CLOSE WINDOW

GT2577: grub thob brgyad cu rtsa bzhi'i gsol 'debs
Wyliee-texts produced with BDRC’s OCR application

དཀོན་མཆོག་གསུམ་ལ་ཕྱག་འཚལོ།། བླ་མ་སངས་རྒྱས་བླ་མ་ཆོས།། དེ་བཞིན་བླ་མ་དགེ་འདུན་ཏེ།། བླ་མ་དཔལ་ལྡན་རྡོ་རྗེ་འཆང་།། བླ་མ་རྣམས་ལ་ཕྱག་འཚལ་ལོ།། གསོལ་བ་འདེབས་སོ།། ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླ ་ཏུ་གསོལ།། དགེ་སློང་ལུས་ལ་དངོས་གྲུབ་བརྙེས།། ནགས་ཀྱི་ལྷ་མོས་བདུད་རྩི་ཕུལ།། ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བའི།། བླ་མ་དེ་ལེ་ཕྱག་འཚལ་ལོ།། བླ་མ་ལ་གུས་དངོས་གྲུབ་བརྙེས།། པདྨ་ལས་འཁྲུངས་ལུས་མཆོག་འཛིན།། ཨཱརྱ་དེ་བ ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལོ།། ཡིག་མཁན་རིགས་ལ་སྐལ་པར་ལྡན།། ཉ་ལྟོ་ཟ་ཞིང་དངོས་གྲུབ་བརྙེས།། ལཱུ་ཡི་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། ཁྱིམ་པའི་ལུས་ལ་ཐར་བུའི་རིགས།། ཤིང་ཏོག་ཟ་ཞིང་ལམ་མཆོག ་བརྙེས།། པདྨ་བཛྲ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལོ།། བྲམ་ཟེའི་རིགས་ལ་གར་མཁན་ལུས།། དཔལ་གྱི་རི་ལ་དངོས་གྲུབ་བརྙེས།། ས་ར་ཧ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། ཟླ་བའི་རིགས་ལ་དངོས་གྲུབ་བརྙེས།། པདྨ་ནི ་དང་ལྷན་ཅིག་བཞུགས།། མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལོ།། གདིང་བ་བཏིང་ནས་གངྒཱ་བརྒལ།། སྟག་ལ་ཞོན་ནས་དངོས་གྲུབ་བརྙེས།། ཌོཾ་བི་ཧེ་རུ་ཀ་ཞེས་བྱའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། ཆུ་བོ་ཆེན་པོ་གྱེན་ལ་བཟློག ་ཆང་ལ་ཉི་མ་གཏེ་བར་བཙུད་།། བཻ་རཱུ་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། ན་ལེནྡ་རུ་ཐུགས་དམ་གཟིགས།། བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས།། བྷུ་ལུ་ཀུ་པ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། བུ ་སྨད་བཅས་ཤིང་དངོས་གྲུབ་བརྙེས།། བྷཾ་གྷ་ལ་རུ་དངོས་གྲུབ་ཐོབ།། རྡོ་རྗེ་དྲིལ་བུ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། དཀའ་ཐུབ་མཛད་ཅིང་དངོས་གྲུབ་བརྙེས།། རལ་གྲི་ཁྱེར་ནས་མཁའ་ལ་གཤེགས།། ་ན་ལེན་དྲ་པ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། དགེ་སློང་ལུས་ལ་གདོལ་པའི་རིགས།། ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས།། ཀུ་ཀུ་རི་བ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། དགེ་སློང་ལུས་ལ་ཡེ་ཤེས་སྤྱན།། ་ཤིང་ཀུན་གནསུ་གསུང་འདུས་གཟིགས།། སངས་རྒྱས་ཡེ་ཤེས་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། དཀའ་ཐུབ་དོར་ནས་སྤྱོད་པ་མཛད།། སྟང་སྟབས་མཛད་ཅིང་དངོས་གྲུབ་བརྙེས།། ནག་པོ་རྡོ་རྗེ་ཞེས་བྱ་བའི།། ་བླ་མ་དེ་ལ་ཕྱག་འཚལོ།། རྒྱལ་རིགས་ཨོཾ་རྒྱན་གནས་ན་བཞུགས།། ལྕམ་དང་ལྷན་ཅིག་དངོས་གྲུབ་བརྙེས།། ཨིནྡྲ་བྷཱུ་ཏི་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལོ།། པྲཾ་ཟེ་རང་གི་བུ་མོ་བསྟེན།། རྡོ་རྗེ་བསྣུན་ཅིང་ས་འོག་བགྲོད། ་ནཱ་རོ་བ་ཞེས་བྱ་བ་ཡི།། བྷྲ་མ་དེ་ལ་ཕྱག་འཚལ་ལོ།། ཐ་རུའི་རིགས་ལ་ཤིང་མཁན་ལུས།། ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས།། ཏོག་ཙེ་བ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། བླམ་ཟེ་དམན་པའི་སྤྱོད་པ་མཛད།། ་ཐབས་ཀྱིས་འཚོ་ཞིང་དངོས་གྲུབ་བརྙེས།། ཏན་ཏྲ་ལ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། དགེ་སློང་སྤྲོས་མེད་སྤྱོད་པ་མཛད།། འཛག་སྤྱི་བོ་ནང་དུ་དངོས་གྲུབ་བརྙེས།། ལ་བ་པ་ཞེས་བྱ་བ་ཡི།། བླ་མ་དེ་ལོ་ཕྱག་འཚལ།། ་མུ་སྟེགས་རྩོད་པ་ལས་རྒྱལ་ཞིང་།། རྒྱ་མཚོའི་གླིང་ལ་སྒྲོལ་མས་སྐྱབས།། ཙནྡ་གོ་མི་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། རྒྱལ་རིགས་དམན་པའི་སྤྱོད་པ་མཛད།། འབྲས་སོ་འབྲུ་ཞིང་དངོས་གྲུབ་བརྙེས།། ཤཱན་ཏི་བ་ཞེས་བྱ་བ་ཡི།། བླ་མ་ད ་ལ་ཕྱག་འཚལ་ལོ།། རིག་པའི་གནས་ལྔ་མཁྱེན་པས་བརྒྱན།། བདག་གཞན་གཉི་སུ་མེད་པར་མཛད།། མར་མེ་མཛད་ཅེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། ཏི་ལོ་བརྡུང་མཆོག་གི་དངོས་གྲུབ་བརྙེས།། བྷ་ག་ལ་རུས་བྱས་ཡཇལ།། ཏྲཻ་ལོ་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག ་འཚལ་ལོ།། བླ་མའི་བཀའ་བཅག་སྤྱོད་པ་མཛད།། སྲིད་པ་བར་དོར་རྫོགས་སངས་རྒྱས།། ནག་པོ་སྤྱོད་པ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། བྲམ་ཟེ་སངས་རྒྱས་དངོས་དང་མཇལ།། དགེ་བསྙེན་ལུས་ལ་དངོས་གྲུབ་བརྙེས།། ཕྱག་ཚང་པ་ཞེས་བྱ་བ ་ཡིས་དང་བླ་མ་དེ་ལ་ཕྱག་འཚལོ།། ཉི་ཤུ་རྩ་བཞིའི་གནས་མཆོག་བཙལ།། ཏྲ་ལ་བཤགསོ་ནས་བྷ་ལིང་སྒྲོགས།། བཟང་པོ་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། གྲཝར་མཁན་དཔལ་གྱི་རཱི་ལ་བཞུགས།། ལྡུམ་སྲིང་གཉིས་ཀྱིས་དངོས ་གྲུབ་བརྙེས།། ཤ་བ་རི་པ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། རྒྱལ་རིག་ཐ་མལ་སྤྱོད་པ་མཛད།། སྤང་ཚོང་མ་དང་དངོས་གྲུབ་བརྙས།། དཱ་རི་ཀ་པ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། བ་ལང་སྐྱོང་ཞིང་དངོས་གྲུབ་བརྙེས།། ལུས ་མཆོག་དཔལ་གྱི་རི་ལ་བཞུགས།། ནཱ་ག་བོ་དྷི་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། སྣ་ཚོགས་ལུས་ལ་དངོས་གྲུབ་བརྙེས།། དུར་ཁྲོད་གནས་སུ་རྒྱན་དྲུག་གསོལ།། མར་མེ་ལྷ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། འབྲས་བུ ་སྨྱོ་ཅིང་དངོས་གྲུབ་བརྙེས།། མངའ་འཚོང་ལཱ་བནྡྷ་མཁའ་ལག་ཤེགས།། ལྡིང་གི་བ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། གཞན་གྱི་སྤྱོད་པ་ལས་རྒྱལ་ཞིང་།། བྷཱ་ག་ལ་རུ་དངོས་གྲུབ་བརྙེས།། ཛེ་ཏ་རི་ཞེས་བྱ་བ་འོ། ་བླ་མ་དེ་ལ་ཕྱག་འཚལོ།། སྨོན་ལམ་དབང་གིས་ཐུགས་དམ་གཟིགས།། ཡིད་ཆེས་མཆོག་གི་དངོས་གྲུབ་བརྙེས།། ས་ར་ཀ་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་ལ་ཚལ་ལོ།། རྒྱལ་རིགས་སྤྱོད་པ་མཐར་ཕྱིན་ནས།། འདུལ་འཛིན་གསང་སྔགས་དངོས་གྲུབ ་བརྙེས་ཤཱན་ཏི་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། གདོལ་པའི་ལུས་ལ་ཐགས་མཁན་ལས།། ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས།། ཐ་ག་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས།། རྒྱུ་སྡེ་བཞི་ཡི་དགོང ་པ་མཁས།། ཛི་ལནྡྷ་ར་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། སྒྲ་ཚང་ལུང་རིགས་བསྟན་བཅོས་མཁས།། རིག་འཛིན་ཚེ་ཡི་དངོས་གྲུབ་བརྙེས།། ཀ་མ་ལ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། ཐབས་དང་ཤེས་རབ་ཕ་རོལ་ཕྱིན།། སྡེ་སྣོད་དགོངས ་པ་ཐུགས་ལ་ཤཱ་རི།། གསེར་གླིང་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། གདོལ་པའི་རིགས་ལ་མར་ནག་མཁན།། ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས།། བྷཾ་ཝ་བ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། བྲམ་ཟེའི་རིགས་ལ་སྙན་ངག་མཁན ་བུ་སྨད་བཅས་ཤིང་མཁའ་ལ་གཤེགས།། ཀོང་ཀ་ན་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། རྒྱལ་རིགས་ལྐུགས་པའི་སྤྱོད་པ་མཛད།། གསང་སྤྱོད་མཆོག་གི་དངོས་གྲུབ་བརྙེས།། ཀ་མཱ་ལ་ཞེས་བྱ་བ་ཡི།། ། བླ་མ་དེ་ལ་ཕྱག་འཚལ་ལོ།། བྲམ་ཟེའི ་རིགས་ལ་ཟངས་མགར་ལུས།། རྫུ་འཕྲུལ་རྐང་མགྱོགས་དངོས་གྲུབ་བརྙེས།། ཏམ་པ་ཀ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། རྒྱལ་རིགས་པི་ཝང་གླིང་བུ་འཁྲོལ།། ཐུགས་དམ་ཞལ་གཟིགས་མཁའ་ལ་གཤེགས།། བྷི་ན་ས་ཞེས་བྱ་བ་ཡི།། བླ་མ ་དེ་ལ་ཕྱག་འཚལ་ལོ།། བྲམ་ཟེའི་རིགས་ལ་དམན་པའི་ལུས།། སྨད་འཚོང་མ་དང་དངོས་གྲུབ་བརྙེས།། སུ་ཏ་ལོ་ཀི་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལོ།། མུ་སྟེགས་རིགས་ལ་སྒྲ་ཚད་མཁན། ཕྱིར་རྒོལ་ཚར་བཅད་མཁའ་ལ་གཤེགས།། དྷ་རྨཱ་ཀཱིཎྜི ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། ལྷ་མཁན་རིགས་ལ་སྐལ་བར་ལྡན།། དུར་ཁྲོད་གནས་སུ་དངོས་གྲུབ་བརྙེས།། ཀུ་མཱ་ར་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། དགེ་ཚུལ་ལུས་ལ་མཛེ་མོ་མཁུར།། གངྒཱར་བཞུགས་ནས་མཁའ་ལྕེ ་གཤེགས།། ཚེའུ་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། རམས་མཁན་ལུས་ལ་དགེ་བསྙེན་ལུས།། ཚངས་སྤྱོད་ཨོཾ་རྒྱ་ནི་གནས་ན་བཞུགས།། ནི་ལཱ་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། དགེ་སློང་ལུས་ཀྱི་ཕྱག་རྒྱ་བསྟེན།། ལྷོ་ནུབ་སྲིན ་པོའི་ཁ་གནོན་མཛད་།། པདྨ་ཀ་ར་ཞེས་བྱ་བའི།། བླ་མཱ་དེ་ལ་ཕྱག་འཚ་ལོ།། ཤན་པའི་རིགས་ལི་སྐལྔ་པར་ལྡན།། སོང་གེ་ཞོན་ནས་སྤྱོད་པ་མཛད།། སིདྡྷི་བ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། ཉ་བའི་རིགས་ལ་དགེ་བསྙེན་ལུས།། བྷྱ ་མཚོའི་གླིང་དུ་དངོས་གྲུབ་བརྙས།། མི་ནར་པ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། རྒྱལ་རིགས་རིག་པའི་གནས་ལྔ་མཁས།། ན་མཁའི་ལྷ་དང་ཐེ་ཚོམ་མེད།། སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། ཐ་རུ་རིགས་ལ ་མཉན་པའི་ལུས།། སྡུག་བསྔལ་རྒྱ་མཚོ་ཀུན་ལས་རྒལ།། ཀ་རུ་པ་ཀ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། རྒྱུད་སྡེ་བཞི་ཡི་སྒྲ་དོན་མཁས།། དབང་བཞི་རྫོགས་ནས་མཁའ་ལ་གཤེགས།། དཱ་སི་རི་པ་ཞེས་བྱ་བའི།། བླ་མ ་དེ་ལ་ཕྱག་འཚལ་ལོ།། བྲམ་ཟེའི་རིགས་ལ་སྤྱོད་པ་བྱེད།། རྟོག་མེད་སེམས་ལ་རང་དབང་ཐོབ།། ཨ་ནན་ཏ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས།། བུམ་པ་ཐོགས་ནས་དྲི་མི་འཁྲུད།། སེང་གེ་བ་ཞེས་བྱ་བ ་ཡིས་བླ་མ་དེ་ལ་ཕྱག་འཚལ་ལོ།། བྲམ་ཟེའི་རིགས་ལ་རྣལ་འབྱོར་ལུས།། ལྡོམ་བུ་མཛད་ཅིང་དངོས་གྲུབ་བརྙེས།། ཟླ་བ་བཟང་པོ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། སྒྲོལ་མ་དཀར་མོས་བྱིན་གྱིས་བརླབས།། རྣལ་འབྱོར་རྒྱུད་ལ་འབྲེལ ་པ་མཛད།། ཀུན་དགའ་སྙིང་པོ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། འཇམ་དཔལ་སྐུའི་སྤྲུལ་པར་འཁྲུངས།། ཀླུ་སྒྲུབ་དགོངས་པ་ཐུགས་ལ་ཆུད།། ཟླ་བ་གྲགས་པ་ཞེས་བྱ་བའོ།། བླ་མ་དེ་ལ་ཕྱག་འཚལ་ལོ།། མི་གཡོ་ཞལ་གཟིགས་སྤྱོད་པ ་མཛད་གཅེར་བུ་བརྟུལ་ཞུགས་དུར་ཁྲོད་གནས།། སྤྲད་དཀྲིས་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། རྒྱལ་པོ་དམན་པའི་སྤྱོད་པ་མཛད།། རིགས་ངན་མ་དང་དངོས་གྲུབ་བརྙེས།། ཀར་ཎ་པ་ཞེས་བྱ་བ་ཡི།། ། བླ་མ་དེ་ལ་ཕྱག་འཚལ་ལོ།། ་ཐུགས་རྗེ་སྒྲོལ་མས་བྱིན་གྱིས་བརླབ། གནོད་སྦྱིན་འཇིགས་པ་བརྒྱད་ལས་ཐར།། ཨ་བ་དྷཱ་ཏི་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚ་ལོ།། རྩ་རླུང་ཐབས་ཀྱི་ལམ་ལ་མཁས།། འབྱུང་བ་རླུང་ལ་རང་དབང་ཐོབ།། ཙ་ར་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག ་ལོ།། ཤིང་ཐུན་རིགས་ལ་དངོས་གྲུབ་བརྙེས།། ཐེག་ཆེན་ཀླུ་སྒྲུབ་རྗེསུ་འབྲངས་ཀ། ཤཱཀྱ་བཤེས་གཉེན་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། ཉ་པའི་རིགས་ལ་རྩ་རླུང་མཁན།། བདེ་བ་ལམ་སློངས་གཅེར་བུ་མཛད།། ཙཎྜ་ལི་ཞེས་བྱ་བ་ཡི།། བླ་མ་དེ ་ལ་ཕྱག་འཚལ་ལོ།། རང་འབྱུང་རྟེན་ལ་བསྐོར་བ་མཛད།། ཐུགས་དམ་ཞལ་གཟིགས་མཁའ་ལ་གཤེགས།། ཀླུ་དབྱངས་མཁན་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། བྲམ་ཟེའི་རིགས་ལ་དགེ་སློང་ལུས།། སྦྱངས་པ་བཅུ་གཉིས་སྤྱོད་པ་མཛད།། ་བྷུ་གྷ་ལ་ན་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལོ།། རི་ཁྲོད་མཻ་ཏྲིའི་བརྒྱུད་པ་འཛིན།། ཕྱག་རྒྱ་ཆེན་པོ་ཐུགས་ལ་ཤར།། སྒྲ་མཁན་ཞབས་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། དུར་ཁྲོད་ལ་སོགས་མཐའ་རུ་བཞུགས།། སྐལ་ལྡན་འདུལ་ཞིང ་ཚོགས་འཁོར་མཛད།། ཀོན་ཏ་ལཱི་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། རྟ་མགྲིན་ཞལ་གཟིགས་གདུག་པ་འདུལ།། འདོད་ཡོན་སྤྱོད་ཅིང་མཁའ་ལ་གཤེགས།། ཙ་བ་རི་ཞེས་བྱ་བ་ཡི།། བྷྲ་མ་དེ་ལ་ཕྱག་འཚལ་ལོ།། རྒྱལ་རིགས་དམན ་པའི་སྤྱོད་པ་མཛད།། དུར་ཁྲོད་རྒྱུ་ཞིང་ཤ་ཆེན་གསོལ།། སི་ཡ་ལི་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། སྒྲོལ་མའི་ཞལ་གཟིགས་ལུང་ཡང་བསྟན།། གཙུག་ལག་ཁང་དུ་དངོས་གྲུབ་བརྙེས།། ཉི་མ་སྤྲས་པ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ ་ལོང་རྒྱལ་རིགས་ཉི་མའི་ཟེར་ལོ་གཤེགས།། རི་ལུ་མིག་སྨན་ས་འོག་སྤྱོད།། ངག་གི་དབང་ཕྱུག་ཅེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལོ།། དམན་པའི་རིགས་ལ་དགེ་སློང་ལུས།། གདན་ཅིག་མཛད་ཅིང་དངོས་གྲུབ་བརྙེས།། ཧི་ལ་པ་ཝེ་བྱ་བ་ཡི།། ཐ ་མ་དེ་ལ་ཕྱག་འཚལ་ལོ།། གླང་ཆེན་ཞོན་ནས་དུར་ཁྲོད་རྒྱུ།། རྒྱལ་པོ་བཏུལ་ནས་མཁའ་ལ་གཤེགས།། ཀཱ་ལ་ཀ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། བདེ་མཆོག་ཞལ་གཟིགས་སྤྱོད་པ་མཛད།། དུག་སྦྲུལ་ཆེན་པོ་དབུལ་བཅིངས ་ཀུ་པུརྞ་ཞེས་བྱ་བ་ལི།། བླ་མ་དེ་ལ་ཕྱག་འཚ་ལོ།། རྒྱ་མཚོའི་གླིང་དུ་དཀའ་ཐུབ་མཛད།། ཨོཾ་རྒྱུན་གནས་སུ་དབང་བཞི་རྫོགས།། སེང་གེ་པ་ཞེས་བྱ་བ་ཡཾ།། བླ་མ་དེ་ལ་ཕྱག་འཚ་ལོ།། ནགས་ཚལ་ནང་དུ་དཀའ་ཐུབ་མཛད།། བྱམས་པ་ལི་ས་གཟིགས་བསྟན་བ ་བརྩམས།། ཐོག་པ་མེད་པ་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། དཔལ་གྲི་རི་ལ་བསྐོར་བ་མཛད།། ཨོཾ་རྒྱན་གནས་དཀའ་ཐུབ་བྱས།། ན་ཏ་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལ་ལོ།། ཨོཾ་ཏ་བ་ཡི་གཙུག་ལག་ཏུ།། དགྱེས་པ་རྡོ་རྗེས་བྱིན་གྱིས་བརླབ ་གླིང་བུ་མཁན་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། བྷ་གྷ་ལ་རུ་དཀའ་ཐུབ་མཛད།། རྡོ་རྗེ་གདན་དུ་ཐུག་དམ་གཟིགས།། ས་ར་བུ་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚལོ།། བྷ་གྷ་ལ་ཡི་བྱང་ཤར་དུ།། གཤིན་རྗེ་དམར་པོས་བྱིན་གྱིས་བརླབས།། ཀ་ལ་ད་གེ་ཞེས་བྱ ་བའི་ད་བླ་མ་དེ་ལ་ཕྱག་འཚལོ།། སེང་ལྡེང་ནགས་ལ་དཀའ་ཐུབ་མཛད།། ཁ་ར་ས་པ་ཎི་ཐུགས་དམ་གཟིགས།། བྷཱ་ཡ་ནི་ཞེས་བྱ་བ་ཡི།། བླ་མ་དེ་ལ་ཕྱག་འཚ་ལོ།། མ་གྷ་དྷ་རུ་རྒྱལ་པོ་བཏུལ།། དུར་ཁྲོད་གནས་སུ་རོལ་པ་མཛད།། མེ་ཏོག་པ་ཞེས་བྱ་བ་ཡི།། བླ་མ་དེ་ལ ་ཕྱག་འཚལ་ལོ།། གཞན་ཡང་གསང་སྡིགས་ལམ་རྟེན་པའི། མཁས་སུང་གཤེགས་པ་ཐམས་ཅད་དང་།། ངོམ་གྲུབ་ཐོབ་པ་ཐམས་ཅད་ལ།། བདག་ནི་གུས་པས་ཕྱོག་འཚལ།། ཕྱག་འཚལ་གསོལ་བ་འདབས་པ་མ།། ཐུགས་རྗེས་དཐོང་ས་ལ་བྱེན་ཀྱི ་དེ་ལྟར་གསང་སྡུག་པ་སྤྱོད་མཛད་པ།། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལ།། བདག་ཉིད་གུས་པས་གསོལ་འདེབས་ན།། ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ།། སྐུ་ཡི་བྱིན་བྷིས་བརླབ་ཏུ་གསོལ།། ལུས་བདེ་ཆེན་སྤར་དུ་གསོལ།། གསུང་གིས་བྱིན་གྱིས་བམ། ་ཏུ་གསོལ།། ངག་ལ་ནུས་པར་བྱིན་གྱིས་བརློབས།། ཐུགས་ཀྱིས་བྱིན་བརླབ་ཡེ་ཤེས་ཕོབ།། སེམས་ལ་འོད་གསལ་བསྐྱེད་དུ་གསོལ།། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས།། བྱིན་རླབས་ཆུ་རྒྱུན་མ་གཅོད་ཅིག། ཆོས་སྐུ་གཅིག་ཏུ་མ་གྱུར་པར།། ཐུགས་རྗེའི ་ལྕགས་ཀྱུ་མ་བཏང་ཞིག། ཁྱེད་ལ་བདག་གིས་གསོལ་བཏབ་པས།། དེ་ལས་བྱུང་བའི་བསོད་ནམས་ཀྱིས།། འགྲོ་དྲུག་གནས་པའི་སེམས་ཅན་དོན་མཛད་ནས། སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས།། བླ ་བ་རྡོ་རྗེ་གདན་པས་མཛད་པ་རྫོགསོ།། ། @#།། རྒྱ་གར་སྐད་དུ། གུ་རུ་པ་ར་མ་པུ་ཎྱ་ཤྲཱི་ནཱ་མ་ཏོ་སྟྭཾ། བོད་སྐད་དུ།། བླ་མ་དམ་པ་བསོད་ནམས་དཔལ་ཞེས་བྱ་བ་ལ་བསྟོད་པ། ཆོས་འབྱུང་རབ་གཟིགས་ཤིན་ཏུ་ཡངས་པའི་སྐུ།། བསོད། ་