| Wylie | e-texts produced with BDRC’s OCR application |
པའི་ས་དགེ་ཐོབ་པར་ཤོག། སློབ་དཔོན་སྲིད་གསུམ་རྣམ་པར་དག་པའི་རྡོ་རྗེས་མཛད་པའི་ལས་དང་པོ་པའི་ཚོགས་སོག་བྱ་བའི་རིམ་པ་མདོར་བསྡུས་པ་རྫོགསོ།། ། རྒྱ་གར་སྐད་དུ། བོ་དྷི་པ་དཱ་ཏི་ནཱ་མ། བོད་སྐད་དུ། བྱང ་ཆུབ་ཀྱི་གཞུང་ལམ་ཞེས་བགྱི་བ། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། ཐུབ་པ་ཆེ་ལ་ཕྱག་འཚལ་ནས།། ཐེམ་སྐས་ལྟ་བུའི་ལམ་གང་ཡིན།། དང་པོའི་ལས་ཆོ་ག་རྒྱས་པ་ལས།། སྙིང་པོ་མདོ་རུ་བསྡུས་ཏེ་བརྗོད།། འདིར ་ངེས་པར་སངས་རྒྱས་བྱོན་པ་དང་། དེའི་ཆོས་ཐོས་པ་དང་། དད་པ་དང་ལྡན་པ་དང་། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་། ཀླ་ཀྲོ་དང་ལྷ་ཚེ་རིང་པོར་སྐྱེ་བ་དང་། སངས་རྒྱས་ཀྱི་གསུང་མི་ཐོས་པ་དང་། ལོག་པར་ལྟ་བ་དང་། དབང་པོ་མ་ཚང ་བའི་མཚན་ཉིད་ཅན་མི་ཁོམ་པའི་གནས་བརྒྱད་ལས་ཐར་པའོ་མིའི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། དྲི་ཐོབ་པར་ཤེས་ནས་མྱུར་དུ་སྡིག་པ་ལས་བྱུང་བའི་ངན་འགྲོའི་སྡུག་བསྔལ་བསལ་ཞིང་དགེ་བ་ལས་བྱུང ་བའི་འགྲོའི་དགེ་བ་མཐའ་དག་དང་། བདེ་གཤེགས་དང་རྒྱལ་སྲས་ཀྱི་ཕུན་སུམ་ཚོགས་པ་རང་དང་གཞན་གྱིས་ཐོབ་པར་བྱ་བའི་ཕྱིར་ཤིན་ཏུ་དད་པ་དང་སྙིང་བརྩི་བའི་རང་བཞིན་གྱིས་བདག་གིས་ཡང་དག་པར་བསྡུས་པའི་སྡོམ་པ་གཟུང་། ཚེ ་གས་དགེ་བསྙེན་གྱི་སྡོམ་པ་ཐོབ་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཆོད་རྟེན་བྱ་བ་ལ་སོགས་པ་དང་པོའི་ལས་རྣམས་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་ལ་ཆོ་ག་བཞིན་དུ་གོམས་པར་བྱའོ།། དེ་ནས་སྔར་ཉིད་ཀྱི་བླུན ་མེད་པའི་འབྲས་བུ་འཐོབ་པོ།། དེ་ལ་ཨཽ་ན་མོ་བྷ་ག་བ་ཏྭེ་བཻ་རོ་ཙན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱཾ་ག་ཏཱ་ཡ། ཨརྷ་ཏྭེ་ས་མྱཀྲྀ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སྱོ་ཀྵ་མེ་སུ་ཀཱ་མེ་ས་མེ་ས་མ་ཡཽ། ཤཱནྟེ་དྷཱརྡྷ་ཨ་ས་མཱ་རོ་བི་ཨ་ན་ལཾ་བེ། ཏ་ར་ལ་བེ། ཡ་ཤོ་བ་ཏི། མ་ཧ་ཏེ་ཛེ་ནི་ར་ཀུ་ལེ་ནཱིར ་བཱ་ཎེ་སརྦ་བུདྡྷེ་ཨ་དྷིཥྞཱི་ན། ཨ་དྷིཀྵྨཱི་ཏེ་སྭཱ་ཧཱ། གཟུངས་འདིས་སའི་གོང་བུ་འམ་བྱེ་མའི་གོང་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་མཆོད་རྟེན་བྱའོ།། དེ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མཆོད་རྟེན་བྱེ་བ་རྣམས་བྱས་པར་འགྱུར་རོ།། རྡུལ་ཕྲ་རབ་རྣམ ་ཀྱི་གྲངས་དང་མཉམ་པའི་བསོད་ནམས་འཐོབ་པར་འགྱུར་རོ།། སའི་དབང་ཕྱུག་ཏུ་ཡང་འགྱུར་རོ།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུ་རོ།། དེ་སྐད་དུ་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོས་གསུངས་ཏེ། ཕན་ཡོན་ཆེན་པོ་དང་ལྡན་པའི་གཟུངས་སོ།། ཡེ་དྷརྨྨ་ཧེ་ཏུ་པྲཱ་བྷཱ་བཱ་ཧེ་ཏུནྟེ་ཥཱཾ་ཏཱ་ཐཱ་ག་ཏོ་ཧྱ་བ་དང་། ཏེཥཱཉྫ་ཡོ་ནི་རོ་དྷ་ཨེ་བེ་ཝཱ་དཱི་མ་ཧཱ་ཤཱ་མ་ཎཿཞེས་བྱ་བའི་ཚིགསུ་བཅད་པས་རབ་དྷ་གན ་པ་བྱས་ནས། ཨོཾ་ན་མོ་བྷི་ག་བ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷེ་ཡ། ཏ་དྱ་ཐཱ། ཨོཾ་པུཥྤ་པུཥྤཾ་མཾ་ཧཱ་པུཥྤེ་པུཥྤེ། སུ་པུད་བྷཾ་བེ་པུཥྤ་སཾ་བྷ་བེ་པུཥྤ་ཨ་པ་ཀིརྞི་སྭཱ་ཧཱ། ཞེས་པའི་གཟུངས་འདིས་ལན་བདུན་བསྔགས་པའི་མེ་ཏོག། ་དབུལོ་མེ་ཏོག་ཇི་སྙེད་དེ་བྱ་བ་སྙེད་ཀྱི་མེ་ཏོག་ཕུལ་བར་འགྱུར་རོ་ཞེས་སོ།། དེ་ནས་ཨོཾ་ནི་མོ་བྷ་གཽ་བི་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྵེ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་བྱ་བ་འདིས་མཆོད་རྟེན་ལ་ཕྱག ་བྱའོ།། མཆོད་རྟེན་གཅིག་ལ་ཕྱག་བྱས་པས་མཆོད་རྟེན་བྱེ་བ་ལ་ཕྱག་བྱས་པར་འགྱུར་རོ།། མཆོད་རྟེན་བྱ་བའི་ཆོ་གའོ།། དེ་ནས་ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་བཛྲ་ཨ་ཡུ་ཥྤེ་སྭཱ་ཧཱ་ཞེས་པ་འཇིམ་པ་བླང་བའི་སྔགས་སོ།། ཨོཾ་བཛྲོ་དྦྷ་བཱ་ཡ་སྭཱ་ཧཱ། ཞེས་པ ་འབི་འབི་བྱ་བའི་སྔགས་སོ།། ཨོཾ་ཨ་ར་ཛེ་བི་རཱ་ཛྙེ་སྭཱ་ཛྙཱ། ཞེས་པ་འབྲུ་མར་བྱུག་པོའི་སྔག་སོ།། ཨོཾ་དྷརྨྨ་དྷཱ་ཏུ་གཱརྦྷེ་སྭཱ་ཧཱ། ཞེས་བསྐོར་པོར་དུ་གཞུག་པའི་སྔགས་སོ།། ཨཾ་བཛྲ་མུངྒ་ར་ཨཱ་ཀོ་ཊཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་བརྡུང་བའི་སྔགས་སོ།། ཨོཾ་དྷརྨ ་ར་ཏེ་སྭཱ་ཧཱ། སྐོར་བོར་ནས་དབྱུང་བའི་སྔགས་སོ།། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པ་བཞུགས་སུ་གསོལ་བའི་སྔགས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎེ་ཤ་ཏ་དཱི་བ་ཏེ་ཛྭ་ལ་ཛ་དྷརྨཱ་དྷ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པ་རབ་ཏུ་གནས་པའི་སྡིག་སོ།། ཨོཾ་སྭ་བྷ་བ་བི ་ཨཱ་ཧ་ར་ཨཱ་ཧཱ་ར་ཨ་གཱཙྪ་ཨཱ་གཙྪ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པ་གཤེགསུ་གསོལ་བའི་སྔགས་སོ།། ཨོཾ་ཨ་ཀཱ་ཤ་དྷ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པ་བཟོད་པར་གསོལ་བའི་སྔགས་སོ།། འདི་ནི་ཚ་ཚ་གདབ་པའི་ཆོ་གའོ།། དེའི་རྗེའི་སུ་ན་མཿས ་མནྟ་བུདྡྷཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཾ། ཨོཾ་ཀི་ཎི་ཀཾ་ཎི་ཏ་ཐཱ་ག་ཏི་ཨུདྡྷི་བཱ། ཤཱནྟེ་བ་ར་དྭེ་ཨུཏྟ་མ་ཨཱཏྟ་མ། ཏ་ཐཱ་ག་ཏ། ཨུདྦྷ་བ་ཧཱུཾ་ཕཊ་སྭཱ་ཧཱ། འདི་གཟུང་བས་འཕགས་པ་སྡོང་པོ་བཀོད་པའི་མདོ་གཟུང་བར་འགྱུ་རོ།། བཅོམ་ལྡན་འདས་མ་འཕགས་མ་ཤྲེ ་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་མུ་ནི་དྷརྨེ་སཾ་གྲ་ཧ་དྷརྨ་བ་མུཀ་ཏི་དྷརྨ་ས་དཱ་ཨ་མུ་གྲ་ཧ་དྷིརྨཾ་བེ་ཐཱ་བ་ཎི་པ་རི་བརྟི་ཏ་དྷརྨེ་སརྦ་ཀཱ་ར་ཡ་པ་རི་པྲ་བ་ཎ་དྷརྨེ། ས་མ་ཏཱ་པ་རི་བརྟི་ཏ་དྷརྨཾ་སྭཱ་ཧཱ། ཨོཾ་པྲྀཛྙེ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡ་དྷི་དྷཱ་རཿ ་ཡེ་སྭཱ་ཧཱ། འདི་གཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུརརོ།། ན་མཿས་མནྟ་བུདྡྷཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཾ་ཨོཾ་དྷུ་ན་དྷཱ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། འདི་གཟུང་བས་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཟུང ་བར་འགྱུརརོ།། ན་མཿས་མནྟ་བུདྡྷཱ་ནཱ་ཨ་པྲ་ཏཱི་ཧ་ཏ་ཤྭཱ་ས་ནཱ་ནཱཾ། ཨོཾ་མ་ཎཱི་དྷ་རི་བཛྲི་ཎོ་མ་ཧཱ་པ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱུ~ཾཿ། འདི་གཟུང་བས་སོ་སོར་འབྲང་མི་ཆེན་མོ་གཟུང་བར་འགྱུར་རོ།། གཟུངས་འདི་དག་དང་ཚིག་སུ་བཅུད་པ་ལ་སོགས་པ ་བཀླགས་ཏེ་ཕྱག་བྱས་ནས་དེ་ནས་མཆོད་རྟེན་ལ་སོགས་པ་མི་འཇིག་པའི་ས་ཕྱོགསུ་བཞུགས་པར་བྱའོ།། འདིའི་ཕན་ཡོན་ཡང་བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ནམ་གཟུགས་བརྙན་རྣམས་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་དུ་ངེས ་པར་ས་སྐྱེང་དང་ལྷའི་རྒྱལ་པོ་བྱེད་པར་འགྱུར་རོ།། གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་མཐའ་དྲུག་དང་བདེ་བ་ཐམས་ཅད་མྱོང་ནས་མཐར་སྐྱེ་བ་དང་རྒ་བའི་རྒུད་པ་སྤངས་ཏེ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འགྱུར་རོ།། གསལ ་རྒྱལ་གྱིས་ཞུས་པཾ་ལས་ཀྱང་།། ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས།། མྱ་ངན་རྣམས་ལ་ལུས་ཀུན་རྒྱས་ཤིང་བརྟན།། གཙོ་བོར་འགྱུར་ཞིང་རིན་ཆེན་མཛོད་མང་དང་།། ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར་ཞེས་སོ།། དེའི ་རྗེས་སུ་ལག་པར་བསྒོམས་པའི་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པའི་བྷཱུ་ལ་སོགས་པའི་ས་བོན་ལྔ་ལས་བྱུང་བའི་རྟག་པ་ལ་སོགས་པ་ཞུ་བ་དང་ལྷན་ཅིག་འདྲེས་པའི་ཆུ་མདུན་དུ་ཛམ་ལས་བྱུང་བའི་ཛམྦྷ་ལ་སེར་པོ་དུང་དང་པདྨའི ་ཀྱི་ཉ་ག་ལ་གཉིས་ཀྱིས་མཱནན་ཏེ་བཞུགས་པ་རྡོ་རྗེ་གི་མའི་ཅོད་པན་ད~ཾ་ང་ཨུཏྤལཱའི་ཕྲེང་བ་ཅན་ཕྱག་གཉིས་ནིས་དང་བི་ཙ་པཱ་ར་བསྣམས་པ་བསམཱཾས་ཏེ། ཨོཾ་ཛམྦྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ་ཞེས་པས་བརྒྱ་རྩི་བརྒྱད་དེའི་སྤྱི་བོར་མཛུབ་མ། ་བརྐྱང་བས་སྦྱིན་པར་བྱའོ།། ཛམྦྷ་ལ་ལ་ཆུ་སྦྱིན་པའི་ཆོ་གའོ།། ཨོཾ་ཛ་ལ་མི་དེ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཞེས་པས་ཡི་དགས་ཐམས་ཅད་ལ་བྱམས་བྲིས་དམིགས་ཏེ་རྒྱུ་སྦྱིན་ནོ།། དེ་ནས་ན་མྱཿསུ་རཱུ་པཾ་ཡ་ཏཾ་ཐཱ་ག་ཏཱ་ཡ། ཨངྒ་ཏེ་ས་མུཀྶཾ་བུདྡྷཱ་ཡ། ཏདྱརྨཱ ་ཨོཾ་སུ་རཱུ་སུ་རཱུཿཔྲ་སུ་རཱུ་པྲ་སུ་རཱུ། ཏ་ར་ཏ་ར་བྷཻ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སན་ཏོར་པ་ཡ་སན་ཏར་པ་ཡ། སརྦ་པྲེ་ཏཱ་ནཱཾ་སྭཱ་ཧཱ། གཟུངས་འདིས་ཆུ་དང་བ.་པའི་ཟོས་ལ་ལན་བདུན་ཡོངསུ་བཟླས་ཏེ་ལག་པ་གཡོན་པས་སེ་གོལ་གྱི་སྒྲ་ལེན་གསུཾ ་དུ་བྱས་ནས་ཡི་དྭགས་ཐམས་ཅད་ལ་དབེན་པའི་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང་། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། སྐབས་ཚོལ་བ་དང་གླགས་ལྟ་བ་རྣམས་དེངས་ཤིག། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡི་དྭགས་རྣམས་ལ་བཟའ་བ ་འདི་བདག་གིས་སྦྱིན་པར་བགྱིའོ།། ཞེས་པའོ།། ཟས་མ་ཟོས་པའི་སྔོན་རོལ་ཉིད་དུ་སྦྱིན་པར་བྱའོ།། དེ་ལྟར་ན་ཡི་དྭགས་ཐམས་ཅད་ལ་འབྲས་བྲེ་པོ་ཆེ་རེའི་བཟའ་བ་སོ་སོར་བྱིན་པར་འགྱུར་རོ།། དེ་ལྟར་བྱས་ན་སྐྱེ་བ་ནས་སྐྱེ་བར་ཡང་ཉམ་ཆུང་བར་མི་འགྱུར་རོ།། དབུལ ་བོར་མི་འགྱུར་རོ།། སྟོབས་ཆེ་བ་དང་། མཛེས་པ་དང་མཐོང་ན་དགའ་བ་དང་། ཕྱུག་ཅིང་ལོངས་སྤྱོད་ཆེ་བར་འགྱུར་རོ།། ཚེ་རིང་ཞིང་ནད་མེད་པ་དང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པོར་འཚང་རྒྱ་བར་འགྱུར་རོ།། ཤི་འཕོས་ནུས་ཀྱང་བདེ་བ ་ཅན་གྱི་འཇིག་རྟེན་གྱི་ཁམསུ་སྐྱེ་བར་འགྱུར་རོ།། གཟུགས་ལེགས་ཤེས་བྱ་བའི་གཟུངས་སོ།། ན་མོཿས་མནྟ་བུདྡྷཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནཻ་བྷ་ར་སཾ་བྷ་ར་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདི་ལན་བདུན་བརྗོད་ཅིང་ལག་པ་གཡས་པ་བརྐྱང་བའི་སོར་མོ་ལྔ་པོ་ལས་རྣམ་པ ་བྱུང་བའི་བདུད་རྩི་ལྔའི་རྒྱུན་གྱིས་སྒོའི་རྩར་བཞག་པའི་ཆུ་དང་བཅས་པའི་གཏོར་མའི་བཟའ་བ་མངོན་པར་ག་ང་བས་འབྲུ་ཉག་མ་རེ་ལ་ཡུལ་མ་ག་དྷའི་བྲེ་པི་ཆེ་ཁལ་ལྔ་ཙམ་གྱི་བཟའ་བར་བལྟས་ལ་ཡི་དྭགས་མཐའ་དག་ཚིམ་པར་བྱེད་པ་ན་སེ་གོལ་ལན་གསུ ་བརྡབས་ནས་བྱང་ཆུབ་སེམས་དཔས་གཏོར་མ་སྦྱིན་ནོ།། ཡི་དྭགས་ལ་ཆུ་སྦྱིན་པ་ལ་སོགས་པའི་ཆོ་གའོ།། དེའི་རྗེ་སུ་ཤོར་གྱི་ལུས་འཕགས་དང་། འཛམ་བུའི་གླིང་དང་། བ་ལང་སྤྱོད་དང་། སྒྲ་མི་སྙན་ཏེ་གླིང་བཞིའི་རྣམ་པར་དག་པ་ཟླ་ཁམ་དང་གྲུ་གསུམ་དང་། ་ཟླུམ་པོ་དང་། གྲུ་བཞི་དང་། གཞན་ཡང་མངོན་པར་འདོད་པའི་མཎྜལ་གྱི་ཆོ་ག་བཞིན་སངས་རྒྱས་ལ་སོགས་པ་རབ་ཏུ་མཆོད་པར་བྱའོ།། དེ་ལ་འདི་ནི་ཆོ་ག་སྟེ། རྐང་པ་བཀྲུ་བ་བྱས་ནས། ཨོཾ་ཨཱ་བཛྲ་སཱ་ནེ་ཧཱུཾ་ཞེས་པས་ཁྲུས་བྱ་སྟེ། ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་པས་ལག ་པ་བཀྲུ་བ་དང་ཁ་བཤལ་བ་བྱས་ནས། ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་ཀྱིས་གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་ཆོ་ག་བྱ་སྟེ། ཨོཾ་ཧཱུཾ་ཞེས་པས་སྟན་བྱིན་གྱིས་བརླབས་ནས་ཨོཾ་ཨཱཿབཛྲ་བྷྲཱུཾ་མེ་ཧཱི་ཞེས་པས་ས་གཟུང་བར་བྱ་སྟེ། ཨོཾ་སརྦ་བི་གྷྣཱ་ཨུཙྪ ་ཪྵ་ཧྲཱི་སྭཱ་ཧཱ། ཞེས་པས་མངོན་པར་བསྔགས་པའི་སྲོག་ཆགས་མེད་པའི་ལྕི་བ་དང་ཙན་དན་ལ་སོགས་པས་ས་གཙང་བའི་ས་ཕྱོགས་སུ་མཎྜལ་བྱུག་པ་ལ་སོགས་པ་བྱ་སྟེ། ཨོཾ་ཨཱ་བཛྲ་རེ་ཁེ་ཧཾ་ཞེས་པའི་སྔགས་ཀྱིས་ལག་པ་གཡོན་པས་མེ་ཏོག ་གཅིག་བཟུང་སྟེ་ལག་པ་གཡས་པའི་རྒྱབ་ཀྱི་སྟེང་དུ་གཞག་ནས་མཎྜལ་དུ་དོར་རོ།། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛནྟུ་སྭཱ་ཧཱ། ཞེས་བརྗོད་དེ་ལག་པ་བཀྲུའོ།། ཨོཾ་མ་ཎི་དྷ་རི་བཛྲཱི་ཎཾ་མ་ཧཱ་པྲ་ཏི་སེ་རེ་རཀྵ་རཀྵ་མོ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས ་ཀྱིས་རང་གི་སྤྱི་བོར་མེ་ཏོག་བཞག་ནས་བདག་ཉིད་བསྲུང་བར་བྱའོ།། མཎྜལ་བྱས་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་རྫོགས་ཤིང་གསེར་གྱི་མདོག་དང་ལྡན་པ་ལ་སོགས་པའི་ཡོན་ཏན་འཐོབ་ཏེ། དེ་ལྟར་ཡོང་མཎྜལ་གྱི་ཕན་ཡོན་གྱི་མདོ་ལས། ་ཆུ་བཅས་ལྕི་བོ་སྦྱིན་པ་སྟེ། ཡང་དག་བྱུག་པ་ཚུལ་ཁྲིམས་ཡིན།། གྲོག་སྦུར་ཕྲ་སེལ་བཟོད་པ་སྟེ། བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན།། བསམ་གཏན་དེར་སེམས་རྩེ་གཅིག་བྱེད།། རི་མོ་ལེགས་འབར་ཤེས་རབ་སྟེ།། ཕ་རོལ་ཕྱིན་དྲུག་འདི་རྣམས་ཉིད།། ་ཐུབ་པའི་མཎྜལ་བྱས་པས་འཐོབ།། བདེ་གཤེགས་ཕོ་བྲང་དམ་པ་འདིར།། ལུས་ཀྱི་ལས་རྣམས་བྱས་པས་ནི།། གསེར་གྱི་ཁ་དོག་དང་ལྡན་ཞིང་།། ནང་ཀུན་ལས་ནི་གྲོལ་བ་དང་།། ཟླ་བ་ལྟར་གསལ་ཡིད་འོང་བའི་ལྷ་མི་ཁྱད་པར་འཕགས་པ ་དང་སནོར་དང་གསེར་ནི་ཕུན་ཚོགས་པའི།། རྒྱལ་པོའི་རིགསུ་སྐྱེ་བར་འགྱུར།། ཞེས་པས་མཎྜལ་དེ་ཉིད་མངོན་པར་ཕྱུགས་ཏེ་མཎྜལ་ལ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་དམིགས་ནས་ཨོཾ་ཙན་དྲ་ཨཧཱ་བི་ལ་ལེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས ་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་དེར་སྣ་ཚོགས་པདྨའི་ལྟེ་བ་ཧཱུཾ་ལས་སྐྱེས་པའི་མི་བསྐྱོད་པ་སྔོན་པོ་ས་ལ་རེག་པའི་ཕྱག་རྒྱའོ།། ཤཱ་ར་ལ་སོགས་པའི་འདབ་མ་རྣམས་ལ་ཨོཾ་ཏྲཱཾ་ཧྲཱི་ཁམ་ལས་སྐྱེས་པའི་རྣམ་པར་སྙིང་མཛད་དང་། རིན་ཆེན་འབྲུ ་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་། བྱང་ཆུབ་མཆོག་དང་མཆོག་སྦྱིན་དང་བསམ་གཏན་དང་མི་འཇིགས་པའི་ཕྱག་རྒྱ་ཅན་རྣམས་སོ།། ལྔ་ག་ཡང་ཆོས་གོས་གསུམ་དང ་གགཙུག་ཏོར་དང་བཅས་པ་རྣམ་སོ།། མེ་ལ་སོགས་པའི་མཚམ་སུ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཡོངསུ་གྱུར་པ་ལས་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་དཀར་བ་དང་སྔོ་བ་དང་དམར་བ་དང་ལྡང་བ་དང་། འཁོར་ལོ་དང་རྡོ་རྗེ་དང་ཆུ་སྐྱེས ་དམར་པོ་དང་། ཨུཏྤལ་སྔོན་པོ་འཛིན་པ་རྣམ་སོ།། འདི་རྣམས་ལས་རྣམ་པར་སྣང་མཛད་ཟླ་བ་ལ་གནས་པོ་གཞན་རྣམས་ཉི་མ་ལ་གནས་པའོ།། ལྷའི་འཁོར་ལོ་འདི་དག་བལྟས་ཏེ། ཨོཾ་ཨཱ་གཙྪ་ཨཱ་གཙྪ་བྷ་ག་ཝཱ་ན་ཨཀྵོ་བྷྱ་བཛྲ་ཨཿཞེས་པས ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་སོ་སོའི་མིང་གཞུག་པ་སྔོན་དུ་འགྲོ་བས་སྤྱན་དྲང་ངོ་།། ཨོཾ་ན་མོ་ཨཀྵོ་བྷཱུ་ཡ་ཧཱུཾ་ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། སོ་སོར་ལན་གསུམ་གསུམ་དབུའོ།། ཨོཾ་ན་མོ་བཻ་རོ་ཙ་ནཱ་ཡ་ཨོ་ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་རཏྣ་སཾ་བྷ་བྱཱ ་ཡ་ཏྲཱཾ། ཨོཾ་ཨཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ཨ་མྲྀ་ཏ་པྲ་བྷཱ་བྷཱ་ཡ་ཧྲཱི། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱཧཱ། ཨོཾ་ན་མོ་ཨ་མོ་གྷོ་སིདྡྷི་ཡཽ་ཁཾ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ལོ་ཙ་ན་ཡེ་ལཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་མཱ་མ་ཀཱི་མཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ནི། ་མཿབིཎྜ་རཱ་ཡེ་བཾ་ཨོཾ་བཛྲ་པུཥྤཾ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ཏཱ་ར་ཡེ་ཏཱི་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། སླར་ཡང་མི་བསྐྱོད་པ་ལ་མེ་ཏོག་མང་པོ་ཁྱད་པར་དུ་དབུལོ།། རིམ་པ་འདི་ཉིད་ཀྱིས། ཨོཾ་ཨཱཿབཛྲ་པུཥྤེ་ཙྪ་སྭཱ་ཧཱ། ཨོཾ་ཨཱ~ཾཿབཛྲ་དྷུ་བེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དཱི་བེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿ ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ནོ་བ་དྱ་ཧཱུ~ཾ་སྭཱ་ཧྲཱིཿཞེས་ཉེ་བར་སྤྱོད་པ་ལྔ་ཡང་དག་པར་དབུ་ལོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲ་སྥ་ར་ཎ་ཧ་མཾ་ག་ག་ན་ཁཾ་ཧཱུཾ་ཞེས་པས་མཆོད་པ་རྣམས་བྱིན་གྱིས་བརླབ་པོ།། ནུས་པ་མེད་ན་ཡིད་ལས་བྱུང་བའི་མཆོད་པ་ཆེན་པོ ་རྣམས་བྱཱ་སྟེ། འདི་ལྟ་སྟེ་གོས་དང་རྒྱལ་མཚན་དང་ནོར་བུ་དང་མུ་ཏིག་གི་དོ་ཤལ་ལ་སོགས་པ་རྒྱན་གྱི་བྱེ་བྲག་རྣམས་དང་། པདྨ་དང་ཨུཏྤ་ལ་སོགས་པ་མེ་ཏོག་གི་བྱེ་བྲག་རྣམས་དང་། སྐུ་ཆིངས་དང་ཆོས་གོས་དང་ལྷུང་བཟེད་དང་གསིལ་བྱེད་ལ་སོགས་པ ་ཡོ་བྱད་ཀྱི་བྱེ་བྲག་རྣམས་དང་། གླིང་བཞི་དང་ཉེ་བའི་གླིང་རྣམས་རིན་པོ་ཆེ་སྣ་བདུན་ལ་སོགས་པས་བཀང་བ་དབུལ་ལོ།། དེ་ནས་མཆོད་པ་མངོན་པར་འཕྲུལ་པར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ།། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་སརྦ་ཐཱ# ་ཏེ་སྥ་ར་ཎ་ཧི་མ་གུ་གན་ཁཾ་ས་མུནྟ་སྭཱ་ཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་མཆོད་པའི་སྤྲིན་རྣམས་ཇི་ལྟར་བསམས་པ་བཞིན་བདེན་པར་གནས་པར་འགྱུརརོ།། སྐུ་བཀྲུས་ཀྱི་མཆོད་པ་ཡང་ཨོཾ་ཨ ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཾ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་པས་སྐུ་ཁྲུས་བྱས་ལ་སྔར་བཞིན་མཆོད་པ་ལ་སོགས་པ་བྱའོ།། བདག་ཆེ་གེ་མོ་ཞེས་བགྱི་བ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས ་པ་རྣམས་ལ་བདག་ཉིད་དབུལ་བར་བགྱིའོ།། རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། ཡོངསུ་བསྐྱབ་ཏུ་གསོལ། དངོས་གྲུབ་དང་མཆོག་བདག་ལ་རབ་ཏུ ་སྩོལ་ཅིག་ཅེས་པས་བདག་ཉིད་དབུལལབ་དང་། དེ་ནས་སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ།། སྐྱོབ་པ་ཆོས་ལ་ཕྱག་འཚལོ།། དགེ་འདུན་ཆེ་ལ་ཕྱག་འཚལ་ལོ།། གསུམ་རྣམས་ལ་ཡང་རྟག་ཕྱག་འཚལ།། དཀོན་མཆོག་གསུམ་ལ་བདག་སྐྱབས ་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེ་སྭཱ་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། སངས་རྒྱས་ཆོས་དང་ཚོགས་མཆོག་ལ།། བྱང་ཆུབ་བར་དུ་སྐྱབསུ་མཆི།། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང ་ཆུབ་ཀྱི་ནི་སེམས་འདི་བགྱི།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ཞིང་།། སེམས་ཅན་ཐམས་ཅད་བདག་གིས་འགྲོན་དུ་བགྱི།། བྱང་ཆུབ་མཆོག་གི་སྤྱོད་པ་ཡིད་འོང་སྤྱད།། འགྲོ་ལ་ཕོན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།། ཅེས་གསུ ་ལ་སྒྲུབསུ་འགྲོ་བའི་ཚིགས་བཅད་བཀླག་པར་བྱའོ།། དེ་ནས་བསྟོད་པ་བྱ་སྟེ། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས།། སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ་སྟོན་པ།། མཁྱེན ་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང་།། སྣ་ཚོགས་ལྷ་ཐིབས་ཀྱིས་བསྐོར་ཐེ་ཙོམ་རྩིག་པ་འཇིག་མཛད་དེ་ལ་འདུད་ཅེས་པ་ལ་སོགས་པསོ།། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་ལ་བདེན་པར་བསྟོད་པ་ཉེ་བར་འབྱུང་བར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ།། ན་མཿསརྦ་བུ་དྡྷ་བོ་དྷི་སཏྭཱ་ནཱཾ་སརྦ་ཏྲ་སཾ་ཀུ་སུ་མི་ཏ་ཨ་བྷི་ཛྙཱ་རཱ་སི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ་ཞེས་པའོ།། བདག་སྐྱེ་བ་ནས་སྐྱེ་བར་སངས་རྒྱས་ལ ་གུས་པ་དང་། རང་བཞིན་གྱི་གཡོ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། གཏོང་བ་ལ་གོམས་པ་དང་། འབྲས་བུ་ལྔ་ཕྱིར་ཕྱོགས་པའི་བྱང་ཆུབ་ཀྱི་སེམས་ཐོབ་པར་གྱུར་ཅིག། ཤེས་རབ་རྣོ་བ་དང་རིགས་བཟང་པོར་སྐྱེ་བ་དང་། གཟུགས ་མཛེས་པ་དང་། བདེ་གཤེགས་ཀྱི་སྙན་དངགས་རྒྱ་ཆེན་པོ་ལ་མཁས་པར་གྱུར་ཅིག། ཚེ་རིང་ཞིང་མཐོ་རིས་སུ་སྐྱེ་བ་དང་སྐྱེས་བློ་གྲོས་སྨིན་ཞིང་མཁས་པ་དང་། དབང་པོ་མ་ཉམས་པ་བདེ་ཞིང་སྙིང་རྗེ་དང་བཅས་པ་དང་། རབ་ཏུ་དང་ཞིང་སྙོན་དངགས་མཁྲི ་པ་དང་། ཕ་མ་ལ་བྱས་པ་ཤེས་ཤིང་གུས་པ་ཉིད་དང་། རྟག་ཏུ་སྐྱེ་བ་དྲན་ཞིང་ཚུལ་ཁྲིམས་དང་ལྡན་པ་དང་ཆོས་ཀྱི་བདག་ཉིད་དང་། ནོར་དང་ལྡན་པ་དང་། རབ་ཏུ་སྦྱིན་པ་ལ་ངེས་པར་དགའ་བ་དང་། དགེ་བའི་བཤེས་གཉེན་དང་ལྡན་པ་དང་། སྤྲོ་ཞིང་སྟོབས ་དང་ལྡན་པ་དང་། ཡིད་དུ་འོང་ཞིང་མང་པོ་དགའ་བ་དང་། ནང་ཐམས་ཅད་སྤངས་ཤིང་སེམས་ཅན་ལ་བརྩེ་བ་ཅན་ཐོས་པ་འཛིན་ཅིང་བསམ་པ་དག་པ་དང་། གཙང་སྦྲ་དང་ལྡན་པ་དང་། ཇི་སྲིད་འཇིག་རྟེན་ལ་ཕན་པ་འབྱུང་བ ་ཕྱིར་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དེ་སྲིད་དུ་བདག་ཡོན་ཏན་འདི་རྣམས་ཀུན་གྱིས་བརྒྱན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཕན་ཡོན་ཆེན་པོ་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སངས་རྒྱས་ཐམས ་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཡི་གེ་བརྒྱ་པ་སྔགས་ཀྱི་རྒྱལ་པོ་འདི་བཟླས་པར་བྱའོ།། ན་མཿསྟྭཾ་ཡ་དྷི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱཔྟི་དྷརྨྨ་ཏཱ་པ་ལི་ནཱཾ། ཨཾ་ཨཾ་ཨ་ས་མ་ས་མ་ས་མནྟ་ཏོ་ཨ་ནནྟྲ་བཱཔྟི་ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎེ། བི་ག ་རཱ་ག། བུདྡྷ་དྷརྨཱ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧེ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱཧཱ། ཞེས་པའོ།། དེ་ནས་ཕྱོགས་རྣམས་ཀུན་ན་ལུས་དང་སེམས།། སྡུག་བསྔལ་ནད་པ་ཇི་སྙེད་པ།། དེ་དག་བདག་གི་བསོད་ནམས་ཀྱིས།། བདེ ་དགའ་རྒྱ་མཚོ་ཐོབ་པར་ཤོག། ལྷ་ཡང་དུས་སུ་ཆར་འབེབས་ཤིང་།། ལོ་ཏོག་ཕུན་སུམ་ཚོགས་པར་ཤོག། རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག། འཇིག་རྟེན་དག་ཀྱང་དར་བར་ཤོག། ངན་སོང་སྡུག་བསྔལ་མ་མྱོང་ཞིང་།། དཀའ་བ་སྤྱད་པ་མེད་པར་ཡང་།། ལྟ་བས ་ལྷག་པའི་ལུས་ཀྱིས་ནི།། དེ་དག་སངས་རྒྱས་མྱུར་གྲུབ་ཤོག། ཅེས་པ་ལ་སོགས་པ་བཀླགས་ནས།། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་སྤྱན ་གྱིས་མཁྱེན་ཅིང་གཟིགས་པའི་དགེ་བ་རྩ་བ་དང་། དེ་རིགས་གང་ཡིན་པ་དང་། སྡེ་གང་དང་ཅི་འདྲ་བ་དང་། རང་བཞིན་གང་དང་། མཚན་ཉིད་གང་དང་ཆོས་ཉིད་གང་གིས་གནས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་ལ་རྗེསུ་ཡི་རང་ངོ་།། ཇི་ལྟར་ཡང་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སངས་རྒྱས་ཀྱི་མངོན་པར་ཤེས་པས་ཡོངས་སུ་བསྔོས་པ་དེ་བཞིན་དུ་དགེ་བའི་རྩ་བུ་དེ་དག་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་བར ་བགྱིའོ་ཞེས་བརྗོད་དོ།། རྗེ་སུ་ཡི་རང་བ་དང་བསྔོ་བའི་རྗེས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་ན་མི་ཏྲེ་ནཱ་མ་མི་བྷ་ག་བནྡྷ་ཨཱཀྵོ་བྷཱ་ནཱ་ཐ་ཛཿཧཱུཾ་བཾ་ཧོཿཔྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོ་ཞེས་བརྗོད་དེ་འདུད་པར་བྱའོ།། དེ་ནས་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། ་རྗེས་མཐུན་དངོས་གྲུབ་སྩལ་ནས་ཀྱང་།། སླར་ཡང་བྱོན་པར་བྱ་བའི་ཕྱིར།། སངས་རྒྱས་ཡུལ་དུ་གཤེགསུ་གསོལ།། ཨོཾ་མུཿསྭཱ་ཧཱ་ཞེས་པས་གཤེགས་སུ་གསོལ་བར་བྱའོ།། དེ་ནས་མཎྜལ་གྱི་རི་མོ་དབྱི་བར་བྱའོ།། མཆོད་པའི་ཕན་ཡོན་ཡང་བཙོ ་ལྡན་འདས་ཀྱིས་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་གསུངས་ཏེ།། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་དང་མཉམ་པའི་རང་སངས་རྒྱས་རྣམས ་ལེ་ཉིན་དང་ཉིན་ལ་རོ་བརྒྱ་པའི་ཁ་ཟས་དང་ལྷ་རྫས་ཀྱི་ན་བཟའ་རྣམས་བྱིན་ཞིང་། དེ་བཞིན་དུ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་བསྐལ་པར་བྱིན་པ་དང་། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་རི་མོ་མཁན་གྱིས་བྲིས་པའི ་སངས་རྒྱས་སམ་གླེགས་བམ་དུ་བྱས་པ་མཐོང་ན་འདི་ཉིད་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་ན་སླར་ཡང་གང་ཞིག་ཐལ་མོ་སྦྱོར་བ་འམ། མྱེ་ཏོག་གྲམ་སྤོས་སམ། མར་མེ་འབུལ་བར་བྱེད་ན། འདི་ཉིད་དེ་བས་དེ་བསོད་ནམ ་མཆོག་ཏུ་གྲངས་མེད་པ་བསྐྱེད་པ་ལྟ་ཅི་སྨོས་ཞེས་སོ།། དཔལ་གསང་བ་འདུས་པ་ལས་ཀྱང་།། སངས་རྒྱས་རྣམས་ལ་རྟག་ཏུ་ནི།། འདོད་ཡོན་ལྔ་དང་ཉེ་རོ་སྤྱོད་ལྔས།། ཆོ་ག་བཞིན་དུ་མཆོད་བྱེད་ན།། མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར་ཞེསོ།། གཞན ་ནས་ཀྱང་། གང་ཞིག་བཞུགས་ལ་མཆོད་པ་དང་།། གང་ཞིག་མྱ་ངན་འདས་པ་ལ།། མཉམ་པའི་སེམས་ཀྱིས་རབ་དད་ན།། བསོད་ནམས་ཁྱད་པར་མེད་པ་ཡིན་ཞེས་སོ།། དགེ་བའི་ལས་བྱེད་པ་འདི་ནི་གཉེན་པོ་ཀུན་ཏུ་སྤྱོད་པའོ།། དགེ་བའི་ལས་རྣམས ་བྱེད་པ་ནི་དོན་ལ་མངོན་པར་སྦྱོར་བའི་ངོ་བོའོ།། ཡང་ན་སྔར་བཞིན་བྱས་པའི་མཎྜལ་གྱི་དབུས་སུ་རང་འདོད་པའི་ལྷ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་དེ་དང་དེའི་རང་གི་ས་བོན་ལས་བྱུང་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས ་རོ་གཅིག་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་མོས་ཏེ། སྔར་བཞིན་སྤྱན་དྲངས་ནས་དེའི་ཅོད་པན་ལ་འོད་དཔག་མེད་ལ་སོགས་པ་རིགས་ཀྱི་གཙོ་བོ་བསྐྱེད་ནས་མན་ངག་ཇི་ལྟ་བ་བཞིན་དུ་ལྷ་ཐམས་ཅད་གནས་ཇི་ལྟ་བར ་དམིགས་ཏེ། སྔར་མཆོད་པ་དང་། བསྟོད་པ་དང་སྔགས་ཀྱིས་མཉེས་པར་བྱ་བ་ལ་སོགས་པ་རྣམས་བྱའོ།། མཐར་ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿསརྦ་བིག་པཱུ་ར་པཱུ་ར་སཱུ་ར་སཱུ་ར། ཨཱ་བཛྲ་ཡཱ་བཛྲཱ་ཡེ་སྭཱ་ཧཱ་ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས ་ལ་མཆོད་པ་དང་ཉེ་གནས་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ་ཞེསོ།། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མཆོད་པའི་ཆོ་གའོ།། དམ་པའི་ཆོས་བཀླག་པ་ལ་སོགས་པའི་དོན་དུ་སྔགས་པས་རྐང་པ་ལ་སོ། ་པ་བཀྲུ་བ་དང་། ཁ་བཤལ་བ་ལ་སོགས་པ་བྱས་ནས་བདེ་བའི་སྟན་ལ་གནས་ཏེ། ཨོཾ་བཛྲ་སཏྭ་སརྦ་བི་གྷཱ་ན་ཨུད་ས་ར་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་ས་གཞི་བྱིན་གྱིས་བརླབས་ཏེ་དྲི་བཟང་པོ་ལ་སོགས་པས་མཎྜལ་ཟླུམ་པོ་བྱས་ནས་ཨོཾ་བཛྲ་རེ་ཁེ ་ཧཱུཾ་ཞེས་པ་འདིས་བྱིན་གྱིས་བརླབས་ཏེ། མཎྜལ་ལ་མེ་ཏོག་གཅིག་བཞག་ནས་ལག་པ་བཀྲུའོ།། དེ་ནས་མཎྜལ་དེའི་དབུས་སུ་རི་རབ་གྲུ་བཞི་པ་ལ་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པ། ཤར་དང་ལྷོ་དང་ནུབ་དང་བྱང་གི་ངོས་རྣམས་ནི་བཻ་ཌཱུརྱ་དང ་ཤོལ་དང་པདྨ་རཱ་ག་དང་གསེར་གྱི་བདག་ཉིད་དེ་རིན་པོ་ཆེ་བཞིའི་རང་བཞིན་ནོ།། དེའི་མདུན་དུ་ཟླ་བ་ཕྱེད་པའི་རྣམ་པ་ཤར་གྱི་ལུས་འཕགས་དང་། གཡ་སུ་གྲུ་གསུམ་པའི་ཛམྦུའི་གླིང་དང་། རྒྱབ་ཏུ་ཡོངསུ་ཟླུམ་པོའི་བ་ལང་སྤྱོད་དང་། གཡོན ་དུ་གྲུ་བཞིའི་སྒྲ་མི་སྙན་ནོ།། ཤར་ལུས་འཕགས་ལ་སོགས་པ་དང་ཉེ་བར་ལུས་འཕགས་དང་། གཡོ་ལྡན་དང་ལམ་མཆོག་འགྲོ་དང་། རྔ་ཡབ་དང་རྔ་ཡབ་གཞན་དང་། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ཞེས་པ་ཉེ་བའི་གླིང་རྣམས་ཏྲྀ་སོ་སོར་པདྨ་རཱ ་ག་དང་། ཨིནྡྲ་ནཱི་ལ་དང་། བཻ་ཌཱུརྱ་དང་། མར་གང་དང་། རྡོ་རྗེ་དབ་མུ་ཏིག་དང་བྱུ་རུ་ལ་སོགས་པས་ཡོངསུ་བཀང་བའོ།། ཤར་ལ་སོགས་པའི་ཕྱོགས་སུ་གླང་པོ་དང་སྐྱེས་པ་དང་། རྟ་དང་བཙུན་མོ་རྣམས་སོ།། མེ་ལ་སོགས་པའི་མཚམ་སུ་རོལ ་གྲི་དང་འཁོར་ལོ་དང་ནོར་བུ་དང་། གཏེར་ཆེན་པོ་རྣམས་བསམ་ཏཱཾ་སྔར་ཕུལ་བའི་མེ་ཏོག་བསལ་ལ།། ཨོཾ་བཛྲ་པུཥྤེ་ཧཱུཾ་ཞེས་པ་འདིས་བསྔགས་ཏེ་རི་རབ་དང་གླིང་དང་ཉེ་བའི་གླིང་དང་གླང་པོ་ལ་སོགས་པ་རིན་པོ་ཆེ་དང་། ་གཏེར་ཆེན་པོ་རྣམས་སུ་མེ་ཏོག་དབུལ་ལོ།། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བདུག་སྤོས་ལ་སོགས་པ་ཇི་ལྟར་འབྱོར་པ་རྣམས་ཀྱང་ངོ་།། དེ་ནས་མཆོད་པ་ཐམས་ཅད་ཆོ་ག་བཞིན་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཆོས་ཀྱི་སྐུའི་བདག་ཉིད་དམ་པའི་ཆོས་ཀྱི་གླེགས་བམ་ཡང་མཎྜལ་གྱི་དབུས་སུ་བཞུགས་ཏེ་ཇི་ལྟ་བ་བཞིན་བཀླག་གོ།། ལྷའི་སྟེང་དུ་ནི་མ་ཡིན་ནོ།། དེ་ནས་ཡང་མཆོད་པའི་ཆོ་ག་ནི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུང ་དང་གཅིག་ཉིད་དུ་འམ་རང་འདོད་པའི་ལྷ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་མོས་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་སེང་གེའི་གདན་དང་པདྨ་ལ་རྡོ་རྗེ་ས ་དཔའི་རོལ་པས་བཞུགས་པར་བསམས་ཏེ། མཆོད་པ་དབུལ་ཞིང་བསྟོད་པ་བཀླག་པ་ལ་སོགས་པ་བྱའོ།། ཨོཾ་ཨཱཿཤྲི་མན་བཛྲ་གུ་རུ་ཙ་ར་ཎ་ཀ་མ་ལཱ་ཡ་ས་མྱཀ་ཛྙཱ་ན་ཨ་བི་བྷཱ་ས་ཀ་རཱ་ཡ་ན་མཿཧཱུཾ། གང་གི་སྐུ་དྲིན་འོད་ཀྱིས་གསལ ་བྱས་བདག་ཉིད་ཀྱི།། ། དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་སྟེ།། མཐོང་བ་སྐྱོན་མེད་བདག་རྣམས་རོལ་པས་ལྷག་ལྟ་བ།། བླ་མ་ཉི་མ་དེ་ལ་གུས་པས་ཕྱག་འདི་འཚལ་ཏེ། ཞེས་པ་ལ་སོགས་པ་ས་ར་ཧའི་ཞབས་ཀྱིས་མཛད་པ ་བླ་མ་ལ་ཕྱག་བྱའོ།། སྔར་བཞིན་དགེ་བའི་རྩ་བ་ཡོངསུ་བསྔོ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། རྗེས་མཐུན་དངོས་གྲུབ་སྩལ་ནས་ཀྱང་།། སླར་ཡང་བྱོན་པར་བྱ་བའི་ཕྱིར།། སངས་རྒྱས་ཡུལ་དུ་གཤེགསུ་གསོལ།། མུཿཝེ ་པས་གཤེགསུ་གསོལེ་ལོ།། འདི་ནི་དམ་པའི་ཆོས་དང་ལྷོ་དང་བླ་མའི་མཆོད་པའི་ཆོ་གའོ།། གཞན་དུ་ནི་མཎྜལ་ཟླུམ་པོའི་དབུས་སུ་རི་རབ་ལ་སོགས་པ་རང་རང་གི་ས་བོན་ལས་བསྐྱེད་ནས་མཆོད་པའི་སྔགས་ཀྱང་སོ་སོར་གསུངས་པ་དེ་དག ་གིས་མེ་ཏོག་ལ་སོགས་པ་དབུལ་ཏེ། དེ་ལ་ཨོཾ་ཧཱུཾ་མ་ཧཱ་མེ་ར་བ་ན་མཿདེའི་སྟེང་དུ་ཨོཾ་ཧཾ་སུཀྵ་མ་མེ་ར་བེ་ན་མཿཞེས་པ་དབུས་སུའོ།། དེའི་རྗེས་ལ་ཨོཾ་ཡཾ་པཱུ་ར་བ་བི་དེ་ཧཱ་ཡ་ན་མཿོཾ་རཾ་ཛཾ་པུ་དཱི་པ་ཡ་ནེ་མཿོཾ་ལཾ་ཨ་པ་ར་གོ་དཱ་ནཱི་ཡ་ན་མ ་ཨོཾ་བཾ་ཨུདྷ་ར་ཀུ་ར་བེ་ནཱ་མཿོཾ་ཡཿུ་པ་དཱི་པཱ་ཡ་ན་མཿོཾ་རཿུ་པྱཱ་དཱི་པཱ་ཡ་ན་མཿོཾ་ལཿུ་པཱ་དཱི་པཱ་ཡ་ནཱ་མཿོཾ་ཝཿུ་པ་དཱི་པཱ་ཡ་ན་མཿོཾ་ཡཾ་ག་ཛ་རཏྣ་ཡཱ་ན་མྱཿཽ་ར་པུ་རུ་ཥ་རཏྣཱ་ཡ་ན་མཿོཾ་ལ་ཨ་ཤཱ་རཏྣཱ་ཡ་ན་མཿོཾ ་ཝཱ་སྠི་རདྡྷཱ་ཡ་ན་མཿོཾ་ཡཱ་ཁ་ཌྒ་རཏྣ་ཡ་ན་མཿོཾ་རཱ་ཙ་ཀྲ་རཏྣ་ཡ་ན་མཿོཾ་ལཱ་མ་ཧཱ་མ་ཎི་རཏྣཱ་ཡ་ན་མཿོཾ་ཝཱ་མ་ཧཱ་ནི་དྷི་བྷྱོ་ན་མཿཞེས་པའོ།། གཞན་ཐམས་ཅད་སྔར་བཞིན་ནོ།། འདི་དག་ཐམས་ཅད་མེད་ཀྱང་ཕྱི་རོལ་གྱི་དངོས་པོར་རབ་ཏུ་དང ་བའི་དངོས་པོ་རང་གི་ཀུན་རྟོག་གིས་དཔག་བསམ་ཤིང་ལས་བྱུང་བ་དབུལ་ཏེ་འབྲས་བུ་ཤིན་ཏུ་ཆེ་བ་ཉིད་དུ་འགྱུ་རོ།། རྫས་ཀྱི་དངོས་པོ་དངོས་ཡོད་པ་ལ་ཡང་སེམས་གཡེངས་པ་དང་ཞན་པ་དག་གིས་དབུལ་བ་ནི་འབྲས་བུ་ཅུང་ཟད་མེད ་ཅེས་ལུང་ལས་ཏེ། བྱང་ཆུབ་སྤྱོད་འཇུག་ལས་ཀྱང་། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན།། ཡུན་རིངས་དུས་སུ་སྤྱད་བྱས་ཀྱང་།། སེམས་གཡེངས་ཞན་པས་བྱས་པ་ནི།། ཐམས་ཅད་རིག་པས་དོན་མེད་གསུངས་ཞེས་སོ།། དེ་བཞིན་དུ་དགེ། ་འདུན་གྱི་སྟོན་མོ་དང་གཙུག་ལག་ཁང་གི་མཆོད་ཡོན་སྦྱིན་པ་དང་། ཆོས་ཀྱི་མཆོད་ཡོན་སྦྱིན་པ་ལ་ཡང་དགེ་འདུན་ལ་སོགས་པ་རི་རབ་ཀྱི་སྟེང་དུ་གཙོ་བོར་བྱས་ཏེ་བཞུགས་ནས་མཆོད་པ་བྱའི།། གང་གང་གང་ཚེ་འཚོ་བྱ་བ།། དག་པའི་འཚོ་བ་དེས་བསླབ་སྟེ། ་བཀྲེས་སྐོམ་ནང་ནི་ཞི་བའི་ཕྱིར།། ཟས་སྐོམ་སྨན་དང་འདྲ་བར་བསམ།། དེ་ཡང་དྲག་ཤུལ་ཅན་གྱི་ཞུས་པ་ལས། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་དང་མཐུན་པས་ལོངས་སྤྱོད་དེ་ཚོལ་ཞིང་ཆོས་མ་ཡིན་པ་ཡང་བས་མྱི་ཚོལན་ཡང་དག ་བའི་འཚོ་བར་འགྱུར་ཏེ་ལོག་པའི་འཚོ་བར་མི་འགྱུར་རོ་ཞེས་སོ།། དེ་ནས་ཇི་ལྟར་རྙེད་པའི་ཟས་ལ་གཏོར་མ་དང་ལྷ་བཤོས་དང་འཕྲོག་མ་དང་ཕུད་ཀྱི་ཆང་བུ་དང་ལྷག་མ་སྟེ་ལྔ་པོ་འབྲས་བུ་ཆེན་པོ་ལོངས་སྤྱོད་པའི་ཕྱིར་རྟག་ཏུ་སྦྱིན་ནོ།། དེ་ནས་ཨོཾ་ཨཱཿཧཱུཾ་ལན ་གསུམ་བརྗོད་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏང་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་པས་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་ནོ།། ཨོཾ་ཨཱཿབཛྲ་ནཻ་བི་དྱཱ་ཧཱུཾ་ཞེས་པས་ལྷ་བ་ཤོ་སྷོ།། ཨོཾ་ཧ་རི་ཏེ་མ་ཧཱ་བཛྲ་ཡཀྵི་ནི་ཧ་ར་ཧོ་ར་སརྦ་པཱ་པ་ནི་ཀྵི་སྭཱ་ཧཱ་ཞེས་པས། ་འཕྲོག་མ་ལ་ཟན་གྱི་ཆང་བུ་གཉིས་སྦྱིན་ནོ།། ཨཻ་ཨ་གྲ་པཎྜི་ཨ་སི་བྷྱཿསྭཱ་ཧཱ་ཞེས་པས་ཕུད་ཀྱི་ཆང་བུའོ།། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ~ཾ་ནཱཾ་ཨོཾ་བ་ལིནྡ་དེ་ཏེ་ཛོ་པ་ལི་ན་སྭཱ་ཧཱ་ཞེས་པ་དང་། ཨོཾ་ཨཱཿཧཱུཾ་ཞེས་པས་བཟའ་བ་ལ་ལན་བརྒྱད་མངོན་པར་བསྔགས་ཏེ། ་དང་པོར་མཐེ་བོང་དང་མིང་མེད་ཀྱིས་རེག་ནས་བཟའ་སྟེ་དུག་ལ་སོགས་པའི་ཉེས་པ་ཞི་བར་བྱེད་དོ།། ཁ་བཀང་སྒྲ་དང་བཅས་པ་དང་། ཁ་གདངས་པ་དང་། ཧ་ཅང་མྱུར་བ་དང་། བུལ་བས་མི་བཟའ་སྟེ་ཕན་པ་དང་རན་པས་སོ།། ཨོཾ་ཨུཙྪིཥྚ་པིཏྟ་ཨ་ཤཱི་བྷྱཿསྭཱཧཱ་ཞེས ་པ་འདིས་ལྷག་མའི་ཆང་བུ་སྦྱིན་ནོ།། ཟས་ལྷག་མ་ཆེད་དུ་མ་བྱས་པ་ཁོ་ནར་སྦྱིན་ཞིང་ཁ་བཀྲུ་བ་ལ་སོགས་པ་བྱས་ནས་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་ན་གནས་པའི་ཁྱིམ་གྱི་གནས་ལས་ངེས་པར་བྱུང་བའི་རབ་ཏུ་བྱུང་བས་འཇིག་རྟེན་གྱི་ཁམས ་མཐའ་དག་ན་གནས་པའི་སྐྱེ་བོ་རྣམས་ཀྱི་དགེ་བ་སྤེལ་བའི་ཕྱིར། རྒྱལ་པོ་སྦྱིན་བདག་ཉིད་དང་ནི།། གང་ཡང་སེམས་ཅན་ཚོགས་གཞན་རྣམས།། ཚེ་དང་ནད་མེད་ཕུན་སུམ་ཚོགས།། རྟག་ཏུ་བདེ་དང་ལྡན་གྱུར་ཅིག། སྦྱིན་པས་འབྱུང་པོ་དབང་དུ་འགྱུརརོ།། ། ་སྦྱིན་པས་དགྲ་རྣམས་མེད་པར་འགྱུར།། ཕ་རོལ་གཉེན་ཡང་སྦྱིན་པ་ཉིད།། ངོ་ཕྱིར་སྦྱིན་པ་གཙོ་བོར་བརྗོད།། སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ།། སྦྱིན་པས་ངན་འགྲོ་ཟློག་པར་བྱེད།། སྦྱིན་པ་མཐོ་རིས་སྐས་ཡིན་ཏེ།། སྦྱིན་པ་ཞི་བྱེད་དགེ་བའོ།། བྱང་ཆུབ་སེམས ་དཔོའི་ལོངས་སྤྱོད་རྣམས།། མི་ཟད་ན་མཁའ་ལྟ་བུ་གང་།། ལོངས་སྤྱོད་དེ་ནི་ཐོབ་བྱིའི་ཕྱིར།། སྦྱིན་པ་དེ་ནི་ཡང་དག་སྤེལ།། ཞེས་པ་ལ་སོགས་པ་སྦྱིན་པའི་ཚིགསུ་བཅད་པ་རྣམས་བརྗོད་པར་བྱའོ།། གཞན་དུ་མུ་སྟེགས་རྣམས་ལ་གུས་པ་ལ་སོགས་པ་མི ་བྱ་སྟེ། དེ་ཡང་སྐྱོབས་གསུམ་བདུན་ཅུ་པ་ལས་གསུངས་པ།། དགེ་བསྙེན་དུ་ནི་དམ་བཅས་ནས།། སྐྱབས་གསུམ་པོ་ནི་བསྲུང་བར་བྱ།། མུ་སྟེག་གཞན་ལ་གུས་པ་དང་།། ཕྱག་དང་མཆོད་པ་རྣམས་མི་བྱ་ཞེས།། བརྒྱད་སྟོང་པ་ལས་ཀྱང་ལྷ་གཞན་རྣམས ་ལ་མེ་ཏོག་དང་བདུག་སྤོས་དང་མར་མེ་རྣམས་སྦྱིན་པར་མི་བྱ་རི་མོར་མི་བྱ་ཞེས་སོ།། དེ་ནས་ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ་བོ་དྷི་སཏྭཱ་ཡ། མཧཱ་མ་དཱ་ཡ་ཡ་ཀུ་རུ་ཎིཀཱ་ཡ། ཧྲ་ཧཱ། ཨོཾ་ནི་རཱ ་ལ་བྷི་ནེ་རཱ་བྷཱ་སེ། ཛ་ཡེ་ཛ་ཡ་ལ་བ་དྷེ་མ་ཧཱ་མ་ཏེ་དཀྵེ་དཀྵི་ཎཱཾ་པ་རི་ཤོ་དྷ་ཡ་སྭཱ་ཧཱ། གང་གཟུངས་འདི་ལན་གཅིག་བརྗོད་པར་བྱེད་པ་དེ་རི་རབ་ཙམ་གྱི་བསོད་སྙོམས་ཡང་ཡོངསུ་སྦྱོང་བར་འགྱུར་རོ་ཞེས་བཾ་བསོད་སྙོམས་ཡོངསུ་སྦྱོང་བའི་གཟུངས་བརྗོད་པར ་བྱའོ།། མཚན་མོའི་དང་པོ་མི་ཉལ་བར་དམ་པའི་ཆོས་ཀྱི་ཁ་དོན་དང་བཟླས་པ་ལ་སོགས་པ་བྱས་ནས། ཉལ་བ་ན་མལ་དུ་ཡན་ལག་ཐམས་ཅད་བཏུང་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་ཞིང་གསོལ་པ་ཡང་བཏབ ་ནས་ཉལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བླ་ན་མེད་པའི་དངོས་གྲུབ་དང་མཆོག་བདག་ལ་སྩོལ་ཅིག། ཉེ་བར་འཚེ་བ་ཐམས་ཅད་ཀྱང་མེད་པར་མཛད་དུ་གསོལ་ཞེས་པ་དང་། རང་གི ་འདོད་ལྷའི་རྣལ་འབྱོར་དང་ལྡན་པས། ན་མོ་བྷ་གཱ་བ་ཏེ། ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ཡེ། སརྦ་ཏ་ཐཱ་ག་ཏཱ་པ་རི་མི་ཏཱ་པ་རི་པཱུ་རི་ཏཱ་ཡེ། ཏདྱ་ཐཱ། ཨོཾ་སིདྡྷི་སིདྡྷི་བུདྡྷ་བུདྡྷ། བོ་དྷ་ཡ་བོ་དྷ་ཡ། ཙ་ལ་ཙ་ལ། ཏིཥྛ་ཏིཥྛ། ཏི་ཀཾ་པ་ཀཾ་པ། བཱ་ར་བཱ་ར། གཙྪ་གཙྪ་ཨཱ་གཙྪ་ཨཱ ་གཙྪ་བྷ་ག་བ་ཏི་མ་བི་ལི་བ་སྭཱ་ཧཱ། གཟུངས་འདི་ལག་པ་གཡས་པ་ལ་ལན་ཉི་ཤུ་རྩ་གཅིག་ཡོངསུ་བཟླས་ཏེ། དེའི་སྟེང་དུ་མགོ་བཞག་སྟེ་སེང་གིའི་ཉོ་ལ་སྟབས་ཀྱིས་ཉལ་ལོ།། མཚན་མོ་ཐ་མ་ནས་དེ་བཞིན་དུ་ཡིད་མ་ཡེངས་པ་དང་རྒྱུན་ཆེད་པ་མེད ་བར་ཡིད་མ་མཐའ་དག་བྱའོ།། དེ་ལྟར་ཉིན་རེ་ཞིང་བྱས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་མྱུར་དུ་བྱང་ཆུབ་ཏུ་འགྱུར་རོ།། དེ་ཡང་གསུངས་པ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ལ་སོགས་རྟག་བརྟེན་བྱ།། དུས་ནི་ཡུན་མི་རིང་བ་ཡི།། བྱང ་ཆུབ་མཆོག་ནི་ཐོབ་པར་འགྱུར།། ཞེས་སོ།། གཞུང་བསྡུས་པ་ཡི་བསོད་ནམས་ལས་ཀྱིས་ནི།། བདག་ཅག་བྱང་ཆུབ་གཞུང་ལམ་འདི་བརྟེན་ནས།། སྤོབས་སྣ་ཚོགས་སྤྱོད་པ་སྤྱད་ནས་ནི།། སྐྱེ་བོས་བླ་མེད་གོ་འཕང་ཐོབ་པར་ཤོག། བྱང་ཆུབ་གཞུང་ལམ་སྡེ ་བགྱི་བ་སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་རྫོགསོ།། ། ཇི་ལྟར་མཐོང་བ་བཞིན་བསྡུས་པ་སྟེ་གཞུང་གི་ཚོད་མི་ཀཽ་སུམ་བརྒྱ་ཉི་ཤུ་རྩ་ལྔའོ།། དང་པོའི་ལས་ཀྱི་བྱ་བ་མ་བརྟེན་པ ་ངེས་པར་བྱང་ཆུབ་མཆོག་ཐོབ་མི་ནུས་ཀྱང་།། རྩོད་དུས་སྐྱེ་བོ་སྟོང་པ་ཉིད་སྨྲ་ཞིང་།། གཞུང་ལམ་དང་པོའི་ལས་ཀྱི་བྱ་བ་རྣམས།། མི་ཤེས་མི་ནུས་མི་བྱེད་པ་རྣམས་མཐོང་།། སྤྱོད་འདོད་མི་ཤེས་འགྲོ་ལ་ཕན་འདོད་ནས།། ཐུབ་པའི་དགེ་སློང་ཆག་སྟོན ་ཙབསད་བྱང་ཆུབ་གཞུང་ལམ་འདི་ནི་འབད་པས་བསྒྱུར།། ཉེས་ཀུན་བཟོད་གསོལ་དགེ་བས་བདག་གཞན་རྣམས།། སྒྲིབ་བྲལ་ཚོགས་གཉིས་རྫོགས་པའི་སངས་རྒྱས་ཤོག། ཁ་ཆེའི་མཁན་པོ་ཆེན་པོ་ཆོས་ཀྱི་རྗེ་ཤཱུཀྵུ་ཤྲཱི་བྷ་དྲ་ལས་མཉན་ནས ་བོད་ཡུལ་དབུས་ཀྱི་སྡེ་སྣོད་འཛིན་པ་ཆག་ལོ་ཙ་བ་དགེ་སློ་སློང་དགྲ་བཅོམ་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། མཎྜལ་བི་དྷི། བོད་སྐད་དུ། མཎྜལ་གྱི་ཆོ་ག། ཐུགས་རྗེ་ཆེན་པོ་རྣམ་པར་སྐྱོབ་ལ་ཕྱག་འཚལ་ལོ།། དཀྱིལ་འཁོར་བཟང་པོས ་