CLOSE WINDOW

GT2578: bla ma dam pa bsod nams dpal zhes bya ba la bstod pa
Wyliee-texts produced with BDRC’s OCR application

བ་རྡོ་རྗེ་གདན་པས་མཛད་པ་རྫོགསོ།། ། @#།། རྒྱ་གར་སྐད་དུ། གུ་རུ་པ་ར་མ་པུ་ཎྱ་ཤྲཱི་ནཱ་མ་ཏོ་སྟྭཾ། བོད་སྐད་དུ།། བླ་མ་དམ་པ་བསོད་ནམས་དཔལ་ཞེས་བྱ་བ་ལ་བསྟོད་པ། ཆོས་འབྱུང་རབ་གཟིགས་ཤིན་ཏུ་ཡངས་པའི་སྐུ།། བསོད། ་ནམས་དཔལ་གྱི་ཞབས་ཟུང་དག་ལ་བསྟེན་པར་བགྱི།། མཁས་པ་འདི་ནི་ཀུན་ཏུ་བསྐྱོད་པར་གྱུར་པ་ལ།། སྔོན་ཆད་མ་མཐོང་སྟོང་ཉིད་རྩེ་མོས་ངོ་མཚར་མཐོང་།། ཤིན་ཏུ་རྒྱ་ཆེན་ཟབ་པ་འདི་ནི་ཆེན་པོའི་ཚུལ།། མཆོད་རྟེན་བསྐྱོད་པ་ལྟ་བུའི་སྐུ་ལ་ལྷག་པར་བརྟེན། ་དཔལ་མཆོག་བླ་མ་སྟོན་པའི་བསྟན་པ་ལ།། དུས་ངེས་གསལ་བ་འོད་གསལ་ཆེན་པོའི་ཚུལ།། མཚུངས་མེད་སྙིང་རྗེའི་བཅུད་ཀྱིས་སེམས་ཅན་བདེ་མཛད་པ།། འདི་ནི་ངོ་མཚར་བསོད་ནམས་དཔལ་གྱི་ཡེ་ཤེས་སྐུ།། ། དེ་ནི་ཀུན་ལ་བྱམས་པས་ཕྱག་ཀྱང་རབ ་ཏུ་འཚལ།། བདེ་ཞིང་བདེ་བའི་སྣང་ལྡན་སྤྲོས་པ་མི་མངའ་བ།། བཟོད་པའི་གཏེར་ཆེན་དགའ་བའི་རོ་མཆོག་དང་།། རྣམ་པ་ཀུན་ཏུ་རྫོགས་སངས་བྱང་ཆུབ་ལམ་རྣམས་མཁྱེན། ཏཱི་མུག་མུན་ལྗོངས་འགྲོ་ལ་རབ་ཏུ་གསལ་བར་མཛད།། ད་ནི་རྩེ་ལྡན་པས་ནོ།། ་ནམས་དཔལ་གྱི་ཡེ་ཤེས་སྐུ།། པོ་ཏ་ལ་གར་སྤྱན་རིས་གཟིགས་དབང་ཞབས་པད་ལ།། བུད་པ་རོལ་པ་ཞེས་བྱའི་སྟོབས་ལྡན་སྤྱན་དག་གིས།། ལྷོ་ཕྱོགས་ཡུལ་དུ་ལམ་ཚོལ་ཡང་དག་བསྐྱོད་པ་ཡིས།། རིམ་བཞིན་འཆག་ལ་དུབ་པ་མེད་པའི་བསོད་ནམས་དཔལ།། ་སངས་རྒྱས་མཐུ་ཡིས་རྒྱ་མ་ཚོ་ཟླ་བས་གང་པོ་བཞིན།། དཔལ་མཆོག་བླ་མ་འདི་ནི་ལམ་མཆོག་དེད་དཔོན་མཁས།། ཡེ་ཤེས་བདུད་རྩིའི་བརླབས་ཀྱིས་ལམ་གྱིས་དུབ་པ་ལ།། ཉེར་ཕྱིན་ལམ་ལ་མཁས་རྣམས་ཀུན་གྱིས་བརྟེན་པར་བྱ།། དཔལ་མཆོག་བླ་མ ་འདི་ནི་སྟོན་པའི་བསྟན་པ་ལ།། དུས་ལ་རབ་གསལ་འོད་གསལ་ཆེན་པོའི་ཚུལ།། མཚུངས་མེད་བླ་མའི་ཞབས་ལ་རབ་ཏུ་འདུད།། རྒྱ་གྲར་ལྷོ་ཕྱོགས་ཀྱི་ཡུལ་དཔལ་ལྡན་འབྲས་ཀྱི་ཕུང་པོ་ཞེས་བྱའི་མཆོད་རྟེན་བཞུགས་པའི་གནས་དེར། བླ་མ་མན་ལུངས་པའི ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་རླབས་པོ་ཆེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐོར་པ་དང་།། ཆ་མཐུན་པ་ལ་མྱོས་པའི་པཎྜི་ཏ་བི་མ་ལ་ཤྲཱི་ཞེས་བྱ་བ་མཁས་ཤིང་བཙུན་པ་དེས་ཚིགསུ་བཅད་པ་འདིས་བསྟོད་པའོ།། དཔལ་ལྡན་མན་ལུངས་ཀྱི་གཙུག་ལག་ཁང་ཆེན ་པར་པཎྜི་ཏ་གོ་ཏ་མ་བྷ་དྲ་དང་། ལོ་ཙ་བ་གྲགས་པ་བྱང་ཆུབ་གཉིས་ཀྱིས་བསྒྱུར་བའོ།། བླ་མའི་བསྟོད་པ་ཆོས་འབྱུང་རབ་གཟིགས་ཞེས་བྱ་བ་ལག་སོ།། འདི་ཐམས་ཅད་ཀྱིས་ཁ་ཏོན་དུ་གདོན་པར་བྱའོ།། @#།། རྒྱ་གར་སྐད་དུ། མཎྜ་ལ་བི་དྷི། ་