CLOSE WINDOW

GT2580: maN+Dala bya ba'i cho ga
Wyliee-texts produced with BDRC’s OCR application

ཙནྡྲ་མཎྜལ་ཧཱུཾ། དེ་སྟེང་བྲུཾ་ལས་གཞལ་ཡས་ཁང་ཤིན་ཏུ་མཛེས་པ་བསམ་པར་བྱ།། དེ་ནས་མགོན་པོ་སྤྱན་དྲངས་ལ།། ཕྱག་འཚལ་མཆོད་དང་སྡིག་པ་བཤགས།། གཞན་གྱི་དགེ་ལ་ཡི་རང་བྱ།། ཆོས་ཀྱི་འཁོར་བསྐོར་བར་བསྐུལ།། མྱ་ངན་མི ་འདའ་གསོལ་བ་གདབ།། དགེ་བ་དག་ནི་ཐམས་ཅད་ལ།། འགྲོ་བའི་དོན་དུ་བྱང་ཆུབ་བསྔོ།། དེ་ལྟར་ཕུལ་བའི་ཡོན་ཏན་ནི།། ཕ་རོལ་ཕྱིན་བཅུ་རྫོགས་ལྡན་ཞིང་།། སྒྲིབ་པ་གཉིས་བྱང་ཚོགས་རྫོགས་ཏེ།། ཏིང་འཛིན་དཀྱིལ་འཁོར་གསལ་གྱུར་ནས།། རང་བཞིན ་དཀྱིལ་འཁོར་མཐོང་བར་འགྱུར།། དེ་ལྟར་མ་བྱས་ཉེས་དམིགས་ནི།། རྫོགས་ལ་བརྟན་པ་མཐོབ་པར།། མཎྜལ་འཇོག་ན་མཁའ་འགྲོས་གསོད།། དེ་བས་ནན་ཏན་གུས་པར་བྱ།། ལུང་དང་མན་ངག་བླ་མ་ལས་བརྒྱུད་པ།། མཎྜལ་ཆོ་ག་རིམ་པར་དཀོད་པ་འདི།། བློ ་ནུནྱ་དོན་དུ་བདག་གིས་ཅུང་ཟད་བ་སྡུས།། འཁྲུལ་ན་བཟོད་མཛོད་མཁས་རྣམས་གཞན་དུ་རྩོམས།། དྲི་མེད་ཟློས་བསྡུས་དགེ་བ་འདིས།། སྙིང་གསུམ་རིགས་དྲུག་འགྲོ་ཀུན་གྱིས།། མཉམ་པ་ཉིད་ཀྱི་དོན་རྟོགས་ནི་ས།། བདེ་ཆེན་ཐང་ལ་ཕྱིན་པར་ཤོག། མཎྜལ ་གྱི་ཆོ་ག་དངོས་གྲུབ་བརྙས་པའི་སློབ་དཔོན་མོཁས་པ་ཆེན་པོ་ཀམ་པ་ལའི་ཞལ་སྔ་ནས་མཛད་པ་རྫོགས།། ། སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ་འགྱུར་རྙིང་ལགས་སྐད་དོ།། གསང་སྔགས་ཀྱི་ཐེག་པའི་མཎྜལ་གྱི་ཆོ་གའོ།། དེ་ལྷུར ་བསོད་ནམས་ཀྱི་ཚོགས་བསགས་པ་གཙོ་བོར་སྟོན་པའི་ཆོས་ཀྱི་སྡེ་ཚན་ལགས་སོ།། ། རྒྱ་གར་སྐད་དུ། མཎྜལ་ཀྲྀ་ཡ་བ~ཾ་དྷི། བོད་སྐད་དུ། མཎྜལ་བྱ་བའི་ཚིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅིད་ལ་ཕྱག་འཚལ་ལོ།། ་དང་པོ་དཀྱིལ་འཁོར་ཆེ་ཆུང་གི། བསྐུས་པས་ཡོག་པའི་མར་བཤམས་ལ།། གཅི་བ་དངོས་པོ་ཉི་ཤུར་འགྱུར།། ཆུ་ཡང་སྲང་གི་ཉི་ཤུར་འགྱུར།། འོ་མ་དག་དང་ཞོ་དག་ཀྱང་།། དང་པོ་མར་གྱི་སུམ་འགྱུར་རོ།། དང་པོར་གཅི་བ་བཙིར་བ་ཡང་།། བ་ཡི་ཆུ་ཡིས་མནོས་ལ ་བཙིར།། དེ་ནས་ཚགས་ཀྱིས་བཙག་བྱ་སྟེ།། དེ་ནས་དེ་རྣམས་སྦྱར་བྱས་ལ།། ཞག་ནི་གཉིས་དང་གསུམ་པར་དུ།། དེ་ནི་རས་སུ་བཅུག་པ་ཡང་།། ཉི་མ་གཉིས་གཉིས་པར་ཆོད་པར།། ཉི་མ་བདུན་དུ་རིམ་གྱིས་བྱུག། དེ་ནས་ལག་སྣུམ་དག་གིས་བྱུག། དེ་ནི་མི་བརྟན་པར ་ཡང་བཤད།། བརྟན་པར་བྱ་བའི་ཆོ་ག་ནི།། མཎྜལ་ཟུར་ནི་རམས་ཀྱིས་བྱུགས།། མངངས་ནི་བྱུང་ན་ལེགས་པར་བཤད།། དེ་ནས་ས་རྫར་རྫ་དང་།། མར་གྱི་འང་གུ་བྱས་པ་ཡིས།། དཀྱིལ་འཁོར་ལ་ནི་བསྐུས་བྱས་ན།། མེ་ལོང་དང་ནི་ཆུ་ཤེལ་ལྟར།། བཞིན་ལ་སོགས་པ ་སྣང་བར་འགྱུར།། མཎྜལ་བྱ་བའི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། མཎྜལ་བྱ་བའི་ཆོ་ག་འདི་ནི་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ཀའི་ཐུན་མོང་བའོ།། ་རྒྱ་གར་སྐད་དུ། མཎྜལ་བི་དྷི། བོད་སྐད་དུ། མཎྜལ་གྱི་ཆོ་ག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དཀྱིལ་འཁོར་བྱུག་པ་སྔོན་དུ་འགྲོ་བ་ཡི།། སྐྱེ་བ་གཞན་དུ་འབྱོར་པ་མི་ཟད་ལ།། ད་ལྟར་བཞེད་པ་ཉིད་ཀྱི་ཕྱག་གནྡ ་ལྟར་སླུ་བ་མེད་པ་བདག་གིས་བརྗོད་པར་བགྱི།། ཨོཾ་བཛྲི་རེ་གེ་ཨཱཿཧཱུཾ། གཙང་སྤྱོད་པ་ཡི་གཅི་བ་ནི།། ཆུ་དང་འོ་མ་ཞོ་དང་མར།། ཐམས་ཅད་དེ་ལས་བྱུང་བ་དག། སྣོད་གཙང་བཀོལ་ཏེ་ཆུ་རྣམས་དཔེ།། ཚིགས་མ་དོར་ཏེ་དབུས་ཀྱི་ཆས།། དབྱིབས་ཅི་དག ་