| Wylie | e-texts produced with BDRC’s OCR application |
འདོད་པ་ན་ནུ་སེ་གོལ་བརྡབས་པས་སྦྱར་བྱས་ལ།། བཟོད་པར་གསོལ་དང་སྨོན་ལམ་གང་བྱ།། དྲན་པའི་རྒྱུ་ཡིས་གཟུངས་གང་བ་བྱ།། མཎྜལ་གྱི་ཆོ་ག་རྫོག་སོ།། གནུབས་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། བཅོམ་ལྡ་འདས་རྡོ་རྗེ་སེམས་དཔའ་ལ ་ཕྱག་འཚལོ།། དེ་ལ་ག་གཅིག་གི། ཉིན་ཞག་གཅིག་གི་བྱ་བ་བརྗོད་པར་བྱ་སྟེ། དབང་པོ་མཐོ་རངས་ཀྱི་ཆ་ནས་བརྩམས་ཏེ།། ཇི་སྲིད་ཉལ་བ་ལ་ཐུག་པའི་བར་ལ།། བྱ་བ་བསྡུས་པ་ནི་རྣམ་པ་བརྒྱ་དེ། གོས་དང་ཁྲུས་དང་བླ་མ་མཆོད།། ཟས་དང་། ་སྐོམ་དང་སྤྱོད་ལམ་དང་།། ཏིང་འཛིན་ཉལ་བའི་མཐར་ཐུག་པ།། བརྒྱད་པོ་འདི་ནི་བསྡུས་པའོ།། ཞེས་སྤྲིན་ལས་གྲོལ་བས་གསུངས་ཏེ། མདོར་བསྡུས་པའོ།། ད་ནི་དེ་དག་གི་མཚན་ཉིད་རེ་རེ་ནས་རྒྱས་པར་བཤད་པར་བྱ་སྟེ། དེ་ལ་དང་པོར་གོས ་དང་ཞེས་པ་ནི།། ཐོག་མར་མལ་ནས་ལངས་གོས་བགོ་བོའི་ཕྱིར། གོས་ཀྱི་རྣལ་འབྱོར་བྱ་སྟེ། རང་གི་གོས་བྱིན་གྱིས་བརླབས་པ་འམ། མ་བརླབས་པོ་ཡང་རུང་སྟེ། གོས་ཅུང་ཟད་སྟོང་པ་ཉིད་དུ་བསམས་ཏེ། རང་གི་སྙིང་གནས་འོད་འཕྲོས་པས། ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ཐུགས་ཀར་ཕོག་སྟེ། དེ་ལས་ཡི་གེ་ཧཱུཾ་དཔག་ཏུ་མེད་པ་བཀུག་སྟེ་རང་གི་གོས་ལ་བསྟིམ། དེ་ཞུ་རྡོ་རྒྱ་གྲམ་དུ་གྱུར།། རང་གི་སྔགས་བརྗོད་གོས་གྱུར་ཏོ།། རང་ལྷའི་ང་རྒྱལ་ལ་གནས་པས།། བགོས་པས་བར་ཆད་རྣམ ་སེལ་དང་།། མ་འོངས་པ་ན་རྡོ་རྗེ་འཆང་།། འགྲོ་བའི་དོན་རྣམས་བྱེད་པར་འགྱུར།། དེ་ཕྱིར་ནན་ཏན་ཐམས་ཅད་ཀྱིས།། དང་པོ་དབང་བསྐུར་དུས་དག་ཏུ།། གོས་ཀྱི་དབང་བསྐུར་བྱ་བ་གཅེས།། ཁྲུས་དང་ཞེས་པ་ནི།། དེ་ནས་ཁྲུས་ཀྱི་དུས་དག་ཏུ།། རང་གི་ལྷ་ཡི ་རྒྱལ་གྱིས།། བུམ་པ་འམ་གཞན་ཡང་རུང་བ་ནི།། ཆུ་ཡིས་བཀང་སྟེ་མདུན་བཞག་ནས།། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས།། དབང་བསྐུར་བླ་མའི་ཐུགས་ཀར་ཕོག། དེ་ལས་ཀྱང་འོད་འཕྲོས་པ་ལས།། ཕྱོགས་བཅུར་བཞུགས་པའི་སངས ་དང་།། རང་འདོད་ལྷ་ལད་ཟེར་ལས།། སྒྲ་བྱུང་གསོལ་བ་བཏབ་པར་བསམ།། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ།། ཇི་ལྟར་མཆོང་ཆེན་བགྱིད་པ་ལྟར།། བདག་ཀྱང་རབ་ཏུ་བསྒྲལ་སླད་དུ།། ནམ་མཁའ་རྡོ་རྗེ་དེང་བདག་སྩོལ།། ཞེས་བསྐུལ་བས་དེ་དག་གི་ཐུགས་ཀ་ནས ་བགེགས་རྣམས་མ་ལུས་ཚར་གཅོད་པའི།། རིགས་པའི་རྒྱལ་པོ་མ་ལུས་དང་།། བྱང་ཆུབ་སེམས་དཔའ་གྲངས་མེད་རྣམས།། ཇི་ལྟར་བསྟིམས་པ་ཙམ་གྱིས་ནི།། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་ཁྲུས ་བྱའོ།། ཨོཾ་སརྦ་ཏ་ཐཱ་ཀ་ཏ་ཀ་ལ་ཤ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་བརྗོད་མཁའ་ལ་སྤྲིན་ཕུང་བཞིན།། ལྷ་མོ་ཕྱག་ན་བུམ་པ་ནི།། བདུད་རྩིས་གང་བ་གར་སྐོར་གྱི།། ཕྱག་རྒྱས་བཟུང་སྟེ་གླུ་འདི་ལེན།། དབང་བསྐུར་རྡོ་རྗེ་ཆེན་པོ་ནི།། ཁམས་གསུམ་ཀུན་གྱི་ཕྱག ་བྱས་པས། གསང་གསུམ་གནས་ལས་བྱུང་བ་འདི།། སངས་རྒྱས་ཀུན་གྱིས་བྱིན་པ་ཡིན་ཞེས་པས་བདག་ལ་དབང་བསྐུར་བསམ།། ལུས་ཀྱི་དྲི་མ་དག་པ་ལྟར།། སྒྲིབ་པ་རྣམས་ནི་དག་པར་བསམ།། ཆུ་ཡི་ཟེར་མ་འཕྲོས་པ་ལས།། མཐའ་ཡས་སེམས་ཅན ་མ་ལུས་པའི།། སྒྲིབ་པ་རྣམས་ནི་དག་པར་བསམས།། རང་གི་ཁྲུས་ཟིན་སྤྱི་བོར་ནི། མི་བསྐྱོང་བསམ་ཞིང་སྔགས་འདི་བཟླ་ས།། ཨོཾ་བཛྲ་སཱན་ཧཱུཾ། བླ་མ་མཆོད་ཅེས་པ་ནི།། དེ་ནས་བླ་མ་མཆོད་པ་ནི་ཝང་ལ་མཎྜལ་བྱུག་བྱ་ཞིང་།། བྱིན་གྱིས་བརླབས་པར་བྱ་བ་སྟེ།། ལྕིན ་ཆུ་དང་བཅས་པ་ཡིས།། བཛྲ་རེ་གེ་ཞེས་བརྗོད་ཅིང་།། ར་རི་ཡ་ཡོ་མེད་པར་བྱུག། དེ་ནས་རང་སྙིང་ས་བོན་ལས།། ཡི་གེ་ཏྲཱཾ་འཕོས་མཎྜལ་སྟེང་།། གནས་ལ་སྔགས་འདི་བརྗོད་པར་བྱ།། ཨོཾ་ཏཱཾ་རཏྣ་མཎྜལ་བཛྲ་རེ་ཀེ་ཧཱུཾ།། ལན་བདུན་གསུམ་མམ་གཅིག་ཀྱང་རུང་།། ་བརྗོད་པས་ཞུ་སྟེ་ས་གཞི་ནི།། རིན་པོ་ཆེ་ཡི་རང་བཞིན་གྱུར།། དེ་ཡི་སྟེང་དུ་ཨ་དཀར་འཕྲོས།། སྔགས་འདི་བཟླས་ལ་ཟླ་བར་བསམ།། ཨོཾ་ཙནྡྲ་མཎྜལ་ལ་བཛྲ་རཱ་ཀེ་ཧཾ།། དེའི་སྟེང་དུ་ཙན་གྱི།། ཆུ་གཏོར་ཡི་གེ་ཧཱུཾ་གྱུར་ཏེ།། སྔགས་འདི་བཟླས་ཞུ་དྲི་ཞིམ་པའི།། རང་བ ་མཎྜལ་གྱུར་པར་བྱ།། ཨོཾ་དྷཱུ་པ་ར་ཡ་རཏྣ་མཎྜལ་བཛྲེ་ཀེ་ཧཱུཾ། དེ་ནས་ནོར་བུ་འམ་སྨན་ནམ་འབྲུ།། མེ་ཏོག་ཉིད་ཀྱིས་དགྲམ་བྱ་སྟེ།། རང་གིས་འདོད་པའི་བྱེ་བྲག་གིས།། ཇི་སྙེད་འདོད་པའི་ཚོས་བུ་བྱ།། དེ་དག་པི་བསམ་སྔགས་འདིས་ཞུ།། པདྨའི་གདན་དུ་གྱུར་པ། ་བསམ།། ཨོཾ་བཾ་པདྨ་མཎྜལཾ་བཛྲ་རེ་ཀེ་ཧཱུཾ།། དེའི་སྟེང་དུ་བྲི་ཡིག་བསམ།། ཨོཾ་བྲུ་བི་ཤ་བི་ཤུདྡྷེ་མཎྜལ་བཛྲ་རེ་ཀེ་ཧཱུཾ། རིན་ཆེན་ལས་བྱུང་གཞལ་ཡས་ཁང་།། མཛེས་པ་ཉི་དུ་གྱུར་པར་བསམ།། དེ་དབུས་བླ་མ་ཡི་དམ་ལྷ།། ཕྱོགས་བཅུར་བཞུགས་པའི ་སངས་རྒྱས་རྣམས།། སྲས་དང་བཅས་པ་སྤྱན་དྲངས་ལ།། དང་པོར་ལུས་ངག་ཡིད་ཀྱིས་ནི།། གུས་པ་ཡིས་ནི་ཕྱག་འཚལ་ཏེ།། ཕྱི་ནང་གསང་བ་བླ་མེད་པའི།། མཆོད་པའི་སྤྲིན་གྱིས་མཆོད་པར་བྱ།། བླ་མ་དཀོན་མཆོག་གསུམ་པོ་དང་།། ཞེས་པ་ལ་སོགས་ཚིག ་རྣམས་ཀྱིས།། སྡིག་བཤགས་སྡོམ་པ་གཟུང་བར་བྱ།། དེ་ཡི་རང་རྒྱུད་དག་འགྱུར་ཏེ།། བདུད་རྩིའི་སྣོད་དུ་འགྱུར་བ་ཡིན།། དེ་ནས་ཡི་གེ་བརྒྱ་བརྗོད་ཅིང་།། བཟོད་གསོལ་ཨོཾ་ཨཱཿཧཱུཾ་མུཿཡིས།། གཤེགས་གསོལ་སྨོན་ལམ་གདབ་པར་བྱ།། ཟས་དང་ཞེས ་པ་ནི་དེ་ནས་ཟས་ཀྱི་དུས་དག་ཏུ། སྤྱད་པ་རྣམ་པ་བཞི་བྱ་སྟེ།། ཟས་སྦྱང་གཏོར་མ་དང་མཐུན་ནོ།། དེ་ནས་ལྟེ་བའི་ལྐོག་ཏུ་ཡཾ།། ཞུ་བས་རླུང་གི་དཀྱིལ་འཁོར་བསམ།། དེ་སྟེང་རཾ་ལས་ཙུན་ལི།། མར་མེ་རྩེ་མོ་ལྟ་བུར་གསལ།། དེ་ནི་ལྟོ་བ་སྦྱང་བའོ།། དེ་ན ་རླུང་གིས་མེ་སྦར་བས།། སྙིང་ནང་ལྷ་དང་ཕུང་པོ་ཁམས།། སྐྱེ་མཆེད་ལ་སོགས་ལྷར་གསལ་བྱ།། དེ་ནི་སྙིང་གར་སྦྱར་བར་འདོད།། གལ་ཏེ་ལ་ལ་འདི་སྐད་དུ། སྙིང་གའི་ལྷ་ཉིད་གསལ་བི་ནཱི།། སྙིང་ག་སྦྱང་བར་རིགས་མོད་ཀྱི།། ཕུང་པོ་ཁམས་ལ་སོགས ་ལ་སྙིང་ག་སྦྱང་ཞེས་ཅིའི་ཕྱིར།། ཞེ་ན་དེ་ནི་གཙོ་བོ་སྟེ།། དང་པོ་དབང་བསྐུར་དུས་ན་ནཱི།། ཡེ་ཤེས་ལྷ་ནི་དུ་མ་དུགོ། ལུས་ལ་བཅུག་ཅིང་བྱིན་བརླབས་ལ།། སྙིང་ག་གཅིག་པུར་བཅུག་པ་ནི།། མཐོང་དང་ཐོས་པ་མེད་ཕྱིར་དང་།། རྣལ་འབྱོར་རྒྱུད་ནི་དུ་མ ་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས།། ལྷ་ཉིད་ཡིན་པ་གསུངས་ཕྱིར།། དེ་ནས་ཁ་ནཱི་ཐབ་ཁུང་ལ།། ལྕེ་ལ་མེ་ལྷ་རྣམ་པར་བསམ།། དེ་ནས་ལག་གཉིས་དགང་བླུགས་ཀྱིས།། ཟས་ཟ་སྦྱིན་སྲེག་ཡིན་པར་འདོད།། ཡང་ནི་ལྕེ་ལྔ་རྡོ་རྗེ་ལ།། རྐན་ལ་པདྨ་རབ ་བསམས་ཏེ།། དེ་གཉིས་སྦྱོར་བ་བྱས་པ་ལས།། བྱང་ཆུབ་སེམས་བྱུང་ལྷ་རྣམས་ཀུན།། ཚིམ་པར་བྱེད་པ་ལ་ལ་འདིད།། དེ་ནི་ལྕེ་རྐན་སྦྱང་བའོ།། དེ་ནས་ལུས་ཀྱི་དཀྱིལ་འཁོར་ནི།། ཚིམ་པར་བྱ་ཕྱིར་མ་ཡེངས་པར།། ཟ་བ་འདི་ནི་མཆོག་ཡིན་ནོ།། སྐོམ་དང ་ནི་དེ་ནས་སྒྲོམ་གྱི་རྣལ་འབྱོར་ནི།། རང་ཉིད་ལྔ་ཡི་རྣལ་འབྱོར་གྱིས།། ལག་མཐིལ་གཡས་པར་ཉ་མ་ནི།། མཾ་ལས་སྨྲས་པ་བལྟ་བར་བྱ།། དེ་སྟེང་ཆང་སྣོད་ཨ་ལས་ནི།། ཐོད་པ་ཆང་གིས་བཀང་བ་ཡིས།། ཁ་ནི་ཟླ་བས་མནན་པོའོ།། དེ་ནང་ཧ་ཞུ་ཁ་དོག་སྤྱང ་ཧོས་ནི་རོ་ཡི་རྟོག་པ་སྦྱང་།། ཧྲཱིཿནི་བདུད་རྩི་ཆེན་པོར་ནུ།། དེ་ནས་ཡཾས་དབབ་པའི་ཕྱིར།། སྲིན་ལག་ཚིག་ནི་དང་པོ་ལ།། མཐེ་བོ་རྩེ་མོ་སྦྱར་བྱས་ཏེ།། སུཾ་ལས་སྤྲིན་ལག་རི་རབ་བསྐྱེད།། ཧཱུཾ་ལས་མཐེ་བོང་ས་བཞིར་བསམ།། བར་དུ་མཾ་མར་བསམ་བྱས་ཏེ།། དེ་ལས་འོད་འཕྲོས་འོག་མིན་དུ།། རང་འདོད་ལྷ་ཡི ་སྨིན་མཚམས་ཕོག། ཡ་བེ་ཡུམ་སྙོམས་བཞུ་ཊ་བདུད་རྩི་དབབ།། ཐོད་པར་བབ་སྟེ་ས་གཞི་དང་།། རི་རབ་བཅས་པས་བཀྲུགས་པས་ནི།། ས་གཞི་རི་རབ་ཉིད་ཀྱང་ཞུ།། ཨོཾ་ཨཱཿཧཱུཾ་ད་མ་ཧ་ཧོ་ཧྲཱི།། ལན་གསུམ་བདུན་སོགས་བཟླས་པར་བྱ།། དེ་ཡི་ནང་དུ་ཆོས་འབྱུང་དང་།། ཟླ་བ་ལྟ་བུ་བྲི་བྱ་ལ། ་དེ་སྟེངས་བླ་མ་ཡི་དམ་ལྔ།། གཞན་སོགས་བསམ་ཏེ་མཆོད་པ་འམ།། ཡང་ན་མདུན་གྱི་བར་སྣང་ལ།། དེ་དག་བསམས་ལ་མཆོད་པར་བྱ།། རང་རང་སྔགས་ལ་བདུད་རྩིའི་སྔགས།། བཏག་པས་ལུས་ངག་ཡིད་གསུམ་དང་།། བླ་མ་ལ་ནི་དབུལ་བར་བྱ།། དེ་ནས་གོང་དུ་བཤད་མཆོད་བྱ།། དེ་ནས ་ཅིརན་གནོད་མེད་པར།། ཚོད་ཟིན་པར་ནི་བཏུང་བར་བྱ།། ཚོགས་ཀྱི་མཆོད་པའི་དུས་སུ་ནི།། ནད་ལ་གནོད་པར་གྱུར་ན་ཡང་།། ཐིགས་པ་གསུམ་ནི་དམ་ཚིགོ།། དེ་ལྟར་མ་བྱས་གླང་པོ་ཆེ།། སྨོན་པ་བཞིན་དུ་འཐུང་བྱེད་ན།། སྐྱེ་བ་ལྔ་བརྒྱར་སྨོན་པར་འགྱུར།། སྤྱོད་ལམ་དང་ཝེ ་པ་ནི་དེ་ནས་སྤྱོད་ལམ་གྱི་དུས་སུ་སོ་སོར་བརྟགས་པ་རྣམ་པ་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་།། བཅུད་ཀྱི་སེམས་ཅན་བྱེ་བྲག་གི། ལྷ་དང་ལྷ་མོར་མོས་པར་བྱ།། རང་གི་བྱ་བ་ཅི་བྱེད་ཀྱང་།། ལྷ་ཡི་ང་རྒྱལ་ལ་གནས་ནས།། ཤེས་རབ་ཕ་རོལ་ཕྱིན ་ལ་སོགས།། པོ་ཏི་ཀློག་པའི་ཚེ་བདག་ཉིད།། ལྕེ་ལ་རྔ་རྡུངས་རྡོ་རྗེ་བསམ།། རྐན་ལ་རྔ་ཆེན་རབ་བསམས་ཏེ།། རྡོ་རྗེས་རྔ་ལ་རབ་བརྡུངས་པས།། སྒྲ་སྐད་ཆེན་པོ་ཕྱོགས་བཅུར་ཁྱབ།། མཐའ་ཡས་སེམས་ཅན་མ་ལུས་ཀྱི།། རྣ་བར་གང་དང་གང་མོས་ལ།། དེ་དང་དེ་ལྟར ་།། རྟོག་པར་བསམ། ཡང་ནམཐའ་ཡས་སེམས་ཅན་རྣམས།། མ་ལུས་མདུན་དུ་བཀུག་བྱས་ལ།། བདག་གི་སྐད་ནི་གང་མོས་པར།། སཽང་གོ་བར་ཆོས་བྱས་ལ།། རྟག་ཏུ་དག་པར་བསྒྲག་པར་བྱ།། འདིར་མང་སྨྲ་བས་ཅི་ཞིག་བྷ།། གང་བྱེད་ལྔ་ཡི་རྒྱལ་གྱིས། བདག་དང་གནན་གྱི་བྱུ་ཙྪ། ་ནི་ཐོབ་པར་བསམ་ཞིང་བྱ་བའོ།། ཏིང་འཛིན་ཞེས་པ་ནི།། དེ་ནས་ཕྱི་དྲོའི་ཐུན་དག་ལ།། རང་གི་རྟོགས་པའི་དོན་ལ་ནི།། བློ་གཞག་ལྷ་ཡི་ང་རྒྱལ་ནི།། ཆོ་ག་ལྔ་འམ་ཆོ་ག་གསུམ།། སྐད་ཅིག་བསྡུས་རྒྱས་ཤིན་ཏུ་བསྡུས།། གང་མོས་པ་ལ་བློ་གཞག་ལ།། ཐུན་མོང་དངོས་གྲུབ་འདོད་པ་འམ།། ངག་གི་སྒྲོས ་པ་སྦྱོང་འདོད་པས།། བཟླས་པ་གང་མོས་ལས་གཞི་ལ།། མི་སྐྱོའི་བར་དུ་བཟླས་པར་བྱ།། བཟླས་པས་སྐྱོན་རྫོགས་རིམས་ནི།། སྟེང་དང་འོག་གི་སྒོ་དག་ལ།། བསྟེན་ནས་བསྒོམ་པར་བྱ་བའོ།། དེ་ནས་གལ་ཏེ་གཏོང་འདོད་ན།། མན་ངག་བཞིན་དུ་གཏོར་མ་ནི།། བྱིན་གྱིས་བརླབས ་ཏེ་དབུལ་བར་བྱའོ།། དེ་ནས་བསྟོད་དང་བཤགས་པ་དང་།། ཕྲིན་ལོས་བཅོལ་ལ་གཤེགསུ་གསོལ།། རང་གི་ཡེ་ཤེས་གཤེགས་པར་བྱའོ།། དེ་ནས་སྨོན་ལམ་གདབ་པ་དང་།། སྟོང་པ་ཉིད་ཀྱིས་རྒྱས་གདབ་བྱ།། ཉལ་བའི་མཐར་ཐུག་ཅེས་པ་ནི།། དེ་ནས་ཉལ་ན་རྣམ་གསུམ ་སྟེ་སྟོང་པ་ཉིད་ཀྱིས་ཉལ་བ་དང་།། བསྐྱེད་པའི་རིམ་པའི་ཉལ་ལུགས་དང་།། འཆི་བ་བསླུ་བའི་ཉལ་ལུགས་སོ།། སྟོང་པ་ཉིད་ཀྱི་ཉལ་བ་ནི།། སྣོད་ཀྱི་འཇིག་རྟེན་བཅུད་ལ་བསྡུ།། བཅུད་ཀྱི་སེམས་ཅན་ཡུམ་ལ་བསྡུ།། ཡུམ་ཡང་བདག་ལ་བསྡུས་ནས་ནི།། བདག ་ཉིད་ཡེ་ཤེས་སེམས་དཔའ་ལའོ།། ཡེ་ཤེས་སེམས་དཔའ་རྡོ་རྗེ་ལའོ།། རྡོ་རྗེ་ཧཱུཾ་སྱེ་ཧཱུཾ་རིམས་ཀྱིས།། ནཱ་དའི་བར་དུ་བསྡུ་བའོ།། ནཱ་ད་སྟོང་པ་ཉིད་ལ་བསྡུ།། དེ་ཡི་ངང་ལ་ཉལ་བའོ།། བསྐྱེད་པའི་རིམ་པའི་ཉལ་ལུགས་ནི།། ཡེ་ཤེས་ལྷ་རྣམས་གཤེགས་གས ་དམ་ཚིག་སེམས་དཔའི་ང་རྒྱལ་གྱིས།། གཉིད་ཀྱིས་དུབ་པ་བསལ་བ་དང་།། སྔ་བར་ལྡང་ཞིང་སྣང་བ་ཡི།། དྲན་པ་ཡིད་ལ་གཞག་པས་ཉལ།། འཆི་བ་བསླུ་བཱ་ཀ་པཱ་ལ།། སྐམ་པོ་དམིགས་ཏེ་ཉུལ་བའོ།། བརྒྱད་པ་འདི་ནི་བསྡུས་པའོ་ཞེས་པའི་དོན་ནི།། ནང་པར ་ལངས་ཏེ་སྔ་མ་བཞིན།། གོས་ནས་བརྩམས་ཏེ་ཉལ་བའི་བར།། བྱ་བ་བརྒྱད་པོ་རྫོགས་པར་བྱ།། འདི་ལྟའི་བྱ་བ་བརྒྱད་པོ་ནི།། དབང་བསྐུར་ཐོབ་ཅིང་དམ་ཚིག་སྐྱོང་།། བླ་མཱ་ལ་གུས་གཏོང་ཕོད་ཆེ།། དད་ལྡན་བརྩོན་འགྲུས་ཆེ་བ་དང་།། ལུས་ངག་སྤྱོད་པ་མཛེས ་བ་ཡིས།། བྱེ་མ་རྡོ་རྗེ་སྤུན་ལ་གུས།། ང་རྒྱལ་ཆུང་ཞིང་བཤགས་ལ་བརྩོན།། གསོང་པོར་སྨྲ་ཞིང་གཞན་དོན་བྱེད།། དེ་ལྟ་བུ་ལ་སྦྱིན་བྱ་ཡི།། བླ་མ་མི་བསྟེན་དམ་ཚིག་མེད་དང་རྣམ་པར་སྨིན་ལ་མི་མཛེམ་རང་ཚུལ་དྲེགས།། ཐོས་བས་མོ་བསྒོམ་ལ ་མ་སྦྱངས་བློ་ནི་རྟོག་པའི་དྲ་བས་རྣམ་པར་གཡེངས།། ཙནྡ་དན་ཤིང་བཞིན་ཡོན་ཏན་ཆུང་ལ་ང་རྒྱལ་ཆེ་ཕྱིར་བླ་མ་རྡོ་རྗེ་སྤུན་སོགས་ལ།། བསྐུར་སྟིའི་སེམས་བྲལ་འཇིག་རྟེན་གྲགས་པ་དོན་དུ་གཉེར་ཞིང་གཞན་ཚིག་ཁྱད་དུ་གསོད།། འདི ་འདྲིའི་གང་ཟག་རྣམས་དང་སྟན་གཅིག་ལ་ཡང་མི་འདུག་པོ་ཏིའང་མི་བསྟན་ན།། བཤད་དང་གདོམས་ངག་སྦྱིན་པར་བྱ་བ་ཡིད་ཀྱིས་ཀྱང་ནི་བསམ་པར་མི་བྱ་དངོས་སུ་སྨོས་ཅི་དགོས།། དེ་ཁོ་ན་ཉིད་བསྡུས་པའི་མན་ངག། སློབ་དཔོན་ཤཱི་ལས ་བྷ་བས་ལས་དང་པོ་པའི་ངོར་བསྡུས་ཏེ་མཛད་པ་རྫོགས་སོ།། ་