རྒྱ་ཆེན་དགེ་བ་གང་བསྔགས་པ།། དེ་ཡིས་དེང་སང་སྐྱེ་བོ་མང་པོ་བདེ་གཤེགས་ཉིད་ནི་རབ་ཐོབ་ཤོག། བདག་ཀྱང་སྲིད་པ་འདི་རུ་ནི།། རྡོ་རྗེ་སེམས་དཔར་འགྱུར་བར་ཤོག ་མ་ལུས་བདེ་གཤེགས་བསམ་བྱ་བ།། ལྷ་ཆེན་སོགས་ཀྱིས་བསམ་མི་ཁྱབ།། རྟོག་པའི་རླབས་ནི་འཇོམས་བྱེད་བློ་མཆོག་སྐོལ་ལྡན་སྐྱེ་བོ་ཡི།། སྙིང་ལ་རྟག་ཏུ་ཤིན་དུ་བརྟན་པར་བྱེད་པར་ཤོག། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཚེ། ་ག་སློབ་དཔོན་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགསོ།། །། རྒྱ་གར་གྱི་མཁན་པོ་སློབ་དཔོན་ཀརྨ་བཛྲའི་ཞལ་སྔ་ནས་དང་། ལོ་ཙ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་པའོ།། ། རྒྱ་གར་སྐརུ། ་