| Wylie | e-texts produced with BDRC’s OCR application |
འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། ལྷོ་ཕྱོགས་ཀྱི་རྒྱུད་ལོང་བའི་ཡུལ་ན་དཔལ་འབྲས་ཀྱི་ཕུང་པོ་ཞེས་བྱ་བའི་ཕོ་བྲང་ཡོད་དེ།། དེ་ནི་ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་མཆོད་རྟེན་གྱིས་ཡོངསུ་གཡོགས་པའི་རྗེ་བཙུན ་བཞུགས་སོ།། དེར་ཕྱིན་ནས་རྗེ་བཙུན་གྱི་མཆོད་རྟེན་ལ་ཕྱག་སྟོང་ཕྲག་ལྔ་བཙལ་བར་བྱའོ།། རྡོ་རྗེ་ལྕགས་སྒྲོག་ཅེས་བྱ་བའི་གཟུངས་བཟླས་པར་བྱའོ།། དེ་ལ་བརྗོད་པར་བྱ་སྟེ། ན་མོ་བྷ་ག་ཝ་ཏི་ཨཱརྱཱ་བཛྲ་ཤྲཱི་ཁ་ལཱ་ཡེ.ེ། ཧ་ན་ཧ་ནཾ། ཚིན་ཚིན། བི་པ་བ་ཥ ་ཀ་པཱ་ཡ་དཱཏྱཱ་ར་ཏ་ར། ཏེ་རེ་ག་བ་ཏྲྀ་ཨཙོགཉྫ་བཛྲ་ཨཱ་ཡ་ཏི། བཛྲ་པྲ་ཀཱ་རེ་ཨོཾ་ན་མོ་བྷ་ག་ཝཱ་ཏེ། ཨཱརྱ་བིཛྲ་ཤྲཱྀ་ཁ་ལེ་པཱུརྠ་ངི་ཤཾ་བཛྫི། དཀྵི་ནཾ་དི་ཤཾ་བམྦྷ། པི་ཡཱམ་དི་ཤཾ་བརྞྞ། ཨུདྷ་ར་དི་ཤཾ་བནྡྷ། ཨཱ་བྷཽ་དི་ཤཾ་བནྡྷི། ད་ཤཾ་དྷི་ཤ་བནྡྷ། མ་སྭེ་པཱ་དེ་བནྡྷ། ཡརྦ ་རཀྵ་སཾ་བནྡྷ། བྷ་ཏ་པྲེ་ཏཾ་བི་ཤཱ་ཙཾ་བནྡྷ། སིདྡྷ་ཡོ་གི་ཌཱ་ཀི་ནི་བནྡྷ། ཨེ་ཀ་པཱ་དཾ་བནྡྷ། དི་པ་དླྀ་བནྡྷ། ཏྲི་པཱ་དཾ་བནྡྷ། ཙ་ཏུཿབཱ་དཾ་བནྡྷ། པཉྩ་པཱ་དཾ་བནྡྷ། ཥཊ་པཱ་དཾ་བནྡྷ། ས་ཧ་པྲ་པཱ་དཾ་བནྡྷ། བྲིཀྵ་དཾ་བན་མུ་ལ་བཱ་དཾ་བནྡྷ། དེ་བཾ་བནྡྷ། དེ་བཾ་ཀུ་ལཾ་བརྟྟ། ནཱ་གཾ་བནྡྷ། ན་ག་ཀུ་ལཾ་བནྡྷ། པ་ར ་ཀུ་ལི་བནྡྷ། གུ་ཧི་ན་བནྡྷ། ཏྲི་ཀྲོ་ཎ་པྲི་ཐི་བའི་ན་བརྞྞ་བནྡྷ་ཧཱུཾ། མཱཾ་ཙ་ལ་མཱ་ཙ་ལ། ཏིཥྛ་ཏིཥྛ། སི་བི་དཱི་བནྡྷ། བྲཧྨ་བ་ཙ་ནེ། བིནྡྷ་དནྡྷ། ཨོཾ་ན་མོ་བྷ་ག་ཝ་ཏྱཻ་ཨཱརྱ་བཛྲ་ཤྲཱི་ཁ་ལེ་པཉྩ་ཀྲོ་ཤི་ཀཾ་མཎྜ་ལཾ་བིནྡྷ། ཧ་ན་ཧ་ན། ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱཧཱ། སྡང་བ་ཐམས་ཅད་ཀྱི ་སྙིང་རྣམ་པར་འཇོམས་མ་འཕགས་མ་རྡོ་རྗེ་ལྕགས་སྒྲོག་མ་ཞེས་བྱ་བའི་གཟུངས་རྫོག་སོ།། ། དེས་གནོད་སྤྱིར་བགེགས་འབྱུང་བར་མི་འགྱུར་རོ།། དེ་ནས་དེའི་རྗེས་སུ་མ་ལ་ཡའི་ཡུལ་དུ་འགྲོ་བར་བྱའོ།། དེར་ཕྱིན་ནས་ཆོས་ཀྱི་རྒྱལ་པོ ་མཆོད་རྟེན་རྗེ་བཙུན་ལ་བསྐོར་བ་སྟོང་ཕྲག་གསུམ་བྱའོ།། བྱས་ནས་སྔགས་ཁྱི་ཕྲག་དྲུག་སྟོང་བཟླས་པར་བྱའོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་མ་ནི་བཛྲཱི་ཧཱུཾ། གལ་ཏེ་གང་ཞིག་སྐྱེས་བུ་ཆེན་པོ་བརྩོན་འགྲུས་ཆེན་པོ་རྣམས་ཀྱིས་འགྲོ་བར་འགྱུར་བ་ཉིད ་དུ་འདོད་པས་ཁྱིམ་གྱི་བསམ་པ་དྲན་པར་མི་བྱའོ།། བྱས་ན་སྡུག་བསྔལ་དང་ཉོན་མོངས་པ་རྣམས་ཀྱིས་འཇོམས་པར་འགྱུར་རོ།། དཔལ་ལྡན་པོ་ཏ་ལ་ཀའི་རྗེ་བཙུན་གྱི་ཞལ་མཐོང་བ་དོན་དུ་གཉེར་བའི་སེམས་ཅན་དེ་རྣམའི་ངེས་པར་བརྩོན་འགྲུས ་བརྟན་པ་དེ་རྣམས་ཀྱིས་བགྲོད་པར་བྱའོ།། དེའི་ཚེ་སྐྱེས་བུ་དེ་རྣམས་ཀྱིས་ངེས་པར་རང་གི་ལུས་སེམས་ཅན་ཐམས་ཅད་ལ་བནི་པའི་དོན་དུ་བདགེ་ཉིད་ཀྱི་ལུས་སྦྱིན་པ་རོ་བཏང་བར་བྱའོ།། ལུས་སྦྱིན་པར་བྱིན་ནས་ཕྱིས་དཔལ་པོ་ཏ་ལ་ཀར་བགྲོད་བར་བྱར། ་པ་ཐམས་ཅད་ཡོངསུ་སྨངས་ཏེ་འདོད་ཆགས་ལ་སོགས་པའི་བསམ་པ་དོར་ནས་བགྲོད་པར་བྱའོ།། སྤྲོ་བའི་སེམས་ཀྱིས་གླུ་དང་གར་དང་དམ་པའི་ཆོས་ཀྱི་ཡི་དམ་དང་བཅས་པ་དང་། སྔགས་ལ་སོགས་པ་དང་བསྒོམ་པར་བྱའོ།། ་གཡེང་བའི་སེམས་ཀྱིས་འགྲོ་བར་མི་བྱའོ།། ངོས་པོ་ཉིད་དུ་རྗེ་བཙུན་གྱི་ཞལ་མཐོང་བར་འགྱུར་བར་བྱའོ་ཞེས་སྨྲས་ནས་སྤྲོ་བའི་སེམས་ཀྱིས་བགྲོད་པར་བྱའོ།། སེམས་དེ་ཉིད་ཀྱིས་འགྲོ་བ་ན་གལ་ཏེ་རྗེ་བཙུན་གྱི་ཞབས་མཐོང་བར་མ་གྱུར་ན།། དེའི་ཚེ ་བདག་ཉིད་འཇམ་པའི་མགོན་པོ་མཚམས་མེད་པ་ལྔའི་ལས་བྱེད་པར་འགྱུར་རོ།། དེ་ལྟར་བྱས་ནས་མ་ལ་ཡའི་རི་ལ་བགྲོད་པར་བྱས་པས་རིའི་དབུས་སུ་ཨུ་དུམ་པ་རའི་ནགས་མཐོང་བར་འགྱུར་རོ།། མཐོང་ནས་ཀྱང་འབྲས་བུ་རྣམས་བཟའ་བར་བྱའོ།། ་བཟའ་བ་བྱས་ནས་ཀྱང་འབྲས་བུ་རབ་ཏུ་མང་པོ་རྣམས་བཟུང་བར་བྱའོ།། བཟུང་ནས་ཡང་འགྲོ་བ་ན་སུམ་རྩེགས་ཅེས་བྱ་བའི་གནས་ཀྱི་འདུག་ས་མཐོང་བར་འགྱུར་རོ།། དེའི་ཚོང་འདུས་ཀྱི་དབུས་སུ་འཇུག་པར་བྱའོ།། ཞུགས་ནས་སྔགས་སྟོང་ཕྲག་གསུ ་བཟླས་པར་བྱའོ།། དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་མ་ཎི་པདྨི་ཧཱུཾ། ཚོང་འདུས་དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བ་ནི་རིགས་ལྡན་མཱ་ཞེས་བྱ་བའི་དྲི་མ་མེད་པའི་ཆུ་རྒྱུན་མཐོང་བར་འགྱུར་རོ།། དེ་རྣམས་ལས་རྒལ་ཏེ་མཐོང་བར་འགྱུར་བ་ནི་ཤིང ་ཏ་ལ་དང་ཤིང་ས་ལ་དང་། པི་བ་ལའི་ཤིང་ས་སྤྱ་བ་ཤུལ་དང་། ཨཾ་བུ་དང་། ཛམྦུ་དང་། ཤ་ཀོ་ས་ཊ་ཀ་དང་། བ་རུ་ར་ལ་སོགས་པའི་འབྲས་བུ་དང་ལྡན་པའི་ཤིང་ལྗོན་ཤིང་དུ་མ་མཐོང་ནས་འབྲས་བུ་ཡང་བཟུང་བར་མི་བྱའོ།། བཟའ་བར་ཡང ་མི་བྱའོ།། དེ་རྣམས་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ།། དྲི་མེད་ལྡན་པ་ཞེས་བྱ་བའི་ཆུ་རྒྱུན་མཐོང་བར་འགྱུར་རོ།། རྡོ་བའི་རང་བཞིན་འབའ་ཞིག་སྟེ། དེ་མཐོང་བས་འཇིགས་པར་མི་བྱའོ།། རྡོ་དང་བྲག་དེ་ལས་འདས་ཏེ་ཕ་རོལ་ཏུ་ཕྱིན་ཏེ། ཀུ་ཤེ་བཏོགས་ཏེ་བསྒྲ ་པ་པོའི་སྐྱེས་བུ་རྣམས་ཀྱིས་སྔགས་འདི་ཡིས་སྤྱི་བོ་གཙུག་བཅིང་བར་བྱའོ།། ཨོཾ་མུ་ནེ་རཀྵ་སྭཱ་ཧཱ། བྱས་ནས་ཀྱང་ཡི་གེ་དྲུག་པའི་རིག་པ་ཆེན་མོའི་སྔགས་ཁྲི་ཕྲག་གཅིག་བཟླས་པར་བྱའོ།། བཟླས་པ་བྱས་ནས་ཡང་དགེ་བའི་རྩ་བ་སྤྱད་ནས་རོ་བཏུང་བར་བྱའོ།། ་དེས་མི་སྨྲ་བར་འགྱུར་བར་བྱའོ།། མི་སྨྲ་བར་གྱུར་པས་གླུ་བླང་བ་དང་། རྒོད་པ་དང་། གར་དང་ཆོས་ཀློག་པ་དང་། འདོན་པས་འགྲོང་པར་བྱའོ།། སེམས་གེ་ཡང་བར་མི་བྱའོ།། ལྷའི་རྣལ་འབྱོར་གྱིས་འགྲོ་བར་བྱའོ།། དཔལ་ལྡན་རྗེ་བཙུན་གྱི་ཞབས་མཐོང་བར་བྱའོ།། ། ་ཞེས་སྨྲས་ནས་འགྲོ་ཞིང་སོང་བ་ལས་སྐྱུ་རུ་རའི་འབྲས་བུ་རྣམས་གཟུང་ནས་བཟའ་བར་བྱའོ།། ཟོས་ནས་ཀྱང་འབྲས་བུ་རབ་ཏུ་མང་པོ་རྣམས་བཟུང་བར་བྱའོ།། བཟུང་ནས་འགྲོ་བ་ན་ཉི་མ་བཞིན་རིག་པ་འཛིན་པའི་ཚེའུ་མཐོང་བར་འགྱུར་རོ།། ཨུཏ་པ་ལ་ལ་སོགས ་བའི་སྣ་ཚོགས་པའི་སྣ་ཆགས་པའི་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཀྱིས་བརྒྱན་པ་སྟེ། འགྲམ་བཞི་ནི་ལྷོའི་འགྲམ་ནི་རིག་པ་འཛིན་པ་རྣམས་ཀྱིའོ།། ནུབ་ཀྱི་འགྲམ་ནི་ལྷ་རྣམས་ཀྱིའོ།། བྱང་གི་འགྲམ་ནི་གནོད་སྦྱིན་ལ་སོགས་པའི་ཚོགས་ཀྱིའོ།། ཤར་གྱི ་འགྲམ་ནི་ནགས་ཀྱི་ལྷ་མོ་རྣམས་ཀྱི་སྟེ། ཚེའུ་དེར་འགྲོད་པར་མི་བྱ་ཞིང་། ཆུ་བཏུང་བར་མི་བྱའོ།། ཇི་སྲིད་ཞགས་ཕྱེ་དང་གཉིསུ་ཕྱིན་ཏེ་མཚོ་དེ་ལ་བལྟས་ལ་སྔགས་འདི་བརྗོད་པར་བྱའོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་ཧཱུ~ཾ་ཧཱུཾ་ཛ་ཛ་ཛ་པྲ་ཡ་ཙྪ་པྲ་ཡ་ཙྪ་ཡ་ཕཊ་ཕཊ་ཀཾ ་ཀན་ལེ་མཉབ་ལ་སེ་ནེ་མོ་ཊ་ཡ་མོ་ཊ་ཡ་ཨོཾ་ཧཱུ~ཾ་ཧཱུ~ཾ་ཧཱུཾ་སྭཱཧཱ།། མཚོ་དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ།། སྨིན་དྲུག་གི་བུ་ཉོན་ཅིག་སྤོ་ཅན་གང་ལ་ལ་བདག་གི་དྲུང་དུ་འོང་བར་བརྩོན་པ་དད་པ་དང་ལྡན་པ་བདེན་པར་སྨྲ་བ་དོན་དུ་གཉེར་བ་ལྟོས་པ་མེད་པ་རྣམས ་འོང་བ་ན་དེ་རྣམས་ཀྱིས་གལ་ཏེ་གྲུབ་པར་མ་གྱུར་ཅིང་ད་དང་ལྷན་ཅིག་མཐོང་བར་མ་གྱུར་ན་དེའི་ཚེ་བདག་ཉིང་མཚམས་མེད་པ་ལྔའི་ལས་བྱེད་པ་པོར་འགྱུར་རོ།། དཔལ་ལྡན་པོ་ཏ་ལ་ཀའི་རྗེ་བཙུན་གྱི་དམ་བཅས་པ་བརྟན་པའོ།། ཉི་མ་ལྔའི་བར་དུ་དཀའ་བ་ཆེན་པོས་འགྲོ་བར ་བྱབྱའོ། ཕྱི་ནས་ཡང་རྒྱ་ཤུག་གི་བསྟི་གནས་མཐོང་བར་འགྱུར་ཏེ། དེ་ལ་སྣ་ཚོགས་པའི་ཤིང་ལ་སོགས་པས་བརྒྱན་ནས། ཨཾ་བུད་དང་ཛམ་བུད་དང་། ནཱ་རང་ག་དང་། ཀིཎ་ཌཱ་ཧ་ལ་དང་། བི་ལ་བ་དང་སྐྱུ་རུ་ར་དང་། རྒུན་འབྲུམ་དང་། ཀ་བིདེ་ཐ་དང་། ཛཾ་བི་ར་ལ་སོགས་པའི ་འབྲས་བུ་དང་ལྡན་པ་ལ་སོགས་པའི་སྣ་ཚོགས་པའི་ཤིང་རྣམས་གནསོ།། ཤིང་ལ་ལ་ནི་འབྲས་བུ་སྐྱེ་བཞིན་པ། ལ་ལ་ནི་མེ་ཏོག་འབྱིན།། ལ་ལ་ནི་འབྲས་བུ་སྐྱེ་བར་འགྱུར།། ཁ་ཅིག་ནི་འབྲས་བུ་དང་ལྡན་པའི་ཤིང་རྣམས་གནས་ཏེ། དེ་ལས་འབྲས་བུ་རྣམས་བཟུང་ནས་བཟ ་བར་བྱའོ། ཟོས་ནས་ཀྱང་འབྲས་བུ་རྣམས་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་གཟུགས་པར་བྱ་ཞིང་གཞག་པར་བྱའོ།། ཉི་མ་བཞིའི་བར་དུ་བསྟི་གནས་དེར་འབྲས་བུ་སྣ་ཚོགས་བཟུང་སྟེ་ཕུད་ཀྱང་གཏོར་ཞིང་བཟའ་བར་བྱའོ།། ཟོས་ནས་ཀྱང་ལུས་ཚོན་པོར་བྱའོ།། བྱས་ནས ་ཀྱང་སླར་ཡང་གལ་ཏེ་སྡོད་པར་འདོད་ན་དེའི་བསྟི་གནས་དེ་ལ་བསྐོར་བ་བྱ་ཞིང་ཉི་མ་བརྒྱད་ཚུན་ཆད་སྣ་ཚོགས་པའི་འབྲས་བུ་རྣམས་བཟུང་བར་བྱས་ལ། དེའི་ཚེ་བསྟི་གནས་ལ་གཡོན་ནས་བསྐོར་ཏེ་ཉི་མ་བདུན་ཚུན་འགྲོ་བར་བྱའོ།། དེར་ཕྱིན་པས་སྤྲ་ཚེར་མ་ཅན་གྱི་ནགས ་མཐོང་བར་འགྱུར་ཏེ། ཞག་ཕྱེད་དང་གཉིས་ཀྱི་བར་དེ་ལས་སྤྲ་ཚེར་མ་ཅན་སོར་བརྒྱད་པའི་ཚད་རྣམས་མཐོང་ནས་འཇིགས་པར་མི་བྱའོ།། ཚེར་མའི་སྟེང་དུ་རྐང་པའི་ཟུར་གྱིས་འགྲོད་པར་བྱའོ།། ཚེར་མ་རྣམས་ཅི་ནས་ཀྱང་རྐང་པ་ལ་མངོན་པར་མ་ཟུག་པར་བྱའོ།། སྒྲའི་ནགས ་ལས་བརྒལ་བ་ནཱ་ཡི་གེ་དྲུག་པའི་སྔགས་བཟླས་པར་བྱའོ།། དེར་ཕྱིན་ནས་ཉི་མ་བཞིའི་བར་དུ་བིལ་བའི་ནགས་ཀྱི་བསྟི་གནས་མཐོང་བར་འགྱུར་ཏེ།། བིལ་བའི་འབྲས་བུ་རྣམས་བཟའ་བར་བྱའོ།། ཉི་མ་བདུན་གྱི་བར་དུ་བསྡད་ངོ་།། བསྡད་ནས་ཡང་འགྲོ་བར་བྱའོ།། ཉི་མ ་བཞིན་བདག་པོ་མེད་པ་ཞེས་བྱ་བའི་མཚོ་མཐོང་བར་འགྱུར་རོ།། དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ།། དེ་མཐོང་མ་ཐག་ཏུ་བརྗོད་པ་ནི།། དེ་ལ་ཨོཾ་མ་ཎི་པདྨེ་ཧཱུཾ་སྔགས་ཀྱི་ཡི་གེ་འདིའི་གྲངས་ནི་འབུམ་བཟླས་པས་བཅོམ་ལྡན་འདས་ཀྱི་བྱིན་བརླབས་ཐོབ་པ་དང་། ་སྡིག་པ་དང་བྲལ་བར་འགྱུར་རོ།། སླར་ཡང་ཉི་མ་གསུམ་ན་འཛམ་བུའི་ནགས་མཐོང་བར་འགྱུར་ཏེ། དེར་ཉི་མ་བཞི་བསྡད་ནས་འཛམ་བུའི་འབྲས་བུ་རྣམས་བཟའ་བར་བྱའོ།། ཟོས་ནས་ཀྱང་འབྲས་བུ་མང་པོ་རྣམས་བཟུང་ནས་ཉི་མ་བདུན་གྱི་བྱར་དུ་ཕྱིན་པ་ན། རྐང་པ ་ནནིའི་ནགས་ཀྱི་ཞིང་མཐོང་བར་འགྱུར་ཏེ། དེ་རྣམས་ཀྱི་གསེབ་ནས་མྱུར་བ་མྱུར་བར་འགྲོ་བར་བྱའོ།། དེ་ནས་འབྲས་བུ་གཅིག་ཀྱང་བླང་བར་མི་བྱ་ཞིང་བལྟ་བར་ཡང་མི་བྱའོ།། བསྡད་པར་ཡང་མི་བྱའོ།། དེ་ལ་འགྲོ་བ་ན་སྲེ་མོ་ཆེན་མོའི་མཚོ་མཐོང་བར་འགྱུར་ཏེ། ་དེ་མཐོང་བ་ན་སྔགས་བརྗོད་པར་གྱིའོ།། དེ་ལ་སྔགས་ནི་འདི་ཡི་མ་རཱ་རཱྀ་ཏྲོན་དྷི་སླེ་སྱེ་སརྦ་བུད་དྷ་མ་མ་ར་ག་རྦུ་ཧཱུ~ཾཿཏྲེ་སླེ་སྲུང་། དེ་ནས་སོང་བས་རྒྱ་ཤུག་གིནགས་མཐོང་བར་འགྱུར་ཞིང་། ཉི་མ་གསུམ་གྱི་བར་དུ་བསྡད་པར་བྱ་ཞིང་འབྲས་འཔས ་བར་བྱའོ།། ཟོས་ནས་ཀྱང་འགྲོ་བར་བྱ་སྟེ། ཉི་མ་སུམ་ཅུ་རྩ་གཉིས་ན་སྤྲེའུ་གླང་པོ་ཆེའི་ཚད་ཅན་གྱི་ཚོགས་མཐོང་བར་འགྱུར་ཏེ། སྤྲེའུ་དེ་རྣམས་མཐོང་བ་ན་འཇིགས་པར་མི་བྱ་ཞིང་། སྐྲག་པར་མི་བྱའོ།། བློ་བརྟན་པར་གྱུར་པས་སྔོན་དུ་བཤད ་པའི་སྔགས་བརྗོད་པར་བྱའོ།། སྤྲེའུ་རྣམས་འབྲོས་པར་འགྱུར་རོ།། ཕྱི་ནས་འགྲོ་བར་བྱ་སྟེ། སོང་བས་ཡང་ཉི་མ་གསུམ་ན་སྠ་ཀོ་ཊ་ཀའི་ནགས་མཐོང་བར་འགྱུར་ཏེ། དེར་ཉི་མ་དྲུག་བསྡད་ཅིང་ཅི་ཙམ་སྡོད་པ་དེ་སྲིད་དུ་འབྲས་བུ་བཟའ་བར་བྱའོ།། ཟིས་ནས་ཡང ་འབྲས་བུ་རྣམས་བཀྱེ་བར་བྱའོ།། སོང་བས་ཕག་གི་ཚོགས་ཤིན་ཏུ་འཇིགས་པར་བྱེད་པ་འདམ་རྣམས་ཀྱིས་རྣམ་པར་གོས་པ་མཐོང་བར་འགྱུར་ཏེ། དེ་མཐོང་ན་འཇིགས་པར་མི་བྱའོ།། ཡང་ཉི་མ་གཉིས་པ་ན་སྟག་གི་ཚོགས་མཐོང་བར་འགྱུར་ཏེ། དེ ་མཐོང་བས་འཇིགས་པར་མི་བྱ་ཞིང་སླར་ཡང་སྔོན་དུ་བརྗོད་པའི་སྔགས་བཟླས་པར་བྱའོ།། སྟག་གི་ཚོགས་དེ་དག་འབྲོས་པར་འགྱུར་རོ།། ཕྱི་ནས་སོང་བས་སེ་འབྲུའི་ནགས་མཐོང་བར་འགྱུར་ཏེ། ཉི་མ་དགུའི་བར་དུ་བསྡང་ལ་འབྲས་བུ་རྣམས་བཟའ ་བར་བྱའོ།། ཟོས་ནས་འབྲས་བུ་རབ་ཏུ་མང་པོ་རྣམས་བཀྱེ་བར་བྱའོ།། ཉི་མ་གསུམ་ན་སེང་གེའི་ཚོགས་ཤིན་ཏུ་འཇིགས་པར་བྱེད་པ་ཁྲོ་བོའི་གཟུགས་མཐོང་བར་འགྱུར་ཏེ། དེ་རྣམས་མཐོང་བས་སྐྲག་པ་ཅུང་ཟད་ཀྱང་མི་བྱའོ།། བདག་ཉིད་སེངྒེའི་གཟུགས ་བལྟས་ཏེ་ཚོགས་རྣམས་ཀྱི་མདུན་དུ་གྱུར་པས་སྔོན་དུ་བརྗོད་པའི་སྔགས་སྨྲས་པས་འདུག་པར་མི་འགྱུར་རོ།། ང་ཐམས་ཅད་ལས་གྲོལ་ཞིང་སོང་བས་ཕྱི་ནས་འགྲོ་བར་བྱའོ།། དེ་ནས་ཕྱིན་པ་ན་ཉི་མ་བཞིན་གུ་ཡུའི་ཤིང་དང་མཉམ་པའི་བུ་རམ་གྱི་ཤིང་གི ་ནགས་རྒྱང་གྲགས་གཅིག་འཁོར་བ་གནས་པ་མཐོང་བར་འགྱུར་ཏེ། བུ་རམ་ཤིང་དེ་རྣམས་ཀྱི་ངར་བའི་དབུས་ན་བྱེ་མ་དཀར་པོ་དང་འདྲ་བའི་ཀ་ར་ཡོད་པ་མཐོང་བར་འགྱུར་ཏེ། དེ་རྣམས་ཀྱང་ཇི་ལྟར་བདེ་བར་བཟའ་བར་བྱའོ།། ཕྱག་ཚང་རྐུ་བའི་འབྲས་བུ་སོར་མོ་གཅི ་གི་ཕྱེད་པ་ཆུ་ཡིས་བཀང་བ་དཀྱེ་བར་བྱའོ།། ཀར་རབ་ཏུ་མང་པོ་བཀྱེ་བར་བྱའོ།། ཆུང་ཟད་པར་མ་གྱུར་པ་ནི་ལྕི་བར་མི་འགྱུར་རོ།། ཉི་མ་དྲུག་ཕྱིན་པས་ཀླ་ཀློའི་གྲོང་ཁྱེར་དེ་ནས་ཀླ་ཀློ་རྣམས་གནས་སོ།། དེ་རྣམས་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ།། ཉི་མ ་གཉིས་པ་ན་རིག་པ་འཛིན་པའི་སྐྱེད་མོས་ཚལ་ཤིང་པུནྡ་ན་ག་དང་། ཀླུ་ཤིང་དང་། ཤིང་པ་ཀུ་ལ་དང་། ཤིང་སྐྱ་སྨར་དང་། ཤིང་ཙམ་པ་ཀ་པ་དང་། ཤིང་མྱ་ངན་མེད་པ་ལ་སོགས་པའི་སྣ་ཚོགས་པའི་ལྗོན་ཤིང་རྣམས་ཀྱིས་ཉེ་བར་བརྒྱན་པ་མཐོང ་བར་འགྱུར་ཏེ། སྐྱེད་མོས་ཚལ་མྱུར་བ་སྦྱར་བར་དོང་བར་བྱའོ།། ཉི་མ་གཉིས་པ་ན་ཁྱི་རི་ཁའི་ནགས་དང་། ཁ་ར་ཚུ་རི་ཁིའི་ནགས་མཐོང་བར་འགྱུར་ཏེ། དེ་དག་ཉི་མ་བདུན་གྱི་བར་དུ་ཇི་ལྟར་བདེ་བར་བཟའ་བར་བྱའོ།། འབྲས་བུ་རབ་ཏུ་མང་པོ་རྣམས་བཟུང་སྟེ། ཉི་མ་དྲུག ་གི་བར་དུ་འགྲོ་བར་བྱའོ།། སོང་བས་ཕྱི་ནས་ཤིན་ཏུ་འཇིགས་པའི་འདམ་རྫ་བ་མཐོང་བར་འགྱུར་ཏེ། དེ་རྣམས་མཐོང་བ་ན་འཇིགས་པར་མི་བྱ་ཞིང་སེམས་སྐྱོ་བར་འགྱུར་བར་མི་བྱའོ།། ཡི་གེ་དྲུག་པའི་སྔགས་བཟླས་ཤིང་འགྲོ་བར་བྱའོ།། དེར་འདམ་རྫ་པ་ལས ་བརྒལ་ཏེ། ཛ་ལ་པ་ཡི་ཀ་ཡི་ནགས་ཡོད་དོ།། འབྲས་བུ་རྣམས་ཞག་ལྔའི་བར་དུ་ཇི་ལྟར་བདེ་བར་བཟའ་བར་བྱའོ།། ཟོས་ནས་ཀྱང་འབྲས་བུ་མང་པོ་ཁྱེར་ཏེ་འགྲོ་བ་ན་ཉི་མ་གསུམ་ས་ལའི་ནགས་མཐོང་བར་འགྱུར་རོ།། དེ་འདས་ནས་སླར་ཡང་ཀེ་ཏེ་ཀྱིའི ་ནགས་པུཥྤ་སྣ་ཚོགས་འཁྲིགས་པ་མེ་ཏོག་སྣ་ཚོགས་དྲི་དང་ལྡན་པ་མཐོང་བར་འགྱུར་ཏེ། ཀ་ཏ་ཀེ་ལ་སེམས་ཀྱི་འདོད་པར་མི་བྱའོ།། དེ་རྣམས་ལས་གཡོན་གྱིས་བསྐོར་ཏེ་འགྲོ་བ་ན་ཉི་མ་གསུམ་ན་དངུལ་ཆུས་ཡོངས་སུ་གང་བའི ་རྫིང་བུ་མཐོང་བར་འགྱུར་ཏེ། དེའི་དབུས་ན་དངུལ་ཆུས་ཡོངསུ་བྱུགས་པའི་སྐྱེས་བུ་ཡིད་དོ།། གལ་ཏེ་དངུལ་ཆུའི་སྐྱེས་བུ་བལྟ་བར་འདོད་ན་དངུལ་ཆུའི་རྫིང་གི་ཤར་ལོག་ནས་སེ་ཀཱ་ལི་ཀ་ལཱ་སོགས་པ་སྣ་ཚོགས་པའི་མེ་ཏོག་གི་ནགས་གནས་ཏེ། ་སྒྲུབ་པ་པོས་མེ་ཏོག་དེ་དག་གཟུང་སྟེ། སྐུད་པ་ཕྲ་མོས་ཕྲེང་བ་རྒྱུད་པར་བྱས་ནས་ཕྱིས་རྫིང་བུའི་ཕྱོགས་སུ་དོར་པོར་བྱའོ།། མེ་ཏོག་དོར་མ་ཐག་ཏུ་དབུས་ཀྱི་གནས་སུ་སོང་ནས་མེ་ཏོག་གི་ཕྲེང་བ་རབ་ཏུ་གཞུག་གོ།། ཞུགས་པས་དངུལ་ཆུའི་སྐྱེས ་བུའི་མགོ་ལ་ཕོག་པར་འགྱུར་རོ།། སླར་ཡང་སྒྲུབ་པ་པོས་ཉི་མ་གཞན་ལ་སྣ་ཚོགས་པའི་མེ་ཏོག་བཟུང་ནས་མེ་ཏོག་གི་ཕྲེང་བར་བརྒྱུས་ཏེ་རྫིང་གིས་དབུས་སུ་དོར་བར་བྱའོ།། ཉི་མ་སྔ་མ་ལ་དོར་བའི་མེ་ཏོག་གི་ཕྲེང་བ་འཐོན་ནས་རྫིང་གི་འོགྲ ་དུ་ཆགས་པར་འགྱུར་རོ།། བསྒྱུར་བའི་མེ་ཏོག་དེ་དུ་ལྷ་ཆུའི་སྐྱེས་བུའི་མགྲོ་ལི་འབབ་པར་འགྱུར་རོ།། དེ་མཐོང་ནས་གལ་ཏེ་དངོས་གྲུབ་ཆུང་ངུ་འདོད་ན་དེའི་ཚེ་བསྒྲུབ་པ་པོས་མེ་ཏོག་གི་ཕྲེང་བ་བཟུང་ནས་རྫིང་བུའི་འགྲམ་དུ་འཇུག་པར་བྱའོ།། དེར ་ཕྱིན་ནས་གཞུ་འདོམ་བརྒྱ་ཕྱིན་པས་ཀ་བ་བཞིས་ཉེ་བོར་བརྒྱན་པའི་བསིལ་ཁང་མཐོང་བར་འགྱུར་ཏེ། དེའི་དབུས་ན་ལོ་བཅུ་དྲུག་ལོན་པའི་རྣམ་པའི་དངུལ་ཆུའི་སྐྱེས་བུ་གནས་ཏེ་རྒོད་བཞིན་དུ་འདྲི་བར་འགྱུར་ཏེ། ཀྱེ་སྤྱིས་པོ་བརྩོན ་འགྲུས་དང་ལྡན་པ་གང་ནས་འོངས། ཅི་འཛིན་པར་བྱེད། མིག་སྨན་དང་། མཆི་སུ་ལྷྭམ་དང་། རྐང་པོ་ལ་བྱུགས་པ་དང་། རི་ལུ་དང་རལ་གཱི་ལ་སོགས་པའི་སྣ་ཚོགས་པའི་དངོས་གྲུབ་གང་དག་འཛིན་པར་བྱེད། གལ་ཏེ་བཟུང་བར་བྱས་པ་དེའི་ཚེ་ཕྲ་མོའི་དངོས ་གྲུབ་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེདོ།། གལ་ཏེ་མི་འདོད་པ་དེའི་ཚེ་བརྒལ་ཏེ་གཡོན་ནས་བསྐོར་ཏེ་འགྲོ་བ་ན། རྐྱེན་དུ་ཤིང་ལ་སོགས་པའི་ནགས་མཐོང་བར་འགྱུར་ཏེ། ཉི་མ་ལྔའི་བར་དུ་དེའི་འབྲས་བུ་རྣམས་བཟའ་བར་བྱའོ།། འབྲས ་བུ་བཟུང་ནས་འགྲོ་བར་བྱ་སྟེ། དེ་རྣམས་ལས་གཡོན་དུ་བསྐོར་ནས་འགྲོ་བར་བྱའོ།། དེ་དག་འདས་ནས་ཉི་མ་གསུམ་ན་ལོ་བཅུ་དྲུག་ལོན་པའི་རྣམ་པ་མིའི་གཙོ་མོ་ཞེས་བྱ་བའི་རིག་པ་འཛིན་པའི་བུད་མེད་ལྷའི་གཟུགས་ཅན་རྣམས་ར་སྐྱོང་ཞིང་གནས་ཏེ། ་སྒྲུབ་པ་པོས་དེའི་དྲུང་དུ་ཕྱིན་ནས་རེག་པ་དང་བརྩེ་བར་ཡང་བྱའོ།། སྒྲུ་པ་པོའི་སྐྱེས་བུ་བལྟས་པས་དེས་སྐྲག་པ་ཆེན་པོ་སྐྱེད་པར་བྱེད་དེ། བགེགས་རྩོམ་པར་ཡང་འགྱུར་རོ།། མིའི་གཙོ་མོ་ལ་བལྟས་ནས་སྒྲུབ་པ་པོའི་སྐྱེས་བུ་བརྩོན་འགྲུས་ཆེན་པོ་དཔའ ་གོང་བའི་སེམས་དང་ཡིད་ལ་མངོན་པར་འདོང་པར་མི་བྱའོ།། ཡུ~ཾདྀ་ཙམ་འདུག་ནས་ཀྱང་དགའ་བར་འགྱུར་ཏེ། ར་རྣམས་ཡོངསུ་བསྡུས་ནས་འགྱུར་རོ།། དེའི་ཕྱི་བཞིན་དུ་རྗེས་སུ་འཇུག་པར་བྱའོ།། ཉི་མ་དྲུག་རྣམས་ཀྱི་འབྲས་སཱ་ལི་དྲྀ་ཞིམ་བྱའི་ཞིང་རྣམ ་མཐོང་བར་འགྱུར་ཏེ། དེ་ལ་སྙེ་མ་ལྔ་བཟུང་ནས་འགྲོ་བར་བྱའོ།། ཉི་མ་གསུམ་ཕྱིན་པ་ན་གསེར་ལྡན་ཞེས་བྱ་བའི་མཚོ་མཐོང་བར་འགྱུར་རོ།། མཚོ་དེ་ལ་ཁྲུས་བྱ་ཞིང་སུ་བཏུང་བར་བྱའོ།། པདྨའི་རྩ་བ་བཟའ་བར་བྱའོ།། ཐོས་ནས་ཀྱང་རྩ་བ་ལ་སོགས་པ ་པོ་བཟུང་བར་བྱའོ།། བཟུང་ནས་ཡང་འགྲོ་བར་བྱ་ཞིང་སོང་བ་ན་ཤིང་སྱཱ་སྨཱར་གྱི་ནགས་མཐོང་བར་འགྱུར་ཏེ། དེ་ལ་གཡོན་ཞེས་བྱ་བའི་མཚོ་མཐོང་བར་འགྱུར་རོ།། མཚོ་དེ་ལ་ཁྲུས་བྱ་ཞིང་ཆུ་བཏུང་བར་བྱའོ།། པདྨའི་རྩ་བ་བཟའ་བར་བྱའོ།། ཐོས ་ནས་ཀྱང་རྩ་བ་ལ་སོགས་པ་མང་པོ་བཟུང་བར་བྱའོ།། བཟུང་ནས་ཡང་འགྲོ་བར་བྱ་ཞིང་སོང་བ་ན་ཤིང་སྐྱ་སྔར་གྱི་ནགས་མཐོང་བར་འགྱུར་ཏེ། དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ།། དེ་ལ་ཤིན་ཏུ་འདས་ནས་ག་བུར་ཤིང་རྣམས་མཐོང་བར་འགྱུར་ཏེ། རླུང ་བ་བྱས་ནས་ཇི་ལྟར་བདེ་བར་བཟའ་བར་བྱའོ།། བཟུང་བར་བྱ་སྟེ་ཇི་ལྟར་ནུས་པར་བཀྱེར་བར་བྱའོ།། དེ་འདས་ནས་ཉི་མ་གཅིག་ན་ཤིང་ཨ་ཤ་ཏའི་ནགས་མཐོང་བར་འགྱུར་ཏེ། དེ་ལ་གཡོན་བསྐོར་གྱིས་བསྐོར་ཏེ་ཕྱིན་པ་ན་རིག་པ་འཛིན་པ་ལ་སོགས་པ་རྣམས་ཀྱི ་སྐྱེད་མོས་ཚལ་དང་ལྷ་མ་ཡིན་གྱི་སྐྱེད་མོས་ཚལ་སྣ་ཚོགས་པའི་ཤིང་ལ་སོགས་པ་བ་ཀུ་ལ་དང་ཨ་མྲ་ལ་སོགས་པའི་འབྲས་བུ་རྣམས་དང་། མེ་ཏོག་འཛ་ཏི་དང་། ཀུན་ད་དང་། མ་ལི་ཀ་དང་། ཙམ་པ་ཀ་དང་། ན་ག་ཀེ་སར་ལ་སོགས་པའི་མེ་ཏོག་ཡང་དག ་པོར་ཁྱབ་པ་མཐོང་བར་འགྱུར་ཏེ། དེ་ལ་ཅུང་ཟད་ཀྱང་བླང་བར་མི་བྱའོ།། དེ་ལས་འདས་ནས་ཆུའི་རྒྱུན་དྲི་མ་མེད་པ་མཐོང་བར་འགྱུར་ཏེ། དེ་ལ་གཡོན་ནས་བསྐོར་ནས་འགྲོ་བ་ན་ཉི་མ་གསུམ་ནུ་དྲི་མ་མེད་པར་ལྡན་མ་ཞེས་བྱ་བའི་རྫིང་བུ་མཐོང་བར་འགྱུར་ཏེ། ་རྗེང་བུ་དེ་ལ་ཁྲུས་བྱའོ།། རྩ་བ་རྣམས་བཟའ་བར་བྱ་ཞིང་ཉི་མ་གསུམ་བསྡང་ནས་འགྲོ་བར་བྱའོ།། ཉི་མ་གསུམ་ན་འདོད་པའི་རྒྱལ་མོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་མོ་དུམ་ཕྱོང་གཡོགས་པ་ཁང་པོ་དང་ལྡན་པ་གོ་ལ་མ་བཞིན་དུ་གནས་པ་དི ་བར་འགྱུར་ཏེ། དེའི་དྲུང་དུ་འགྲོ་བར་བྱའོ།། རིག་པ་འཛིན་པའི་རྒྱལ་མོ་ཞེས་བྱ་བའི་བུད་མེད་དེས་དྲིས་པ། གང་དུ་འགྲོ་བར་འགྱུར་བར་བྱེད། སྒྲུབ་པ་པོས་ཀྱང་ལན་སྨྲ་བར་བྱ་སྟེ། དཔལ་ལྡན་པོ་ཏ་ལ་ཀའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་བཞུགས་སར་འགྲོ་བར་བྱེད་དོ།། དེ་ཐོས་ནས་སྨྲས་པ་བདག་གི་ཁྱིམ་དུ་ཟོལ་འགྲོ་བར་བྱོས་ཞེས།། དེ་ནས་ཡང་དེ་རང་གི་སྐྱེད་མོས་ཚལ་གྱི་དབུས་ན་ཟངས་དང་དངུལ་དང་གསེར་གྱིས་རབ་ཏུ་བསྐོར་བའི་རབ་ཅེན་རིན་པོ་ཆེ་དུ་མས་ཉེ་བོར་བརྒྱན་པའི་ཁང་པ་བརྩེགས ་པ་ཁེའི་འཕང་སྣ་ཚོགས་པའི་རིན་པོ་ཆེ་བཀོད་པའི་ཀ་བས་ཉེ་བར་བརྒྱན་པར་འགྲོ་བར་འགྱུར་ཏེ། རང་གི་ཁྱིམ་དུ་ཕྱིན་ནས་འཁོར་བོས་ཏེ་སྨྲས་པ། མྱུར་དུ་ཚོགས་ཅིག་པོས་པས་དེ་སྐད་སྨྲས་མ་ཐག་ཏུ་བུད་མེད་ཀྱི་ཡོངསུ་བསྐོར་བའི་བུད་མེད་དེ་རྣམས་ཀྱིས ་ཚོས་པ་རྣམ་པ་སྣ་ཚོགས་པ་ཁྱེར་ནས་འོངས་ཏེ། བུད་མེད་རྣམས་རིམ་པ་ཇི་ལྟ་བར་སྣ་ཚོགས་པའི་རིན་པོ་ཆེའི་རང་བཞིན་གྱིས་སྤྲས་པའི་སྟན་རྣམས་བཏིང་སྟེ། སྟན་རྣམས་ལ་རིམ་པ་ཇི་ལྟ་བར་ཟས་བཟའོ།། ཁ་བཤལ་བ་བྱས་ནས་ག་པུར་དང་བཅས ་པའི་གོ་ལ་སྟེར་རོ།། བྱིན་ནས་ཡང་སྨྲས་པ། ཅུང་ཞིག་བཞེས་ཤིག། ཕྱིན་ནས་རང་ཉིད་ཀྱིས་འབྲས་བུ་དང་། རྩ་བ་མང་པོ་བཟུང་བར་བྱ་སྟེ། བདག་གིས་གཞག་ན་འདི་ཉིད་དུ་སྟོད་པར་བྱེད་དམ། གལ་ཏེ་ཁྱོད་ཉིད་ཚངས་པར་སྤྱོད་པར་ཡིན་ན། དེའི་ཚེ་སླར ་བྱང་གི་སྒོ་ནས་གོ་ལ་བསྒོམས་ལ་བཞུང་བར་བྱོས་ཤིག། འདི་ལ་ཡིད་ཀྱིས་མངོན་པར་འདོད་པར་མི་བྱའོ།། དེར་གལ་ཏེ་བསྒྲུབ་པོ་ཞེན་པ་མེད་པ་ངོ་ཚ་དང་བཅས་པའི་ཚངས་པར་སྤྱོད་པ་འགྲོ་བར་འགྱུར་རོ།། དེའི་ཚེ་བུད་མེད་དེས་འགྲོ་བའི་དུས་སུ་བྱང་གི ་སྒོར་གཞུག་པར་འགྱུར་ཏེ། བྱང་གི་སྒོར་ཞུགས་ནས་སྨྲས་པ། དེནས་པས་ཤིང་འབྲས་བུའི་ནགས་མཐོང་བར་འགྱུར་ཏེ། མྱུར་བ་མྱུར་བར་བས་ཤིང་འབྲས་བུའི་དབུས་སུ་སྔགས་ཟློས་ཤིང་གི་འགྲོ་བར་བྱའོ།། དེ་ལ་སྔགས་ན་འདི་ཡིན་ཏེ། ་མ་དྷི་དྷི་དྷཱིཙྪི་པ་དྨ་མམས་འངས་པ་དང་། དེར་ཕྱིན་ནས་ཉི་མ་བཞི་ནས་དགའ་བོའི་ཚལ་ཆེན་པོ་མཐོང་བར་འགྱུར་ཏེ། སླར་ཡང་ཤར་ཕྱོགས་ནས་ཞུགས་ནོས་བལྟས་པས། ཤིང་སཱ་ལ་དང་། ཤིང་ཏེ་ལ་དང་། པཱི་ཡཱ་ལ་དང་། ཨོཾ་མྦ་དང་། འབྲས་བུ་ཚེར་མ་ཅན ་དང་། ཆུ་ཤོང་གི་འབྲས་བུ་དང་། པིལ་བ་དང་། ན་རང་ག་དང་། ཀ་པིད་ཊ་དང་། ཛ་བི་ལ་སོགས་པའི་འབྲས་བུ་རྣམས་དང་། མེ་ཏོག་མནྡ་ར་བ་ཆེན་པོ་དང་། ཤིང་ཡོངས་འདུད་དང་། ཙམ་པ་ཀ་དང་། མྱ་ངན་མིད་དང་། ཀླུ་ཤིང་དང་། བ་ཀུ་ལ་ལ་སོགས ་པ་དང་། ཛཱ་ཏི་དང་། ཀུན་ད་དང་། སེ་བ་ལི་ཀ་དང་། ཨ་མཱ་ལཱ་དང་། ཧཱ་ས་ར་ཀེ་ན་དུ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མེ་ཏོག་རྣམས་དང་། རྣམ་པ་སྣ་ཚོགས་པའི་རྫིང་བུ་རྣམས་ནི་པདྨ་དང་ཨུཏྤལ་ལ་སོགས་པའི་མེ་ཏོག་མཐོང་བར་འགྱུར་རོ།། ་སྣ་ཚོགས་པའི་འབྲས་བུ་བཟའ་བར་བྱ་བ་རྣམས་སླར་ཡང་ནགས་ཀྱི་དབུས་སུ་ཞུགས་ཏེ་འབྲས་བུ་སྣ་ཚིགས་བཟའ་བར་བྱའོ།། དེ་ལས་འདས་ནས་ལྷ་མ་ཡིན་གྱི་གནས་གཞི་ཆེན་པོ་མཐོང་བར་འགྱུར་ཏེ། གནས་གཞི་དེར་འཇུག་པར་བྱ་སྟེ། དེ ་ལ་གཡོན་ནས་བསྐོར་བ་ན། ས་ལའི་ཤིང་ཆེན་པོ་ཡོད་དོ།། དེ་ལ་ཡང་གཡོན་ནས་བསྐོར་ནས་འགྲོ་བར་བྱའོ།། ཉི་མ་གསུམ་ཚངས་པའི་གནས་བདུན་རྩིགས་པ་མཐོང་བར་འགྱུར་ཏེ། སྣ་ཚོགས་པའི་འབྲས་བུ་མང་པོ་རྣམས་བཟུང་ནས་འཇུག་པར ་བྱ་སྟེ། ཁང་པ་དང་པོ་ནི་རྗེ་བཙུན་སེང་གེ་སྒྲ་བཞུགས་པར་མཐོང་འགྱུར་ཏེ། དེ་མཐོང་ནས་ལུས་ས་ལ་ཕབ་པའི་ཕྱག་བྱའོ།། སྒོ་ནས་ཞུགས་ནས་རྗེ་བཙུན་དཔལ་ནག་པོ་ཆེན་པོ་འཇིགས་པ་ཆེན་པོ་མཛད་པ་བོང་སྟོད་ཆེ་བ་དེ་མཐོང་ནས་འཇིགས་པར་མི ་བྱའོ།། གཡས་ནས་བསྐོར་ནས་བྲང་ཁང་སོ་སོར་འཇུག་པར་བྱ་སྟེ། རྗེ་བཙུན་ཕྱག་བྱ་བར་འོས་པ་ལ་མཆོད་པ་དང་བསྙེན་བཀུར་ལ་སོགས་པ་བྱའོ།། མི་མཐོང་བར་མི་འགྱུར་ཏེ་རྒོད་པོའི་ཚིག་ཐོས་པར་འགྱུར་བས་དེ་ལ་འཇིགས་པར་མི་བྱ་སྟེ། གལ ་ཏེ་བདུན་རྩེག་གི་གནས་ཐམས་ཅད་ཀྱི་བར་དུ་འཇུག་པར་བྱའོ།། དེའི་ཚེ་ཐམས་ཅད་ཀྱི་སྟེང་ན་རྗེ་བཙུན་སངས་རྒྱས་མཐོང་བར་འགྱུར་ཏེ། མཆོག་ཏུ་དད་པས་ལུས་ས་ལ་ཕབ་པའི་ཕྱག་བྱའོ།། ཕྱག་བྱས་ནས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས ་སུབཅད་པ་ཟག་པར་བྱ་སྟེ། སངས་རྒྱས་བླ་མ་ཕྱག་འཚལ་ལོ།། སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ཆེ་ལ་ཕྱག་འཚལ་ལོ།། རྣམ་གསུམ་ལ་ཡང་བདག་ཕྱག་འཚལ།། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་ཐམས་ཅད ་སོ་སོར་བཤགས།། འགྲོ་བའི་དགེ་ལ་དྷེ་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། སངས་རྒྱས་ཆོས་དང་ཚིགས་མཆོག་ལ།། བྱང་ཆུབ་བར་དུ་སྐྱབས་སུ་མཆི།། རང་དང་གཞན་དོན་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་སུ་འདི་རྣམས་བྱའོ།། ་བྱང་ཆུབ་མཆོག་གི་སེམས་འདི་བསྐྱེད་པར་བགྱི།། སེམས་ཅན་མ་ལུས་བདག་གིས་འགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། སྡིག་པ་ཐམས་ཅད་བཤགས་པར་བྱ།། ་བསོད་ནམས་ལ་ཡང་རྗེས་ཡི་རང་།། འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད།། བསྲུང་བར་གནས་པས་སྤྱད་པར་བགྱི།། དེ་ནས་ཁྱབ་འཇུག་གི་གནས་མཐོང་བར་འགྱུར་ཏེ། དེར་ཞུགས་པ ་ན་བྲིས་སྐུ་དང་པོ་ཏི་དང་ལུགས་མ་ལ་སོགས་པའི་རྗེ་བཙུན་རྣམས་མཐོང་བར་འགྱུར་ཏེ། ཕྱག་བྱས་ལོ་སྐོར་བ་བྱ་སྟེ་དབང་པོར་བྱས་ནས་འགྲོ་བར་བྱའོ།། ཁྱབ་འཇུག་གི་དགུ་རྩིག་པའི་གནས་དེ་ལ་གཡོན་ནུས་བསྐོར ་ནས་འགྲོ་བ་ན་ཉི་མ་གཅིག་ན་རྣམ་པ་ཐམས་ཅད་ཤེལ་ལ་སོགས་པའི་ལྷ་ཁང་མཐོང་བར་འགྱུར་ཏེ། དེར་འཇུག་པར་མི་བྱ་སྟེ། ལྷ་ཁང་དེ་ལ་གཡས་ནས་བསྐོར་བར་བྱའོ།། ཤལ་གྱི་རྣམ་པའི་རྫིང་བུ་མཐོང་བར ་འགྱུར་ཏེ། དེར་འཇུག་པར་མི་བྱའོ།། དེ་འདས་ནས་ཨཱ་མ་པའི་སྐྱེད་མོས་ཚལ་མཐོང་བར་འགྱུར་ཏེ། དེ་ཡང་ཅི་ལྟར་བདེ་བར་བཟའ་བར་བྱའོ།། ཟོས་ནས་ཀྱང་བགྱི་བར་བྱའོ།། སླར་ཡང་དབང་ཕྱུག་ཆེན་པོའི་གནས ་བཅུ་དྲུག་ཏུ་བརྩེགས་པ་ཆེན་པོ་རིན་པོ་ཆེ་དུ་མཱས་ཉེ་བར་བརྒྱན་པོ་མཐོང་བར་འགྱུར་ཏེ། དེ་ན་བཟའ་ཤིང་རབ་ལུས་འབྲས་བུ་རྣམས་ཇི་ལྟར་བདེ་བར་བཟའ་སྟེང་ལ་བསོ་བར་བྱའོ།། ཉི་མ་གཉིས་ཀྱི་བོར་དུ་འགྲོ་བར་བྱའོ།། ་ཕྱིན་པས་ཡང་ཉི་མ་གསུམ་པ་ན་རྫིང་བུ་ཤིན་ཏུ་རིང་བ་རབ་ཏུ་ཟབ་པ་ངོས་བཞི་རྣམས་ན་སྣ་ཚོགས་པའི་ལྗོན་ཤིང་རྣམས་ཡོད་དེ། ཨཱཾ་བཱ་ལ་སོགས་པའི་འབྲས་བུ་རྣམས་ཀྱིས་ཡོངས་སུ་གང་བ་ཁུ་བྱུག་ལ་སོགས ་བའི་བྱ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། ངུར་བ་ལ་སོགས་པས་ཆུ་ལ་སོགས་པ་ཡོངས་སུ་གང་བ་སྟེ། རྫིང་བུ་དེར་འཇུག་པར་མི་བྱ་ཞིང་འགྲོ་བར་མི་བྱའོ།། དེ་རྣམས་ལ་གཡོན་ནས་བསྐོར་བས་འགྲོ་བར་བྱའོ།། ་ཇི་སྲིད་ཉི་མ་གསུམ་ན་རྡོའི་རང་བཞིན་སྣ་ཚོགས་ནོར་བུའི་འོད་དང་མཉམ་པའི་ལྷ་ཁང་ལྔ་ཡོད་པ་མཐོང་བར་འགྱུར་ཏེ། དེ་ན་རྗེ་བཙུན་ལིང་ག་ས་ཡ་བརྒྱད་སྟོང་དུ་མ་ཡོད་དེ། དེའི་དབུས་ན་རིག་པའི་གྲུབ་པའི ་རྗེ་བཙུན་ལིང་ག་བཞུགས་ཏེ། དེར་ཞུགས་ནས་གལ་ཏེ་དངོས་གྲུབ་ཆུང་ངུ་འཛིན་པར་བྱེད་ན་ལིང་ག་དེ་ལ་རེག་པ་ཙམ་གྱིས་མཁས་སྤྱོད་ཀྱི་དངོས་གྲུབ་ཏུ་འགྱུར་རོ།། དེ་ནས་བསྒྲུབ་པ་པོའི་སྐྱེས་བུ་རྣམས་ཀྱིས་ལྷའི་ཁང ་བར་ཞུགས་ནས་ལིང་ག་རེ་རེ་ལ་རེག་པར་བྱའོ།། དེ་ལ་སྔགས་ནི་འོད་ཡིན་ཏེ། ཧཱུཾ་གཱལ་ཏེ་ཡང་དངོས་གྲུབ་ཆུང་ངུ་འཛིན་པར་མི་བྱེད་ན། དེའི་ཚེ་སླར་ཡང་འགྲོ་བར་བྱའོ།། ལྷའི་ཁང་པ་ལ་གཡོན་ནས་བསྐོར་བ་ན་འགྲོ ་བ་ན། ཉི་མ་གཉིས་སོང་བ་ན་སྦྲང་རྩིའི་ཤིང་མཐོང་བར་འགྱུར་ཏེ། འབྲས་བུ་དེ་ལ་ཇི་ལྟར་བདེ་བར་བཟའ་བར་བྱའོ།། ཉི་མ་བཞི་བསྡད་པར་བྱ་ཞིང་བསྡང་ནས་ཀྱང་འབྲས་བུ་རྣམས་ཁྱེར་ནས་གཡོན་བསྐོར་གྱིས་སོང ་སོང་བ་ལ། ནི་བྲིང་བའི་ནགས་མཐོང་བར་འགྱུར་ཏེ། དེ་ནས་གཡོན་ནས་བསྐོར་ནས་འགྲོ་བ་ན་སྣ་ཚོགས་པའི་མེ་ཏོག་ལ་སོགས་པས་བརྒྱན་པའི་རྫིང་མཐོང་བར་འགྱུར་ཏེ། དེ་ནས་རིག་པ་འཛིན་པའི་བུད་མེད་རྣམས་དཔལ ་ལྡན་འཇིག་རྟེན་མགོན་པོ་རྗེ་བཙུན་གྱི་བཀས་སྨྲ་བར་འགྱུར་ཏེ། ཀྱེ་སྒྲུབ་པ་པོའི་སྐྱེས་བུ་དག་སླར་འཛམྦུའི་གླིང་དུ་ཕྱིར་ལོག་ལ་རང་གི་ཁྱིམ་དུ་སོང་ཞིག་དང་ཁོ་མོ་མཐོང་བས་ཇི་ལྟ་བ་བཞིན་འགྱུར་བར་བྱེད་དེ། རྗེ ་ལྟར་ས་ཉིད་ལ་དཔལ་འབྲས་ཀྱི་ཕུང་པོར་བསྐོར་བར་གྱིས་ཤིག། བསྒྲུབ་པ་པོ་རྣམས་ཀྱིས་ཀྱང་ལྟོས་པ་མེད་པར་གྱུར་པས་སྔགས་ཟློས་པར་བྱའོ།། རྗེ་བཙུན་མའི་ཞལ་ལྟོས་པ་མེད་པར་བལྟས་པས་བརྡ་ཕྲིན་འཇོག་པར་འགྱུར་ཏེ། ་ཀྱེ་ཧ་ཨ་གྷི་བ་ཕ་རོལ་ཏུ་སོང་ལ་འཛམྦུའི་གླིང་པའི་མི་ཤིན་ཏུ་དང་པོའི་ཤུགས་ཀྱིས་འོངས་པ་དེ་རྣམས་ཁྲིད་ལ་ཤོག་ཅིག། རྗེ་བཙུན་དེ་ནི་བོང་ཚོང་ཆེ་བ། མདོག་གནག་པ་ཁྲག་གིས་བསྐྲུན་པ་དརྱ་དར་སྒྲོགས་པ་སྤྱན་དམར་བས ་བཀའ་གསོལ་བར་འགྱུར་ཏེ། ཀྱེ་སྒྲུབ་པ་པོའི་སྐྱེས་བུ་དག་གང་འདོད་པ་ཟུང་ཞིག་དང་བཟུང་ནས་ཛམྦུའི་གླིང་དུ་སོང་སྟེ་སེམས་ཅན་གྱི་དོན་བྱོས་ཤིག་གོ་ཞེས་སོ།། དེ་ནས་གལ་ཏེ་མི་འགྲོ་བ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཁང་པ་བརྩེགས ་པ་ལ་འདོད་པར་བྱོས་ཤིག། སྒྲུབ་པ་པོ་རྣམས་ཀྱིས་སྨྲ་བར་བྱ་སྟེ། བཅོམ་ལྡན་འདས་བདག་ནི་རྗེ་བཙུན་ཉིད་བལྟར་འགྲོའོ།། དེ་ནས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མས་བཀའ་སྩལ་པ། ལམ་འདི་ཉིད་ནས་སོང་ཤིག་ཅེས་སོ།། ་དེ་ནས་སོང་བས་འགྲོ་བའི་དུས་སུ་དད་པས་བསྐོར་བ་ལན་གསུམ་བྱ་སྟེ། འགྲོ་བ་ནི་གསེར་གྱི་རང་བཞིན་གྱི་སྐས་པ་ལོགས་གཉིས་སྣ་ཚོགས་པའི་རཏྣ་རྣམས་ཀྱིས་སྤྲས་པའོ།། སྣ་ཚོགས་པའི་སྐྱེད་མོས་ཚལ་ཡོད་དོ།། སྐྱེད་མོས་ཚལ་རེ་རེ་ན་རྣམ ་པ་སྣ་ཚོགས་པའི་ལྗོན་ཤིང་གིས་བརྒྱན་པ། ཁུ་བྱུག་དང་རྨ་བྱ་དང་ཀ་ལ་པིང་ཀ་དང་། ནེ་ཙོ་དང་། ས་རི་ཀ་དུ་མ་རྣམས་ཀྱིས་སྒྲ་ངེས་པར་སྒྲོགས་པ། རྫིང་བུ་ཆེན་པོ་ན་པདྨ་དང་ཨུཏྤ་ལ་སོགས་པས་བརྒྱན་པ་མཐོང་བར་འགྱུར་ཏེ། དེས ་སྐས་ལ་འཛེགས་པ་ན་མཐའ་ཡས་པའི་རཏྣ་དུ་མིས་ཉེ་བར་སྤྲས་པའི་རྣམ་པ་སྣ་ཚོགས་དཔེ་མེད་པ་རྣམ་པར་ཕྱེ་བ་ཉམས་དགའ་བའི་བྲག་རིའི་རྩེ་མོ་ན། དཔལ་ལྡན་པོ་ཏཱ་ལ་ཀའི་རིའི་རྒྱལ་པོ་གྲུབ་པ་དང་། རིག་པ་འཛིན་པ་དང་། ་ལྷ་དང་མི་འམ་ཅི་དུ་མ་རྣམས་ཀྱིས་གསོལ་བ་འདེབས་པ་སྟེ། དེར་ཆུ་དྲི་ཞིམ་པོ་བསིལ་བའི་འོབས་མཐོང་བར་འགྱུར་ཏེ། དེ་དག་མཐོང་བས་སྐོམ་པར་འགྱུར་ཏེ། དེ་ལ་བཏུང་བར་མི་བྱ་ཞིང་བརྒལ་བར་བྱའོ།། གལ་ཏེ ་བརྒལ་བ་དེའི་ཚེ་དཔལ་གྱི་རི་ལ་ཨ་སྒྲའི་རྩ་བ་ཞེས་བྱ་བའི་ལྷ་ཁང་དེར་འགྲོ་བར་འགྱུར་ཏེ། འོབས་དེ་དག་ལས་འདས་ནས་བསིལ་ཁང་མཐོང་བར་འགྱུར་ཏེ། དེ་ན་བཅོམ་ལྡན་འདས་འཇམ་དཔལ་ལྷ་ལ་སོགས་པའི་ཚོགས ་ཀྱིས་བསྐོར་བ་ལ་ཆོས་སྟོན་པར་གྱུར་པ་བཞུགས་ཏེ། འདི་ལྟར་སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བཞུགས ་པ་མཐོང་བར་འགྱུར། དཔལ་ལྡན་པོ་ཏ་ལ་ཀའི་རིའི་རྩེ་མོ་ན་དཔེ་མེད་པའི་རིན་པོ་ཆེ་དུ་མའི་གཞལ་ཡས་ཁང་ན་བཞུགས་པའི་སྤྱན་རས་གཟིགས་ཀྱི་དབང་པོ་ཞལ་མངོན་སུམ་དུ་བཞུགས་པ་མཐོང་བར་འགྱུར་ཏེ། ་དེའི་ཚེ་ལུས་ཐམས་ཅད་ཀྱིས་ས་ལ་ཕབ་པའི་ཕྱག་བྱ་སྟེ། གཡས་ཕྱོགས་ནས་ལན་བརྒྱ་སྟོང་དུ་མས་བསྐོར་བར་བྱ་སྟེ་མདུན་དུ་འདུག་པར་བྱའོ།། དེ་ནས་རྗེ་བཙུན་གྱིས་བཀའ་སྩལ་པ། ་སྐྱེས་བུ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་ཡིད་ལ་བསམས་པའི་མཆོག་སླར་ཕྱིར་བོས་ནས་ཛམྦུའི་གླིང་པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འདོད་པ་འམ། ཡང་ནི་ཆོས་ཀྱི་སའི་གཟུངས་ཀྱི་ཏིང་ངེ་འཛིན་གྱི་རྣམ་པར ་ཐར་པ་ཐོབ་པར་འདོད་པ་འམ། ཡང་ན་ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་ལ་སོགས་པ་འདོད་ཅེས་བཅོམ་ལྡན་འདས་ཀྱིས་མཆོག་གི་དོན་དུ་གསུངས་སོ།། དེས་གང་ཡིད་ལ་བསམས་པའི་མཆོག་དེ ་རྣམས་ཐམས་ཅད་བཅོམ་ལྡན་འདས་ཀྱིས་བསྒྲུབ་པ་པོས་ཐོབ་པར་མཛད་དོ།། དེ་ཉིད་དུ་སྡོད་པར་འདོད་ན་དེ་ཚེ་བཅོམ་ལྡན་འདས་འཁོར་བ་ཇི་སྲིད་པར་བཞུགས་པ་དེ་སྲིད་དུ་གནས་པར་འགྱུར་རོ།། སྔོན ་དུ་བཤད་པའི་ཡོན་ཏན་རྣམས་ཀྱང་ཐོབ་པར་འགྱུར་རོ།། སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐ~ཾད་ད་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱང་མཐོང་བར་འགྱུར་རོ།། དེ་བཞིན་དུ་བདག་ཉིད ་ཀྱིས་བྱ་ཞིང་ང་དང་འདྲ་བའི་བྱང་ཆུབ་སེམས་དཔའ་བར་བྱོས་ཤིག། ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་ངའི་ཁ་ལ་མཉན་པར་གྱིས་ཤིག། དེ་ནས་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་བྱང་ཆུབ ་སེམས་དཔའ་ང་དང་འདྲ་བར་འགྱུར་རོ།། ཞེས་དཔལ་ལྡན་པོ་ཏ་ལ་ཀའི་རྗེ་བཙུན་གྱི་ཞལ་སྔ་ལསྣ་གསུངས་པ་རྫོགས་སོ།། ། བློ་ཐུང་སྐྱེད ་ཀྵི་བྱང་མཁར་དུ་ལྷ་བླ་མ་ཞི་བའི་བློ་གྲོས་ཀྱི་ལུང་གིས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཨ་བྷཱི་ཡུ་གུ་ཏ་དེ་བ་ཤྲཱི་དང་། བོད་ཀྱི་ལོ་ཙ་བ་བནྡྷེ་དྷརྨ་ཡོན་ཏན་གྱིས་ཇི་ལྟར་རྙེད་པར་བསྒྱུར་བའོ།། འདི་ནི་གཞོ་མིན ་རི་དྭགས་མ་ཡིན་ཕག་གི་ཕྲུ་གུ་མིན།། ཡོངས་སུ་རྫོགས་པའི་ཟླ་བ་ལྟ་བུའི་མདོ། གདོང་ཅན་མཛེས་མ་མ་ཡིན་ཏེ།། སྤྲུལ་པ་འདི་ཀྱི་དག་ཐམས་ཅད་དོན་གཉེར་སྐྱེ་བོའི་འཇི་ཆོག་རྟེན་དུ།། རི་ཁྲོད་ལྷག ་བའི་རྒྱལ་པོ་རི་བོ་དཔེའི་མཆོག་ལ་ཡང་དག་བཞུགས།། ་