CLOSE WINDOW

GT2583: las dang po pa'i tshogs sog bya ba'i rim pa mdor bsdus pa
Wyliee-texts produced with BDRC’s OCR application

མཚན་ཡོངསུ་གྲགས་པར་གྱུར་པ་དགེ་བཤེས་རྡོ་རྗེ་གདན་པས་མཛད་པ་ལགསོ།། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་མཎྜལ་གྱི་ཆོ་གའོ།། ་ཡེ་ཤེས་ཉི་མས་ཉོན་མོངས་མཚོ་སྐེམས་ཤིང་།། འཇམ་པའི་གསུང་གིས་སྲིད་པ་གསུམ་སྒྲོལ་བ།། ཡིད་བཞིན་ནོར་ལྟར་སེམས་ཅན་རེ་སྐོང་བའི།། མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལོ།། ཚོགས་སོག་རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར།། ་བྱ་བའི་ཆོ་གའི་རིམ་པ་བདག་གིས་དབྱེ།། རྣལ་འབྱོར་རྣམ་པ་གཉིསུ་བསྟན།། དངོས་གྲུབ་སྒྲུབ་དང་ཚོགས་སོག་པའོ།། དངོས་གྲུབ་བསྒྲུབ་པར་བྱ་བའི་ཐབས།། རྒྱུད་དང་བླ་མ་སོ་སོ་ཡི།། གདམས་ངག་དག་ལས་གསལ་བར་བཤང་།། ཚོགས་སོག་རིམ་པ་གཉིས ་ཡིན་ཏེ།། རིག་པ་དང་ནི་ལུང་ཡིན་ནོ།། རིགས་པས་ཕྱེ་ན་གཉིས་ཡིན་ཏེ།། སློབ་དཔོན་བྱེད་དང་སློབ་མར་གནས།། སློབ་དཔོན་ལ་ཡང་རྣམ་གསུམ་སྟེ།། རབ་དང་འབྲིང་དང་ཐ་མའོ།། སློབ་མ་ལའང་དེ་བཞིན་ནོ།། གང་ཟག་དྲུག་གི་བྱ་བ་ནི།། བྱེ་བྲག་ཐུན་མོང་གཉིས།། ་བསྟན།། སློབ་དཔོན་རབ་ཀྱི་བྱ་བ་ནི།། ཐུན་དྲུག་ཏུ་ནི་སྒྲུབ་པ་དང་།། དབང་བསྐུར་ཆོས་བཤད་དཀྱིལ་འཁོར་དང་།། སྦྱིན་སྲེག་རབ་གནས་གཏོར་མ་བྱ།། སློབ་དཔོན་འབྲིང་གི་བྱ་བ་ནི།། ཐུན་བཞི་རུ་ནི་བསྒོམ་པ་དང་།། ཆོས་བཤད་སྦྱིན་སྲེག་གཏོར་རབ་གནས།། སློབ ་དཔོན་ཐ་མའི་བྱ་བ་ནི།། ཐུན་གསུམ་དུ་ནི་བསྒོམ་པ་དང་།། སྦྱིན་སྲེག་རབ་གནས་གཏོར་མ་བྱ།། སློབ་མ་རབ་ཀྱི་བྱ་བ་ནི།། ཐུན་དྲུག་བསྒོམ་དང་མཆོད་གཏོར་གསུམ།། སློབ་མ་འབྲིང་གི་བྱ་བ་ནི།། ཐུན་བཞི་བསྒོམ་དང་མཆོད་གཏོར་གཉིས།། སློབ་མ་ཐ་མའི་བྱ་བ་ནི། ་ཐུན་གསུམ་བསྒོམ་དང་མཆོད་གཏོར་གཅིག། དེ་ནི་བྱེ་བྲག་ཆོ་གའོ།། སློབ་དཔོན་སློབ་མ་གཉིས་ལ་ཡང་།། དམ་བཅས་པ་དང་མ་བཅས་པའི།། བྱེ་བྲག་གཉིསུ་ཤེས་པར་བྱ།། ཐུན་མོང་རིམ་པའི་ཆོ་ག་ནི།། སྒྲུབ་དང་སྒྲུབ་ཐབས་བསྒོམ་པ་དང་།། ཁྲུས་དང་བླ་མ ་ཕྱག་འཚལ་དང་།། བཏན་འདོན་དང་གླེགས་པ་མ་ཀྱོག། རྒྱུད་ཆགས་བདུན་དང་ཆོས་སྤྱོད་དང་།། དེ་ནས་ཁབས་རྣལ་འབྱོར་བྱ།། མ་ཚ་གད་བ་དང་བསྐོར་བ་དང་།། དུས་ཀུན་བྱ་བའི་སྤྱོད་ལམ་དང་།། ཉིན་བྱེད་དུས་ཀྱི་ཆོས་སྤྱོད་དང་།། རྒོངས ་ངག་ཆོས་སྤྱོད་རྒྱས་པར་བྱ།། ཉམས་བཤགས་སྙིང་གའི་དཀྱིལ་འཁོར་དང་།། གཉིས་མེད་སྦྱོར་བས་ཉལ་བའོ།། ཐུན་མོང་བསྡུས་པ་བཅུ་དང་གསུམ།། དེ་ལ་ལྡང་བའི་དུས་སུ་ནི།། སྟོང་པ་ཉིད་ལྔ་གནས་པ་ལས།། ལྷ་མོ་བཞིས་བསྐུལ་ལྡང་བར་བས ་སྒྲུབ་ཐབས་སོ་སོའི་གཞུང་ལས་གསལ།། ཁྲུས་ལ་རྣམ་བཞིར་ཤེས་པར་བྱ།། ཆུ་ཡི་རྡུལ་ཕྲན་འདུས་པ་ལས།། ཁྲོ་བོ་བདུད་རྩི་འཁྱིལ་པར་འགྱུར།། སྐུ་མདོག་ལྗང་སེར་ཞལ་གཅིག་པ།། ཕྱག་གཉིས་མཚན་ལྡན་འཇིགས་པའི་གཟུགས།། གཡས་ན ་སྣ་ཚོགས་རྡོ་རྗེ་ལ།། གཡོན་ན་བདུད་རྩིས་བཀང་ཐོད་བསྣམས།། དེ་ཡི་བགེགས་བསྐྲད་གྱུར་པར་བསམ།། རང་སྙིང་ཧཱུཾ་ལས་སྤྱན་སོགས་སྤྲོས།། བདུད་རྩིའི་བུམ་པ་ཕྱག་ན་བསྣམས།། རང་གི་ལུས་ལ་དབང་བསྐུར་བསམ།། བསྐུར་བས་ལུས་ཀུན་བདེས ་གང་བས།། དྲི་མ་ཀུན་ལས་དག་པར་བསམ།། བདུད་རྩི་བྱིན་བརླབས་ཆུ་ཡིས་ནི།། ཛམྦྷ་ལ་ཡི་དབུ་བཀྲུས་བསམ།། ཨ་ཀཱི་རོ་ཡི་སྔགས་སོགས་ཀྱིས།། ཡི་དྭགས་ཀུན་ལ་ཆུ་སྦྱིན་བྱ།། ཕྱག་འཚལ་ཆོ་ག་གཉིས་ཞེས་བྱ།། ཏིང་འཛིན་ལྡན་པའི་བླ་མ་ལ།། ་དུས་སུ་གུས་པས་ཕྱག་འཚལ་བྱ།། ཏིང་འཛིན་ལྡན་པའི་བླ་མ་ལ།། ལག་པ་དལ་བུས་སྒོ་བརྡུངས་ནས།། གུས་པས་ཕྱག་འཚལ་ཁམས་བདེ་ཞུ།། བྱ་བར་འོས་པའི་མན་ངག་ནོད།། ཁ་དོན་གླེགས་བམ་ཀློག་པས་ནི།། བསམ་པའི་རིམ་པ་བཞིར་ཤེས་བྱ།། ་བདག་ཉིད་གསུང་གི་རྡོ་རྗེ་འམ།། ཡི་དམ་སོ་སོའི་ལྷར་བསམས་ནས།། མདུན་དུ་ལྷ་ཀླུ་ལ་སོགས་བསམ།། ཟབ་མོའི་མདོ་སོགས་ལེགས་གདོན་བྱ།། དེ་ཡིས་དེ་རྣམས་ཚིམ་གྱུར་ནས།། གཉིས་མེད་ཡེ་ཤེས་དོན་རྟོགས་བསམ།། རྒྱུན་བཤགས་བདུན་ལྡན ་ཆོ་ག་ནི། བཅུ་གསུམ་དུ་ནི་ཤེས་པར་བྱ།། མཎྜལ་ཤིན་ཏུ་མཛེས་པ་ལ།། བདུད་རྩི་ལ་སོགས་དྲིས་བྱུག་ལ།། མེ་ཏོག་ཡིད་འོང་བསིལ་བཀྲམ་ནས།། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི།། དཀོན་མཆོག་གསུམ་པོ་དེ་བསམས་ནས།། ཡོན་ཏན ་ཕུན་ཚོགས་ཀྱིས་བསྟོད་པའི།། གུས་པའི་ཚུལ་གྱིས་ཕྱག་འཚལ་བྱ།། ཅི་འབྱོར་མཆོད་པ་བཤམས་ནས་ནི།། རིམ་པ་ཇི་བཞིན་སྔགས་དང་དབུལ།། སྡིག་པ་ཐམས་ཅད་བཤགས་པ་དང་།། བྱེད་པ་ཡང་ནི་བསྡམ་པ་དང་།། བསོད་ནམས་ཀུན་ལ་ཡི ་རང་བྱ།། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱ།། ཆོས་ཀྱི་འཁོར་ལོ་བསྐོར་བསྐུལ་བྱ།། མྱ་ངན་འདའ་ལ་གསོལ་འདེབས་དང་།། བདག་གི་ལུས་སོགས་དབུལ་བ་དང་།། དགེ་ཀུན་བྱང་ཆུབ་མཆོག་ཏུ་བསྔོ། ་དཀོན་མཆོག་གསུམ་དགྱེས་གནང་སྦྱིན་བསམ།། ཁ་ཟས་ཀླུ་ནི་རྣལ་འབྱོར་ནི།། སྦྱང་དང་ཟ་གཏོར་སྦྱིན་སྲེག་ནི།། ནང་དང་བླ་མེད་བཞིར་ཤེས་བྱ།། སྦྱང་དང་ཟ་གཏོར་སོ་སོའི་གཞུང་།། སྙིང་གར་ཡི་དམ་ལྷ་བཀོད་དེ།། བདུད་རྩིར་བྱིན་བརླབས་ཟས། ་ཀྱིས་ནི།། དཀྱིལ་འཁོར་དེ་ལ་ཚིམ་པར་བསམ།། དེ་ནི་ནང་གི་སྦྱིན་སྲེག་གོ།། ཆེམ་པོའི་ཡེ་ཤེས་འོད་འཕྲོས་པས།། སེམས་ཅན་སྡིག་བསྲེགས་སླར་འདུས་ནས།། བདག་ལུས་བསྲེགས་ནས་སྦྱོང་པར་བསམ།། བླ་མེད་སྦྱིན་སྲེག་ཡིན་པར་བཤད།། ་རྣརྫ་གདབ་པའི་རྣལ་ན་ནི།། ས་དང་རྒྷ་དང་བྷྱོ་མྱུ་ལ།། ན་མཁའ་ལ་ཡང་གདབ་པར་བྱ།། ཆ་གའི་རློམ་པ་གཟུང་བཞོན་བྱ།། བསྐོར་བའི་རྣལ་འབྱོར་བཤད་པར་བྱ།། དུས་གསུམ་སངས་རྒྱས་མདུན་བསམས་ནས།། ལུས་ཀྱི་གཡས་ན ་བསྐོར་བར་བྱ།། གང་གིས་ཡི་གེ་བརྒྱ་པ་བཟླས།། ཡིད་ཀྱིས་མཆོད་པ་སྣ་ཚོགས་མཆོད།། སངས་རྒྱས་ཀུན་དགྱེས་འོད་ཟེར་ནི།། དུས་མཐའི་མེ་བཞིན་འཕྲོས་པ་ཡིས།། བདག་དང་སེམས་ཅན་མ་ལུས་པའི།། སྒྲིབ་པ་ཐམས་ཅད་བསྲེགས་པར་བསམ།། ་དུས་ཀུན་བྱ་བའི་སྤྱོད་ལམ་ནི།། ལུས་ངག་ཡང་གསུམ་བྱ་བའོ།། ལུས་ཀྱི་ཕྱག་རྒྱ་ལ་སོགས་བྱ།། ངག་གིས་སྔགས་སོགས་བཟླས་པར་བྱ།། ཡིད་ཀྱིས་ཀུན་རྫོབ་ལྷུར་བསྒོམ་དང་།། རང་བཞིན་མེད་པར་མོས་པར་བྱ།། མཐོ་གང་ཙམ་གྱིས་འཕགས་པ་ནི། ་སྤྱི་བོར་ཟླ་དཀྱིལ་རྟོག་པར་བྱ།། ཨོཾ་ནི་དབུས་སུ་གནས་བསམས་ནས།། བདུད་རྩི་ལྔ་པོ་འབབ་པར་བྱ།། རྐང་མཐིལ་བར་དུ་ལུས་ཁྱབ་ནས།། ངལ་དུབ་བསལ་བར་གྱུར་པར་བསམ།། ཇི་སྲིད་མི་སྐྱོའི་བར་དུ་བསྒོམ།། རྩ་བ་ཡན་ལག་དམ་ཚིག་ནི།། ་ཤེས་བཞིན་པག་ཡོད་བསྒོམ་སྟེ་བསྲུང་།། སྦྱིན་ཕྱེད་ཆོས་སྤྱོད་གོང་དང་མཐུན།། ནོངས་ཀའི་ཆོས་སྤྱོད་གསུམ་ཡིན་ཏེ།། ཆེས་སྤྱོད་དང་ནི་མདོ་གདོན་དང་།། སྨོན་ལམ་དག་ནི་གདབ་པར་བྱ།། ཆོས་སྤྱོད་བྱེད་པ་གོང་མ་བཞིན།། བཅུ་གསུམ་དུ་མི ་ཤེས་པར་བྱ།། མདོ་གདོན་ཤེས་རབ་སྙིང་པོ་དེ།། ཟང་མོའི་དོན་ལ་བསྐུལ་ཕྱིར་རོ།། དགེ་བ་མི་ཟང་པ་སྔོ་བའི་ཕྱིར།། སྨོན་ལམ་དམ་པ་གདབ་པར་བྱ།། ཉམས་བཤགས་སྙིང་གའི་དཀྱིལ་འཁོར་ནི།། རང་ཉིད་ཡི་དམ་ལྷར་བསམས་ནས།། དེ་སྙིང་བཛྲི ་ཟླ་ལ་འཁོར།། རིགས་ལྔ་འམ་ཡང་ན་དོན་གྲུབ་ནི།། ལྷ་ན་སྙིང་གར་བསྐྱེད་པར་བྱ།། དེ་ལ་དོན་གྲུབ་བསྐྱེད་པ་ནི།། ཁ་བསམ་དུ་ལས་རལ་མི་བསམ།། རལ་གྱི་ཁམ་ལས་འོད་འཕྲོས་པས།། སེམས་ཅན་དོན་བྱས་སླར་འདུས་པས།། བདེ་གཤེགས ་ལས་རིགས་ཉིད་དུ་གྱུར།། སྐུ་མདོག་ལྗང་ཁུ་གཡས་སྔོ་གཡོན་དཀར།། ཞལ་གསུམ་པ་ལ་ཕྱག་དྲུག་པ།། དང་པོ་གཉིས་ནི་ཡུམ་ལ་འཁྱུད།། གཡས་ཀྱི་གཉིས་པ་རལ་གྲི་འཛིན།། གསུམ་པ་སྣ་ཚོགས་རྡོ་རྗེ་སྟེ།། གཡོན་གྱི་གཉིས་པ་འཁོར ་ལོལྷོ་འཛིན།། གཡོན་གྱི་གསུམ་པ་པདྨ་བསྣམས།། དེ་ལ་སྐྱེ་མཆེད་བྱིན་གྱིས་བརློབ།། སྐུ་གསུང་ཐུགས་ཀྱང་བྱིན་གྱིས་བརློབ།། དབྱར་བསྐུར་རིགས་ཀྱི་གཙོ་བོར་གྱུར།། དེ་ཡི་ཐུགས་ལས་འོད་འཕྲོས་ཏེ།། སངས་རྒྱས་ཀུན་ལ་གསོལ་འདི་གདབ།། ་རྡོ་རྗེ་འཛིན་པས་འགྲོ་སྐྱབས་ཕྱིར།། ཡོན་ཏན་འབྱུང་གནས་གསོལ་བ་ལྟར།། སངས་རྒྱས་ཀུན་གྱིས་དབང་བསྐུར་བ།། དེ་བཞིན་དུ་ནི་བདགེ་ལྟ་གསོལ།། དེ་བཞིན་གསོལ་བ་བཏབ་པ་ཡིས།། དེ་བཞིན་གཤེགས་པ་ཀུན་མཉེས་ནས།། སྤྱན་ལ་སོགས ་པའི་ལྷ་མོ་རྣམས།། བདུད་རྩི་ལྔས་གང་བུམ་པ་ཡི།། དབང་བསྐུར་བར་ནི་བསམ་པར་བྱ།། ཞལ་ནས་ཚིག་འདི་འདོན་པར་བསམ།། དབང་བསྐུར་བ་ནི་རྡོ་རྗེ་ཆེ།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས།། གསང་བ་གསུམ་གྱི་གནས་ལས་བྱུང་། ་དབང་བསྐུར་བ་ནི་སྦྱིན་པར་བྱ།། ཞེས་ནི་ཚིགས་བཅང་འདོན་པར་བསམ།། དབང་བསྐུར་ལུས་ཀུན་བདེ་གང་བས།། དམ་ཚིག་ཉམས་པའི་སྡིག་པོ་ཀུན།། བསལ་ཞིང་རྣམ་པར་དག་པར་འགྱུར།། སྤྱི་བོར་ཐུགས་ཀྱི་བདག་པོ་བསམ།། གཉིས་མེད་སྦྱོར་བས ་ཉལ་བ་ནི།། ཡེ་ཤེས་ལྷ་ནི་གཤེགས་གསོལ་ཅིང་།། དམ་ཚིག་ལྷ་རྣམས་རང་ལ་བསྡུ།། ཉི་ཟླ་ཁ་སྦྱོར་དབུས་སུ་ནི།། རང་རང་ཡུམ་དང་སྦྱོར་བར་བསམ།། ཡང་ན་སྟོང་ཉིད་རྣལ་འབྱོར་བྱ།། ཐུན་མོང་ཆོ་ག་བཅུ་གསུམ་དང་།། ཁྱད་པར་ཆོ་ག་བཅུ ་གཉིས་ནི།། དེ་གཉིས་བསྡོམ་པ་ཉི་ཤུ་ལྔ།། སློབ་དཔོན་རབ་ཀྱི་བྱ་བ་ཡིན།། ཁྱད་པར་བརྒྱད་དང་ཐུན་མོང་དང་།། དེ་དག་བསྡོམ་པས་ཉི་ཤུ་གཅིག། སློབ་དཔོན་འབྲིང་གི་བྱ་བ་ཡིན།། ཁྱད་པར་ཆོ་ག་དྲུག་དང་ནི།། ཐུན་མོང་སྡོམ་པ་བཅུ་དང་དགུ།། སློབ་དཔོན་ཐ ་མའི་བྱ་བ་ཡིན།། ཐུན་མོང་བཅུ་གསུམ་སློབ་མ་རབ།། འབྲིང་དང་ཐ་མ་ཅི་རོགས་བྱ།། དེ་ལྟར་རིགས་པས་བཤད་ཟིན་ནས།། ད་ནི་ལུང་གིས་ཡིད་ཆེས་བྱ།། མཁའ་འགྲོ་མ་ཡི་རྡོར་གུར་ལས།། ཇི་སྲིད་བྱང་ཆུབ་སྙིང་པོའི་བར།། དཀོན་མཆོག་གསུམ་ནི། ་སྤང་མི་བྱ།། རྟག་ཏུ་དམ་ཚིག་བསྲུང་བར་བྱ།། རྡོ་རྗེ་དྲིལ་བུའང་བཟུང་བར་བྱ།། རྟག་ཏུ་སྦྱིན་སྲེག་གསལ་བར་བྱ།། རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ།། རྟག་ཏུ་བདེ་གཤེགས་རབ་གནས་བྱ།། འབྱུང་པོ་ཆེ་ལ་གཏོར་མ་སྦྱིན།། ཕྱག་རྒྱ་བཅིང་བ་རྣམ ་སྤང་ཞིང་དེ། མཆོད་རྟེན་ལས་ནི་མི་བྱ་ཞིང་།། རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ།། དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས།། རྨི་ལམ་དུ་ཡང་མི་བྱ་ཞིང་།། སློབ་དཔོན་གཞོན་ལ་ཕྱག་མི་བྱ།། བླ་མ་རྒན་ལ་ཕྱག་འཚལ་ཏེ།། རྟག་པར་རྒྱུན་དུ་སྔགས་བཟླ ་ཞིང་།། བསམ་གཏན་གཉིས་ཀྱང་རྣམ་པར་སྤང་།། རྟག་ཏུ་སློབ་མ་བསྡུ་མི་བྱ།། རྟག་པ་རུ་ནི་ཆོས་བཤད་ཀྱིས།། རྟག་ཏུ་སེམས་ཅན་བསྐྱང་བར་བྱ།། རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ།། ཛམྦྷ་ལ་ལ་ཆུ་སྦྱིན་བྱ།། ལས་རྣམས་ཐམས་ཅད་ཡང་དག་སྤྱད།། བྱེ་མའི ་མཆོད་རྟེན་ལས་ལ་ཡང་།། མཁས་པས་ཆོ་ག་བཞིན་དུ་བྱཱ།། གཞན་ཡང་རྒྱུད་རྣམས་དུ་མ་ལས།། བྱ་བའི་རིམ་པ་མང་དུ་གསུངས།། བསོད་ནམས་ཡེ་ཤེས་ཚོགས་འདོད་པས།། རྟག་ཏུ་དང་དང་བརྩོན་འགྲུས་དྲན་པ་དང་།། ཤེས་བཞིན་ཏིང་འཛིན་མཆོག ་ལ་གནས་བྱས་ནས།། གཡེང་སྤངས་བག་ཡོད་ཚུལ་གྱིས་ནི།། རྟག་ཏུ་དེ་ལ་བརྟེན་པར་གྱིས།། བདག་ནི་བློ་ཆུང་ཤེས་རབ་དམན་གྱུར་ཀྱང་།། ཚོགས་སོགས་རྣལ་འབྱོར་རྣམས་ལ་ཕན་དོན་དུ།། ཆོ་གའི་རིམ་པ་ཅུང་ཟད་བསྡེབས་པ་ལས།། ། ་འཕགས་དང་མཁའ་འགྲོའི་ཚོགས་རྣམས་བཟོད་པར་མཛོད།། བདག་པན་སྙིང་རྗེའི་སེམས་ཀྱིས་འདི་བརྩམས་པས།། བསོད་ནམས་དྲི་མེད་ཕུན་ཚོགས་གང་ཐོབ་པས།། ནམ་མཁའི་མཐའ་ཟས་སེམས་ཅན་མ་ལུས་ཀུན།། རྡོ་རྗེ་འཛིན ་པའི་ས་དགེ་ཐོབ་པར་ཤོག། སློབ་དཔོན་སྲིད་གསུམ་རྣམ་པར་དག་པའི་རྡོ་རྗེས་མཛད་པའི་ལས་དང་པོ་པའི་ཚོགས་སོག་བྱ་བའི་རིམ་པ་མདོར་བསྡུས་པ་རྫོགསོ།། ། རྒྱ་གར་སྐད་དུ། བོ་དྷི་པ་དཱ་ཏི་ནཱ་མ། བོད་སྐད་དུ། བྱང ་