| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། རཀྵ་བཛྲ་ཡོ་གི་ནི་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ།། དང་པོ་ཨེའི་དཀྱིལ་དུ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར། རཾ ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་བསམས་ལ། མཆོད་པ་བྱ་སྟེ། ཨོཾ་བཛྲ་ཡོ་གི་ནི་ཧཱུཾ་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤར་གྱི་འདབ་མ་ལ་ཨོཾ་ཌཱ ་ཀི་ནི་ཧཱུ~ཾ་བཛྙཱ་པུཥྤཾ་པྲ་ཏཱ~ཾ་ཧཱུ~ཾ་སྭཱ་ཧཱ། ལྷོའི་འདབ་མ་ལ་ཨོཾ་ལཱ་མ་ཧཱ་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱུ~ཾ། མཆོད་པ་བྱ་ལ་ཨོཾ་ཁནྡཱ་རོ་ཧི་ཧཱུ~ཾ་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། བྱང་གི་འདབ་མ་ལ་ཨོཾ་རཱ་བྷི་ནཱཾ་ཧཱི་བཛྲ་པུཥྤེ་པྲ་ཏཱི་ཧཱུཾ་སྭཱ་ཧཱ། ཞེས་བྱ་བས་མཆོད་ལ། ་དེ་ནས་བསྒོམས་པ་ནི་གཅེར་བུ་སྐུ་མདོག་དམར་བ་འོད་ཟེར་འབྱུར་བཾ། ཞལ་གཅིག་ཕྱག་གཉིས་པ། ཞལ་ལ་བདུད་རྩི་འཆང་བ། སྤྱན་གསུམ་པོ། སྤྱན་ཟླུམ་ཞིང་དམར་ལ་འགྱུར་བ། དཔྲལ་བའོ་མཛོད་སྤུ་ལ་ཁྲོ་གཉེར་ཡོད་པ། མཆེ ་བ་གཙིགས་པ། ལྗགས་འདྲིལ་བ། དགུ་སྐྲ་གྲེལ་བ། རོའི་གདན་ལ་ཞབས་གཡོན་བསྐུམ་པའི་ཚུལ་དུ་བཞུགས་པ། གཞོན་ནུ་མའི་ཆ་བྱད་དང་ལྡན་པ། དྲི་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་གཡེར་ཁའི་ཕྲེང་བས་ཞབས་གདུག་བྱས་ཤིང་སྒྲ་གྲགས། ་པ། ཕྱག་རྒྱ་དྲུག་གིས་བརྒྱན་པར་ཕྱག་གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག་ཐོགས་པ། གཡས་པས་རྡོ་རྗེ་གྲི་གུག་འཆང་བ། དྲག་མོའི་གཟུགས་ཅན། དུར་ཁྲོད་ལ་སོགས་པར་རྣལ་འབྱོར་པ་སྙིང་རྗེ་དང་ལྡན་པས་བསྒོམ་པར་བྱའོ།། བསྒོམ ་པས་སྐྱོན་སྔགས་ཀྱི་བཟླས་པར་བྱའོ།། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙཱ་ནཱི་ཡེ་ཧྲཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ།། ཨོཾ་སརྦ་སིདྡྷི་པྲ་ཏཱིཙྪ་ཧཱུ~ཾ་ཧཱུཾ་ཕཊ་སྭཱ་ཧཱ། སྣང་བའོ།། ཨོཾ་བཛྲ་ཡ་སྭཱ། ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ།། ཨོཾ་བཛྲ་ཌཱ་ཀི་ནཱི་ཡཻ་ཧེ་ཧཱུཾ་ཨི་དཾ་བ་ལིཾ་གྲྀཧྞ་ཧི་ཧ་ཁཱ་ལ་ཛ་ཛ་ཨ་ཨ་ཧཱུཾ་མ་མ་སིདྡྷི་པྲ་ཏཱིཙྪི་སྭཱ་ཧཱུཾ། གཏོར་མའི་སྔག་སོ།། ཚེས་བརྒྱད་དང་བཅུ་འམ་བཅུ་བཞི་ལ་དུརརོ་ཁྲོད་ལ་སོགས་པར་ངེས་པར་མཆོད ་པར་བྱའོ།། གདམས་ངག་ཆེན་པོའི་ཡུལ་དུ་འགྱུར་བ། དཔལ་རི་ཁྲོད་དབང་ཕྱུགས་གིས་བསྟན་པ་རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས་རྫོགས་སོ།། ་